མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-10 23:50:43 | By: zhongjiwa ]
 
 

སྒེའུ་ཁུང་ནི་ལོ་མ་ནག་པོ་ཞིག་གི་ཆེ་ཚུགས་རེད།

དོ་ནུབ་ནི་ང་ཁོ་ནར་བསྒྲིག་པའི་ལྷིང་འཇགས་སྒོར་མོ་ཞིག

རྩིག་ངོས་ཀྱི་ལྷབ་ལྷུབ་སྐྱོམ།

མུན་ནག་གི་ལྟེམ་ལྟེམ་གཡོ།

རྨི་ལམ་དང་གཉིད།

སྐབས་རེར་དལ་ཅིང་སྐབས་རེར་མགྱོགས།

ཨུན།མ་ལུས་དཔྱིད་ཀྱི་སོ་སྒྲ་རེད།

སེ་གོལ་གཏོགས།ངས་རང་ཉིད་དྲན་བྱུང་།

ཆུང་དུས་ཀྱི་རང་ཉིད་དྲན།

ཚེ་སྲོག་ལས་འགོམ།ལོ་ཟླ་ལས་ལྡང་།

ལོ་ངོ་མང་པོའི་ཡར་སྔོན་གྱི་རང་ཉིད་དང་མཇལ།

ད་དུང་།ང་ཡི་མིང་ཤེས་པའི་མི་དེ།

སོང་མྱོང་བའི་ས་ཆ་འགའ།

གྲོགས་པོ་དང་གྲོགས་པོའི་གྲོགས་པོ་ཞིག

ཐ་ན།འུ་ཐུག་གིས་ངོ་ལོག་བྱས་མྱོང་བ་དེ།

དེ་བས་ཀྱང་།རང་ཉིད་དྲན།

གོ་ཨེ་སོང་།འཇིག་རྟེན་ལགས།

གཞན་གྱིས་སྤྱད་ཚར་བའི་མཚན་མོ་དང་ཞོགས་པ་དག་ཏུ།

བྱ་ཚིག་ཅིག་ལྟ་བུའི།

ངའི་བརྩེ་གདུང་དང་རྗེས་ཤུལ་མེད།

འབོད་བརྡ་དང་འཚོལ་སྙེགས།

རང་གི་རྩེ་གཅིག་གི་ཁྲོད་དུ་འབུར་ཚུགས་སུ་འཕྱང་།

སྤྲིན་དཀར་བལྟབ་འདྲའི་གཉིད་ཅིག་ཉེ་རུ་བཅར།

དག་ཡིག་མེད་ཀྱང་།ཆེས་ཟབ་ས་ནས་འགྲེལ་ཆོག་པ་དེ།

སུ་ལ་འང་མ་བཤད།

 

 

 

 

 

 
རྩོམ་ཡོངས་ཀློག་པ།(2317) | ལན་སློག(24)
 
འབྲེལ་ཡོད་ནང་དོན་ 24 ཡོད།<<<123>>>
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 1:07:33 | By: duodanjia ]
 
གློ་སྙིང་ལས་བྱུང་བའི་ཁྲག་གི་སྙན་ངག་གི་གཡུལ་ས་ནས  ངས་རྣམ་ཤེས་ཀྱིས་བཏགས་པའི་བྱིས་དུས་ཀྱི་ལང་ཚོ་དེ་དྲན་བྱུང་ལ་ཞོགས་པའི་སིལ་བར་བརྒྱུས་པའི་རྨི་ལམ་གྱི་རྒྱབ་ལྗོངས་འོག་ནས     ཁེར་རྐྱང་གི་གྲིབ་རིས་ས་རུ་འཁྱིལ་བྱུང     ལོ་ཟླའི་བསྐྱལ་བའི་གདུང་བ་འདི     སེམས་ཀྱི་གཤེད་དུ་སོང་ནས་ངག་གི་སྒོ་མོ་འགག་ཅིང་དུང་སོའི་བསྟར་འཕྲང་གཏོར་སོང   ཧ་ཧ་   གྲོགས་པོས་སྙམ་ངག་སེམས་ཀྱི་གཤིན་ས་རུ་སྨིན་སོང་བས་འདི་འདྲའི་ཚོར་བ་ཞིག་ངང་གིས་འཁྲུངས་ཐལ།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 8:26:37 | By: jiahuai ]
 
ཁྱེད་ཀྱི་སྙན་ངག་འདི་ཀློག་ཚེ་བདག་གིས་བསམ་ན་རྩོམ་པ་པོ་ཧ་ཅང་སེམས་པ་སྐྱོ་ཉིན་ཞིག་ལ་བྲིས་ཡིན་འདུག་སྙམ།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 9:10:57 | By: cuoyuanhaier ]
 
དོ་ནུབ།  ངས་རང་ཉིད་ཤིན་ཏུ་དྲན་གི།  དོ་ནུབ་ངས་དྲན་འོས་པ་རྣམས་ཤིན་ཏུ་དྲན་གི། དོ་ནུབ་ངས་དྲན་མི་འོས་པ་རྣམས་ཀྱང་ཤིན་ཏུ་དྲན་གི། གྲོགས་པོའི་སྙན་ངག་གིས་ནམ་ཡིན་ཡང་བློ་སྒོ་གསར་བ་རེ་ཕྱེ་ཐུབ་གི། དུས་རྒྱུན་ཡོང་གིན་ཡོད།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 10:24:50 | By: wmpmdzh ]
 
ཤུགས་དྲག་གིས་འཕྱུར་བའི་ཚོར་འདུ་རྣོན་པོ་ཞིག་ང་ཚོའི་མིག་ལམ་དུ་བཤམས་འདུག      ནུབ་མོ་དེར།     ཁྱོས་རང་ཉིད་དྲན་པར་ཁག་མེད་དེ།     རྒྱུ་མཚན་རང་ཉིད་ནི་རང་གི་མགོན་ཡིན་པས་སོ།    །དེ་མིན་སྙན་ངག་འདིའི་ནང་དུ་ཡིག་ནོར་འགའ་རེ་འདུག་གི     རྗེས་སུ་གྲོགས་པོ་གླག་གིས་གཟབ་གཟབ་གང་ལེགས་བྱེད་པར་སྙིང་ནས་རེ།      ཐོག་གིས།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 11:04:12 | By: msms2 ]
 
སྙན་ངག་ལ་རོལ་མྱོང་བྱས་སོང་།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 11:24:38 | By: mmmm ]
 
དེ་རིང་གྲོགས་པོའི་སྙན་ངག་ཡིད་ལ་ཐིམས་ཤིང་མིག་ལ་འཁོར་ནས་ཧད་དེ་ལུས་ཡོད།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 12:46:50 | By: zhongjiwa ]
 
གོང་དུ་ཕེབས་པའི་གྲོགས་དག་ལ་བསུ་མ་ཡོད།ཟིན་བདག་གིས།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 16:32:30 | By: gbcr8899 ]
 
ཚོར་བའི་ཆེས་ཟབ་ས་ནས་སྐད་གསེང་མཐོན་པོས་རང་ཉིད་ལ་ཚ་འདྲི་གཏོང་དུས་ང་ཚོ་ནར་སོན་ཡོད།དེ་དུས་འདས་མ་ད་གསུམ་གྱི་རང་ཉིད་དྲན་པ་ནི་རྒྱང་སྐྱོད་ཅིག་གི་སྔོན་འགྲོ་ཡིན་ངེས།གྲོགས་པོའི་སྙན་ངག་འདི་བཀླགས་རྗེས་ངས་ཀྱང་མང་པོ་མི་ཉུང་བ་ཞིག་དྲན་བྱུང་།རྒྱུ་མཚན་ཉིད་ཀྱིས་བྲིས་པ་ལེགས་པས་སོ།ཁ་བྲོ།     ཉྭ་སྲིན་པོས།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 17:43:33 | By: sufei ]
 
ཁྱོད་ཀྱི་སྒོ་མདུན་དུ་བསླེབས་རྗེས་ངའི་ལྡེ་མིག་བོར་སོང་།ང་ཀྲུང་གོའི་ས་གཞི་ཆེན་པོ་ལས་བརྒལ་ཏེ་ལྡེ་མིག་འཚོལ་དུ་འགྲོ་རྒྱུ་ཡིན།ཁྱོད་ཀྱི་སྙན་ངག་གི་ཕོ་བྲང་དུ་འཛུལ་བའི་ཆེད་དུ།
 
 
 
RE:དོ་ནུབ།ངས་རང་ཉིད་དྲན་བྱུང་།
[ 2012-4-11 19:12:26 | By: sangjicuo ]
 
གླག་གི་སྙན་ངག་ལ་འང་རང་ཉིད་ཀྱི་ཁྱད་ཆོས་ཤིག་འདུག་པ་རེད།ཡང་ཡང་བཀླགས་ནི།
 
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.