མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-22 17:42:25

དབྱངས་རྟ་མི་གཅིག་པའི་གཞས་ཆུང་།

རྟ་ཕོ་སྒྲོག་ལས་ཐོལ་གྱིས་ཤོར་བའི་ས་ལམ་ཡངས་བོའི་ཕ་མཐའ་ནས།།

རྡུལ་གྱིས་སྨུག་ལོང་བར་སྣང་གང་སྟེ་རང་དབང་འཚེར་སྐད་སྒྲོག་པའི་ཚེ།།

རྟ་བདག་བུ་ལོ་སྙིང་ཁ་དཀྲོགས་པས་ཞགས་ཐག་ཨ་ལོང་དགུང་དུ་བསྐོར།།

རྐང་བཞི་དུད་འགྲོའི་རང་དབང་འཕྲོག་པའི་མི་ཡི་ཉེས་བ་སུ་ལ་བཤད།།


དགུང་གི་འཇའ་ཚོན་མདངས་མཛེས་ཅན་པོར་ཆར་ཤུལ་ཉི་མའི་བསུ་མ་ཡོད།།

ས་ཡི་མེ་ཏོག་དྲི་བསུང་ཅན་པོར་དྲོད་འཇམ་ཉི་མའི་འོད་སྣང་དགོས།།

ས་གནམ་གཉིས་ཀྱི་མཛེས་བ་འདི་ཡང་རྟ་བདུན་དབང་བོར་བྲལ་མེད་ཡིན།།

དྭ་ཕྲུག་འཁྱམ་པོར་སེམས་ཀྱིས་རེ་སའི་སྐྱབས་གནས་ཡོད་ཀྱང་ཅི་ལ་སྐྱོན།།


དབྱར་ཟླ་དྲོན་མོའི་ཚ་རླབས་ཁྲོད་ནས་ངལ་བའི་རྔུལ་ཆུ་ཁྲོམ་ཁྲོམ་བཞུར།།

དགུན་འཁྱག་གྲང་མོའི་ལྷག་རླུང་ཁྲོད་ནས་འཁྱག་པའི་ལུས་ཕུང་འདར་སུག་སུག།

དྲོད་འཁྱག་གཉིས་ཀྱི་མནར་གཅོད་འདི་ལ་རྒོལ་བའི་སེམས་ནད་རབ་སྤངས་ཏེ།།

ཞི་འཇགས་ཐབས་ཀྱི་ཨ་ལོང་བསྐོར་བའི་སྙིང་སྟོབས་སེམས་ཀྱི་གཏིང་ལ་སིམ།།


ལུས་སེམས་གཉིས་ཀྱི་འཕར་རྩའི་བར་ན་ཚོར་བ་སྐྱུར་མོའི་ཟུག་རྔུ་ཞིག།

ཁ་ལྕེ་གཉིས་ཀྱི་གཏམ་བརྗོད་བར་ན་སྨྲེང་གླུའི་སྐྱོ་མགུར་ཐབས་ཟད་ཅིག།

ངག་གི་འགྱུར་ཁུག་ཀྱ་ཀྱུའི་བར་ན་དབང་མེད་ཤོར་བའི་མིག་ཆུ་ཞིག།

དབྱངས་རྟ་མི་གཅིག་གཞས་ཆུང་སྐྱོ་བོ་ཁྱོད་ལ་བླངས་བའི་སྨྲེ་ངག་ཡིན།།

yangla | རྩོམ་ཡོངས་ཀློག་པ།(1484) | ལན་སློག(23)
འབྲེལ་ཡོད་ནང་དོན་ 23 ཡོད།<<<123>>>
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-6-16 17:56:43
ཡག་པོ་འདུག
raoba333 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-5-25 0:27:09
ཨེ་མ་   དགའོ་
Neema1987 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-4-8 10:36:37
དྲྭ་གྲོགས་ལྷན་རྒྱས་ལ་དུས་ལྟར་མགྲོན་བསུ་བྱེད་མ་ཐུབ་པས་དགོངས་དག་ཞུ། ཕེབས་གཟིགས་གནང་བ་བཀའ་དྲིན་ཆེ།   ཟིན་བདག་གིས།
yangla | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-3-26 14:30:35
བུད་མེད་ནུས་ཤུགས་ཇེ་ཆེར་འགྲོ་བ་ལ་དགའ་ཞེན་གདའ
aaa999 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-28 13:17:25
sani | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-27 20:00:32
བཀླགས་ནས་བུད་སོང་།
thuptenngodup | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-26 19:21:46
ཡག་པོ་འདུག
meiliwancai | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-26 15:57:28
ཐོན་ཡོད།
xiere | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-26 3:37:00
བོད་པ་དག་རྒུད་པའི་མཐར་ལྷུང་བཞིན་པ།དེང་སང་ཤར་ཕྱོགས་པའི་མི་རིགས་ཕལ་ཆེ་བས་ནུབ་ཕྱོགས་པའི་ལད་མོས་བྲེལ་ཞིང་། ནུབ་ཕྱོགས་པའི་ལྟ་གྲུབ་ནི་འཚོ་བའི་དང་མ་དང་། ཚེ་འདིའི་མགོན་སྐྱབས་གཙོ་བོ་རུ་འཛིན་ཏེ། ལྕེ་ཡོད་ཚད་ཀྱིས་གསར་བརྗེ་དང་གསར་བརྗེ་ཟེར། སེམས་ཡོད་ཚད་ཀྱིས་འཚོ་བ་གསར་བའི་འདུན་པ་ཧ་ཅང་ཟབ། དུས་རབས་ཉི་ཤུ་པ་མཇུག་རྫོགས་ཤིང་། ཉེར་གཅིག་པའི་དབུ་ཚུགས་ནས་ལོ་རབས་གཅིག་ལས་ཕྱིན་མེད་པའི་དེ་རིང་གི་དུས་ཚོད་འདིར་མཚོན་ན། བོད་པ་དག་ལ་དུས་ཀྱི་གཉན་འཕྲང་དང་། རིག་གཞུང་གི་དར་རྒུད་ཀྱི་དུས་ཏེ། ཡར་འགྲོ་མར་འགྲོའི་སོ་མཚམས་ཞེས་འབོད་རུང་བར་འདོད། བོད་པ་དག་གིས་བོད་ཀྱི་རིག་གཞུང་ཞེས་ཁ་ནས་བཤད་ཀྱང་། ཞེ་ལ་རྒྱ་དབྱིན་གཉིས་ཀྱི་མེད་ན་འཚོ་བར་དོ་ཕོགས་འབྱུང་བ་དང་། དེ་གཉིས་ལ་ངེས་པར་ཤུགས་བསྣོན་མ་རྒྱག་ན་མི་གྲལ་དུ་མི་ཚུད་པའི་ཚོར་སྣང་ཆེན་པོ་ཞིག་གིས་མི་རིགས་གཞན་གྱི་རིག་གཞུང་ལ་མི་འཇུག་ག་མེད་བྱུང་བ་རེད། གལ་སྲིད་ཆེ་བརྗོད་ཅིག་དང་། དཔྱད་རྩོམ་ཞིག ད་དུང་དུས་སྟོན་ཞིག ཡོད་ཚད་ནས་ཡོད་ཚད་གསར་བརྗེ་བའི་བྱས་རྗེས་ཅན་དང་། རྗེས་འབྲང་བ། དང་ཞེན་ཅན་ཚོར་འབུལ་བ་དང་། བྲིས་པ་ལས། རང་གི་མི་རིགས་ཀྱི་རིག་གཞུང་གི་བདག་པོ་ཚོར་བསྟོད་བསྔགས་བྱེད་མཁན་དང་། ལོ་རྒྱུས་དངོས་ཡོད་ལ་ཞིབ་འཇུག་བྱེད་མཁན་ཉུང་ཉུང་རེད། དཔེར་ན་ཉེ་ཆར་རྔ་བ་ཁུལ་དུ་དོན་གྲུབ་རྒྱལ་གྱི་དགོང་ཚོགས་དང་། ས་གནས་གཞན་དག་ཏུ་དགེ་ཆོས་ཀྱི་ཚོས་སྡེ་མང་དུ་ཡོད་པ་བཞིན་རེད། དགེ་དོན་གཉིས་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཡོད་པ་དང་། འཚོར་བ་གསར་བར་ཞེན་པ་ཆེ་བ་སྨོས་མེད་རེད་དེ། རིག་གཞུང་གསར་རྙིང་གཉིས་ཀར་སྨན་པའི་བྱ་བ་རླབས་ཆེན་ཞིག་དང་། དགེ་ཕྲུག་ཚད་ལྡན་ཞིག བསྟན་བཅོས་ཚུལ་མཐུན་ཞིག་མེད་པ་ཕར་བལྟས་ཚུར་གཟིགས་རེད། དེ་ཕྱིར་ངས་བལྟས་ན་བོད་པ་ཚོས་བསྟོད་ཡུལ་གོ་ལོག་ཅིང་། དྲིན་ལན་ལོག་མཇལ་བྱེད་བཞིན་པའི་ཚོར་སྣང་བྱུང་། སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་དང་། ཆོས་བརྒྱུད་རིས་མེད་ཀྱི་མཁས་གྲུབ་ཚད་ལྡན་དག་བོད་ཀྱི་རིག་གཞུང་དང་། མི་རིགས་བཀའ་དྲིན་ཆེ་བ་སྨོས་མེད་རེད་དེ། དུས་ཉི་ཤུ་པའི་བྱས་རྗེས་བླ་མེད་འཇོག་མཁན་པཎ་ཆེན་སྐུ་འཕྲེང་བཅུ་བ་མཆོག མཁན་ཆེན་འཇིགས་མེད་ཕུན་ཚོགས། གུང་ཐང་བསྟན་པའི་སྒྲོན་མེ། དམུ་དགེ་བསམ་གཏན། ཚེ་ཏན་ཞབས་དྲུང་། དུང་དཀར་བློ་བཟང་ཕྲིན་ལས། རྡོ་རྗེ་རྒྱལ་པོ། ཁྲོ་རུ་ཚེ་རྣམ། མཉན་ཚུལ་མཁྱེན་རབ་འོད་གསལ་སོགས་ཀྱིས་སྐུ་སྲོག་འབེན་དུ་བཙུགས་ཏེ། བོད་ཀྱི་རིག་གཞུང་འཆི་ལ་ཉེ་བར་སྲོག་སྦྱིན་པ་དང་། ཉམས་པ་སླར་གསོ་གནང་བ་ཚང་མས་མ་ཤེས་ན་ཤེས་དགོས་པ་དང་། ཤེས་པ་དག་མི་བརྗེད་པའི་ཆེད་དུ་དྲན་སྲུང་བརྩི་ཞུས་པ་ཡིན་ན། འབྱུང་འགྱུར་གྱི་བོད་ཀྱི་བྱིས་པ་དང་། ལོ་གཞོན་དག་ལ་བགས་ཆགས་ཡག་པོ་ཞིག་འཇོག་ཐུབ་པའི་རེ་བ་ཡོད། དེ་མིན་ཁ་ཕོ་གནམ་ལ་སྒྲོག་བཞིན། བྱས་རྗེས་གང་ཡང་མེད་པའི་མི་བུ་འགའ་ཞིག་བསྟོད་བསྔགས་བྱེད་བསྡད་ན་ཕན་ཐོགས་མེད་པར་མ་ཟད། བོད་ཀྱི་སོན་རྩའི་ཕྲུ་གུ་དག་མི་མདུན་ལམ་ཕྱིན་ཅི་ལོག་ཏུ་འགྲོ་ངེས་སོ། །
ogyenling | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:དབྱངས་རྟ་མི་གཅིག་པའི་གཞས་ཆུང་།
2013-2-24 16:08:11
ཡག་པོ་རེད།
correct | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
 
Powered by Oblog.