མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
ལེགས་སྐྱེས་གསོན་པོ།
2014-3-8 17:12:56

ལེགས་སྐྱེས་གསོན་པོ།


སེམས་ཀྱི་ཟབ་སའི་བར་ན་དྲོད་ཅིག་ཡོད།།

བྱམས་བརྩེ་མངར་མོའི་ཁྲོད་ན་འོད་ཅིག་མཆིས།།

འཇིག་རྟེན་བྱེད་པོའི་བདག་མོ་སེམས་བཟང་མ།།

བཅད་མའི་བར་གྱི་བརྗོད་བྱ་དྭངས་མོཞིག།



སྐྲ་རིང་བློ་ཐུང་ཟེར་ནས་སྨད་ཀྱང་ཆོག།

ཤེས་མེད་ནག་མོ་ཟེར་ནས་འཕྱས་ན་ཡང་།།

ཁྱིམ་གྱི་བདེ་སྐྱིད་བསྐྲུན་པའི་ཐབས་མཁས་མ།།

བདག་བློའི་ཡིད་ན་བཞད་པའི་པད་དཀར་ཡིན།།


ཉི་མའི་གྲོགས་སུ་བཞུགས་པའི་ཀུ་མུ་གཉེན།།

རང་བཞིན་བསིལ་ཀྱང་འཇིག་རྟེན་མུན་པ་སེལ།།

ཕུ་ནུའི་གྲོགས་སུ་བརྟེན་པའི་གཤིས་བཟང་མ།།

ཐ་སྙད་འཇམ་པོའི་བར་གྱི་དབྱངས་རྟ་ཡིན།།


ཧམ་པའི་ལྟག་སྒོར་མཆོངས་བའི་བླུན་རྟགས་དབེན།།

རྒྱུ་འབྲས་རྡོག་རྫིས་བྱེད་པའི་ཟོལ་གཤིས་མེད།།

རྣལ་མའི་རང་བཞིན་འཛོམས་པའི་མཛངས་མའི་རིགས།།

ཚིག་འབྲུ་གསོན་པོར་བཞེངས་མཁས་དཔའ་མོ་ཡིན།།

༢༠༡༤ལོའི་སྤྱི་ཟླ༣པའི་ཚེས༧ཉིན་གསུམ་བརྒྱད་བུད་མེད་དུས་ལ་ཆེད་དུ་བྲིས་པའོ།

 

yangla | རྩོམ་ཡོངས་ཀློག་པ།(807) | ལན་སློག(4)
ནང་འཇུག་བྱས་རྗེས་ ཁྱེད་ཉིད་ཀྱི་ཆ་འཕྲིན་འདིར་འཆར་ངེས།
RE:ལེགས་སྐྱེས་གསོན་པོ།
2015-1-29 16:31:36
སེམས་ནས་བཞུར་པའི་སྐད་ཆ་དེ་དག ཡིད་ཀྱི་ཟབ་ས་ན།  ནམ་ཡང་གནས་དེན། གཏན་དུ། 
tashimeidok | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ལེགས་སྐྱེས་གསོན་པོ།
2014-3-9 21:24:06
baimilangchan | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ལེགས་སྐྱེས་གསོན་པོ།
2014-3-9 17:45:27
ལེགས་པོ་བྲིས་འདུག
gmpq | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ལེགས་སྐྱེས་གསོན་པོ།
2014-3-9 14:09:59
ཡིན་རིང་ལ་དྲ་སྟེང་ནས་མ་འཕྲད་་་དེ་རིང་གསུམ་བརྒྱད་བུད་མེད་ལ་བྲིས་བའི་སྙན་ངག་བཀླགས་ཚར་ཡག་པོ་བྲིས་འདུག   སྐྲ་རིང་མ་དང་བློ་ཐུང་མ་ཤེས་མེད་ནག་མོ་ཟེར་བ་འདི་་་ངོ་ཚོ་ཁྲེལ་མེད་ཀྱི་བུད་མེད་དག་ལ་ཐ་སྙད་འདི་དག་འབབ་ནས་འདུག  མཛངས་མའི་རིགས་ལ་གཏན་ནས་མི་འབབ། ཧུ་ཧུ་ཧུ་་་་་་  
rexi | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
 
Powered by Oblog.