མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
རྨི་ལམ་ནང་གི་ཁྱོད
2012-1-2 19:29:51

རྨི་ལམ་ནང་གི་ཁྱོད

ངའི་རྨི་ལམ་གྱི་ཞིང་ཁམས་འདི་ཡུན་རིང་དཀྲུགས་པའི་ཁྱོད

ལན་རེར་ང་དང་ཆེས་ཐག་ཉེ་ས་ནས་ངག་འཇམ་ཚིག་གི་དབྱངས་རྟར་ཞོན

ལན་རེར་ང་དང་ཆེས་ཐག་ཉེ་ས་ནས་རྫིག་རྫིག་ངམ་ངམ་གྱི་དཔའ་རྟགས་སྟོན

ཁྱོད་ལ་རྟོགས་མི་ཐུབ་པའི་གསང་བ་ཟབ་མོ་ཞིག

ཁྱོད་ལ་བཤད་མི་ཐུབ་པའི་རང་བཞིན་ཡ་མཚན་ཞིག

གང་ལྟར   ཁྱོད་ལ་རྨི་ལམ་གྱི་གར་སྟེགས་འདི་རུ

ཞལ་གཅིག་ལྕེ་གཉིས་པའི་གཡོ་ཟོལ་གྱི་རལ་གྲི་རྣོན་པོ་ཞིག་ཡོད་པ

ངས་སྔ་མོ་ནས་རྟོགས་བྱུང་

ཁྱོད་ཀྱིས་ང་ལ་དགའ་བའི་བརྟུལ་ཞུགས་བཟུང་ཀྱང་ཆོག

ཁྱོད་ཀྱིས་ང་ལ་སྡང་བའི་མིག་ཟུང་བགྲད་ཀྱང་ཆོག

ང་ནི་ང་སྟེ  ང་ལ་དབང་བའི་ཁོར་ཡུག་དེ་ནམ་ཡང་ངའི་ཡིན

ཁྱོད་ནི་ཁྱོད་དེ   ཁྱོད་ལ་འཛོམས་པའི་གཤིས་ཀ་དེ་ནམ་ཡང་ཁྱོད་ཀྱི་རང་བཞིན་ཡིན

ཁྱོད་དང་ང   ཁ་ཁ་རེད

ཁྱོད་ལ་ཕོ་རྩལ་སྣ་དགུ་འཛོམ་པའི་ང་རྒྱལ་ཆེ་ན་ཡང

ང་ལ་མཛངས་མའི་ཡོན་ཏན་ལས་མ་འགལ་བའི་རང་གཤིས་

གསོན་པོ་ཞིག་ནམ་ཡང་མཆིས

དེ་བས་ང་རང་ཁྱོད་ཀྱི་སྒྱེད་པུ་བསྲུང་བའི་གཡོག་མོ་བྱེད་མི་འདོད་ལ

ཁྱོད་ཀྱི་གཡོ་ཟོལ་དུ་ཚུད་པའི་སྙིང་རྗེ་ཅན་ཞིག་དེ་བས་ཀྱང་བྱེད་མི་འདོད

རྒྱུ་མཚན་ངའི་མཁའ་དབྱིངས་འདི་ང་ལ་དབང་བས་ཡིན

yangla | རྩོམ་ཡོངས་ཀློག་པ།(1110) | ལན་སློག(9)
RE:རྨི་ལམ་ནང་གི་ཁྱོད
2015-2-12 10:22:48
ཡག་གི   ད་དུང་འབྲི་བར་རེ་སྒུག་བྱེད། ང་ནི་ནམ་ཁྱེད་ཀྱི་ཀློག་མཁན་ཡིན།
mobo2010 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-4 0:59:21
rxjc1 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-3 22:10:31
སྙན་ངག་འདིའི་ཕར་ནང་ནས་ངས་ཁྱེད་ཀྱི་ཁེར་ཚུགས་ཀྱི་ལྟ་བ་དང་བསམ་བློའི་མཛེས་པ་ལ་རོལ་མྱོང་ཐེངས་གཅིག་བྱས།  ཧོར་ནག་པ་ཟེར་བ་ཞིག་གིས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
samtentsering | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-3 20:03:11
རྨི་ལམ་ནང་གི་ཁྱོད་ཅེས་པའི་སྙན་ཐུང་དེ་བཀླགས་ཡོད། བོད་བདུད་རྒྱལ་ནས།
gaya | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-3 17:13:53
རྨི་ལམ་ནང་གི་ཁྱོད་ཅེས་པའི་སྙན་ངག་འདིར་རོལ་མྱང་བྱས་ཟིན་ཏེ་ཁ་རོག་གེར་བུད་སོང་   རྟེན་འབྲེལ་ཞུས་ཡོད    སྨག་མདས
hgjr | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-3 0:41:00
ཡོང་ནས་བུད་སོང་། 
mhonlamtarshen | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-3 0:14:53
ཡག ་པོ ་འདུག
qizhi5151 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-3 0:09:37
jinba | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:རྨི་ལམ་ནང་གི་ཁྱོད
2012-1-3 0:01:08
ཡག་པོ་འདུག
tibetaduo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
 
Powered by Oblog.