མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 12:12:41 | By: zhongjiwa ]
 
 

གཡུལ་གྱི་རྔ་སྒྲའི་ཁྲོད་ཀྱི་གླང་ཆེན་ས་ལ་རབ་བརྟན།

 

ཐན་ཀྲའོ་ཡུན།གླག་གིས་བསྒྱུར།

                      

               གཞོན་དུས་ཀྱི་ས་བོན།རྒ་དུས་ཀྱི་ལག་ཡོང་།___དབྱི་པུ་ཧྲིན།      

 

གླང་ཆེན་ས་ལ་རབ་བརྟན་ཆུང་དུས་ནས་གཟུགས་སྟོབས་ཤིན་ཏུ་ཆེ་བས་ན།ཁོའི་ལྗིད་ཚད་སྤྱིར་བཏང་གི་གླིང་ཆེན་གཉིས་དང་འདྲ།གོམ་གྱི་འདེགས་འཇོག་བསྒྱུར་ཚེ།ས་གཞི་ལའང་ཡོ་འགུལ་བཟོས་ཡོང་།

ཁོ་རང་རྒས་དུས་སུའང་།སྤྱིར་བཏང་གི་གླིང་ཆེན་ལས་ལྗིད་ཅིང་འཁོགས་པས།ཉིན་ཞིག།ཁོས་རྫིང་བུ་ཞིག་ལས་ཆུ་འཐུང་སྐབས།སྟབས་ཉེས་ཏེ་འདམ་རྫིབ་ཏུ་བྱིངས།ཇི་ལྟར་འཕག་ཀྱང་ཕྱིར་མ་ཐོན།

གླང་རའི་བདག་པོས་བཀོད་པ་ཡོད་རྒུ་འཐེན་ཀྱང་།གླང་ཆེན་དེ་ཧ་ཅང་ལྗིད་ཆེ་བས་ན།འཐེན་སྤྱད་གང་ལ་འང་ཁོ་ཡར་འདྲེན་པའི་ཤུགས་ཟད་དེ་ཅི་བྱ་གཏོད་བྲལ་ཏུ་གྱུར།

གླང་ཆེན་ས་ལ་རབ་བརྟན་ནི་རྗེ་བོའི་སྒར་གྱི་ཡིན་ཏེ།རྗེ་བོ་སྔོན་མའི་ཆིབས་ཁྲི་ཡིན་པས།གླང་རའི་བདག་པོས་དོན་འདི་རྒྱལ་བོའི་སྙན་དུ་མི་སྒྲོན་ཐུ་མེད་བྱུང་།

རྗེ་བོས་ཐོས་རྗེས་ཡིད་སེམས་ཤིན་ཏུ་གདུང་བའི་ཁུར་གྱིས་གནོན།ཡབ་རྒྱལ་བོ་སྔོན་ནས་གཤེགས་ནའང་།གླང་ཆེན་ས་ལ་རབ་བརྟན་ནི་ཁོང་གི་ཆེས་རྩ་ཆེ་བའི་ཆིབས་ཁྲི་ཡིན་པས།འདམ་ནས་བསྐྱུར་ཏེ་འཆི་བདག་གི་ཁ་ཟས་སུ་ཅིས་ཀྱང་དོར་ག་ལ་རུང་།

མཚན་ལམ་ཧྲིལ་བོར་བསམ་གཞིག་རྗེས།རྗེ་བོས་དོན་ཞིག་ཝ་ལེར་དྲན་བྱུང་།གླིང་ཆེན་ས་ལ་རབ་བརྟན་ནི་དང་པོ་དཔའ་ཞིང་རྟུལ་བའི་གཡུལ་གླང་ཞིག་ཡིན་པས།རབས་ནས་རབས་སུ་གླང་ཆེན་སྐྱོང་མཁན་གྱིས་སྦྱོང་བརྡར་གང་ལེགས་འཐོབ་ཏུ་བཅུག་ཡོད།གླང་སྐྱོངས་མཁན་ཀྱང་སྔོན་ནས་གཤེགས་ཤིང་།དམག་འཁྲུག་ཀྱང་སྔོན་ནས་མཇུག་རྫོགས་ཟིན་མོད།ལོ་ན་གཞོན་པའི་གླང་སྐྱོང་བས་གླིང་ཆེན་གཡུལ་ལ་སྐུལ་བའི་ཐབས་རྣམས་ད་དུང་བརྗེད་ཡོད་མི་སྲིད་སྙམ།

དེ་བས་ན།རྗེ་བོས་གླང་སྐྱོང་མཁན་གྱི་བུ་གམ་དུ་བོས་ཏེ།གླང་ཆེན་ས་ལ་རབ་བརྟན་འདམ་ལ་བྱིངས་ཡོད་པའི་དོན་དེ་བཤད་རྗེས།ཐབས་ཤིག་འཐེན་དགོས་པའི་བཀའ་རྒྱ་བསྒྲགས།

ལོ་ན་གཞོན་པའི་གླང་སྐྱོང་བས།ད་ནི་ཐབས་ཤིག་རྙེད་དགོས་འདུག་ཅེས་རྗེ་བོ་དང་གཡུལ་རྔ་བརྡུང་མཁན་སོགས་མི་སྐོར་ཞིག་ཁྲིད་དེ་གླང་ཆེན་ས་ལ་རབ་བརྟན་བྱིངས་པའི་གནས་དེར་སླེབས།དེ་མ་ཐག་ཏུ་གཡུལ་རྔ་རྡུང་ཞིག་ཅེས་བཀའ་ཕབས།གླང་ཆེན་ས་ལ་རབ་བརྟན་གྱིས་གཡུལ་གྱི་རྔ་སྒྲ་གཅིག་འཇགས་གཉིས་ལངས་ཀྱིས་གྲགས་བྱུང་བ་ཐོས་མ་ཐག།སླར་ཡང་ཆུང་དུས་ཀྱི་འཐབ་རར་འབྱོར་བ་ལྟ་བུའི་དྲན་པ་སོས།ནང་ཁོག་ཤུགས་ཀྱིས་གཡས་ཏེ་སྟོབས་ཤུགས་གཅིག་ཏུ་ཆུམས།ཧར་གྱིས་ཡར་མཆོངས་ཏེ་འདམ་རྫབ་ལས་སྒོར་ཐོན་ནོ།།

 

 

རང་དབང་མེད་པ་ལས་ཤི་ན་དགའ།

                

              རྦབ་ཆུསང་ལ་རང་དབང་འཐོབ་ཚེ།ད་གཟོད་གླུ་སྐད་ཡོད།ཅེས་བོས། ཐའེ་ཀོར།

 

སྤྱང་ཀི་དེ་སྐམ་ཞིང་རིད་ནས་བུད་ཤིང་ཞིག་དང་འདྲ་བས།རྒྱུན་པར་ཁྱིའི་མིག་ནང་དུའང་ཚུད་ཐུབ་ཀྱི་མེད།དེ་ལྟར།ཡུན་རིང་ཞིག་ལ་ཟས་རྡོག་ཁམ་གང་ཡང་མ་རྙེད།ཉིན་འདིར་གཟུགས་སྟོབས་ཆེ་བའི་ཁྱི་རྫིག་པོ་ཞིག་ལམ་ནོར་ཐེབས་ཏེ་འགྲོ་བ་དང་འཕྲད།སྤྱང་ཀིས་སེམས་སུ་མཆོངས་ཐེངས་ཤིག་གིས་རྡོག་འོག་ཏུ་མནན་ཏེ་དུམ་བུ་སྟོང་ཚར་ཏུ་འཆའ་སྙམ་ཞིག་སྐྱེས་མོད།སླར་ཡང་རང་ཉིད་ཁོའི་དོ་ཟླ་མི་ཡོང་བ་ཤེས་ཏེ།ལམ་སང་གདོང་ལ་འཛུམ་དམུལ་བསྡུས་ནས།ཁྱི་ལ་འཚོ་ཐབས་ཀྱི་བསླབ་བྱ་ཞུས་པར་མ་ཟད།ཉིད་ནི་གཞོན་ནོ་ཉིད་ལ་བདག་ཡིད་སྨོན་ལ་སོགས་པ་ལྟ་བུའི་གཅམ་གསེག་གི་སྐད་ཆ་རེའང་ཤོར།

ཁྱིས་སྒྲོབ་ཉམས་དང་བཅསདམ་པའི་ཆོས་སྒོར་ཚུད་ན།སྒྲུབ་པ་རང་གི་རྩལ་ལ་ཐུག།ཁྱོད་ཀྱིས་ངའི་འཚོ་བ་འདི་འདྲ་རོལ་སྙམ་ན།ནགས་ཚལ་དང་ངེས་པར་ཁ་འབྲལ་དགོས།ཁྱོས་ཁྱོད་ཀྱི་ཟླ་བོ་དེ་དག་ལ་ཅིག་ལྟོས་དང་།ཁྱོད་དང་འདྲ་བར་འབག་བཙོག་ཨང་།ལྟོགས་གྲིར་ཤི་བའི་འདྲེ་ཞིག་དང་འདྲ་བར།འཚོ་བ་ལ་འགན་སྲུང་སེན་ཆག་ཙམ་ཞིག་ཀྱང་མི་འདུག་པར་མ་ཟད།ཟས་ཁམ་གང་བཟའ་ནའང་གཞན་དང་སྲོག་བསྡོས་དགོས་འདུག་པས།ད་ནི་ང་ལ་སློབ་དང་།ངས་ཁྱོད་ཀྱི་ཁ་རྒྱབ་ལ་འདང་རྒྱག་མེད་པ་ཞིག་ཡོང་ནུསཞེས་བཤད།

དེ་ན་ངས་ཅི་ཞིག་བསྒྲུབ་དགོསསྤྱང་ཀི་སྐད་ཅིག་ལ་རྨོངས་ཤིང་མིག་ལྷེམ་ལྷེམ་དུ་དེ་ལྟར་དྲིས།ཁྱོད་ཀྱིས་ཅི་ཡང་བསྒྲུབ་མི་དགོས།རྔ་མ་གཡུགས་ཏེ་སྙིང་རྗེ་སློངས།བདག་པོ་དགའ་རུ་ཆུགས།བཟའ་བཏུང་སློང་མཁན་གྱི་མི་དག་རྒྱང་དུ་སྐྲོད།དེ་ལྟར་གྱིས་དང་།ཁྱེད་ལ་དྲི་ཞིམ་ཆིལ་ཆིལ་གྱི་ཟས་ལྷག་འཐུང་འཕྲོ་མ་ལུས་རེག་ཐུབ།ད་དུང་བདག་པོས་ཁྱེད་ལ་ཞ་ཞོར་གྱི་བྱ་དགའ་གྱ་ནོམ་པའང་སྟེར་སྲིད།སྤྱང་ཀི་འཚོ་བ་འདིའི་སྒྲ་སྤྱིའི་བདེ་སྐྱིད་ལ་བཟི་བར་གྱུར།ཡུད་ཙམ་ལ་རང་གི་མིག་མཐའ་བརླན་པར་བྱས་པའང་མ་ཚོར།དེ་བས་སེམས་པ་སྤྲོ་བའི་བརྟས་ཏེ་ཁྱི་དང་མཉམ་དུ་ལམ་ལ་ཆས།

ལམ་བར་དུ།ཁོས་ཁྱིའི་སྐེ་ཤའི་སྟེང་དུ་སྤུ་ཟད་དེ་ལྕི་པགས་སྒོར་དོད་འདུག་པ་མཐོང་སྟེ།ཡིད་མུག་གིས་འདི་ཅི་ཞིག་རེད་ཅེས་དྲིས་བྱུང་།

ཅང་མ་རེད

ངོ་མ་ཅང་མ་རེད་དམ

ཁྱིས་གྲེ་བ་འགེག་ཞོར་དུབཤད་རན་མེད་པ་ཞིག་རེདཅེས་བཤད།

སྤྱང་ཀི་འགྲོ་མཚམས་བཞག་ནས།དོན་ངོ་མ་ཅི་ཞིག་རེད།ཁྱོད་ཀྱིས་ང་ལ་ཤོད་དང་།

ཕལ་ཆེར་ང་འདོག་བྱེད་ཀྱི་ལྕགས་ཐག་གིས་བསྣལ་ཟིན་པ་ཡིན་རྒྱུ་རེད

ཅི་ཟེར།ཡིན་རྒྱུ་ནི་ཁྱེད་རང་བདག་པོས་བཏགས་ཏེ་འཚོ་བ་རོལ་གྱིན་པ་ཡིན་ནམ།རང་དབང་ཨེན་ཙམ་ཞིག་ཀྱང་མེད་དམ།ཞེས་སྤྱང་ཀི་ཧང་སངས་ཏེ་དྲིས།

འཚོ་བ་སྐྱིད་པོ་བྱུང་ན།འདོགས་མ་གདགས་ལ་ཁྱད་ཅི་ཡོད།

དེར་ཁྱད་པར་ཅི་ལ་མེད།རང་དབང་མེད་པ་ལས་ཤི་ན་དགའ།ང་ལ་གསེར་གྱི་གཏེར་ཁ་ཞིག་བྱིན་ཀྱང་།ཁྱེད་ཀྱི་འཚོ་བ་དེ་འདྲ་རོལ་མི་སྲིདཅེས་བཤད་རྗེས།སྤྱང་ཀི་སྐེ་གཅུ་ཞིག་དང་བཅས་བྲོས་སོང་ངོ་།།

 

 

 

 

 

 
རྩོམ་ཡོངས་ཀློག་པ།(2644) | ལན་སློག(17)
 
འབྲེལ་ཡོད་ནང་དོན་ 17 ཡོད།<<<12>>>
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 12:58:42 | By: wwqq ]
 
གྲོགས་པོའི་ཟིན་བྲིས་དག་ལ་ནམ་ཡང་མྱོང་རོལ་བྱེད་ཀི་ཡོད།  མུ་མཐུད་དུ་སྤེལ་བར་རེ་བ་ཡོད།     སད་་་་་་་་་
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 14:05:43 | By: namdol ]
 
གླག་གི་བསྒྱུར་རྩོམ་བཀླགས་ནས་སོང་། རེ་བ་ཡོད། གཉའ་འབྲོང་ཐུ་བུ་་་་་
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 14:57:36 | By: Machnomad ]
 
གོང་འོག་གཉིས་ཀའི་རྩོམ་ཞིབ་བཀླགས་བྱས་སོང་། རྩོམ་འོག་མ་དེར་ལྷག་པར་འདང་རྒྱག་ས་ཡོད་ཀི་བསམ་སོང་།  མཁར་བུས།
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 19:16:44 | By: zaiwelaijie ]
 
གྲོགས་གླག་ལགས་ཀྱི་རྩོམ་ཡིག་བཀླགས་ཀྱང་བསམ་གཞིག་ཞིག་བསྣམས་ནས་བུད་སོང་། ཐེངས་རྗེས་མར་ཡང་ཁྱོད་ཚང་ནས་ཐུག་འཕྲད་བྱེད།  ད་བདེ་མོ།  འདྲེ་བསམ་ཤེས་ནས།
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 19:29:49 | By: yongdan2008 ]
 
འགྲིག་གི་འདོད་ཐལ།  སྙུག་བཅུད་ལེན་ནས།
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 20:02:17 | By: zaigeng8531839 ]
 
གྲོགས་པོས་བསྒྱུར་རྩོམ་གཉིས་ལ་མཇལ་ཟིན།ཡག་བྱུང་།བཀའ་དྲིན་ཞུ་ཀི་ཡོད། རྩེ་བ་ཀུན་དགའ་ནས།
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 20:56:21 | By: mmmm ]
 
གྲོགས་པོས་ཡག་པོ་ཞིག་བསྒྱུར་འདུག་བཀའ་དྲིན་ཆེ།  སྐད་འཇོག་སར་ཁ་པར་ཨང་གྲངས་འཇོག་རོགས།  ཨང་གྲངས་བོར་བཞག
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-4 21:07:40 | By: msms2 ]
 
ནུབ་བྱང་གི་གླག་གི་སྒྱུར་རྩོམ་ལ་རོལ་ནས་མྱོས་སོང་།
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-5 10:57:20 | By: drqdcr ]
 
དགེ་རྒན་གྱི་བསྒྱུར་རྩོམ་ལེགས་པོ་འདི་བཀླགས་ནས་བུད་ཡོད་   ཞོགས་མེས་
 
 
 
RE:རང་དབང་མེད་པ་ལས་ཤི་ན་དགའ།
[ 2012-5-5 11:41:50 | By: zhongjiwa ]
 
རོགས་གཅེས་ཚོ། བསུ་མ་ཡོད། ཟིན་བདག་གིས།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.