ཁྲ་ཁྲ >ཆིག་ཤད་ཀྱི་“།”ཐོབ་ཐང་། (བལྟ་ཀློག་གྲངས།:1030)
སྤེལ་བའི་དུས་2020-9-11 18:35:19
                     ཆིག་ཤད་ཀྱི་“།”ཐོབ་ཐང་།


            ""།""ཚེག་རིང་འདིའི་མིང་ལ་དབུ་ཅན་གྱི་ཆིག་ཤད་ཟེར་ལ་དེ་ཡང་ཆིག་ཅེས་པ་ནི་གཅིག་དང་ཤད་ཅེས་ནི་ཚིག་མིང་གི་རྗེས་སུ་སྤྱོད་རྒྱུའི་ཚེག་རིང་པོ་སྟེ་ཚིག་ལྷུག་གི་མིང་མཚམས་དང་ཚིག་མཚམས་བཅས་སུ་ཚེག་རིང་གཅིག་དང་། ཚིགས་བཅད་ཀྱི་རྐང་མཐར་རྗེས་འཇུག་ག་ཡོད་ཚེ་ཆིག་ཤད་གཅིག་འབྲི་བ་ཡིན། དེའི་རྒྱུ་མཚན་ནི་རྗེས་འཇུག་ག་ཡི་རྐང་པ་རིང་པོ་ཡོད་པས་ཚེག་རིང་གཅིག་གིས་ཚབ་བྱེད་ཐུབ་པ་ཡིན།
           རྒྱུ་མཚན་དེ་ལ་དགོངས་ནས་མི་ལ་ལས་མིང་གཞི་ཀ་ག་ཤ་གསུམ་གྱི་རྐང་པའང་རིང་པོ་ཡོད་པས་ཆིག་ཤད་ཀྱི་གོ་ཆོད་པར་འདོད་མཁན་ཡང་ཡོད་པ་རེད། དེ་ནི་མ་དཔྱད་པའི་གཏམ་སྟེ་མིང་གཞི་ཀ་ག་ཤ་གསུམ་གྱི་རྗེས་སུ་རྗེས་འཇུག་འ་ཞུགས་ཡོད་པ་ཡིན་ཏེ་རྗེས་འཇུག་འ་ལ་རྐང་པ་རིང་པོ་མེད་པས་སོ། །དེ་ལ་རྟགས་འཇུག་ཏུའང་“རྗེས་འཇུག་བཅུ་པོ་མ་ཞུགས་ན། །མིང་གཞན་སྦྱོར་བ་ཡོད་མི་སྲིད། །”ཅེས་གསུང་བ་ལྟར་རྗེས་འཇུག་འ་ཡིག་ནི་མིང་གཞི་ཡི་གེ་ཀུན་ལ་ཐོགས་མེད་དུ་ཞུགས་ཡོད་དེ་སྔོན་གྱིས་དུས་སུ་ཀའ་ཁའ་གའ་ངའ་ཞེས་གསལ་བྱེད་ཚང་མར་རྗེས་འཇུག་འ་བཞག་ཡོད་པ་རེད། ཡི་ནའང་ཕྱིས་སུ་སྟབས་བདེ་བའམ་སོར་ཡང་བའི་ཆེད་དུ་རྗེས་འཇུག་འ་བླངས་ཏེ་ཀ་ཁ་ག་ང་ཞེས་པའི་འབྲི་སྲོལ་དར་བ་ཡིན་ནོ། །
        དེ་ལྟར་རྗེས་འཇུག་ག་ཡིག་མ་གཏོགས་མིང་གཞི་ཀ་ག་ཤ་གསུམ་ལ་རྗེས་འཇུག་འ་ཞུགས་ཡོད་པས་ཆིག་ཤད་མི་འཐོབ་བོ། །
                                                2020.9.5

 

གཞིས་བདག(ladeshensui)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情