མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-18 13:46:21 | By: zhongjiwa ]
 
 

མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།

 

 

 

.ཉེ་ལམ།བོད་ཀྱི་ས་ཆ་རྫ་ཆུ་ཁ་སོགས་སུ།མདའ་གྲི་མདུང་གསུམ་གཞོགས་གཅིག་ཏུ་སྤུངས་མཐར།མེ་ལ་སྦར་ཏེ་ཐལ་བར་བརྗེ་སོང་བའི་གསར་འགྱུར་འདུག མེ་ཕུང་གི་མཐར་རུབ་པའི་མི་ཚོགས་དེའི།ཅི་ཞིག་ལེགས་པར་རྣམ་པར་འགྲུབ་སོང་བའི་སྤྲོ་དགའི་རྣམ་འགྱུར་མཚོན་པའི།འདྲ་པར་དང་བརྙན་རིས་རེ་ཟིན་ཕྲན་དང་སྐད་ཕྲན་སྒང་ན་བརྒྱུད།དེར་མང་པོས་རླབས་ཆེན་གྱི་བྱ་བཞག་འདི་ཡིན་རབས་དང་།ལ་ཤོས་ཀྱིས་ཁམས་ཡུལ་དུ་དེ་འདྲ་མིན་ན་མི་ཡོང་ཚོད།རེ་གཉིས་ཀྱིས་རིག་གསར་གྱི་ལས་སུ་བྱ་བ་འདི་རེད་ཅེས་སོགས་མོད།ངོས་ནི་སྐབས་སུ་གང་ཡང་སྨྲ་བར་མ་སྤོབས་ན།རེ་ཞིག་ལ་བསམ་བློ་བཏང་སྟེ་ལུས།།

.འདས་པའི་ལོ་རྒྱུས་སུ།ང་ཚོའི་དོན་བྱ་མང་ཤོས་ནི།གནས་ལུགས་ཞིབ་བསྡུར་དང་།ཞི་བ་གྲོས་མོལ་གྱིས་ཐག་བཅད་པ་མ་ཡིན་པར།མདའ་གྲི་མདུང་གསུམ་གྱིས་ཐག་ཆད་ཡོད་ས་མང་ཤོས་ཡིན་འདུག་འདྲ།ཐ་ན།གྲུབ་མཐའི་བར་གྱི་འགལ་བའང་མདའ་གྲི་མདུང་གསུམ་གྱིས་མེད་ཐབས་བྱས་ཤིང་།མི་སྡེ་དང་མི་སྡེའི་བར་གྱི་ས་རྩོད་ཆུ་འཁོན་ཀྱང་མདའ་གྲི་མདུང་གསུམ་གྱིས་ཞི་ཁུལ་བྱས་པ།ཆུང་བ་དུད་ཁྱིམ་དང་དུད་ཁྱིམ་བར་གྱི་འཁོན་ཁའང་ཐ་མར་མདའ་གྲི་མདུང་གསུམ་གྱིས་ཐག་བཅད་གནངས།མདོར་བསྡུས་ན།མདའ་གྲི་མདུང་གསུམ་ནི་ང་ཚོས་འགལ་བ་ཐག་གཅོད་བྱེད་སྤྱད་རྒྱུགས་ཆེ་ཤོས་དེ་ཡིན་པས།རྒྱལ་བོ་ཐ་མའི་གཅེས་སྲོག་མདའ་ཡིས་འཕྲོགས་རབས།རྒྱལ་ཚའི་བྲང་ཁོག་མདུང་གིས་འབིགས་སྐབས།དའི་ཆིང་པ་ཐུར་གྲི་རུབ་ཀྱིས་བསྒྱེལ་ཚུལ་སོགས་ཀྱང་གང་བྱུང་གི་དེབ་ཅིག་ཕར་བསློགས་མ་ཚར་གོང་ཚུར་བསློག་ན་མཐོང་དུས་ཡོད།ཡིན་ཀྱང་།ཉམས་མི་དགའ་བ་ཞིག་ནི།མདའ་གྲི་མདུང་གསུམ་གྱིས་དོན་དག་ཐག་གིས་གཅོད་པ་འདི་མིན་ཏེ།དབྱིན་ཇི་སོགས་ཕྱི་རོལ་བརྙོས་བཅོས་པ་ཐོན་དུས་སུ།འུ་ཚོའི་མདའ་གྲི་མདུང་གསུམ་དེས་ས་གོ་ཆེར་མ་ཆོད་པ་དེ་རེད་འདུག གོ་བདེ་རུ་བཤད་ན།ནང་ཁུལ་གྱི་འགལ་བ་གྲོས་མོལ་ཞི་བས་ཐག་གཅོད་རྒྱུ་དག་མདའ་གྲི་མདུང་གིས་ཐག་བཅད་ཀྱང་།ཕྱི་དང་ནང་གི་འགལ་རྩོད་མདའ་གྲི་མདུང་གིས་ཐག་མི་གཅོད་ཀ་མེད་དག་ཞི་བ་གྲོས་མོལ་༼སིམ་ལའི་ཆིངས་ཡིག་སོགས༽གྱིས་ཐག་བཅད་དགོས་བྱུང་བའི།མི་ཆོས་གནས་ལུགས་ཀྱི་འགྲོ་ལུགས་གོ་ལོག་ཏུ་ལྡོག་པ་འདི་རྣམས།བཤད་བཏང་ན་ཚང་མ་མིག་ཆུ་ཡིན་པའི་རྒྱུ་མཚན་ལོས་ཡིན་ཀྱང་མི་བཤད་དོ།།

.ལོ་རྒྱུས་ཀྱི་ཆུ་སྣ་དེ་རིང་གི་རབ་ཁ་འདིར་འབྱོར་དུས།རང་ཅག་གིས་མདའ་གྲི་མདུང་གསུམ་གྱིས་ང་ཅག་ལ་དོན་དམ་དུ་ཅི་ཞིག་ཁྱེར་ཡོང་ཡོད་པར་ཁོག་རྩིས་བརྒྱབ་ཅིང་།མཁོ་ངེས་པ་ནི་མཐུན་སྒྲིལ་ཡིན་པའི་ངེས་ཤེས་གསར་པ་ཞིག་སྐོར་ཅིག་གི་རྒྱུད་དུ་མགོ་ཚོས་པར་གྱུར།དོན་དུ་ནི།སྔ་མའི་དུས་སུའང་མདང་གྲི་མདུམ་གསུམ་ལ་ཤ་མཁོན་གླན་ཡོད་ས་མང་དུ་སྣང་སྟེ།བྱུར་ཉེས་མ་ལུས་འདི་ཡིས་ཁྱེར་ཡོང་བར་གོ་ནས།སོ་སོའི་ལག་གི་མཚོན་ཆ་བསྡུ་རུབ་བྱས་ཏེ།ལབ་ཙེ་སོགས་ཀྱི་ལྟོ་ཁོག་ཏུ་བཀྱིགས་ནས།ཕྱིན་ཆད་དམེ་སོགས་མི་བྱ་བའི་དམ་བཅས་རབས་དང་།དེ་ཐོན་སྐྱེད་བྱེད་མཁན་ནི་འདི་རེད་ཅེས་མགར་བ་སོགས་རིགས་རུས་ཐ་མལ་དུ་བརྩིས་ཏེ།གཏིང་ཐག་གཅད་ཨེ་ཐུབ་ལ་འབད་ཡོད་འདུག་པ་སོགས་མང་པོ་ཞིག་འདུག་གོ དེ་ལྟ་བུའི་ན།མདའ་གྲི་མདུང་གསུམ་མེ་ལ་བསྲེགས་པ་འདིའང་།གདོན་མི་ཟ་བར་མཐུན་སྒྲིལ་ལ་དུང་ཀ་ཡངས་པའི་མི་སྣ་སྐོར་ཅིག་གི་བྱེད་ཚུལ་ཡིན་པ་གོ་ཐུབ་མོད།མདའ་གྲི་མདུང་གསུམ་བཀོད་སྤྱོད་བྱེད་མཁན་ནི་སོ་སོ་བའི་མི་ཡིན་པ་ལས།མི་ལ་བྱ་ཐབས་གཞན་མ་ཡོད་པར།མཚོན་ཆ་ལ་ཡ་ལན་བསློགས་སྟངས་འདིས།ནམ་ཞིག་ཁོ་པ་ཅག་གིས་རྡོ་དང་ཇ་ཤིང་གིས་གནད་དོན་ཐག་གཅོད་མི་བྱེད་རི་མི་གསུངས་ཞེས་ངོས་ནི་ནམ་ཡང་དབུ་མནའ་བཞེས་ཐུབ་པ་མིན་ནོ།།

.སྣང་ཚུལ་འདིའི་སྐུད་སྣེ་གཞན་ཞིག་ཏུ་ལབ་ན།མདའ་གྲི་མདུང་གསུམ་མེ་ལ་བསྲེགས་པའི་ཕྱི་ཉིན་ནས་བཟུང་།ས་ཆ་དེ་གའི་དུད་ཁྱིམ་སུ་གཅིག་ལའང་།ཐ་ན་ཤ་དང་གོ་རེ་གཏུབ་བྱེད་ཀྱི་གྲི་ཆུང་ཞིག་ཀྱང་ལྷག་མེད་པ་ཡིན་ནམ་ཞེས་དྲི་ཚེ།དེ་ནི་དཔེ་སྲིད་རྒྱུ་མ་རེད་ལ།ཡང་ན།དེ་རིང་མེད་ཀྱང་།སང་ཉིན་ཁྲོམ་ནས་གཅིག་ཉོས་ཡོང་ཆོག་སྟེ།གང་ལྟར་དེ་རྣམས།དུས་རྒྱུན་འཚོ་བའི་ནང་མེད་མི་རུང་བ་ཆགས་ཡོད་ཕྱིན།དེ་ཡིན་ཚེ།འདི་རྣམས་སྔར་བཞིན་འགལ་བ་གང་ཡིན་ཐག་གཅོད་བྱེད་སྤྱད་དུ་འགྱུར་སྲིད་པ་ཡིན་པས།དོན་དུ་མདའ་གྲི་མདུང་གསུམ་མེ་ལ་བསྲེགས་པ་འདི་བྱེད་ཚུལ་ཡིད་འགུལ་བ་ཞིག་ཡིན་ཀྱང་།དངོས་དོན་གང་ཡང་ཐག་གཅོད་བྱེད་མི་ཐུབ་པའི་ཕྱི་ཚུལ་ཙམ་ཞིག་རེད་ཅེས་ངོས་ནི་གྲོགས་པོ་སུ་ལ་ཁ་གདང་སྟེ་སྨྲ་བ་བཞིན་ནོ།།

.ངོས་ཀྱིས་པར་ལས་མཐོང་བ་ཡིན་ན།གྲི་ཆེ་ཤོས་དང་མདུང་རིང་ཤོས་རྣམས་དུ་རྡུལ་དང་ལྷན་ཅིག་འབར་གྱི་འདུག་པས།འདི་རྣམས་གནའ་རྫས་རྟོགས་དཔྱོད་པ་ཞིག་གིས་མཐོང་ཚེ།ཉིན་ཁ་ཤོས་སུ་ལྟོ་ལ་ཟས་མི་འགྲོ་ཞིང་མཚན་ལ་གཉིད་མི་ཡོང་བ་གོར་མ་ཆག་གོ་སྙམ།གང་ལྟར།ཡབ་མེས་ཀྱི་ཤུལ་བཞག་མང་ཤོས་ནི།ཁོ་པ་ཅག་གི་ངལ་རྩོལ་གྱི་འབྲས་བུ་ཤ་སྟག་ཡིན་པས།རྗེས་རབས་པ་སུ་ལ་དབང་ཤུགས་གང་འདྲ་ཞིག་ཆེ་རུང་།དེ་བསྲེག་རྒྱུའི་འཁུར་ཐང་ཡོད་མེད་བཤད་དཀའ་བ་སྟེ།དེར་མི་རབས་རྗེས་མ་དག་གི་ཁ་མཆི་འཕོག་མི་ཡོང་བའི་ངེས་པའང་སུ་ལ་མེད་ན།སྔོན་གྱི་དོན་དེ་ཞི་བདེའི་འབོད་པའམ།མཐུན་སྒྲིལ་གྱི་ཅུང་བརྡ་ཙམ་གྱི་དོད་དུ་མ་ཟད།ད་དུང་གོ་མི་ཆོད་པའི་བྱེད་ཚུལ་དེ་མུ་མཐུད་ལག་ཏུ་བསྟར་ཡོང་ཚེ།རང་ཅག་ལ་གྱོང་ཆེ་བ་ལས་ཁེ་མེད་པའི་བསམ་ཚུལ་ཞིག་རྒྱུན་དུ་ཐོན་ཡོང་གིན་འདུག་གོ།

༥མཇུག་ཏུ་སྨྲ་བར་འདོད་པ་ནི།མཚོན་ཆ་ནི་ཕར་རྒོལ་སྤྱད་ཅིག་མ་གཏོགས།རང་སྲུང་སྤྱད་ཅིག་དང་།རྒྱུན་སྤྱོད་མཁོ་ཆས་ཤིག་ཡིན་པ་བརྗེད་མི་རུང་བ་དེ་རེད་ཅེས་དང་།ངེས་པར་དུ་བསྲེགས་དགོས་སམ།ཐབས་གཞན་ཞིག་དངོས་གནས་མེད་དམ་ཞེས་པའི་དྲི་བ་འགའ་ཤོས་ཞོར་དུ་དྲི་བཞིན།ལྷག་བསམ་ཅན་དེ་དག་གི་ལྷག་བསམ་ལ་ནི་ག་ཞར་དུ་ཡི་རངས་དང་བསྟོད་པ་བྱེད་ཀྱིན་ཡོད་པ་ཁྱེད་ཀྱིས་ཤེས་དགོས་སོ།།

                                                      

 

ཞེས་ཁྲིན་ཏུའི་ཇ་ཁང་ཞིག་ཏུ།

 

 

 

 

 

 

 
རྩོམ་ཡོངས་ཀློག་པ།(2322) | ལན་སློག(25)
 
འབྲེལ་ཡོད་ནང་དོན་ 25 ཡོད།<<<123>>>
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-18 21:18:39 | By: dfdfsdfs0941 ]
 
ཡུལ་གྲོགས་ལགས  དུང་མིང་བ་ཡང་ཐོན་ནས་བཀླགས་ཡོད། ངོ་མ་ཡག་པོ་ཞེ་དྲག་འདུག། མུ་ནས...
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-18 21:34:12 | By: luobian ]
 
བྲིས་པ་ལེགས་སོང།  འབྲོག་ཁ་མང་ཐོན་ནས་བཀླགས་ཡོད།
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-18 22:43:13 | By: zhongjiwa ]
 
གོང་དུ་ཕེབས་པའི་དྲ་གྲོགས་དུང་སོགས་ལ་བསུ་མ་ཡོད།ངོས་ཀྱི་ཡིག་སྒམ་དུ་སྐད་བཞག་ཡོད་པའི་དྲ་གྲོགས་ལགས།ཁྱེད་ཀྱིས་ངའི་ཟིན་བྲིས་ལས་བློར་འབབ་པ་ཞིག་རྙེད་ན་ཁྱེར་ཆོག་པ་ཡིན་ཏེ།འདི་ནི་ངས་ད་ཐེངས་ཁྱེད་ལ་དམིགས་བསལ་དུ་སྤྲད་པའི་ཁེ་དབང་ཞིག་ཡིན་ནོ།ཧུཧུ་་་་་ཟིན་བདག་གིས།
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-18 23:13:31 | By: nanxianjia ]
 
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-18 23:25:55 | By: cvbn ]
 
རྣོ་མིང་བས་བཀླགས་བཞག་མུ་ནས
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-18 23:48:15 | By: yedanjiebu ]
 
གཅེས་ཕྲུག་ཟེར་བ་ཐོན་ཡོད།ངོ་ཨེ་ཤེས་་་་་་་་་་་
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ལོས་ཤེས།ཆང་རྐྱལ།
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-19 17:18:15 | By: lmjb2012 ]
 
བཀླགས་ནས་བུད་སོང་།  འུར་ཆ་བས།
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-19 23:57:39 | By: Neema1987 ]
 
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-20 20:26:39 | By: dajiangluo ]
 
 
 
 
RE:མཚོན་ཆ་མེར་བསྲེགས་པའི་ཐད་འདི་བཤད།
[ 2013-4-21 18:07:21 | By: lamaojie123 ]
 
གྲོགས་པོས་ཐེངས་འདིར་དོན་དག་འདིའི་ཐད་ནས་འདི་ལྟར་རང་ངོས་ཀྱི་སྐད་ཆ་དག་ཀུན་སློང་དག་པོས་བཤད་ཡོང་བ་རིག་ཡོད། ད་དེ་མོ་རེད།ཁ་ཕར་འཁོར་རུང་ཁ་ཚུར་འཁོར་ཡང་།བརྗེད་དུ་མི་གཏུབ་པ་ནི་འདི་དང་འདི་འདྲའི་དོན་དག་མང་པོ་གཅིག་འཕྲོ་གཅིག་བྱས་ཏེ་བྱུང་དང་འབྱུང་བཞིན་པ་དག་རེད། དོན་དག་མང་པོའི་ཐད་ནས་ང་ཚོས་ནམ་ཡང་རྣམ་པ་རིང་ལུགས་པའི་བཟོ་ལྟ་བསྟན་ཡོང་བ་འདིའི་ཐོག་ནས་གཉིད་བཅག་ཟས་བརྗེད་ཀྱིས་བསམ་གཞིག་གི་བྱས་ཏེ་ག་དུས་ཡང་འདུག་ཁོམ་ཞིག་མ་ཡོད་རུང་ནུས་པ་སྔར་བཞིན་མི་ཐོན་པས་ད་ནི་ཅི་ཞིག་གི་ཐབས་དང་སྦྱོར་བ་ཞིག་བརྩམ་ན་འགྲིག་ཅེས་དྲི་བ་འདི་རྟག་ཏུ་རང་ཉིད་ལ་མི་འདོན་ཀ་མེད་གྱུར་འགྲོ    ཅེས་གསོམ་བུ་ནས་ཞོར་དུ་འཚམས་འདྲི་དང་བཅས།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.