མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
འདས་པ་དང་ད་ལྟ་བའི་རྗེས་སུ།༢
[ 2012-6-20 17:16:32 | By: zhongjiwa ]
 
        

 སྒྲོལ་མ་སད་སྟངས་དེས་མོའི་ཨ་མའང་གཉིད་ལས་བསླངས།མོ་རང་ཡར་ལངས་ཏེ་ལེ་ལོའི་ཉམས་ཤིག་གིས་སྒེའུ་ཁུང་གི་འགྲམ་དུ་སོང་།ལྟག་རྒྱབ་ནས་ཨ་མས་ཅི་ཞིག་བཤད་བྱུང་མོད།མོས་ཐོས་མ་སོང་སྒེའུ་ཁུང་ལས་རླུང་བུ་བསིལ་མོ་ཞིག་ལྷོད་ལྷོད་ཀྱིས་ལྡིང་འོངས་ཏེམོའི་གནག་སྣུམ་གྱི་སྐྲ་ལོ་དག་ངོ་གདོང་དུ་བདས།མོས་གཡོན་ལག་སྤྱད་དེ་སྐྲ་རྣམས་རྣའི་རྒྱབ་ཏུ་དེད་རྗེས།མུ་མཐུད་ཕྱི་རོལ་ཏུ་བལྟས་ཏེ་བསྡད།ཁ་གཏད་ཀྱི་ཐོག་ཁང་མཐོན་པོ་དེའི་ཉིས་ཐོག་མཚམས་ཀྱི་རྩིག་ངོས་སུ།རི་མོ་སྣ་ཚོགས་སྦྱར་འདུག་ཅིང་།མོས་ཐད་ཀར་སྐྱེས་པ་ཞིག་འཕྲུལ་རྟ་ལ་ཞོན་ཏེ་ཁ་ཕྱིར་འཁོར་ཅིང་།འཕོང་དུ་སྐྱེས་མ་ཞིག་ཡར་ལངས་ཙམ་གྱིས་ཕན་ཚུན་འཁྱུད་དེ་འོ་བྱེད་ཀྱིན་པའི་རི་མོ་ཆེན་པོ་ཞིག་ལ་བལྟས་འདུག།གློ་བུར་དུ་སྐྱེས་པ་དེ་ཚེ་རིང་དུ་གྱུར་ཅིང་།རྨ་ཁ་དང་སྨྲེ་བ་སོགས་ཅི་ཡང་མེད་པའི་ཚེ་རིང་གི་ངོ་གདོང་དེ་ཕ་གི་ཝ་ལེར་ཤར།མོའི་སེམས་སུ་དགའ་བདེའི་སྣང་བ་ཞིག་ཐོན་ཏེ།རྗེས་ཀྱི་བུ་མོ་དེ་རང་ཉིད་ཡིན་ནམ་སྙམ་སྟེ་བཟོད་མི་བཟོད་ཀྱིས་མིག་ཟུང་ཕར་བུ་མོ་དེའི་སྟེང་དུ་ཕྱོགས།མ་གཞི་བུ་མོ་དེ་ངོ་མི་ཤེས་པའི་མི་གཞན་ཞིག་ཡིན་འདུག་པས།སྒྲོལ་མའི་རྩ་ལམདུ་ཙག་ཤེད་ཅིག་བརྒྱུགས་ཏེ་སྙིང་ཧྲིལ་བོ་དུམ་བུ་འགའ་རུ་གས་སོང་བའི་ན་ཚ་ལངས།དེ་མ་ཐག་སླར་ཡང་མུ་འབྲེལ་གློག་བརྙན་ཞིག་གི་མཇུག་མཐའི་ལེའུ་དེ་ཡིད་དུ་འཁོར་ཞིང་།ཐོག་མ་ནས་རེ་ཆད་བྱུང་ན་ཅིའི་མི་ཆོག་སྙམ་མ་ཐག་ཏུ་ཆུ་ཚོད་ཀྱི་མདའ་རྩེ་སྐད་ཅིག་ལ་བསྡད་པ་ལྟ་བུའི་ལྷིང་འཇགས་ཤིག་སེམས་ཀྱི་ཟབ་སར་ཐོནཚོར་བ་དེ་ནི་ཐག་རིང་ཐག་རིང་ཞིག་ནས་ཐོན་པ་འདྲ་ཞིང་།མི་ཚེ་འདིར་སྒྲོལ་མར་འདི་འདྲ་བའི་ཚོར་བ་ཐེངས་གཅིག་ལ་མ་གཏོགས་བྱུང་མྱོང་མེད།ཡང་ན།ལྷིང་འཇགས་ནི་སྒྲ་ཅི་ཡང་གྲགས་རྒྱུ་མེད་པ་དེ་མ་ཡིན་པར།ནང་སེམས་ཀྱི་ཟབ་སར་ཐོན་པའི་ཚད་ངེས་ཅན་ཞིག་གི་སྲུང་འཛིན་དེ་རེད་པས།ལྟག་རྒྱབ་ན་ཨ་མསསྒྲོལ་མཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་ཟེར་གྱི་འདུག་མོད།སྒྲོལ་མས་ཅི་ཡང་མ་ཐོས་པ་ལྟར་ད་དུང་རི་མོ་ཆེན་པོ་དེར་བལྟས་འདུག་ཅིང་།རླུང་བུ་དག་གིས་མོའི་སྐྲའི་ལན་བུ་དག་ཟེདཟེད་བྱེད་པ་ནི་ཏག་ཏག་གནས་འགྲོ་མ་ཞིག་གི་ཐུ་སྣེ་ལ་འཐམ་ནས་ཨ་ཅེ་མ་འགྲོ་ཟེར་བའི་བྱིས་པ་འགའ་དང་ཀུན་ནས་མཚུངས།ཁོ་ཚོས་ཨ་ཅེ་མ་འགྲོ་ཞེས་ངུ་འབོད་ཇི་ལྟར་ཞུས་ཀྱང་།བྱིས་པ་ཞིག་གི་ངུ་འབོད་ཀྱིས་གནས་འགྲོ་མ་ཞིག་གི་རྒྱབ་དར་བཤུགས་ག་ལ་ཐུབ།རིམ་གྱིས་སྒྲོལ་མའི་སྣང་ངོར་ཁོ་ར་ཁོར་ཡུག་ལྷག་ལུས་མེད་པར་ཆ་མེད་དུ་གྱུར་ཅིང་།ཞེ་ཁོན་དང་ཆགས་སྡང་མ་ལུས་ཀྱང་སྐད་ཅིག་ལ་ཡོངས་སུ་ཞུ།ཨ་མ་དང་གཉེན་ཚན།གྲོགས་པོ་དང་ཚེ་རིང་སོགས་ཀྱང་དེ་མ་ཐག་ཆ་མེད་དུ་གྱུར་ཅིང་།འཇིག་རྟེན་ཞེས་པ་ནི་ཐག་རིང་དུ་ལུས་པའི་ཆ་མེད་རྒྱུས་མེད་ཀྱི་གླིང་ཕྲན་ཞིག་ཏུ་གྲུབ།མོས་ད་དུང་རི་མོ་དེར་བལྟས་འདུག་ཅིང་།རི་མོའི་སྟེང་གི་ཕོ་མོ་གཉིས་པོར་དོགས་མི་བདེ་བ་ཅི་ཡང་མེད་པར་མུ་མཐུད་འོ་བྱེད་ཀྱིན་འདུག།མོས་མིག་ཟུང་དལ་གྱིས་བཙུམས་ཏེ་ཡིད་ཙམ་འགོར།སླར་ཡང་མིག་ཟུང་ཕྱེ་སྟེ་རྗེས་ཀྱི་བུ་མོ་དེར་བལྟས་པས།དཀར་ལ་དམར་མདངས་ཆགས་ཤིང་།མདུན་སོ་གཉིས་ཀྱི་རྩེ་མོ་མཆི་སྒྲོས་ལས་ཕྱིར་ཟད་ཙམ་མངོན་པ།འགྲམ་པའི་སྟེང་དུ་ཡག་གོང་གཉིས་ཀྱང་གསལ་ལེར་འདུག་པས།རང་ཉིད་ཀྱི་བཞིན་རས་ཡིན་པ་ད་སོ་མར་ངོ་ཤེས་ཤིང་།མི་ཚོགས་ཀྱི་སྔོན་དུ་འཛེམ་མེད་དུ་འོ་བྱེད་ཀྱིན་པའི་ཚུགས་ཀ་དེ་མཐོང་མ་ཐག་ལམ་སང་ཁ་སྐྱེངས་དགོས་པ་བྱུང་།དེ་མ་ཐག་བལྟས་བལྟས་རིག་རིག་ལ་འཕྲུལ་རྟ་དེས་ཕོ་མོ་གཉི་ཀ་ཁུར་ཏེ་ཨར་འདམ་གྱི་གཞུང་ལམ་བརྒྱུད་མདུན་ཕྱོགས་སུ་ཤར་སེ་བརྒྱུག་བྱུང་།གཡས་གཡོན་གྱི་ཐོག་ཁང་དང་དེའི་མདུན་གྱི་ལན་ཀན་དང་མི་རྣམས་ནི་སེར་བ་བབས་པ་བཞིན་གཡས་གཡོན་བརྒྱུད་ཕྱི་ལོགས་སུ་ཉིལ་གྱིན་འདུག།གཤོག་པ་འཐོག་སོང་བའི་སྤྲོ་སྣང་ཁྱད་པར་བ་ཞིག་གིས་སྒྲོལ་མ་སེམས་ཀྱི་ཞབས་ནས་ཧཧ་ཞེས་ལྷིང་ལྷིང་དུ་བགད་བྱུང།མོ་རང་དགོད་མཚམས་མ་བཞག་པའི་ཡར་སྔོན་དུའཕྲུལ་རྟའི་འཁོར་ལོ་དང་ལྷུ་ལག།སྐྱེས་པ་དེ་དང་སྒྲོལ་མའི་རྐང་བ་དང་བཅས་པ་ག་ལེར་ཡར་ནམ་མཁར་འཕུར་བྱུང་གསལ་ལ་མི་གསལ་བའི་སྐར་མ་རེ་ད་དུང་ནམ་མཁའི་ངོས་སུ་རྡེབ་ཙམ་རྡེབ་ཙམ་བྱེད་ཅིང་།སྐྱ་རེངས་བཀྱགས་འདུག་པས་ལམ་གློག་དག་གི་གཟི་འོད་ཀྱང་སྔ་མོ་ནས་མེ་ཏོག་གི་འདབ་མ་རྙིད་པ་བཞིན་ཉམ་དམས་སུ་སྒུར་འདུག།གཞུང་ལམ་དུ་ད་སོ་མར་ཐོན་མ་ཐག་པའི་གླ་གཏོང་རླངས་འཁོར་རེ་གཉིས་ཀྱིས་འཁོར་བགགས་བསྡམས་ཏེ་འགྲོ་མཚམས་བཞག་ཅིང་།ལས་ཚོགས་ལ་འགྲོ་བའི་རྐང་ཐང་བ་རེ་གཉིས་ཀྱིས་ཀྱང་དེ་མ་ཐག་གོམ་མཚམ་བཞག་པས།ཞོགས་པའི་ཁོ་ར་ཁོར་ཡུག་སླར་ཡང་ལྷིང་འཇགས་སེར་གྱུར།།

སྐབས་འདིར།ངས་མེ་ལོང་ནང་གི་མི་དེར་བལྟས་ཏེ།རྨི་ལམ་དུ་ཐོན་པའི་ཡིག་འབྲུ་དེ་གསུམ་པོ་ཡིད་དུ་གསལ་ལ་མི་གསལ་བའི་ངང་དྲན།ཕལ་ཆེར་འདི་གསུམ་པོ་ཡིན་པ་འདྲ་བས།ངས་ལག་པའི་མཛུབ་མོ་སྤྱད་དེ་མེ་ལོང་གི་ངོས་སུ༼ང་བུད་སོང་༽ཞེས་བྲིས་རྗེས།མེ་ལོང་ནང་གི་མི་དེའི་གཡས་གཡོན་གྱི་ཅ་ལག་དག་གི་སྟེང་དུའང་༼ང་བུད་སོང་༽ཞེས་གསལ་ལེར་མངོན་ཡོང་།ངས་སེམས་སུ་ཁོ་མོ་དངོས་གནས་བུད་སོང་བ་རེད་སྙམ་ཞིང་།སླར་ཡང་ཉིན་བདུན་གྱི་སྔོན་དུ་བུད་སོང་བ་ཡིན་ཞིང་།དུས་གཏན་དུ་བུད་སོང་བའང་ཡིན་པས་སྙམ་སྟེ།གློ་བུར་དུ་སྨྲ་མི་ཤེས་པའི་ཞེ་སྡང་ཞིག་སྐྱེས།ཞེ་སྡང་དེ་ནི་རང་ཉིད་ཆེས་བརྩེ་བའི་མི་ཞིག་གི་སྟེང་དུ་སྐྱེ་བའི་ཞེ་སྡང་ཞིག་སྟེ།དེའི་མིང་ལ་ཞེ་སྡང་ཞེས་བོས་ཆོག་མིན་ཀྱང་ཤིན་ཏུ་བཤད་དཀའ།༼ཁྱོད་ཀྱིས་ཤ་དར་ཁྲག་དར་གྱི་མི་ཞིག་རང་གི་སྡུག་བསྔལ་སེལ་ཆེད་དུ་དམར་གསོད་བཏང་ཆོག་གམ།༽འདི་ནི་ངས་མེ་ལོང་ནང་གི་མི་དེའི་གདོང་ལ་མཛུབ་མོ་བཙུགས་ཏེ་བཤད་པའི་ཆེས་ཐོག་མའི་སྐད་ཆ་ཡིན།དེའི་རྗེས་སུ།ངས་སླར་ཡང་འགྲིན་པ་བརྣངས་ཞོར་དུ་༼ཁྱོད་རང་ལག་མར་རེད་་་་་་་་་་་་།༽ཅེས་བཤད་མ་ཚར་གོང་དུ།མེ་ལོང་དེ་སིང་དིར་རེ་དེ་མ་ཐག་ས་རུ་འཐོར་བའི་ཤེལ་གྱི་དྲ་རས་བགྲང་གིས་མི་ལང་བ་ཞིག་ཏུ་གྱུར་འདུག །ངའི་ལག་པའི་སྟེང་དུ་ཁྲག་དམར་འཛར་འཛར་བྱེད་ཅིང་།གོང་གི་སྐད་ཆ་དེ་གཉིས་ཀྱི་སྟེང་དུ་སྟོབས་ཤུགས་གྲོན་པ་མང་དྲགས་པས་སམ།ད་ནི་ང་རང་ཐང་ཆད་དེ་ར་རོ་ལྟ་བུར་གྱུར་འདུག མལ་གྲོགས་ཚོའང་སྔ་མོ་ནས་སད་དེ་རང་རང་གི་མལ་སའི་ནང་དུ་ཁོག་སྟོད་ཡར་དགྱེ་སྟེ།ཅི་ཞིག་གི་དོན་སྔོན་ནས་གོ་ཡོད་པའི་ཉམས་ཤིག་གིས་ཁ་རོག་གེར་ངའི་བྱ་བྱེད་ལ་བལྟས་འདུག སྐབས་འདིར་ངའི་དབུགས་ལེན་གྱིན་པའི་སྒྲ་ལས་མལ་ཁང་ཧྲིལ་བོར་མི་གཅིག་ཀྱང་མེད་པ་ནང་བཞིན་སྐད་ཅིག་ལ་ཁ་ཁུ་སུམ་མེར་ལུས། ང་རང་ལྷག་ཏུ་སྡང་བྱུང་།ང་རང་ལྷག་ཏུ་སྡང་བྱུང་།ང་རང་ཁ་ཁུ་སུམ་མེ་བ་འདིར་ལྷག་ཏུ་སྡང་བྱུང་་་་་་་་་་་།།

 

 

                                               མུ་འགོད

 

 
རྩོམ་ཡོངས་ཀློག་པ།(2242) | ལན་སློག(16)
 
འབྲེལ་ཡོད་ནང་དོན་ 16 ཡོད།<<<12>>>
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།༢
[ 2012-6-28 22:57:47 | By: nhawasuwo ]
 
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།༢
[ 2012-7-12 9:11:18 | By: crj2011 ]
 
གླག་གི་མུ་འགོད་ལ་སྒུག་ནས་ཡོད།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།༢
[ 2012-7-12 19:04:38 | By: msms2 ]
 
ཁག་རྗེས་མ་དག་བཙལ་གི་ཡོད།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།༢
[ 2012-7-14 15:39:39 | By: jeams ]
 
གྲོགས་ལ་འཚམས་འདྲི་ཞིག་དང་ལྷན་དུ་བཀླགས་ཡོད།    འབྲོག་བྱེ་ནས།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།༢
[ 2012-8-2 9:16:25 | By: tecai ]
 
ཡག་གི་བསམ་ཡོད།  བྱང་དུར་མེ་ནས།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།༢
[ 2012-8-3 14:40:07 | By: longdouri ]
 
ལུང་རྡོར་གྱིས་འཁྱུག་ཙམ་བཀླགས་ཟིན།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.