མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
འདས་པ་དང་ད་ལྟ་བའི་རྗེས་སུ།༡
[ 2012-6-14 14:38:32 | By: zhongjiwa ]
 
 

འདས་པ་དང་ད་ལྟ་བའི་རྗེས་སུ།༼བརྩམས་སྒྲུང་།༽

 

 

 རླུང་གི་བྱེ་མ་ཐལ་སྐྱ་བཞིན་འཚུབ་སྟེ།དར་ལྕོག་དག་གི་འདབ་ཀ་ཕར་རྡེག་ཚུར་རྡེག་བྱེད།སྐབས་རེར་དར་ལྕོག་གི་ཕྱེ་མཚམས་སུ་ངོ་ཕྱེད་སྟོན་པའི་ཉི་མ་དགུང་དཀྱིལ་ནས་མར་ནུར་ཏེ་ཕ་གིའི་བྲག་དམར་ཡག་གི་མི་མཉམ་པའི་རྩེ་ལ་བྱིངས་འདུག་པ་མཐོང་ཞིང་།སླར་ཡང་དར་ལྕོག་དག་གིས་རུབ་སྟེ་འགེབ་པར་བྱེད།ཉི་ནུབ་ཀྱི་ངོགས་སུ་སྐྱོམས་ཀྱིན་པའི་དུར་ཁྲོད་ཧྲིལ་བོར་འོད་ཀྱི་གཤོག་པ་འཐོག་པ་བཞིན།སྐད་ཅིག་ལ་བར་སྣང་དུ་འཕུར་སྙམ་བྱེད།ཉི་ནུབ་ཀྱི་མདུན་དུ་མི་རེ་རེར་ཕངས་སེམས་རེ་ཡོད་སྲིད།དེ་ནི་སྡུལ་བསྔལ་གྱི་ཉིན་མོ་ཞིག་ཕར་བདས་པས་མ་ཡིན་པར།བར་གླེགས་ཤིག་གི་རང་ཉིད་ལ་སྐྱེལ་མ་བྱས་ཚར་བས་རེད།ང་ལ་གློ་བུར་དུ་ཚ་རྒྱས་ཤིང་སྣ་ལམ་དུ་འཚིག་དྲི་ཐིལ།མིག་ཟུང་རབ་རིབ་ཏུ་གྱུར་ཏེ་ད་ནི་མྱུར་བར་གནས་འདི་དང་ཁ་འབྲལ་དགོས་སྙམ་སྐབས།གློ་བུར་དུ་སྒྲོལ་མའི་ལག་ཏུ་དར་ལྕོག་ཅིག་ཐོགས་ཏེ་གདོང་ལ་འཛུམ་དམུལ་འཁྱིལ་ལེར་དུར་ཁྲོད་ཀྱི་སྟོད་ནས་ཚུར་བུད།ཉི་ཟེར་དང་མཉམ་དུ་ལན་རེར་གསལ་ཅིང་ལན་རེར་མི་སྣང་བར་འགྱུར།ང་རང་འགྱེལ་མ་ལོག་གིས་ཡར་ལངས་ཏེ་སྒྲོལ་མས་ཅི་ཞིག་བཤད་མིན་ལ་སྒུག་བསྡད།སྒྲོལ་མས་ཁ་མ་གྲགས་པའི་ཡར་སྔོན་དུ།དར་ལྕོག་དག་གི་སྟེང་དུ་ཡིག་འབྲུ་གསུམ་ལྷང་ངེར་མངོན་འོངས།ཡིག་འབྲུ་དེ་གསུམ་པོ་མཐོང་མ་ཐག་ང་ལ་ཐོག་གིས་བརྒྱབ་པ་བཞིན་འགྲེ་ལོག་ཅིག་དང་བཅས་གཉིད་ལས་སད་བྱུང་།།

ཏག་ཏག་ཉིན་བདུན་རེད།སྒྲོལ་མའི་སྐད་ཆ་མ་ཐོས་པར་ཉིན་བདུན་འགོར་བ་རེད།ངས་རྩིབ་ལོགས་སུ་མཐོན་པོར་བརྩིགས་པའི་དཔེ་དེབ་དག་གི་སྟེང་དུ་བཞག་པའི་ལག་འཁྱེར་ཁ་པར་ཚུར་བླངས་ཏེ།ང་རང་གཉིད་མཚམས་སུ་སྒྲོལ་མས་བརྡ་འཕྲིན་རེ་ཡོང་ཡོད་མེད་ལ་བལྟས།ད་དུང་ནམ་ལངས་མི་འདུག་པས།ཉལ་གྲོགས་ཚོ་གཉིད་དུ་ཡུར་འདུག་ཅིང་།རེ་གཉིས་ཀྱིས་སྔུར་བ་ཡང་མོ་རེ་འཐེན་གྱིན་འདུག།ང་རང་ཉལ་ཁྲི་ལས་མར་བབས་ཏེ་སྒེའུ་ཁུང་ལས་ཕྱི་ལ་བལྟས།ཁོ་ར་ཁོར་ཡུག་ལྷིང་འཇགས་སེ་སྡོད་ཅིང་རང་ཉིད་ཀྱི་སྙིང་ལྡིང་བའི་སྒྲ་ལས་གྲགས་འགུལ་ཅི་ཡང་མི་འདུག།ངས་ཡིད་སེམས་ཧྲིལ་བོ་ད་དུང་རྨི་ལམ་དེས་འཁྱུད་འདུག་ཅིང་།དེ་བས་ཀྱང་།སྒྲོལ་མའི་ལག་གི་དར་ལྕོག་དེའི་སྟེང་དུ་ཅི་ཞིག་བྲིས་ཡོད་མིན་ནི་སྐབས་འདིར་ངས་འདང་རྒྱག་བྱེད་ས་གཙོ་བོ་དེ་ཡིན།གལ་སྲིད་གཡས་གཡོན་གྱི་དར་ལྕོག་སྟེང་གི་ཡིག་འབྲུ་དེ་གསུམ་པོ་དང་གཅིག་པ་ཡིན་ཚེ།དེ་ལྟར་བསམ་མ་ཐག་ང་རང་འཚུབ་ཆ་ཞིག་དང་བཅས་སྔར་ལས་གཟབ་ནན་ཏུ་གྱུར།གློ་བུར་དུ་ཁོ་མོ་བྲག་དམར་ཡག་དེའི་དཀྱིལ་དུ་སྐྱེས་ཡོད་པའི་སྙིང་ལ་སྡུག་པའི་མེ་ཏོག་ཅིག་དང་འདྲ་བར།ལེན་སྙམ་ཚེ་རང་ཉིད་མར་ལྷུང་འགྲོ་བའི་ཉེན་ཁ་ཆེ་ཞིང་།སྐྱུར་ནི་དེ་བས་ཀྱང་མ་ཕོད་པས་ཅི་བྱེད་མི་ཤེས་པར་ལུས།བརྒྱ་ལ་གཞན་ཞིག་བྲིས་ཡོད་ཚེ།དེ་ལྟར་བསམ་མ་ཐག་ངའི་ཡིད་སེམས་སླར་ཡང་ཅུང་བདེ་ལ་བབས་ཤིང་།སེམས་ཀྱི་ཞབས་ཤིག་ནས་ཅི་ཞིག་གི་མདུད་པ་གྲོལ་སོང་བ་ལྟ་བུའི་ངལ་གསོ་ཐོབ།དེ་རྗེས་མཁའ་མཐའི་ཞིལ་རལ་ཏུ་གྱུར་བའི་ཟླ་བ་མག་མོག་དེར་བལྟས་ཏེ།ཟླ་བའི་སྟེང་དུ་རང་ཉིད་ལ་སུ་ཞིག་གིས་བལྟས་ཡོད་པའི་སྣང་བ་བཙལ།སྐབས་འདིར་ངས་རིམ་གྱིས་སེམས་པ་གཡེང་ཐབས་ཤིག་ལ་འབད་ཀྱིན་ཡོད།།

 མལ་ཁྲིའི་སྟེང་དུ་རྒན་མོ་བགྲེས་སོང་ཞིག་བསྣར་འདུག་ཅིང་།ཕལ་ཆེར་གཉིད་ལོས་ཡོད་ཀྱི་ཚུགས་ཀ་ཞིག་འདུག།གམ་དུ་རྐུབ་བཀྱགས་ཆུང་བ་ཞིག་གི་སྟེང་དུ་བཙོག་སྟེ་མགོ་བོ་རྒན་མོ་དེའི་མལ་ཁྲིའི་འདབ་ཅིག་ལ་བསྙེས་ཏེ་སྡོད་པ་ནི་སྒྲོལ་མ་རེད།དོན་དུ་རྒན་མོ་དེ་ནི་མོའི་ཨ་མ་རེད་ཅིང་།ཨ་མའི་ནད་གློ་བུར་དུ་ཇེ་སྡུག་ལ་སོང་བས།སྒྲོལ་མས་སློབ་གྲྭར་དགུང་ཞུའང་མ་བྱས་པར་འདི་ལྟར་ཨ་མ་བསྲུངས་ཏེ་ཉིན་ཞག་མང་ཙམ་ཞིག་བདས།ཉིན་རེར་སྨན་ཁབ་དམ་བུ་ལྔ་རེ་བརྒྱབ་པས་ནད་ལ་རྔོ་ཐོགས་ཏེ་མཚམ་རེར་གཉིད་ཐུན་རེའང་ལེན་ཐུབ་ཀྱི་ཡོད།གཡས་ཀྱི་མལ་ཁྲིའི་སྟེང་དུ་རྒན་པོ་ཞིག་གི་སྣ་ཁུང་དུ་དབྱང་དབུགས་ཀྱི་སྐུད་པ་ཞིག་དྲངས་ཤིང་།དམ་བུའི་ནང་དུ་ལྦུ་བ་ཡར་རྒྱུག་མར་རྒྱུག་བྱེད་ཀྱིན་པ་ནི་སྐབས་འདིའི་སྒྲོལ་མའི་སྙིང་གི་འཕར་ལྡིང་དང་འདྲ།གཡས་ཀྱི་མལ་ཁྲི་དེའི་སྟེང་དུ་བྱིས་པ་ལོ་བཅུ་ཡས་མུས་ཤིག་ཁོའི་ཨ་མ་དང་མཉམ་དུ་གཉིད་དུ་ཡུར་འདུག།སྒྲོལ་མ་ཡར་དགྱེ་སྟེ་ཨ་མའི་རྒྱབ་ཀྱི་ཉལ་ཐུལ་དཀར་པོ་དེ་རང་གི་མགོ་འོག་ཏུ་འཐེན་འཐེན་འགའ་བྱས་རྗེས་ཕྱིར་སྔོན་མ་བཞིན་བསྡད།ཅུང་ཙམ་ནས་མོ་རང་གཉིད་དུ་ཡུར་ཅིང་།ཆུ་ཚོད་ཕྱེད་ཙམ་མ་འགོར་བའི་མཚམས་སུ་མོ་ལ་ཐོག་གིས་བརྒྱབ་པ་བཞིན་སྔངས་འདར་ཞིག་དང་བཅས་གཉིད་ལས་སད།དེ་མ་ཐག་གམ་གྱི་སྒྲོག་ཙེའི་སྟེང་གི་ཁ་པར་བླངས་ནས་ཡང་ཡང་བལྟས་པར།སྤྲོ་དགོས་པའི་གསར་འགྱུར་གང་ཡང་མ་མཐོང་།།

ང་རང་སྒེའུ་ཁུང་གི་འགྲམ་དུ་ཆུ་ཚོད་ག་ཙམ་ལ་ལུས་པ་མ་ཤེས།མལ་ཁང་གི་གློག་སྒྲོན་གློ་རྡེག་ལ་ཀར་བ་དེས།ངའི་མིག་ལ་མེ་སྟག་ཅིག་ཚུད་པ་ལྟར་ལུས་ཧྲིལ་བོར་འདར་ཡོམས་ཤིག་བརྒྱུགས།ཕྲ་ཕུང་དག་སྐད་ཅིག་ལ་བསྐུམ་པས་མགོ་ནང་དུ་ནག་དུབ་ཅིག་འཐིབ་སྟེ།ཕྱེ་ཡོད་པའི་དྲ་མ་ལ་འཐམ་འཐམ་ཙམ་མ་བྱས་ཚེ་ཐད་ཀར་ས་རུ་འགྱེལ་མིན་ལ་ཐེ་ཚོམས་ཤིག་མི་འདུག།ང་ཚོའི་ལམ་ཁང་གི་གློག་སྒོ་གཞུང་གིས་ཚོད་འཛིན་བྱེད་ཀྱི་ཡོད་པས།རྒྱུན་ལྡན་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཅུ་ཡས་མུས་སུ་གློག་སྒོ་གཟིམས་པ་དང་ཞོགས་པའི་ཆུ་ཚོད་དྲུག་དང་ཕྱེད་ཀར་ཐོན་མ་ཐག་གློག་སྒོ་འབྱེད་ཀྱི་ཡོད།སྐབས་འདིར་ངས་ཆུ་ཚོད་འཁོར་ལོ་ལ་མ་བལྟས་ཀྱང་།ད་ལྟ་ཆུ་ཚོད་ག་ཙམ་ལ་སླེབས་ཡོད་པ་དལ་གྱིས་ཤེས་སོང་།ཡུད་ཙམ་ནས་ངས་ཁ་ཕྱིར་འཁོར་ཏེ།སྒོའི་རྩིབ་ལོགས་ཀྱི་གྱང་ངོས་སུ་སྦྱར་བའི་མེ་ལོང་གི་མདུན་དུ་སོང་།མེ་ལོང་ནང་གི་རང་ཉིད་ཀྱི་ངོ་གདོང་ལ་ལྟ་བཞིན་ཐོད་པའི་སྟེང་གི་རྨ་ཁ་དེར་རེག་རེག་བྱས།ངའི་གདོང་ལ་རྒས་ཉམས་ཤིག་ཤར་འདུག་ཅིང་།དེ་མ་ཐག་འགྱུར་འདུག་པའང་གསལ་བོར་མཐོང་།མ་མཐར་ཀྱང་ཆུང་དུས་ལས་འགྱུར་འདུག།ཡིན་ནའང་།འགྱུར་འོས་པའི་ཕྱོགས་སུ་འགྱུར་འདུག་སྟེ།སྒྲོམ་གཞི་མ་འཐོར་བའི་ངང་ཧྲིལ་གྱིས་འགྱུར་གྱི་འདུག།འདི་རྣམས་ངས་མེ་ལོང་དུ་བལྟ་ཐེངས་རེར་འདི་ལྟར་དྲན་ཡོང་།གློ་བུར་དུ།མེ་ལོང་ནང་དུ་སུ་ཞིག་གིས་རང་ཉིད་ལ་བལྟས་ཡོད་པའི་འཇིགས་སྣང་ཞིག་ཐོན་ཞིང་།ང་ནི་ཁོའི་གྲུབ་གཟུགས་ཡིན་ནམ་སྙམ་སྟེ་ཕྱིར་བཀྱེད་ཙམ་བྱས།མེ་ལོང་ནང་གི་དེ་ང་ཡིན་ནམ།སྒྲོལ་མ་མིན་ནམ།དེ་ལྟར་སེམས་མ་ཐག་ང་ལ་འགྲམ་ལྕག་ཚ་བེར་རེ་ཞིག་ཐེབས་སོང་།དོན་དུ་འགྲམ་ལྕག་དེ་སྟེར་མཁན་ནི་ང་རང་ཉིད་ཡིན་ཏེ།འདི་ནི་ངས་རྒྱུན་པར་རང་ཉིད་འཕྲུལ་སྣང་ལས་བསླངས་ཐབས་གལ་ཆེན་ཞིག་ཡིན།།

                                              

                                            ༼ མུ་འགོད།༽

 

 

 

 

 

 
རྩོམ་ཡོངས་ཀློག་པ།(1980) | ལན་སློག(17)
 
འབྲེལ་ཡོད་ནང་དོན་ 17 ཡོད།<<<12>>>
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།༼མུ་འགོད༽
[ 2012-6-14 15:03:45 | By: lamaojie123 ]
 
བཀླགས་ཟིན། ཡིག་ནོར་འགའ་རེ་མཐོང་སོང་བས་མཉམ་འཇོག་བྱས་ན་སྙམ་ཡོད།  རྗེས་མ་དག་ལ་སྒུག་གི་ཡིན།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 15:37:00 | By: RabSeL6929 ]
 
ད་ཐེངས་དུས་ཚོད་ཀྱི་དབང་གིས་བཀླགས་མ་ཚར་ཐལ།  འཁོད་དང་ཀློག་ངེས་ཡིན།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 15:44:30 | By: msms2 ]
 
ཉིན་འདི་དག་ལ་ཁྱེད་ཀྱིས་ཟིན་རྩོམ་གསར་བ་སྤེལ་མ་སོང་བས་སྟོང་བ་ཞིག་རེད།སྒྲུང་གཏམ་སྟོབས་ཅན་ཞིག་བྲི་འདང་ཡིན་ས་རེད་པས་མུ་འགོད་ལ་སྒུག་ནས་ཡོད།ཡང་ཡང་བཀླགས་ཡོད།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 16:32:40 | By: zhongjiwa ]
 
གོང་དུ་ཕེབས་པའི་གྲོགས་དག་ལ་བསུ་མ་ཡོད།བསམ་འཆར་གང་ལེགས་འདོན་རོགས།ཟིན་བདག་གིས།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 17:00:00 | By: gamadanzen ]
 
སེམས་ཀྱིས་སྒུག་ཡོད།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 18:56:24 | By: zaigeng8531839 ]
 
ཡག་གི་འདོད་སོང་།  བཀའ་དྲིན་ཞུ་གི་ཡིན།  ད་དུང་མུ་འགོད་ལའང་སྒུག་ངེས་ཡིན།  ཅི་ཐུབ་གང་ནུས་ཀྱིས་རྒྱབ་སྐྱོར་ཡོད།  རྩེ་བ་ཀུན་དགའ་ནས།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 20:02:40 | By: duodanjia ]
 
བཀླགས་ཡོད། སེམས་ངོར་འདྲེས་ཐལ།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 21:55:55 | By: cairen898 ]
 
བློར་ཞེ་དྲག་བབས་སོང་།མུ་མཐུད་དུ།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-14 21:56:17 | By: cairen898 ]
 
བློར་ཞེ་དྲག་བབས་སོང་།མུ་མཐུད་དུ།
 
 
 
RE:འདས་པ་དང་ད་ལྟ་བའི་རྗེས་སུ།
[ 2012-6-15 12:10:34 | By: woes222 ]
 
བཀླགས་ཡོད།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.