མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-9 22:49:51

སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།


ཟླུམ་གཟུགས་གོ་ལའི་པང་ཁུག་འདི་ན་ལྷག་བསམ་དཀར་པའི་སྐར་ཆེན་ཞིག།

གངས་དཀར་ཨ་མའི་བྱམས་བརྩེར་འཁྲེང་བའི་ས་མཐའི་སེམས་དཔའ་ཆེན་མོ་ཞིག།

ཆོས་ཉིད་ལྡོག་པའི་ཉི་ནུབ་མཚམས་ནས་ས་ལ་འཐིབས་པའི་སྐད་ངན་དེ།།

སྒྲ་འཛིན་བུ་གའི་འགྲམ་ལ་ལྷུང་དུས་ཕང་སེམས་སྐྱོ་བའི་སྨྲེ་ངག་ཤོར།།


རྐང་ལམ་ཕྲ་མོ་སེམས་སུ་བསྙལ་ནས་མཐོ་སྒང་རི་ལམ་ཞབས་ཀྱིས་བཅགས།།

དུས་རབས་གསར་བའི་དགོས་མཁོར་དམིགས་ནས་སེམས་ཀྱི་ལྷ་བྱ་གང་སར་འཕུར།།

བདག་མེད་བུ་ལོའི་སེམས་རྩའི་བར་ལ་འོད་ཀྱི་དྲོད་ཁོལ་མཛད་མེད་སྦྱིན།།

སྐྱབས་མགོན་དམ་པ་རྟེན་འདིར་མ་བཞུགས་མི་རིགས་ཤིག་གི་གྱོང་གུད་ཡིན།།


སྙིགས་མའི་དུས་ཀྱི་མི་གཤིས་འཁྱོག་པོའི་གཞུ་མོ་འགུག་ཐབས་སྐྱེན་ཞིང་མྱུར།།

ལྐོག་གྱུར་མཚོན་གྱི་མདའ་མོའི་བར་ནས་མཆོག་གི་ཞབས་ཟུང་པད་མོའི་ཚལ།།

རྟེན་འདིར་བཞད་པའི་སྐལ་བ་འཕྲོག་པའི་ཉེས་ཅན་ཕྲག་དོག་མུན་ཆེན་དེ།།

འཇོམས་པའི་ཁྲིམས་ཤིག་རྙེད་པར་མཆིས་ཀྱང་མཆོག་གི་ཞལ་གསུངས་མཇལ་སྐལ་དབེན།།


འགྲོ་བའི་དོན་ཆེན་གཙིག་ཏུ་བཀུར་ཞིང་མི་རིགས་ལས་དོན་མཆོག་འཛིན་མཁས།།

བྱམས་བརྩེ་ལྷ་དར་འོ་མའི་མཚོ་མོ་སྒང་བ་བོད་པའི་གཞུང་ལ་འཕྱུར།།

རེ་བའི་ཀློང་ནས་དོན་ཆེན་འགྲུབ་པའི་གང་སྐུ་མུན་སེལ་ཟླ་གཞོན་མཆོག།

ཀུ་མུད་འདབ་བརྒྱ་བསྐྱར་དུ་ཕྱེས་པའི་སྐལ་བཟང་གཟའ་ནག་དུག་གིས་ཟོས།།


བྱང་ཆུབ་སེམས་ཀྱི་ལོ་མ་སེར་པོ་སྟོན་མཇུག་རླུང་བུས་འཇེབ་རྒོལ་ཐེབས།།

གང་སར་ཁྱབ་པའི་དྲི་བསུང་ཞིམ་པོ་ས་སྒང་ཨ་མས་གཏན་དུ་བོར།།

ལས་འབྲས་དག་པའི་རྣམ་ཤེས་གཙང་མ་སླར་ཡང་ཡར་ཀླུང་འགྲམ་རྒྱུད་ནས།།

མི་རིགས་ཤིག་གི་བདེ་སྡུག་ཆེད་དུ་གསོན་པའི་སྨོན་ལམ་སྙིང་ནས་འདེབས།།

༢༠༡༣ལོའི་ཟླ༡༠བའི་ཚེས༩ཉིན།

yangla | རྩོམ་ཡོངས་ཀློག་པ།(2669) | ལན་སློག(36)
འབྲེལ་ཡོད་ནང་དོན་ 36 ཡོད།<<<1234>>>
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-11-25 10:48:22
གུས་པོའི་གཞིས་ཁྱིམ་དུ་ཐོན་ཡོད།
cuoyuanhaier | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-11-12 14:28:12
འདིར་ཕེབས་པའི་གྲོགས་པོ་ཡོངས་ལ་སེམས་གཏིང་ནས་དགའ་བསུ་ཞུ།  མུ་མཐུད་དུ་ཕེབས་རོགས།
yangla | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-29 19:43:02
ཐོན་ནས་བཀླགས་ཡོད།  ཡག་སོང་།  ལྐོག་མདའ་ནས་་
nanqing | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-26 9:02:15
jiuxijiabu | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-24 23:47:32
sani | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-24 1:28:26
ས་ལ་མ་འཐིམ་གོང་གི་སྐར་མ་དེ་སྐར་ཆེན་ཡིན་པ་འུ་ཅག་སུ་ཡིས་མཐོང་སོང་།  ས་ལ་འཐིམ་སོང་བས་སྐར་ཆེན་དེ་ད་གཟོད་འོད་ཀྱི་གོང་བུ་དང་བྱམས་སེམས་ཀྱི་སྤྱན་རས་ཡིན་པ་ཁ་བ་འབབ་འབབ་དང་ཆར་ཤ་ཡོང་ཡོང་གི་གློ་བུར་བའི་གདུང་སེམས་བསྐྱེད་ཚུལ་ཞིག་ག་ས་གང་དུ་འཕྱོ་བཞིན་འདུག  སྤྱིར་ན་ང་ཚོའི་བོད་ཅེས་པ་དེ་ག་ནང་བཞིན་གྱི་ཐོབ་ཤོར་ཨག་འདེབས་བྱེད་པར་གོམ་སྲོལ་དུ་ཆགས་འདུག  ནོར་བུ་རང་ལ་ཡོད་དུས། །ནོར་བུའི་ནོར་ངོ་མི་ཟིན། །ནོར་བུ་གཞན་ལ་ཤོར་དུས། །སྙིང་རླུང་སྟོད་ལ་འཚང་སོང་། །འདིས་འགྲེལ་ཐུབ་པོ།  བྲིས་པ་ཧ་ཅང་ལེགས། ཐེངས་མང་པོ་བཀླག་ཡོད།
Kjqiangwo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-22 12:21:36
ནོར་བུ་རང་ལག་ཡོད་དུས།  ནོར་བུ་མཐོང་ཆེན་མ་བྱས།ནོར་བུ་མེད་པར་སོང་དུས།  འགྱོད་པ་མ་གཏོགས་ཅི་ཡོད།འགྱོད་པའི་རྦ་རླབས་འཕྱོར་ནས། མིག་ཆུ་ས་ལ་ལྷུང་བྱུང་།ཕ་མེད་མ་མེད་དྭ་ཕྲུག    ཡང་གཅིག་དྭ་ཕྲུག་ལོས་སོང་།
crdj88 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-21 8:29:58
ཡག་པོ་བྲིས་འདུག     བཀླགས་ཚར།
suodawo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-20 10:15:27
dongcaiduo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སྐར་ཆེན་ས་ལ་འཐིམ་པའི་གདུང་དབྱངས།
2013-10-18 13:56:12
མ་མཇལ་ཡུན་རིང་འགོར་བས་ཁམས་འདྲི་དང་འབྲེལ་སྙན་ངག་འདི་ལ་རོལ་མྱོང་ཟིན། ཨ་རིག་དགེ་མཐོང་གིས།
gethong | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
 
Powered by Oblog.