མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཚེ་རིང་འཚོ།

ཟིན་བདག་བརྡ་ཁྱབ།

ང་རང་བོད་པའི་བུ་མོ་ཞིག་ཡིན་པའི་ངོས་ནས་

ཕ་སྐད་དག་མོ་ཞིག་ཤོད་ཐུབ་པ་བྱ་རྒྱུ་ནི་སྙན་

ངག་འབྲི་བ་ལས་ཀྱང་རྩ་ཆེ་བར་བསྒོམས་ཡོད།

ZZXXCRC@163.COM

ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
འཇའ་རིས་འོག་གི་འཛུམ་མདངས།
2014-1-7 16:58:19

འཇའ་རིས་འོག་གི་འཛུམ་མདངས། 


སྤྲིན་ནག་ཐོར་བུའི་འཇེབ་རྒོལ་འོག་ནས།། 

ཆར་བའི་བརླན་གཤེར་ས་རུ་འཐོར་སོང་།།

 ཉི་ཟེར་གཞོན་ནུའི་འོད་སྣང་ཅིག་གིས།། 

འཇའ་ཚོན་སྣ་ལྔའི་དབུ་རྒྱན་འཁྲུངས་སོང་།། 


གཡུ་འབྲུག་སྔོན་མོའི་ངར་སྐད་གསེང་ནས།། 

སྒྲོ་ལེགས་རྨ་བྱར་སྤྲོ་བ་བསླངས་སོང་།། 

ཚ་བའི་སྐེམ་པའི་ལོ་མ་སེར་པོར།། 

དབུགས་རྒྱུན་གསར་བའི་ཚེ་སྲོག་སྦྱིན་སོང་།།


 གཞུ་མོའི་འཇའ་རིས་གུར་ཁང་ནང་ན།། 

རྟེན་འབྲེལ་བཟང་པོའི་འོད་སྣང་འཕྲོ་སོང་།། 

སྦྲང་ཆར་སིམ་མའི་དངོས་གྲུབ་བར་ན།། 

རེ་བའི་མྱུ་གུ་འཚར་ལོངས་བྱུང་འདུག། 


སྤང་ལྗོངས་སྔོན་མོའི་འདབ་ལྡན་སྟེང་ནས།། 

སིལ་བའི་མུ་ཏིག་ས་ལ་འཐོར་བས།། 

རྐང་རྩའི་བུ་གུའི་གས་བསྲུབས་བར་གྱི།། 

དྲི་མའི་འདམ་སྦགས་དག་པར་བཀྲུས་སོང་།། 


འཇའ་རིས་འོག་གི་འཛུམ་མདངས་དང་མ།། 

ལས་སྐལ་བཟང་པོའི་དུས་ཀྱི་ཉི་ཟླ།། 

རྣམ་རྟོག་སེལ་བའི་དངོས་གྲུབ་གཙང་མ།། 

འབྲས་བཟང་སྨིན་པའི་རྒྱུ་རུ་གྱུར་ཡོད།། 

༢༠༡༤ལོའི་ཟླ༡པོའི་ཚེས༧ཉིན།

yangla | རྩོམ་ཡོངས་ཀློག་པ།(1444) | ལན་སློག(8)
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-23 3:21:35
བཀླགས་ཡོད།   དུངས་ཁྲག་གིས
nonono | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-14 17:16:19
Danichodak | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-13 15:25:02
You write poems is very good! Come on!
qigayixi | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-12 12:27:36
ཡག
mygod | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-9 17:55:53
ཚིག་སྦྱོར་ཨུ་ཚུགས་ཀྱིས་སྒྲིག་ནའང་།  ནང་དོན་སྟོང་བ་ཡིན་པའི་ཆ་ནས་ཡིད་མུག
hacker | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-7 23:15:36
བཀླགས་ཡོད
yehua | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-7 19:05:38
བཀླགས་ནས་བུད་སོང་།
dongsi123 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:འཇའ་རིས་འོག་གི་འཛུམ་མདངས།
2014-1-7 17:56:05
བཀླགས་ནས་བུད་སོང་།   ཐོབ་ཤོར་འཁྱམས་པོ་ནས་་་་་་་་་་་
luosangxiazhi | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
 
Powered by Oblog.