མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 17:34:44 | By: zhongjiwa ]
 

 

དྲི་བ།ཉེ་སྔོན་མཚོ་སྔོན་བརྙན་འཕྲིན་ཁང་ནས་༼སྦྲ་ནག་དུས་སྟོན༽ཟེར་བའི་གློག་བརྙན་ཞིག་བཏང་སོང་བ་ཁྱེད་ཀྱིས་མཐོང་སོང་ངམ།འདིའི་ཐད་ཁྱོད་ལ་ལྟ་ཚུལ་ག་རེ་ཡོད།

ལན།མཐོང་ཡོད།ཡག་པོ་ཞིག་འཁྲབ་འདུག དུས་རབས་འགྱུར་གྱི་འདུག ང་ཚོའང་འགྱུར་གྱི་འདུག མང་པོ་མང་པོ་ཞིག་ལ་སྟངས་འཛིན་བྱེད་བཏུབ་པ་ཞིག་གང་ནས་ཡིན།མེ་ཏོག་བཞད།འདབ་མ་སྐམ།ཆར་བ་བབས།མྱུ་གུ་འབུས།ང་ཚོས་ཇི་ལྟར་སྦྲ་ནག་ལ་དུངས་ཚུལ་ལབ།ཆོན་ཐག་དང་ཀ་ར་རེ་རེ་ནས་དྲན་ཚུལ་དང་བཟང་ཚུལ་བཤད་རུང་།དགུན་གྱི་གྲང་ངར་ཉེ་རུ་བཅར་མ་ཐག ང་ཚོར་ཕྱིར་ལྟ་ཐེངས་ཤིག་ཀྱང་མེད་པར་དྲོད་རླངས་ཡོད་པའི་ཁང་བ་ཞིག་ཏུ་འཛུལ་བར་རེམ་འགྲོ་བ་ཡིན།

དྲི་བ།ཉེ་ལམ་གྱི་བརྙན་ཐུང་རེ་དང་དུས་རྒྱུན་འཚོ་བའི་ཟ་ཟུར་གང་རུང་དུ་རླངས་འཁོར་དང་འཕྲུལ་རྟ་ལས་རྟ་ཕོ་བཟང་རབས་ལབ་ཀྱི་འདུག།ཁྱོས་བལྟས་ན།

ལན།ཧུ་ཧུ།རྟ་ཕོའི་རིག་གནས།དེ་ནི་འདས་སོང་གི་གཏམ་རྒྱུད་ཅིག་རེད།ང་ཅག་གི་ཡབ་མེས་དག་གི་སྟེང་ནས་བྱུང་བའི་གཏམ་རྒྱུད་ཅིག་རེད།ད་ལྟའི་མི་མང་པོ་ཞིག་གིས་རླངས་འཁོར་ལས་རྟ་ཕོ་བཟང་རབས་ལབ་གྱི་ཡོད།ཁོ་ལའང་ཁོའི་རྒྱུ་མཚན་ཡོད་ཀྱི་རེད།ཡིན་ནའང་།ལམ་ལ་ཆས་རན་དུས།ཁྱོད་ནི་རྟ་ཕོར་སྒ་ཆས་སྤྲས་མཁན་དེ་མ་ཡིན་པར།ཨར་འདམ་གྱི་ལམ་འགྲམ་ནས་རླངས་འཁོར་དམར་པོ་ཞིག་ལ་ལག་བརྡ་བརྒྱབ་མཁན་དེ་ཡིན།འདི་དག་ནི་སུས་ཀྱང་ཚོད་འཛིན་མི་བཏུབ་པའི་ཁ་དང་ལག་པའི་བར་གྱི་འཐབ་མོ་ཞིག་ཏུ་གྲུབ་ཚར་ཡོད།

དྲི་བ།ཁྱོད་ཀྱི་རྩོམ་ཡིག་ཏུ་རྒྱུན་པར་སུ་ལ་གཤེ་གཤེ་གཏོང་གི་འདུག།ཁྱོད་སྤྲོ་ལངས་ཡོད་དམ།

ལན།རྒྱུན་པར་གཤེ་གཤེ་གཏོང་ག་ལ་ཡོད།ངའི་སེམས་ཀྱི་གཏིང་རིམ་དུ་སུ་ལའང་ཤ་འཁོན་མེད།ཐ་ན་སུ་ཞིག་ཚོགས་གྲལ་ནས་ཕར་བདས་འདོད་དེ་བས་ཀྱང་ག་ལ་ཡོད།མིའི་རིགས་ཀྱི་སྐྱོ་གར་མ་ལུས་ནི་མདོར་ན་སུ་ཞིག་གིས་སུ་ཞིག་ཕར་བདས་འདོད་ཀྱིས་བསྐྲུན་པ་ཤ་སྟག་རེད།ཟླ་ངོ་འདི་དག་ལ་ངེད་ཀྱིས་བྲིས་རྩོམ་རེ་སྤེལ་བ་ཡིན།མྱི་ཁ་དང་སྡངས་སྡིག་གིས་ཁོ་བོར་མནར་གཅོད་ག་ཙམ་ཞིག་ཐེབས་པ་ཁྱེད་ཀྱིས་ག་ལ་ཤེས།ཡིན་ན་འང་།དོན་དུ་ངས་བཤད་འདོད་ཡོད་པ་ནི།ང་ཚོ་སུ་ཞིག་ཡིན་ཀྱང་།ཞན་ཆ་ཡོད་ཏན་ཏན་རེད་ཅེས་པ་དེ་ལས་མེད།

དྲི་བ།དེ་ན་ཁྱོད་ནི་གསར་པ་ལ་དགའ་འམ་རྙིང་པ་ལ་དགའ།

ལན།ཧི་ཧི།སྤྱིར་གསར་པ་དང་རྙིང་པ་ཞེས་པ་ནི་ཚོགས་སྤྱི་ཞིག་གི་ངོས་ནས་འཇོག་ཐུབ་ན་ཐང་།མི་སྒེར་བ་ཞིག་གི་སྟེང་ནས་འཇོག་མི་ཐུབ་ཀི དྲིལ་བསྒྲག་དང་ཁ་གཡང་།གྲུབ་མཐའ་དང་ཕྱོགས་ཁག།འུར་འདྲོགས་དང་ཚོགས་པ།རིང་ལུགས་དང་གྲལ་རིམ་གང་ལའང་ཡིད་རྟོན་མེད།

དྲི་བ།སློབ་མ་མང་པོ་ཞིག་གིས་དཔེ་ཆར་ལྟ་བཞིན་མི་འདུག།འདིའི་ཐད་ཁྱོད་ལ་བསམ་ཚུལ་ག་རེ་ཡོད།

ལན།ལྟ་རུ་མེད་དམ།ཤེས་མ་སོང་།ཡིན་ནའང་།ཁོ་ཚོས་གློག་བརྙན་སོགས་ལ་ལྟ་རུ་འདུག་རྒྱུ་རེད།དེའང་སློབ་སྦྱོང་བྱེད་སྟངས་ཤིག་རེད།མི་ཚང་མས་དཔེ་ཆར་ལྟ་དགོས་མེད།ཡིན་འང་།ཁྱོད་རང་ཅི་ཞིག་བཤད་རྒྱུ་ཡིན་ཟེར་མཁན་ཞིག་ཡིན་ན།ད་ནི་ངེས་པར་བལྟ་དགོས་པ་འདྲ།དེ་མིན།ཁྱོད་ཀྱིས་བཤད་ཀྱིན་པ་དེ་གཞན་གྱིས་སྔ་མོ་ནས་བཤད་ཚར་མེད་པའི་ངེས་པ་སུ་ལ་ཡོད།ང་ལ་མཚོན་ན།གཤེགས་ཟིན་པའི་མཁས་པའི་བརྩམས་ཆོས་ལ་ལྟ་བར་སྤྲོ།བརྩམས་ཆོས་མང་པོ་ཞིག་རྩོམ་པ་པོ་དང་མཉམ་དུ་ཤི་ཚར་ཡོད།ཤུལ་ཏུ་ཚེ་སྲོག་འཐོག་ཡོད་པའི་བརྩམས་ཆོས་དག་ལ་ངེས་པར་རིན་ཐང་ཞིག་ཟུར་དུ་ཡོད་པར་བཟུང་ཡོད།ཡིན་ནའང་།ངས་བརྩམས་ཆོས་འདི་དང་གན་ཀློག་ཡོད་ཟེར་ནས་སུ་ལའང་ངོམས་འདོད་མེད།དེ་ནི་ད་ནངས་ཞོགས་པར་ངས་ནངས་ཇ་ག་གེ་མོ་ཞིག་འཐུང་ཡོད་ཟེར་ནས་ངོམས་པ་དང་གཉིས་སུ་མེད།བརྩམས་ཆོས་ཇི་འདྲའི་སྟོབས་པོ་ཞིག་བཀླགས་ཡོད་ཀྱང་།ཁྱེད་ཀྱི་འཇུ་སྟོབས་ཀྱིས་ཟིན་མེད་ཚེ།དེ་རྣམས་ནད་དུ་འགྱུར་མེད་པའི་ངེས་པ་འང་སུ་ལ་ཡོད།

དྲི་བ།ཁྱོད་རང་ཆེས་འཕྲད་འདོད་ཡོད་པའི་བོད་ཀྱི་རྩོམ་པ་པོ་སུ་ཡིན།རྒྱུ་མཚན།

ལན།ཁྱོད་ཀྱི་དྲི་བ་ཡར་ལྡིང་མར་ལྡིང་རེད།དེ་སྐུ་ཞབས་མེ་ལྕེ་ཡིན།རྒྱུ་མཚན་སྔོན་ལའང་འཕྲད་མྱོང་ཡོད་པས་ཡིན་རྒྱུ་རེད།གཞན་མང་པོ་ཞིག་ལ་འཕྲད་མ་མྱོང་།འཕྲད་ན་འང་ཇ་ཡུན་ཙམ་ཡིན།གལ་སྲིད།བོད་ཀྱི་རྩོམ་པ་པོ་གཞན་ཞིག་ཡིན་ཀྱང་།དེ་ལ་ཐེངས་འགར་འཕྲད་ཚེ།རྗེས་སུ་དེ་དང་སླར་ཡང་འཕྲད་འདོད་ཡོད་སྲིད།

དྲི་བ།ཁྱོད་ཀྱི་བྲིས་རྩོམ་གྱི་ཁ་གཏད་ཡུལ་གང་ཡིན།

ལན།ཁ་གཏད་ཡུལ་ཆེར་མེད།གལ་སྲིད་སུ་ཞིག་གིས་ངའི་བྲིས་རྩོམ་མཐོང་སྟེ།འདི་ང་ལ་ཟེར་གྱི་འདུག་འདོད་ཚེ།ངས་དེར་གཟས་པ་ཡིན།གལ་སྲིད་སུ་ཞིག་གིས་ངའི་བྲིས་རྩོམ་བཀླགས་རྗེས།འགྲིག་ཐལ།ངའི་བཤད་འདོད་པ་དེ་ཁོས་བཤད་འདུག་སྙམ་ཚེ།དེ་ནི་སྟེས་དབང་ཞིག་ལས།ངས་ཁོ་རང་དགའ་རུ་འཇུག་ཆེད་དུ་བྲིས་པ་གཏན་ནས་མིན།ངས་རང་ཉིད་ཀྱིས་བཤད་འདོད་དེ་བཤད་པ་ཡིན།༼དགག་རྩོམ་གྱི་ངོས་ནས་ཟེར་བ་ཡིན།༽

དྲི་བ།རྗེས་མའི་ལམ་དུ་ཁྱོད་རང་གཙོ་ཆེར་རྩོམ་ལུས་གང་ལ་འཇུག་འདོད་ཡོད།

ལན།མི་ཤེས་ཀི བྱུང་མི་འབྲི་ནའང་ཐང་།

 

                2012/2/21

 

 

 

 
རྩོམ་ཡོངས་ཀློག་པ།(2398) | ལན་སློག(19)
 
འབྲེལ་ཡོད་ནང་དོན་ 19 ཡོད།<<<12>>>
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 18:04:32 | By: guang ]
 
ཞིབ་ཏུ་བཀླགས་ཟིན།   ཡག་པོ་རང་བྲིས་འདུག    འོད་ནག་ནས།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 18:11:07 | By: lamaojie123 ]
 
གྲོགས་པོའི་བྲིས་རྩོམ་དག་ལ་རྒྱུན་དུ་ལྟ་ཡི་ཡོད།དེ་བཞིན་རེབ་འདིའི་དྲི་ལན་ལ་ཡང་བལྟས་ཡོད།  དེ་བཞིན་༼རིག་གནས་ནི་ཕྱིར་ལྡོག་གི་གོ་རིམ་ཡང་ཡོད་པ་ཞིག་རེད་༽ཅེས་པ་འདི་གྲོགས་པོའི་གོང་གི་འདོད་ཚུལ་དག་ལ་ཕྱོགས་བསྡུས་ཀྱིས་ལན་བཏབ་པའི་ཚུལ་ཡིན།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 18:22:17 | By: jeams ]
 
རྒྱུན་དུ་རྩོམ་ཡིག་རེ་སྤེལ་སྐབས་སྐྱོན་ཡོན་གཉིས་ཀྱི་ཆ་ནས་ཡོན་ཏན་ཏག་ཏག་བརྗོད་ན་མི་ཞིག་གིས་སྡངས་སྡིག་དང་མྱི་ཁ་འཁོར་མ་ནུས་པ་ཁོ་ཐག་ཡིན་ནི་རེད།    འོན་ཀྱང་།   ང་ཚོའི་ནམ་རྒྱུན་དུས་དྲུག་ཏུ་བསྟོད་པ་ཏག་ཏག་བརྒྱབ་ནས་སྐྱིད་བཤད་རྐྱང་རྐྱང་གིས་ངང་དུ་མྱི་ཚེ་གཟད་ན་དེ་འདྲའི་སྙིང་བོ་ཞིག་ཡོད་པ་རྟོགས་མ་སོང་།       དེ་བཞིན་དུ་གྲོགས་པོ་གླག་ལའང་སྡངས་སྡིག་དང་མྱི་ཁ་འཁོར་ཡོད་པ་འབྲི་ཐབས་དེ་གཉིས་ཀྱི་ནང་ནས་ཕར་ཆེལ་སྔ་མ་མང་དྲགས་སོང་བས་ཡིན་རྒྱུ་རེད་སྙམ།       འབྲོག་བྱེ་ནས།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 18:31:00 | By: dongjia ]
 
དྲིས་ལན་དེ་དག་ལ་རེ་རེ་བྱས་ནས་བལྟས་ཡོད།  ཡག་པོར་མཐོང་སོང་།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 18:34:12 | By: hgjr ]
 
ཡོངས་ནས་བཀླགས་ཟིན་་་ཡག་གི་འདོད་ཐ  སྨག་མདས
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 19:32:12 | By: duodanjia ]
 
ཐེངས་གཉིས་ཞིབ་ཏུ་བཀླགས་སོང་།  ཡག་པོ་འདུག   རི་ཕྱོར་སྟོབས་ལྡན་རྒྱལ་ནས།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 20:52:11 | By: xiangkeluo ]
 
འགྲིག་འདུག སྐད་ཆ་སྟོབས་པོ་ནང་སྙིང་ཅན་འགའ་ཤོད་འདུག མུར་སྤེལ་ཤོག་དང་མུར་རུ་བཀླག་ངེས་ཡིན། བྱང་ཁུ་ལོ་ཡིས།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 22:00:33 | By: msms2 ]
 
དྲི་བ་ཉུང་འདུག ཧེཧེ མུ་ནས་མུ་རུ་སྤེལ་རོགས།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-19 22:17:26 | By: hxcrnj345 ]
 
དྲི་བ་རེ་རེའི་ནང་དུ་བསམ་གཞིགས་གཏོང་དགོས་པའི་འཚོ་བའི་ནང་དོན་དང་མི་ཚེའི་འདུ་ཤེས་ཀྱི་ཚེ་སྲོག་གསར་བ་འཁུམས་འདུག རང་སྟེང་ལ་བཤད་པ་ལྟ་བུ་དོན་དག་འགའ་རེའང་ཐུག་འདུག དེ་ནི་སུ་ཡིན་ཀྱང་བསམ་བློ་གཏོང་དགོས་པའི་གནད་ཁ་ཅིག་ན་འཕག་ཙག་ལྡིང་གིན་འདུག་ལ།དེ་ནི་དུས་རབས་འགྱུར་གིན་འདུག ང་ཚོའང་འགྱུར་འདུག ཞེས་པའི་སྟེང་ན་ཡོདལ།  འགྱུར་འདོད་པ་དང་མི་འདོད་པ་གཉིས་ཀྱི་སེམས་ཁམས་དེ་ནི་རྙོག་འཛིང་རང་བཞིན་ཅན་གྱི་བརྗོད་བྱ་རུ་གྲུབ་ཡོད་པས། འགྱུར་འདོད་མཁན་ལའང་གནས་ལུགས་ཡོད་ཀྱང། འགྱུར་མི་འདོད་པ་རྣམས་ལའང་སེམས་ཀྱི་སྡུག་བསྔལ་ཡོད་ངེས། མདོར་ན་ང་ཚོ་འགྱུར་ནས་གང་གི་ངོ་བོར་འགྱུར་དགོས་པ་རེད། སྔོན་གྱི་རྗེས་མཐུན་གྱི་འགྱུར་བ་ཞིག་མེད་ན་ང་ཚོ་གཞན་ངོར་འགྱུར་ནས་རང་ཉིད་འབོར་བའི་ཉེན་ཁ་དག་ལ་གཏུགས་བཞིན་འདུག འགྱུར་མི་འདོད་པའི་སེམས་ཁམས་དེ་དག་ལ་ལན་འགར་གནས་ལུགས་མེད། དུས་རབས་འདིར་ཇི་ལྟར་མཁྲེགས་འཛིན་ཆེ་ན་དེ་ལྟར་རྗེས་ལུས་ཐེབས་ངེས་སྙམ།  ད་ཅི་བྱ།   བཤད་པ་ནོར་འཁྲུལ་ཡོད་ན་དགོངས་དག་ཞུ།   ཁ་བ་རི་ནས།
 
 
 
RE:གྲོགས་པོ་ཞིག་གི་དྲི་བར་ལན་བཏབ་པ།
[ 2012-4-20 0:14:56 | By: dan520 ]
 
ཡོང་ཡོད།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.