མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
གཅེས་ཕྲུག
2013-1-5 15:23:57

གཅེས་ཕྲུག

གཅེས་ཕྲུག་ཁྱོད

འཇིག་རྟེན་འདིར་ཐོན་པ་རྨི་ལམ་མིན་པར

ན་ཟུག་གང་མང་གི་བྲོ་བ་མྱོང་བཞིན

གཉོམ་དུང་དུང་གི་ངུ་ངག་དང་ལྷན་དུ་ཨ་མའི་པང་དུ་ལྷུང

བརླན་ཞིང་མཉེན་པའི་མཆུ་ཆུང་འོ་འཛིན་ལ་སྦྱར་ཏེ

ཕྱེ་དཀའ་ལ་བཙུམ་ཡང་དཀའ་བའི་མིག་ཟུང་གིས

ཨ་མའི་གདོང་ལ་བལྟ་ཐེངས་རེར

གཏམ་རྒྱུད་ཞིག་ལ་རེ་སྒུག་བྱས་ཡོད་པ་འདྲ་མོད

ཨ་མར་བཙན་པོའི་བང་སོ་ཉུལ་བའི་གཏམ་རྒྱུད་མེད་ལ

ཆོལ་གསུམ་གནས་ཡུལ་འགྲིམ་པའི་ཟིན་ཐོ་ཡང་མེད

ད་དུང

དུས་རབས་གསར་བའི་ཁ་ཡག་གི་ཚུལ་འཆོས་དང་ཕྱི་འཇམ་གྱི་རྟུལ་ཞུགས་དེ་བས་མེད

དེའི་ཕྱིར་ཁྱོད་ཀྱི་རེ་སྒུག་ལ་འདྲི་རྟགས་རྒྱག་ཞོར

སྙིང་གཏམ་ཞིག་གི་སྒོ་མོ་ཕྱེ་ན

ཅི་ཡང་མེད་པ་དེ་ཨ་མ་རེད་མ་བསམ

ནུ་ཞོ་མངར་མོ་དང་རྩམ་པ་སྣུམ་པོ་དེ་ཁྱོད་ཀྱི་ལམ་རྒྱགས་བྱེད་ཆོག

དཔེ་ཁུག་ཟད་པོ་དང་ཀ་ཁའི་གདངས་དབྱངས་དེ་ཁྱོད་ཀྱི་ལམ་ཡིག་བྱེད་ཆོག

བཅོས་མིན་ལྷན་སྐྱེས་ཀྱི་རང་བཞིན་རྣལ་མ་དེ་ཁྱོད་ཀྱི་མཛེས་སྡུག་བྱེད་ཆོག

གཅེས་ཕྲུག་ཁྱོད

ཨ་མར་དགའ་རོགས

གནས་བབས་གང་མང་ཞིག་གི་སྨུག་པའི་ཁྲོད་ན

ཁྱོད་མགོ་འཐོམ་གྱིན་པ་འདྲ་ལ

ཨ་མར་དགའ་བ་ནི་ཉེས་བ་ཞིག་གཏན་ནས་མིན

ཨ་མའི་ལས་དབང་ཁྱོད་ཀྱིས་བསྒྱུར་དགོས

ཨ་མའི་དགོས་མཁོ་ཁྱོད་ཀྱིས་སྐོང་དགོས

འདི་ནི་ཨ་མའི་བྱང་ཁོག་རྒྱུད་པའི་གཅེས་ཕྲུག་ཁྱོད་ཀྱི་འགན་འཁྲི་ཡིན།

 

 

 

 

 

 

yangla | རྩོམ་ཡོངས་ཀློག་པ།(901) | ལན་སློག(8)
ནང་འཇུག་བྱས་རྗེས་ ཁྱེད་ཉིད་ཀྱི་ཆ་འཕྲིན་འདིར་འཆར་ངེས།
RE:གཅེས་ཕྲུག
2015-7-5 17:17:36
ཡག་པོ་རེད།
snamogangjean | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:གཅེས་ཕྲུག
2013-2-26 4:32:08
`ཨ་མ་ལགས།  ང་ཁྱོད་ལ་དགའ།
xbzrslqc135 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:གཅེས་ཕྲུག
2013-1-8 22:00:57
འཇིག་རྟེན་འདིར་ལྷན་མེད་པ་ནི་ཨ་མའི་བརྩེ་བ་ཡིན།དེ་བས་ཨ་མར་བཙན་པོའི་བང་སོ་ཉུལ་བའི་གཏམ་རྒྱུད་མེད་ཀྱང་ཆོག་ལ།ཆོལ་གསུམ་གནས་ཡུལ་འགྲིམ་པའི་ཟིན་ཐོ་མེད་ཡང་ཆོག    ཨ་མའི་བརྩེ་བ་ལ་དྲོད་ཁོལ་ལྡན་ཡིནལ།འཇིག་རྟེན་འདིར་ཆེས་བྲལ་མི་འདོད་པ་ནི་ཨ་མའི་བརྩེ་བ་རེད
yedanjiebu | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:གཅེས་ཕྲུག
2013-1-5 20:12:37
ཨ་མ་ཞེས་ཡང་ཡང་འབོད་ན་འདོད།
yemaoniu | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:གཅེས་ཕྲུག
2013-1-5 17:48:01
གཅེས་ཕྲུག་དེ་ནི་ཁྱེད་ཀྱི་བཤད་པའི་རེ་བ་དེ་སྐོང་ཐུབ་ནི་ཞིག་ཡིན་པར་སྨོན།  དེ་མིན་རྒྱུན་སྐྱོང་བྱས་ནས་ཟིན་བྲིས་རེ་སྤེལ་བ་ནི་བུད་མེད་ཚོའི་ལ་རྒྱ་ཡིན་པའི་དགའ་ནས་ཡོད་་་་་མཚོ་སྔོན་ཚང་ལ་ཡོང་བའི་བུད་མེད་རྩོམ་འབྲི་བ་འགའ་ཤེས་ཀྱི་་་་ཟིན་བྲིས་རེ་ཟུང་རེ་སྤལ་ནས་རྒྱུན་སྐྱོང་མི་བྱེད་པར་ཆུ་ནང་རྡོ་འཕང་བ་གཞིན་གར་སོང་ཆེ་མེད་དུ་གྱུར་འགྲོ་གི  ད་རུང་བུད་མེད་འགའ་ཤས་ཀྱི་ཁོང་ཚོའི་རྒྱུན་སྐྱོང་བྱེད་མ་ཐུབ་པ་མི་བཤད་པར་་་་་སྐྱེ་བ་ཚོའི་མ་ཉན་རབས་བཤད་མཁན་ཡང་འདུག  དོན་ངོ་མའི་བཤད་ན་བུད་མེད་ཟིན་བྲིས་བ་ལ་རྒྱབ་སྐྱོར་བྱེད་མཁན་མ་མང་ན་མི་ཉུང་བ་རེད་་་་སྤྱིར་ཁོང་ཚོའི་ཟིན་བྲིས་བརྗོད་གཞི་ཕྱོགས་ནས་ཚང་མའི་བསམ་ཚུལ་འདྲ་མིན་བཤད་རྒྱུ་རེད་་་་དེ་ནི་རྒྱུན་ལྡན་ཞིག་རེད།
rexi | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:གཅེས་ཕྲུག
2013-1-5 17:22:41
ངས་ཡང་ཨ་མ་དྲན་བྱུང་་་་་་་་་་་
cangji | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:གཅེས་ཕྲུག
2013-1-5 17:06:53
ཨ་མ་དྲན་བྱུང་།
dongsi123 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:གཅེས་ཕྲུག
2013-1-5 16:21:12
མགྲོན་གྱི་ཐོག་མའི་གོ་ས་དེ་བཟུང་ནས་ཐོན་ཡོད། གཅེས་ཕྲུག་དེ་་་་་་་་་་་་་་་་་
gaya | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
 
Powered by Oblog.