མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
   
     
 
ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 16:01:48 | By: zhongjiwa ]
 

ཕ་སྐད་བླ་འབོད།

                                         

                                   _____བདག་གི་བརྩམས་ཆོས་ཀྱི་ནང་དུ་ཡིག་ནོར་ཤོར་བ་ཚབ་ཆེ་བས་ན།དྲ་གྲོགས་དཔལ་བའུ་སོགས་ཀྱིས་བདག་ལ་ཚ་ནན་གྱི་གཤེ་གཤེ་ བྱས་སོང་།འདིའི་ཐད་ནས་དངོས་གནས་བཀའ་དྲིན་ཆེ་ཞུ་ཞིང་།ཞོར་དུ་ དོན་འདིའི་འབབ་ས་གཙོ་བོ་འམ།རྗེས་མུར་ཤན་ཏུ་ནས་གཟབ་རྒྱུ་ཡིན་རབས་རང་སོ་སོ་ནས་མགོ་བརྩམས་ཏེ།སྔོན་མར་བཤགས་སྡོམས་ཙམ་གྱི་ཕྱིར་དུ་སྙན་ངག་འདི་འདྲ་བ་ཞིག་གང་ཤར་དུ་ཐལ་ལོ།

 

རྣམ་ཤེས་ཀྱི་ཁྲག་རྒྱུན་ཆབ་རོམ་དུ་འགྱུར་ཉེས་ཀྱིས

ཕུ་ནུའི་ནང་ཁྲོད་ཀྱི་ཕྱི་ཤུན་དམར་པོ་སྦྲ་ནག་བཞིན་ཡུལ་དུས་ཀྱི་རླབས་རྩེར་ཡན

ཚ་བོ་ཚ་མོ་དག་ལ་མགྲིན་པ་བྲི་བྱེད་ཀྱི་གསེར་སྙུག་རྡོ་ལ་བརྡབ་པས

བསམ་གཞིག་གི་རྨི་ཐག་རིང་དུ་མཐུད་པའི་གཏན་ཚིགས་ཀྱི་ཐག་པ་ཆད་ལ་ཉེ

ཁྱིམ་རྒྱུད་ཀྱི་ནོར་བུ་འབོར་མཁན་ནི་གཞོན་ནུའི་ཚོགས་ཁོ་ནའང་མིན་ཏེ

སུ་ཞིག་གི་བཀའ་ཆད་ཉོ་བར་སྒུག་པའི་ཉམ་ཐག་གི་བཟོ་ལྟ་ཁ་བོ

བདུད་རི་ཧ་ཤང་གི་རི་གསེང་ཐམས་ཅད་ནས་ཚང་ཚང་དུ་མངོན་སྟངས་འདིས

ཉེས་ཅན་སུ་ཞིག་ལ་ལྕག་གིས་བྲན་པ་བཞིན་བདག་གི་སྒྲིམ་པའི་རེ་ཐག་དེ་ལྷོད་ཙམ་བྱས

 

ཨ་མའི་མངལ་སྒོ་ནས་རྙེད་པའི་འོན་ལྐུག་གྲོལ་བྱེད་ཀྱི་གསེར་གྱི་རིལ་བུ

ལྕེ་བསྣར་བའི་འགྱོད་བཤགས་ཙམ་གྱིས་གངས་སེང་གི་གཡུ་རལ་རྨང་ནས་བཅད་རུང་ན

མིག་ཆུའི་ཚོན་རྩི་དང་གློ་མཆིན་གྱི་དབྱིབས་རྣམས་ཀྱང་སྒོ་ཁྱི་ལ་ཁ་ཟས་སུ་བྱིན་མི་ཆོག་གམ

 

ངག་གི་དངོས་གྲུབ་ཀྱི་བླ་ཁྱེར་ཤོར

་ལི་སུམ་ཅུ་ཐམ་པའི་བླ་ཁྱེར་ཤོག

ཨྰ་ལི་གསལ་བྱེད་ཨུ་སོགས་བཞིའི་བླ་ཁྱེར་ཤོག

སྙན་ངག་གི་སྲོག་དང་རོལ་མོའི་དབྱངས་ཀྱི་བླ་ཁྱེར་ཤོག

མདོར་ན་བདག་གི་རུས་རྐང་དང་ཤ་ཁྲག   ད་དུང་བསམ་གཞིག་གི་བླ་ཁྱེར་ཤོག

 

ངའི་རས་རྐང་ལ་འདྲིས་པའི་ཕ་སྐད་ཀྱི་རྐང་ལམ་ཀྱ་ཀྱུ

སུ་ཞིག་ནི་ང་དང་མཉམ་དུ་མདུན་ལ་འགྲོ་མཁན་དེ་ཡིན་ནམ

བྱིས་དུས་ནས་ཁྱེད་དང་འདྲེས་པའི་ཚེ་སྲོག་གི་སྒྱུ་མ

སུ་ཞིག་ནི་ཞིམ་པ་མེད་པའི་སྙིང་སྟོབས་དེ་ཡིན་ནམ

འཁོར་བ་ལ་དུངས་དྲག་པའི་དབང་གིས    བརྩེ་གདུང་མ་ལུས་ཞེ་སྡང་གི་རྩེ་མདོང་དུ་གྱུར

 

་་་་་་་་་་་་་་་་་བདག་གི་ཨྰ་ལི་དང་ཀྰ་ལི

ངས་ཁྱེད་ཀྱི་ངོ་སོ་དང་མཚན་སྙན་ལ་མིག་ལོག་བྱེད་བཞིན་ཁྱེད་རང་བསྲུང

ངས་ཤུལ་ལྷག་གི་བསྟན་བཅོས་དང་ངག་རྒྱུན་ལ་མཆིལ་ཞག་འཕེན་བཞིན་ཁྱེད་རང་བཙལ

ངས་ཡབ་མེས་ཀྱི་བཀའ་ཆད་དང་གྲོང་ཁྱེར་གྱི་ཕུ་ནུའི་མནངས་ཆུང་གི་ཧྲེག་བར་ནས་ཁྱེད་རང་གཉོར

ངས་ཡིག་རིགས་གཞན་གྱི་ང་རྒྱལ་དང་འཕྱ་དགོད་ཀྱི་མིག་མདངས་ཁྲོད་ཁྱེད་རང་བསྐྱངས

ངས་ཁྱེད་ལ་སྡིགས་ཞོར་དང་ངོ་ལོག་རྒྱག་ཞོར་དུ་སྔར་བཞིན་ཁྱེད་རང་འཚོས

ཨ་་་་་་་་་་་་་་་་་་་ འཁོར་བ་ལ་དུངས་དྲག་པའི་དབང་གིས

 

 

རིག་འཛིན་སྒྲོལ་མའི་གླུ་དབྱངས་ལ་ཉར་ཞོར་དུ་རང་གི་སྙན་ངག་ཤུགས་ཀྱིས་བཀླགས

རྟ་ཕོའི་རྨིག་རྩེ་ནས་གས་འཐོདུ་གྱུར་བའི་ཁ་བའི་འདབ་མ་དག་གི་གོམ་མཚམས

ཡར་མཆོངས་ཏེ་བདག་གི་སྙིང་གསེང་ལ་འཐོག་ནས་ཨེན་ཙམ་ལུས

བ་སྤུའི་བུ་ག་ནས་གྱེན་དུ་གཟེང་འོང་་ནི་རྔུལ་ཆུ་བསིལ་བའི་རླངས་པ་རྐྱང་བ་འང་མིན་ཏེ

དྲག་ཏུ་མཆོངས་ལྡིང་བྱེད་ཀྱིན་པའི་ཕྱི་ནང་གསང་གསུམ

སྟོང་གནས་གང་ཞིག་གི་ཁ་སྐོང་བར་ཆེད་དུ་བཟོས་ལྟའི་ལུས་པོའི་སྒ་ཆུང་དུ་འཕག་འཚག་བྱེད

གལ་སྲིད་བདག་གི་ནང་ཁྲོལ་འདི་ནགས་ཚལ་བཞིན་ཁྱེད་ཀྱི་མིག་ལམ་དུ་ཤོམས་ཐུབ་ན

མཐོང་འོང་བ་ནི་དེ་ཡི་བར་གསེང་ན་ལུས་པའི་ཅི་འདྲའི་འཇིགས་རུང་གི་སྡུག་བསྔལ་ཞིག

 

ཨོ      ངག་གི་དངོས་གྲུབ་ཀྱི་བླ་ཁྱེར་ཤོར

་ལི་སུམ་ཅུ་ཐམ་པའི་བླ་ཁྱེར་ཤོག

་ལི་གསལ་བྱེད་ཨུ་སོགས་བཞིའི་བླ་ཁྱེར་ཤོག

སྙན་ངག་གི་སྲོག་དང་རོལ་མོའི་དབྱངས་ཀྱི་བླ་ཁྱེར་ཤོག

མདོར་ན་བདག་གི་རུས་རྐང་དང་ཤ་ཁྲག   ད་དུང་བསམ་གཞིག་གི་བླ་ཁྱེར་ཤོག

 

 

 

 

 

 

 

 

 
རྩོམ་ཡོངས་ཀློག་པ།(2072) | ལན་སློག(32)
 
འབྲེལ་ཡོད་ནང་དོན་ 32 ཡོད།<<<1234>>>
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 16:53:18 | By: HUAWU(མགྲོན་པོ།) ]
 
གྲོགས་ལགས་ཀྱི་རྩོམ་ཡིག་འདིར་ཞིབ་ཏུ་བཀླགས་ཟིན།སྐུ་ཉིད་ཀྱི་དཀྱེལ་ཡངས་ཀྱི་བསམ་བློ་འདིས་ང་ལ་སེམས་འགུལ་ཐེབས་སུ་བཅུག་བྱུང་།སྐུ་ཉིད་ཀྱི་རྩོམ་རིག་གི་འཕེར་ཁ་དར་ཞིང་ཅི་བསམ་ལྷུན་གྲུབ་ཡོང་བའི་ཁ་གཡང་འབོད།ཁ་དྲོ། དཔལ་བེའུ་ནས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཉིད་ཀྱི་ཚ་འདྲི་དེས་ཁོ་བོར་ཤིན་ཏུ་སྨན་སོང་།འགྲིག་འདུག།རྗེས་ནས་གཟབ་ངེས་ཡིན།བཀའ་དྲིན་ཆེ།
 
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 16:55:59 | By: ཀ་ཁ་ག་ང་།(མགྲོན་པོ།) ]
 
ཁས་ལེན་ཡོད་པའང་མཐར་ཐུག་གི་མཁས་པར་འཇོག་པ་ཡིན།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:
 
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 17:12:43 | By: hemaba ]
 
ཨུ་ཚུགས་ཀྱི་མདུད་པ་གྲོལ་ནས་དཀྱེལ་ཡངས་ཀྱི་འཛུམ་མདངས་འཆར་བར་ངོ་སོ་བསྟོད།རབ་ཏུ་དགའ། ཤིན་ཏུ་སྤྲོ། ང་ཚོ་ཚང་མས་ཡིག་ནོར་གཙང་སེལ་བྱ།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་ཡོད།
 
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 17:34:30 | By: guang ]
 
ཡིག་ནོར་གྱི་ཐད་ནས་དགོངས་དག་ཞུས་པ་ཤིན་ཏུ་འགྲིག་འདུག   ཁ་སང་ནས་ཉིད་ལ།    ཡིག་ནོར་ཐད་ལ་གཟབ་རོགས་དང་ཡིག་ནོར་ཐད་རྐྱང་ནས་དགོངས་དག་ཞུ་རན་སོགས་ཀྱི་སྐད་ཆ་ཞིག་དངོས་སུ་བཤད་འདུན་ཡོད་ཀྱང་།   ད་ལྟ་ཨ་ཕོ་རྒྱང་རིང་ཡུལ་ན་ཡོད་པས་སྟབས་བདེ་མ་སོང་།   རེད་དེ།   སྔོན་ནས་སྐྱོན་ངོས་ལེན་གྱི་སྙིང་སྟོབས་ཡོད་པ་ཡིད་ཆེས་ཆེན་པོ་སྐྱེས་ཏེ་ཡོད།  དེ་བས་ངས་ཡིག་ནོར་འབྲི་བའི་མཁས་པའི་ཆོས་ཅན་དུ་ཁྱེད་རང་བཞག་པ་མིན་ནམ།   ཧེ་ཧེ།   འོད་ནག་ནས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཧཧ  དུམ་སེ་ཆོད་རྒྱུ་མ་རེད་ཀྱང་།ཡུན་གྱིས་ཇེ་ཉུང་དུ་འགྲོ་དགོས་ནི་རེད།
 
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 17:34:42 | By: woaini ]
 
སེམས་པའི་ངོས་སུ་སིམ་སོང་།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:བསུ་མ་བྱེད།
 
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 17:39:46 | By: གཟི་མིག་དགུ་བ།(མགྲོན་པོ།) ]
 
ཉིད་ཀྱི་བརྩམས་ཆོས་དང་དཀྱེལ་ཡངས་རེ་རེས་མི་སེམས་ལ་གུས་པ་བསྙལ་བྱུང་ཨང་་་་་     སྣང་ཚུལ་འདིར་ཁོ་བོས་ཀྱང་འཕྲོས་གཏམ་ཞིག་འབྲི་ཁུལ་བྱས་ཡོད་པས་ཉིད་ཀྱིས་གཟིག་དཔྱད་བྱེད་པར་འཚལ།གཟི་མིག་དགུ་བ་རུ་འབོད་པས་གུས་པ་དང་མདོ་ལྷོ་མྱ་ངམ་ཐང་ནས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཨོ བལྟ་རྐྱང་བྱས་ནས་ཡོད།
 
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 17:44:46 | By: guanque2010 ]
 
གྲོགས་གླག་ལགས། འདབ་མ་ཞེས་པ་འདབས་མར་འཁྲུལ་འདུག ༼གཡུ་ནས༽
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ཡ། འཆོས་ཟིན།བཀའ་དྲིན་ཆེ།
 
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 18:08:45 | By: smdj ]
 
ཡིག་ནོར་གང་ས་གང་དུ་ཡོད་ནི་རེད། ཉིད་གཅིག་པ་ག་ལ་ཡིན། ང་ཚོས་དེ་ཉིད་མེད་པར་འབད་པ་བྱ། འོན་ཀྱང་བློ་སྟོབས་ལ་ཡིག་ནོར་ཕྱུང་ན་དེ་བས་བཙོག་ནི་རེད། དེ་ལ་རང་རང་གི་ཡིད་ཆེས་འབོར་ཉན་ནི་མ་རེད། རྡོ་རང་སྐྱེད་ནས།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:རྒྱུན་དུ་སྐད་ཆ་གནད་ཅན་རེ་བཤད་པའི་གྲོགས་པོ་རྡོ་རང་སྐྱེད་ལགས་ལ་བཀའ་དྲིན་ཆེ།
 
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 20:11:35 | By: 45598(མགྲོན་པོ།) ]
 
ཨ་རོགས་གླག་ལགས།མགོ་རྡོ་ཁོ་ལྟ་བུ་ཚོ་ལ་དགོངས་དག་ཞུ་དགོས་མི་འདུག་སྙམ།དེ་ཚོས་ཅི་ཡང་ཤེས་པ་མ་རེད།
གཤམ་དུ་zhongjiwaལགས་ཀྱི་ལན་སློག་པ་ནི་:ངས་རང་གི་ཡིག་ནོར་ངོ་མ་བོ་ཚོ་ལ་དགོངས་དག་ཞུས་པ་ཡིན།
 
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
 
 
RE:ཡིག་ནོར་ལ་སེམས་ཀྱི་ཞབས་ནས་དགོངས་དག་ཞུ།
[ 2011-10-20 20:34:59 | By: 9696666(མགྲོན་པོ།) ]
 
རྗེས་སུ་ཡིག་ནོར་ཤོར་དུ་མི་འཇུག་ཅེས་ཏེ་ཁས་ལོངས།
 
མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
 
粗体 斜体 下划线 插入引用 插入表情

ང་ཁྱེད་ཀྱི་ཨ་ཕ་ཡིན།

—— གླག

མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་

འདམ་གྱི་དྲི་མས་མ་གོས་སོ།།


སྐྱེས་ལོ། 1989

ཁ་པར། 182xx

QQ:  475461853

འབྲེལ་ཟམ་འདི; zhongjiwa2013@163.com



སེམས་ཁམས་ལོ་ཐོ།
དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་ཐོ་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཟིན་བདག་ནང་འཇུག
མཛའ་འབྲེལ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.