མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
དབྱར་སྟོན་བར་གྱི་སེམས་འགྱུ།
2013-9-24 8:50:12

དབྱར་སྟོན་བར་གྱི་སེམས་འགྱུ།

 

སྤྲིན་པ་ལྷོ་བཞུད་ཞིག་གི་ཤུལ་ལམ་ཡངས་པོ།།

སྔོ་བསངས་གཡུ་མདོག་དགུང་གི་བཞིན་རེས་དྭངས་མ།།

རེ་འཐིབ་རེ་ཚའི་མི་རྟག་རེག་བྱ་རྩུབ་མོས།།

འབྱུང་གཞི་འཁྲུག་པའི་དཔལ་འབར་མཁའ་ལ་ཞར་འདྲ།།

 

 

ལྕང་ལོ་སྔོན་མོའི་སྣེ་ལ་སེར་མདོག་བྱུགས་སོང་།།

རླུང་བུ་འཇམ་པའི་ངོགས་ལ་བཙག་ཤེད་ཐོན་སོང་།།

སེར་མ་རླུང་གི་རང་གཤིས་བུ་ཡུག་འདྲ་བོས།།

དབྱར་ཟླ་ཁ་ལས་ཅན་ལ་དྲི་རྟགས་རྒྱབ་སོང་།།

 

 

ནམ་ཟླ་བསིལ་མོའི་ངོགས་ན་དྲོད་ཅིག་མཆིས་རུང་།།

དྲོད་ལ་ཀླད་ཆེན་བསྲེགས་པའི་གདུག་རྩུབ་མངོན་འདུག།

དབྱར་སྟོན་དུས་ཀྱི་བར་ན་འགྲེལ་རྒྱག་དཀའ་བའི།།

སྤྱི་འགྲོས་རྙོག་འཛིང་ཞིག་གི་སྡོམ་ཚིག་གྲུབ་འདུག།།

 

 

ཀླད་ཆེན་གཞོམ་ལ་ཉེ་བའི་དྲོས་ཀྱི་ཚ་བ།།

ཤ་འོད་འཇིགས་སྐུལ་མོད་པའི་དགོང་ཁའི་ཆར་ཤ། །

ཉིན་གཅིག་འགྱུར་ལྡོག་མོད་པའི་དེང་གི་ནམ་ཟླར།།

བློ་རྩེ་གཏོད་པའི་ཡིད་ཆེས་བཅོལ་ཐབས་དབེན་འདུག།།

 

དྭངས་འཐིབ་འདྲེས་མའི་དུས་ཀྱི་ལྐོག་གྱུར་འདི་གོ།

ཚན་རྩལ་ཆ་འཕྲིན་བུ་ལོས་རྟོགས་པར་དཀའ་འདུག།།

ནམ་ཟླ་འཇམ་པོ་ཞིག་གི་འོད་ཐིག་དཀར་པོ།།

ས་ཆེན་ཨ་མའི་ལུས་ལ་ཅི་འདྲའི་མཁོ་ཨང་།།

            ༢༠༡༣ལོའི་ཟླ༩བའི་ཚེས༢ཉིན།

yangla | རྩོམ་ཡོངས་ཀློག་པ།(944) | ལན་སློག(6)
RE:དབྱར་སྟོན་བར་གྱི་སེམས་འགྱུ།
2015-3-12 23:01:08
བཀླགས་ཟིན    ཨ་ཅེ་ལགས་
tibetxx | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱར་སྟོན་བར་གྱི་སེམས་འགྱུ།
2013-10-1 17:43:44
དྲ་གྲོགས་ལྷན་རྒྱས་ལ་དགའ་བསུ་ཞུ།  མུ་ནས་ཕེབས་རོགས།
yangla | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱར་སྟོན་བར་གྱི་སེམས་འགྱུ།
2013-9-24 16:30:26
ཡུལ་གྲོགས་མ།  ཐོན་ཡོད།
jaobakyab | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱར་སྟོན་བར་གྱི་སེམས་འགྱུ།
2013-9-24 15:27:47
བཀླགས་ཟིན
k-snoq | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱར་སྟོན་བར་གྱི་སེམས་འགྱུ།
2013-9-24 15:01:54
rexi | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱར་སྟོན་བར་གྱི་སེམས་འགྱུ།
2013-9-24 11:27:13
ཨ་ཅེ་ལགས་མ་མཇལ་ཡུན་རིང་ཁོ་མོ་དྲ་ཐོག་ལ་ཡུན་རིང་སླེབས་མ་བྱུང་། དེ་རིང་འོང་བ་དང་ཨ་ཅེའི་སྙན་ངག་གི་བྲོ་བ་ཞིམ་མོ་མྱངས་ཡིན་བཀའ་དྲིན་ཆེ།
གཤམ་དུ་yanglaལགས་ཀྱི་ལན་སློག་པ་ནི་:སྤུན་མོར་ཕེབས་བསུ་ཞུ།
cjlmbk | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
 
Powered by Oblog.