མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 14:12:16 | By: zhongjiwa ]
 
 

རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།

 

སྦྲ་ཡི་ཁྱིམ་ཐོན་བུ་མོ་བསྒུལ་བས་སྒུལ་ཏེ་གཉིད་དམ་ཧད་ལས་བསླངས།།

སུ་འམ་གསུང་པས་ང་ཡིན་ཞེས་པར་ཁྱོད་ནི་ཡིན་པ་ཤེས་ཡོད་གསུངས།།

འགྲོ་འམ་འདུག་གམ་ལན་ཞིག་ཅེས་པས་སྡོད་པར་སེམས་ན་སྡོད་ཆོག་གསུངས།།

འཐད་ཐལ་ལེགས་ཐལ་འཐོབ་ཐལ་སྙམ་ནས་དགའ་སྟེ་གོག་ནས་རུམ་དུ་འཛུད།།

 

གཅིག་སྤྱད་ཡང་སྤྱད་སྤྱད་ནས་ཚིམ་མམ་ཞེས་པས་ད་དུང་མ་ཚིམ་གསུངས།།

དེ་ན་ཕུད་དང་ད་རུང་སྤྱད་ཆོག་ཅེས་པས་མི་ཆོག་མི་དགོས་གསུངས།།

དར་ཅིག་འགོར་ནས་དེ་ན་ད་དུང་ཡང་གཅིག་ཤོག་དང་མཁོ་འདུག་གསུངས།།

གཉིད་སོང་མི་ཡོང་ཞེས་པས་དེ་ན་མ་འདུག་ད་སོང་རེམ་ཞེས་གསུངས།།

 

སྐྱ་རེངས་གསལ་ཡོང་མགོ་བོ་ཐུམ་སྟེ་ཉལ་ཐུལ་སྦུབས་སུ་འཕག་ནས་སྡད།།

ཅི་རེད་ཁྱོད་ནི་ནའམ་དྲི་པས་ན་ཞེས་བཤད་པར་ཅི་ན་གསུངས།།

ལུས་ནི་མི་ན་སེམས་ན་སེམས་ནི་ཤིན་ཏུ་ན་ཞེས་ཅིའི་ཕྱིར་གསུངས།།

ཁྱེད་དང་གྱེས་དགོས་དགོས་པས་ཞེས་པར་ད་ཁྱོད་ཁ་ཡག་མ་མང་གསུངས།།

 

ཟིང་བའི་སྐྲ་ལོ་ལག་པས་ཕུར་ཞོར་སྒོར་བུད་བུ་མོའི་ཕ་དང་འཕྲད།།

སླེབས་སམ་གསུངས་པས་སླེབས་ཡོད་ཅེས་པར་ཅི་ཡི་ཕྱིར་དུ་སླེབས་སམ་གསུངས།།

ལུག་ཅིག་བོར་བས་འདི་ན་ཡོད་དམ་མཐོང་ངམ་ཞེས་པར་མཐོང་ཡོད་གསུངས།

གང་ན་ཞེས་པར་འདི་ཞེས་ཕུ་རུང་ཕྱར་ནས་ཁྱི་རྐུན་ད་སོང་གསུངས།།

 

གྲོགས་ལ་སྐུར་བའི་ཀ་རྩོམ།

 

ཀྭ་ཡེ་ཁོ་བོ་སློབ་ཆེན་འགྲིམ་རྗེས་སུ།།

ཁ་ནས་ཅི་ཤོར་མེད་པའི་གྲོགས་པོ་འགས།།

ག་ལེར་བསམ་ན་གླག་གི་མགོ་བོ་དེ།།

ང་ཡིས་བལྟས་ན་ཅུང་ཟད་མཐོ་འདུག་ཟེར།།

 

ཅ་དག་ཅ་རིལ་དག་ལ་མཐོ་ཙམ་ཡོད།།

ཆ་མེད་ཁྲ་དགའ་དག་ལ་དམའ་ཙམ་ཡོད།།

ཇ་ཤིང་ཞིག་ལྟར་ཚོད་ཙམ་འགྲེང་པ་འདི།།

ཉ་ར་བྱེད་དགོས་འདོད་ཀྱང་ཨེ་ཡོང་དཀའ།།

 

ཏ་ལའི་འདབ་ལོར་འཐོག་ཀྱང་འདི་ཙམ་ཞིག།

ཐ་མར་ཐང་ལ་མི་ཐུག་ཁོ་ཐག་ཅེས།།

ད་ནངས་མ་ལས་སྐྱེས་དུས་འདི་ཙམ་པས།།

ན་རྒས་དུང་སོ་ཟད་ཀྱང་འདི་ལས་མེད།།

 

པ་ལགས་རྒན་པས་བལྟས་ན་མཐོ་འདུག་གམ།།

ཕ་སྤད་ཁུ་ཚ་དག་གིས་ཅི་འདོད་དམ།།

བ་ལྟར་སྒུར་བའི་སྣང་ངོར་མཐོ་འགྲོ་མོད།།

མ་མའི་མིག་ལ་ཞེ་དྲག་རྒྱུན་ལྡན་ནོ།།

 

ཙ་རི་འཁྱམ་ཉུལ་བྱེད་ཁོམ་མ་ཡོང་མོད།།

ཚ་གྲང་དཀའ་སྤྱད་ཅན་གྱི་མགོ་བོ་ཡིན།།

ཛ་ལང་སྤྱོད་པ་ཅན་དག་མ་དགྱེས་ཀྱང།།

ཝ་མ་ཝོ་ལ་དེ་ཚོར་བསྟུན་དགོས་མེད།།

 

ཞྭ་མོ་དྲང་མོར་གོན་པའི་སློབ་མ་དང་།།

ཟ་འཐུང་དཀར་ཡོལ་གཙོ་བོའི་གཞུང་ཞབས་པ།།

འ་ཅག་ན་གཞོན་ཞིག་གི་མགོ་བོ་འདི།།

ཡ་རབས་རྣམས་ཀྱི་དཔེར་ལྟ་བྱེད་ས་མིན།།

 

ར་རྫི་ཞིག་ལ་འཕྲད་ཀྱང་འདི་ཙམ་ཡོད།།

ལ་དག་རྒྱལ་བོར་ཐུག་རུང་འདི་འདྲ་ཡིན།།

ཤ་ཚ་སྒུར་རོགས་གསུངས་ཀྱང་འདིའི་ཐུ་མིན།།

ས་ཆ་འདི་ནས་འདི་ཡིན་གན་ནས་ཀྱང་།།

 

ཧ་ཅང་སྙན་ཆ་མེད་པའི་ཀ་རྩོམ་འདི།།

ཨ་ཁུ་དགེ་ཆོས་ཚང་ལ་ལད་ཟློས་ཡིན།།

ཧ་ལམ་འདྲ་ཡང་ཅུང་ཟད་མ་ཐོན་པ།།

ཨ་ཧ་གྲོགས་པོ་ཀུ་རེ་རྩེད་མོ་ཡིན།།

 

གསལ་བརྡ།བཅད་མ་འདི་གཉིས་དུས་ཚོད་ནམ་ཞིག་ལ་བྲིས་པ་མི་གསལ་མོད།ལོ་སྔོན་མའི་ནང་ཞིག་གི་ཡིན།དེ་རིང་ཞུ་དག་ཅུང་ཙམ་སོང་རྗེས་འདིར་སྤྲོ་སློངས་སུ་ལྷན་པའོ།

 

 

 
རྩོམ་ཡོངས་ཀློག་པ།(2850) | ལན་སློག(25)
 
འབྲེལ་ཡོད་ནང་དོན་ 25 ཡོད།<<<123>>>
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 14:24:10 | By: jxcrbk ]
 
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 14:39:46 | By: duodanjia ]
 
ར་ལོ་དགའ་རོགས་འཚོལ་དུ་ཕྱིན་ཏེ་དགའ་རོགས་ལ་འཕྲད་དེ་འདོད་པ་དག་སྤྱད་དེ་ཡིད་སེམས་དེ་ཚིམ་སྟེ་ནམ་ཁ་ཡང་ལངས་ཏེ་ཕ་རྒན་ལ་འཕྲད་དེ་ཡོང་དོན་དེ་དྲིས་ཏེ་ལུག་བོར་དེ་བཤད་དེ་ཕུ་རུང་དེ་ཕྱར་ཏེ་སྐྲག་ནས་རང་བྲིས་ཏེགཏམ་རྒྱུད་དེ་རྫོགས་སོ།  འདི་ལས་རང་འཕྲོས་ཏེ་དོན་དག་རེ་གླེང་ན་རྒྱུན་འབྱམས་སུ་སོང་བའི་འབྲོག་ཁུལ་གི་འཚོ་བའི་ཟ་ཟུར་ན་གནས་པའི་གནད་དོན་རེ་དྲན་ཡོང་། འདི་ན་ཡང་ཞིབ་དུ་བརྟག་ན་གོ་རྒྱུ་དང་ཤེས་རྒྱུ་ཧ་ཅང་མང་གི        གྲོགས་ལ་སྤྲིངས་པའི་ཀ་རྩོམ་ཡང་དེ་དང་དེ་འདྲ་བར་སྒྱུ་རྩལ་གྱི་ཆ་དང་རྩོམ་སྟངས་ཆ་སོགས་ཕྱོགས་གང་ནས་ཀྱང་འབུར་ཏུ་ཐོན་འདུག་པས་ཡི་རངས་ཡོད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:གྲོགས་རི་ཕྱོར་བར་བསུ་མ་བྱེད།
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 15:04:07 | By: gbcr8899 ]
 
ངོ་མ་ཡག་པོ་བྲིས་འདུག།ར་ལོས་དགའ་རོགས་འཚོལ་སྟངས་དེ་ལ་ཁྱོད་ཀྱང་བྱང་ཡོད་ཡོད་འདྲ།ཧ་ཧ་ཧ།ཀུ་རེ་ཡིན།ཉྭ་སྲིན་པོས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཧཧ ཇ་འཐུང་།
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 15:26:11 | By: ZumchungTashi ]
 
ཚིག་སྦྱོར་བདེ་ཞིང་སྙན་པའི་རྭ་ལོའི་དགའ་རོགས་འཚོལ་སྟངས་དེ་ཀློག་པས་ཧ་ཅང་གི་ཡག་གི་འདོད་ཐལ། གཅན་འོད་འབར་གྱིས།།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་གྱ་ནོམ་པ་ཡོད།
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 15:50:08 | By: RabSeL6929 ]
 
བསོར་མོ་བདེ་མོ་སྐྱིད་པོ་ཅིག་གཞག་ཡོད་ཁུ་་་་་
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་ཡོད།
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 15:52:19 | By: RabSeL6929 ]
 
བསོར་མོ་བདེ་མོ་སྐྱིད་པོ་ཅིག་བྲིས་གཞག་ཡོད་ཁུ་་་་་
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 15:59:15 | By: glqs ]
 
གྲོགས་ཀྱི་སྙན་ངག་རོལ་མྱོང་བྱས་ཡོད
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་ཡོད།
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 17:08:42 | By: zaigeng8531839 ]
 
གྲོགས་པོར་ཕྱིར་བསྐོར་སྟབས་བདེ་ཞིག་བརྒྱབ་ཡོད། ཁོམ་པ་ཡོད་ན་ངེད་ཀྱི་སར་ཤོག་དང་མཉམ་དུ་ཆང་འཐུང་གོ   ཧེ་ཧེ   རྩེ་བ་ཀུན་དགའ་ནས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཡིན་གོ  ཁར་པར་འདར་གི་འཇུག་ན་ཐང་གོ
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 17:47:41 | By: msms2 ]
 
གླག་རྒོད་ཀྱི་སྙན་ངག་༼རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ༽དང་༼ཀ་རྩོམ༽གྱིས་སྣང་བ་སྐྱིད་པོ་བྱིན་ཡོད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་ཡོད།
 
 
 
RE:རྭ་ལོ་དགའ་རོགས་འཚོལ་དུ་ཕྱིན་པ།
[ 2012-4-25 18:01:52 | By: drqdcr ]
 
ཉིད་ཀྱི་རྩོམ་ལ་    ངོ་མ་དོན་ཆེན་པོ་འདུག །
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་ཡོད།ལྷ་སའི་གྲོགས་པོ།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.