མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
གློ་བུར་དུ་འདི་བཤད་འདོད།
[ 2012-5-8 15:01:42 | By: zhongjiwa ]
 
 

གློ་བུར་དུ་འདི་བཤད་འདོད།

 

 

ཁ་ཅིག་གིས་དངོས་པོའི་དཔལ་ཡོན་དང་མིའི་ནང་སེམས་ཀྱི་བདེ་བ་གཉིས་རྒྱུ་འབྲས་ཀྱིས་གྲུབ་ཡོད་པར་འདོད་ཅིང་།རྒྱུ་འབྲས་དེའང་成反比ལྡོག་བསྡུར་གྱིས་གྲུབ་ཡོད་པར་བཤད།ཡང་ན།དཔལ་འབྱོར་རྒྱུ་དང་ནང་སེམས་འབྲས་བུར་ཁེས་མཆིས་ཏེ།དཔལ་འབྱོར་ཇི་ཙམ་འཕེལ་ཚེ་མིའི་ནང་སེམས་ཀྱི་བདེ་བ་དེ་དང་ཆ་འདྲ་བར་མར་འགྲིབ་འགྲོ་བའི་རང་ལུགས་ཤིག་འཇོག་གིན་འདུག།དོན་དུ་མིའི་ནང་སེམས་ཀྱི་བདེ་སྡུག་གི་འབྱུང་རྩ་དེ་ཕྱིར་མིའི་ནང་སེམས་ལས་ཚོལ་རྒྱུ་མ་ཟད།ཉེས་པ་མ་ལུས་ཕ་རོལ་ཅ་ལག་དང་ཟས་གོས།ཡོ་ཆས་སོགས་ཀྱི་སྟེང་ཕར་རྒྱས་འགེབ་བྱེད་པ་འདི་རིགས་ནི་ཤིན་ཏུ་དགོད་བྲོའོ།ཡང་ན།དངོས་པོའི་དཔལ་ཡོན་ཇི་ཙམ་འཕེལ་ན་དེས་མིའི་ནང་སེམས་ཀྱི་བདེ་བ་ལའང་དེ་འཚམ་གྱི་རམ་ཟླ་སྤྲོད་སྲིད་པ་ལས།གྰི་ལིང་ཐའེ་ལྟ་བུའི་ཡི་དྭགས་གཏེར་སྲུང་གི་སྡུག་བསྔལ་དེའང་རྒྱུ་ནོར་གྱིས་མི་རྐྱེན་པར་ཁོའི་ནང་སེམས་ཀྱི་གུ་དོགས་པའི་རང་མདངས་ཤིག་ཕྱིར་མངོན་ཚུལ་རེད་ན།འདིའང་མདོར་ན་གནད་དོན་སྔོགས་མ་ཤེས་ནས་འགྲམ་སོ་ན་བ་ལ་མདུན་སོ་འཐོག་པའི་དཔེ་གཞི་ཞིག་སྟེ།དེ་མཚུངས་སུ་སྐབས་ལན་རེར་ནུབ་གླིང་བའི་བརྩམས་ཆོས་རེ་ཤོས་ཀྱིས་ཀྱང་སྣ་དགོད་འཆོར་དུ་འཇུག་མོད།ཐུ་མེད་པ་ཞིག་ལ།མིའི་རིགས་ཀྱི་འཕོ་འགྱུར་ཧྲིལ་བོའི་གོ་རིམ་ཁྲོད་དུ།གནས་སྐབས་རེར་གནས་སྐབས་རེའི་སྡུག་བསྔལ་རེ་ཡོད་པ་ཤ་སྟག་ཏུ་ཟད་དོ།།

དངོས་པོའི་དཔལ་ཡོན་གོང་དུ་སྤེལ་མཁན་ནི་ནུབ་གླིང་བ་ཚོ་རེད་དེ།དེར་ཕྱིར་དོགས་སློང་བྱེད་མཁན་ཀྱང་ནུབ་གླིང་བ་ཚོ་རེད།རང་ཅག་བོད་ཡུལ་དུ་དཔལ་འབྱོར་བསྒྲུབ་དགོས་ཟེར་མཁན་སྐོར་ཞིག་ཐོན་ཡོད་དེ།ཁོང་ཚོས་དེའི་མདུད་པ་ཁྲོལ་མིན་ནི་འདོད་ཡོན་ཁེས་ལེན་མིན་གྱིས་ཐག་འཆད་དོ་གསུངས།ད་ལྟའི་ང་ཚོའི་དངོས་ཡོད་གནས་ཚུལ་ལ་གཞིག་སྟེ་བཤད་ན།ཡོད་དོ་ཅོག་ལ་ཁྲོམ་རྭས་སྟོང་བས་ཅི་ཞིག་བསྒྲུབ་ཀྱང་ཁག་པོའི་གཡང་དུ་དེད་ཡོད་པ་དམར་རྗེན་རེད་པས།ཞིབ་ཏུ་བསམ་ན་དེ་ལྟར་གསུངས་མཁན་རྣམས་ལ་ཁག་མེད་པ་རྟོགས་འོངས་ཤིང་།ལྡོག་སྟེ།ཡང་ཁ་ཅིག་གིས་དངོས་པོའི་དཔལ་ཡོན་དང་ཤེས་རིག་གི་ཉེས་དམིགས་ལ་དོགས་པ་ཟ་ཁུལ་བྱེད་པ་འདི་རིགས་ལ་ཞིབ་ཏུ་བརྟག་ཚེ།ཁོ་ཅག་ནི་དངོས་གནས་གཡམ་རྒྱུགས་དང་ནུབ་གླིང་བ་དེ་དག་གི་ངག་རྗེས་སུ་ཁྱི་བཞིན་དུ་རྒྱུགས་མཁན་སྐོར་ཞིག་གི་སྣང་བརྙན་ལས་མ་འདས་ཏེ།རྟ་ཞོན་ཡོད་པའི་མི་ཞིག་གིས་རྟ་བཞོན་ཚེ་མི་ལེགས་པའི་ཆ་ཡོད་འདུག་གསུངས་ཚེ།ཧ་གོ་སླ་མོད།རྐང་ཐང་དུ་ལུས་པ་ཞིག་གིས་རྟ་ལ་བཞོན་མི་རུང་།རྟ་མི་བཟང་ཟེར་ཚེ།དེའི་རིགས་ནི་རྒུན་འབྲུམ་བཟའ་མ་ཐུབ་ནས་དེའི་རོ་སྐྱུར་གི་ཟེར་མཁན་གྱི་ཝ་མོའི་ཚོགས་དང་།ཡང་ན།སྐྱ་མིའི་ཁེངས་སྐྱོངས་ཀྱི་སྐད་རྣམས་བདེན་པའི་མན་ངག་ཏུ་ཟློ་བའི་ནེ་ཙོའི་རིང་ལུགས་འཛིན་མཁན་སྐོར་ཞིག་ལས་མིན་པ་ཞོར་ནས་རྟོགས་ཡོང་ངོ་།།

 

 

 

 

 
རྩོམ་ཡོངས་ཀློག་པ།(1870) | ལན་སློག(19)
 
འབྲེལ་ཡོད་ནང་དོན་ 19 ཡོད།<<<12>>>
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 15:30:47 | By: gamadanzen ]
 
དཔལ་འབྱོར་གྱིས་མཚོན་པའི་འདོད་ཡོན་དང་ནང་སེམས་ཀྱི་བདེ་བ་གཉིས་ནི་གདོད་གཤིས་དང་གྱེས་བྲལ་ཐུབ་མིན་གྱི་སྟེང་ན་ཡོད་པར་འདོད།དུས་ཀྱི་བང་ལ་སེམས་ཀྱིས་མ་ཆོད་ན་སྡུག་བསྔལ་ཡོད་པས་སོ།མདོར་བཤད་ན་བག་ཆགས་ཐ་དག་ལ་གྱེས་བརྡ་བཏང་མ་ཐུབ་པས་རེད་འདོད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:རང་གི་ལྟ་ཚུལ་བཞག་པར་ཞེ་ནས་དགའོ།
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 16:03:57 | By: KAKA ]
 
གྲོགས་པོ་ཚང་ལ་ཡོད།       ཡག་སོང་།        དཔའ་ཁེར་རྒྱུག་ནས།
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 16:08:46 | By: KAKA ]
 
གྲོགས་པོ་ཚང་ན་ཡོད།    ཡག་སོང་།        དཔའ་ཁེར་རྒྱུག་ནས།        གོང་གི་དེ་ནོར་འདུག
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 16:14:38 | By: zaiwelaijie ]
 
ད་ནི་ང་ཚོ་སད་རན་འདུག མང་ཚོགས་ནས་སད་རན་འདུག སྟོན་པ་ཤཱཀྱ་ཐུབ་པས་བོད་ཡུལ་ལ་ཀི་བཏབ་པ་བཞིན། དཔའ་རྩེ་ཡིས་གནའ་བོའི་ཅོང་རྙིང་རྡུང་བ་བཞིན།ང་ཚོའི་མང་ཚོགས་ངེས་པར་དུ་སད་རན་འདུག ངོ་མ་སད་རན་འདུག  འདྲེ་བསམ་ཤེས་ཀྱིས།
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 18:04:10 | By: hk2008 ]
 
གྲོགས་པོ་གླག་ཚང་ལ་ཐོན་ཡོད་་་་་་བཙན་རྒྱལ་ནས་་་་་་་
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 19:48:27 | By: xjyujho ]
 
བཀླགས་ཡོད།
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 22:24:34 | By: ryan ]
 
དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་གང་ཡིན་ཡང་འགྲོ་བ་མིའི་རིགས་དཔལ་ཡོན་སྤྱི་ཚོགས་སུ་ཐོན་པའི་དན་རྟགས་སུ་ངེས་ལ།དངོས་པ་དང་བསམ་བློ་གང་ཡིན་ཡང་མིའི་རིགས་ཀྱི་འཚོ་བ་གྲུབ་པའི་མ་ལག་གལ་ཆེན་དུ་འཁུམས།དེ་གཉིས་ལྡོག་བསྡུར་དུ་གྲུབ་པ་ནི་མཐར་ལྷུང་གི་དཔལ་འབྱོར་ཁོ་ན་གཉེར་བ་དང་བསམ་བློ་ཁོ་ནར་བརྩོན་པའི་ངོས་ནས་བཞག་ན་ནི་བདེན་གྱི་དེ་ལྟར་མ་ལགས་པར་ཐལ་གྲགས་པའི་དགག་པ་ལ་མ་གཞོལ་ན་གོང་དུ་ཁྱེད་ཀྱི་བཤད་པ་ལྟར་ཡིན་པར་སྙམ།ཚོང་རྭའི་དཔལ་འབྱོར་གྱི་ཁྲོམ་རྭའི་ཐད་ཁྱེད་ཀྱི་བཤད་པ་ཤིན་ཏུ་མད་པས་ཁོ་བོས་འདིར་མང་དུ་མི་སྤྲོའོ།།                                                    ཞེས་ཁྱེད་ཀྱི་པོད་ཁུག་གི་རྒྱུན་མགྲོན་ཞིག་གིས།
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 22:53:42 | By: zaigeng8531839 ]
 
གྲོགས་པོ་ཚང་ལ་རྒྱུན་དུ་ཡོང་གི་ཡོད། ནམ་ཡང་རྒྱབ་སྐྱོར་ཡོད།  རྩེ་བ་ཀུན་དགའ་ནས།
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-8 23:38:05 | By: msms2 ]
 
ཁྱེད་ལྟ་བུའི་ཟིན་བྲིས་མཁན་དག་ལ་ནམ་ཡང་རྒྱབ་སྐྱོར་ཡོད།
 
 
 
RE:གློ་བུར་དུ་འདི་བཤད་འདོད།
[ 2012-5-9 1:24:47 | By: duodanjia ]
 
ཤིན་ཏུ་ལེགས་པོར་མཐོང་སོང་།  རེ་བ་ཆེན་པོ་བཅིངས་ཡོད།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.