མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཀ་ཁའི་རྒྱང་འབོད།
http://blog.amdotibet.cn/xzsn521/index.aspx
ཕྲེང་བསྟར།
རྩོམ་པ་པོ།:xzsn521 སྤེལ་དུས་:2013-9-25 20:07:13

༡   ལོ་རྒྱུས་སྦྱོང་བ་ལ་དགོས་པ་ག་འདྲ་ཡོད།

      ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་ལོ་རྒྱུས་ཀྱི་ཉམས་མྱོང་ལེན་ཆེད་ཡིན།ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ནི་ལོ་རྒྱུས་ཀྱི་བསླབ་བྱ་ལེན་ཆེད་ཡིན།འོན་ཀྱང་ལོ་ལ་སྐྱབས་བཅོལ་བ་ནི་ལོ་རྒྱུས་མཇུག་རྫོགས་པའི་སྔ་ལྟས་ཡིན།དེས་ན་ང་ཚོས་ཁ་སང་ལ་ཞིབ་འཇུག་བྱས་ནས་མེས་པོ་ཚོར་རྒྱུས་ལོན་བྱེད་པ་ནི་དེ་རིང་གི་ང་ཚོའི་སྐྱིད་སྡུག་དང་འབྲེལ་བ་ཡོད་པ་མ་ཟད།སང་ཉིན་གྱི་བུ་ཚ་དག་གི་འཚོ་གནས་དང་འབྲེལ་བ་ཡོད་དོ།
༢  ལོ་རྒྱུས་ཞེས་པར་ངེས་ཚིག་ཇི་ལྟར་འགྲེལ།    འདས་ཟིན་པའི་ལོ་ཟླ་ཡི་ནང་གི་བྱུང་བ་རྣམས་མུ་ཏིག་བསྟར་ལ་རྒྱུས་པ་ལྟར་བཀོད་པས་ན་ལོ་རྒྱུས་ཞེས་ཟེར་རོ།
༣   བོད་ཀྱི་ལོ་རྒྱུས་ཀྱི་དུས་རིམ་ལ་དབྱེ་ན་ཧ་ལམ་གང་འདྲ་ཡིན།

      དེ་ཡང་དུས་རིམ་བརྒྱད་ལ་དབྱེར་ཆོག་སྟེ།  ཀ ཡ་ཐོག་སྐབས་ཀྱི་ལོ་རྒྱུས། ཁ སྤུར་རྒྱལ་གདུང་རབས་ཀྱི་སྐབས།ག བོད་བཙན་པོའི་དུས་སྐབས། ང  བོད་སིལ་བུའི་དུས་སྐབས། ཅ ས་སྐྱ་བའི་དུས་སྐབས།ཆ ཕག་མོ་གྲུ་པ་དང་རིན་སྤུངས་པའི་དུས་སྐབས།ཇ དགའ་ལྡན་ཕོ་བྲང་གི་དས་སྐབས།ཉ དེང་རབས་ཀྱི་སྐབས་བཅས་སོ།
༤  བོད་མིའི་འགྲོ་བ་བྱུང་ཚུལ་ཅི་འདྲ་ཡིན།    རང་ཅག་རྣམས་ཀྱི་བཤད་རྒྱུན་ལ་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ་དང་།མ་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེལ་ཕྲུག་མང་དུ་འཕེལ་ཏེ་དེ་དག་གི་རྒྱུད་པ་ལས་བོད་མི་རྣམས་བྱུང་བར་གྲགས་སོ།
༥  བོད་ཁམས་ཆགས་ཚུལ་ཅི་འདྲ་ཡིན། སྟོད་མངའ་རིས་ཀྱི་ཆ་ནི་རྫིང་དང་འདྲ།བར་དབུས་གཙང་རུ་བཞི་ཡུར་བ་འདྲ།སྨད་མདོ་ཁམས་སྒངས་དྲུག་ཞིང་ལྟ་བུ་ཞེས་སྔོན་གྱི་ཡིག་ཚང་དུ་མར་བར་ལྟར་ན་བོད་ཁམས་ནི་སྟོད་གཡའ་རི་དང་གངས་ཀྱི་ཡུལ།བར་བྲག་དང་སྤང་ལྗོངས།སྨད་རྩི་ཤིང་དང་ནགས་ཚལ་སྟུག་པོས་ཁྱབ་པར་བཤད་དོ།
༦  བོད་ཅེས་པའི་མིང་བྱུང་ཚུལ་ཅི་འདྲ་ཡིན།  ཀ འདོད་རྒྱལ་གྱི་མིང་ཡིན་ཟེར་མཁན་ཡོད།ཁ བོན་ཞེས་པ་ལས་ཟུར་ཆགས་པ་བཞེད་མཁན་ཡོད།ག འབོད་པ་ཞེས་པའི་ཐ་སྙད་ལས་བྱུང་ཟེར།ང འོད་གསལ་ལྷ་ལས་ཆད་པའི་འོད་དེ་བོད་ལ་གྱུར་པ་རེད་ཅེས་གསུང་ཚུལ་མི་འདྲ་བ་ཤིན་ཏུ་མང་ངོ་།
༧  བོད་ཁམས་འདིར་འགྲོ་བ་མིའི་རིགས་མ་བྱུང་བའི་སྔོན་དུ་གང་འདྲ་ཞིག་ཡིན།
      རི་ལུང་ཐམས་ཅད་ཆུས་གང་ནས་ཡོད་པར་བཤད་ལ།དེ་རྗེས་ཆུ་འཁྱིལ་སའི་ཡོལ་གོ་རྣམས་ཀྱི་ཁ་ཤོར་ཏེ་ཆུ་རྣམས་རྒྱ་མཚོར་བཞུར་བའི་ཤུལ་དུ་རིམ་གྱིས་རྩི་ཤིང་ནགས་ཚལ་རྒྱས།དེ་ནས་རིམ་གྱིས་སྲོག་ཆགས་དག་འཕེལ་བའོ།།
༨  རྩེད་ཐང་ཞེས་པའི་མིང་དེ་ཇི་ལྟར་ཐོགས།
      སྤྲེལ་ཕྲུག་རྣམས་མགོན་པོ་རི་ནས་ཐང་དུ་བབས་ཏེ་རྩེད་ས་ཡིན་པས་ན་རྩེད་ཐང་ཞེས་ཐོགས་སོ།།
༩  བོད་མིའི་གདུང་དྲུག་དེ་གང་ཡིན་ནམ།
      སེ་རྨུ་ལྡོང་སྟོང་སྟེ་རུས་ཚན་ཆེན་པོ་བཞིར་ཆགས་པ་དང་།དེའི་སྟེང་དུ་དབྲ་དང་འགྲུ་གཉིས་བསྣན་པའོ།།
༡༠  བོད་ལ་རུས་མེད་ཟེར་བའི་བཤད་ལུགས་དེ་བདེན་ནམ་རྒྱུ་མཚན་ཅི།
      མི་བདེན་ཏེ་བོད་ལ་ཆོས་ལུགས་ཀྱི་མིང་འདོགས་ལུགས་དར་ཁྱབ་བྱུང་ཡོད་ཀྱང་རུས་ནི་ད་ལྟའི་བར་དུ་གནས་སོ།།
༡༡  གནམ་གྱི་ཁྲི་བདུན་དེ་གང་གང་རེད།
      ༡ གཉའ་ཁྲི་བཙན་པོ། ༢ མུ་ཁྲི་བཙན་པོ།༣ དིང་ཁྲི་བཙན་པོ། ༤སོ་ཁྲི་བཙན་པོ། ༥མེར་ཁྲི་བཙན་པོ། ༦གདགས་ཁྲི་བཙན་པོ། ༧སྲིབ་ཁྲི་བཙན་པོ།།
༡༢  བོད་རྒྱལ་ཐོག་མའི་མིང་ལ་གང་ཟེར།། གཉའ་ཁྲི་བཙན་པོ་ཟེར།།
༡༣  ཅིའི་ཕྱིར་གཉའ་ཁྲི་བཙན་པོ་ཟེར།
      བོད་འབངས་རྣམས་ཀྱིས་རྗེ་ཉིད་གཉའ་བར་བཏེགས་ནས་ཁུར་བས་སོ།།
༡༤ གཉའ་ཁྲི་བཙན་པོ་ལ་མིང་གཞན་གང་གསོལ་བ་དང་ཁོང་གི་མ་ཡུམ་མིང་ལ་གང་ཟེར།ཁོང་གི་སྐུ་ལུས་ལ་ཐུན་མིན་གྱི་ཁྱད་ཆོས་གང་དག་ཡོད།
      མིང་གཞན་ལ་འོ་དེ་པུ་རྒྱལ་དང་།ཨུ་བེ་ར་ཟེར་ལ།མ་ཡུམ་ལ་བྱ་མོ་བཙུན་ཟེར།ཁོང་གི་དམིགས་བསལ་གྱི་ཁྱད་ཆོས་ནི་ལྕེས་གདོང་གི་དཀྱིལ་འཁོར་ཁེབས་པ།ཕྱག་སོར་དྲ་བས་འབྲེལ་བ།ནུས་མཐུ་ཆེ་བ་ཞིག་གོ།
༡༥  བོད་རྒྱལ་ལོ་ཞེས་པ་དེ་གང་འདྲ་བརྩིས་པ་དང་།ད་ལྟར་བོད་རྒྱལ་ལོ་ག་ཚོད་སོང་རེད།
      སྤྱི་ལོའི་སྔོན་གྱི་ལོ༡༢༦ལ་གཉའ་ཁྲི་བཙན་པོ་བོད་ཀྱི་ལོ་རྒྱུས་ཐོག་གི་རྒྱལ་ཐོག་མ་བྱས་ཤིང་།དེ་ནས་བོད་རྒྱལ་ལོ་བརྩིས་པ་རེད་ལ།༢༠༠༨ལོའི་བར་བོད་རྒྱལ་ལོ་༢༡༣༥སོང་བའོ།།
༡༦  རྗེ་གཉའ་ཁྲི་བཙན་པོའི་འབྱུང་ཁུངས་ཇི་ལྟར་ཡིན་མིན་སྐོར་ལ་བཤད་ཚུལ་མི་འདྲ་བ་ཨེ་ཡོད།
      རྒྱ་གར་ནས་བྱུང་བ་རེད་ཟེར་བ་དང་།འོད་གསལ་ལྷ་ལས་བྱུང་བ་རེད་ཟེར་བ་སོགས་བཤད་ཚུལ་མི་འདྲ་བ་མང་པོ་ཡོད་ཀྱང་ད་ལྟའི་བོད་རང་སྐྱོང་ལྗོངས་སྤོ་བོ་དང་ཉིང་ཁྲི་རྫོང་གི་བར་གྱི་སྤོ་བོའི་ཡུལ་ནས་བྱུང་བའི་བོད་རང་གི་མི་ཡིན་ནོ།།
༡༧  གཉའ་ཁྲིའི་སྐབས་སུ་བོད་ལ་ཆོས་ཨེ་ཡོད།ཆོས་ལུགས་ཀྱི་མིང་ལ་གང་ཟེར།
      ཡོད་དེ་བོན་ཆོས་ཟེར།།
༡༨  རྗེ་ཡིས་རྒྱལ་ཆས་སྤྲས་པ་དང་ཕ་ཤུལ་བུ་འཛིན་གྱི་རྒྱལ་རྒྱུད་འཛིན་པའི་སྲོལ་དེ་རྒྱལ་པོ་སུ་ཡི་རིང་དུ་དར།

      རྗེ་གཉའ་ཁྲིའི་སྐབས་སུ་དར་རོ།།
༡༩  བོད་དུ་མཁར་ལ་སྔ་བ་ནི་གང་ཡིན། ཡུམ་བུ་བླ་མཁར་རོ།།
༢༠ བོད་དུ་ཡུལ་ལ་སྔ་བ་ནི་གང་ཡིན། ཡར་ལུང་སོག་ཀ་ཡིན་ནོ།།
༢༡  བོད་དུ་གྲོང་ལ་སྔ་བ་གང་ཡིན།ཕྱིང་བ་སྟག་རྩེ་ཡིན་ནོ།།
༢༢  བོད་དུ་ཞིང་ལ་སྔ་བ་གང་ཡིན། ཟོ་དང་ཞིང་ཡིན་ནོ།།
༢༣  ཕོ་བྲང་ཡུམ་བུ་བླ་སྒང་དེ་ཡུལ་གང་དུ་གནས་ཡོད།
      བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་རྫོང་ཕོ་བྲང་ཆུས་ཁོངས་ཇོ་མོ་བཀྲ་ཤིས་ཚེ་རིང་ཞེས་པའི་རི་ནུབ་ཏུ་ཟུར་གཉིས་བརྐྱངས་པའི་གཡོན་གྱི་རི་ཟུར་བྲག་རིའི་སྟེང་ཐོག་ལྟ་བུར་གནས་སོ།ཡུམ་བུ་བླ་སྒང་དང་ཡུམ་བུ་བརླ་སྒང་།ཡུམ་བུ་གླ་སྒང་སོགས་འབྲི་ལུགས་མང་པོ་སྣང་ངོ་།།
༢༤  གནམ་གྱི་ཁྲི་བདུན་གྱི་བང་སོ་གང་དུ་བཏབ།
      རྒྱལ་པོ་དེ་རྣམས་ནམ་མཁར་ཡལ་ནས་བང་སོ་མེད་པར་གྲགས།

                                   ཡོངས་ཁུངས།   བོད་ཀྱི་སློབ་འབྲིང་དྲ་ཚིགས།

རྩོམ་པ་པོ།:xzsn521 སྤེལ་དུས་:2013-6-18 21:32:09

ཡོད་པ་དེ་དབྱངས་གསལ་སོ་བཞི་རེད། མེད་པ་དེ་གཅིག་གྱུར་ཕ་སྐད་རེད།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2013-4-26 20:57:27

སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡་ཅན་ནི། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་ཡོད་པའི་མཉེན་ཆས་ཚིག་མཛོད་ཅིག་ཡིན་ལ། ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པར་མ་ཟད། སྡེ་ཚན་གཅིག་ནས་གཞན་ལ་ཐད་ཀར་བརྒྱུད་ནས་འཚོལ་ཐུབ་པ་བཟོས་ཡོད་པས་སྟབས་བདེ་བ་དང་།
དེ་སྔོན་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་()ཁོ་ནའི་ནང་མ་གཏོགས་བེད་སྤྱོད་མི་ཐུབ་ཀྱང་། ད་ཆ་ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་དུའང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་བཟོས་ཐུབ་ཡོད་པ་དང།  ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་དབྱིན་ཡིག་རིགས་ཀྱི་ལས་ཀ་གང་ཞིག་བྱེད་ནའང་ཚིག་མཛོད་འདིར་འབྲེལ་མཐུད་བྱེད་པར་ཧ་ཅང་སྟབས་བདེ་ཡིན་པས་བོད་ཡིག་དང་དབྱིན་ཡིག་འབྲི་ཀློག་སྦྱོང་གསུམ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད།

རྩོམ་པ་པོ།:xzsn521 སྤེལ་དུས་:2013-4-19 11:49:19
རྒྱ་ཆེའི་རྩོམ་མཁན་རྣམ་པ། 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》   རྩོམ་སྒྲིག་ཁང་གིས་རྩོམ་མཁན་རྣམས་ལ་སྟབས་བདེ་ཡོང་ཕྱིར། གློག་རྡུམ་ཡིག་ཟམ་ཞིག་བཟོས་ཡོད་དེ། རྗེས་ཕྱོགས་རྩོམ་མཁན་རྣམས་ཀྱིས་ཡིག་ཟམ་བརྒྱུད་ངེད་རྩོམ་སྒྲིག་ཁང་ལ་རྩོམ་གྱི་རྒྱབ་སྐྱོར་བྱེད་པར་སྐུལ་བ་ཡིན།ངེས་པར་གསལ་བཤད་ཅིག་བྱེད་དགོས་པ་ནི།རྩོམ་མཁན་རྣམས་ཀྱིས་རྩོམ་ཡིག་བསྐུར་སྐབས་དྲ་ཐོག་དང་ཚགས་དེབ་སོགས་སུ་སྤེལ་ཟིན་པའི་རྩོམ་རྙིང་དག་མི་བསྐུར་བར་ཞུ། ཡིག་གཟུགས་གང་རུང་སྤྱད་དེ་བསྐུར་ཆོག


                           xzwyzc@163.com
                         《བོད་ཀྱི་རྩོམ་རིག་སྒྱུ་རྩལ》རྩོམ་སྒྲིག་ཁང་གིས།

རྩོམ་པ་པོ།:xzsn521 སྤེལ་དུས་:2013-1-10 18:08:19

ཉེ་ཆར་ཤེས་རྟོགས་བྱུང་བར་གཞིགས་ན། མགོ་ལོག་ཁུལ་སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་སློབ་གསོའི་ཟུར་ལྟའི་དཔེ་ཚོགས་བྱིས་གླུ་དང་། བྱིས་པའི་གཏམ་རྒྱུད། གཏམ་དཔེ། གླུ་གཞས། མཁས་པའི་ལོ་རྒྱུས། གེ་སར་རིག་གནས། ཡིག་གཟུགས། བྱིས་པ་རི་མོར་འཇུག་པའི་སྒོ་རྣམས་མགོ་ལོག་ཁུལ་སློབ་གསོ་ཅུས་ནས་བསྒྲིགས་ཏེ་དངོས་སུ་པར་སྐྲུན་བྱས་འདུག བྱ་གཞག་འདིས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཟུར་ལྟའི་ཐད་ལ་སྔོན་མེད་ཀྱི་གཟི་མདངས་གསར་པ་ཞིག་རྒྱས་ཡོད། །

རྩོམ་པ་པོ།:xzsn521 སྤེལ་དུས་:2012-12-14 0:16:20

བོད་ཁུལ་གྱི་ས་མིང་ཤན་སྦྱར།

1.西藏自治区   ༡ བོད་རང་སྐྱོང་ལྗོངས།

拉萨

ལྷ་ས།

当雄

འདམ་གཞུང་།

堆龙德庆

སྟོད་ལུང་བདེ་ཆེན།

墨竹工卡

མལ་གྲོ་གུང་དཀར།

林周

ལྷུན་གྲུབ།

曲水

ཆུ་ཤུར།

达孜

སྟག་རྩེ།

尼木

སྙེ་མོ།

日喀则地区  གཞིས་ཀ་རྩེ་ས་ཁུལ།

 

日喀则

གཞིས་ཀ་རྩེ།

仲巴

འབྲོང་བ།

南木林

རྣམ་གླིང་།

江孜

རྒྱལ་རྩེ།

定结

གཏིང་སྐྱེས།

康马

ཁང་དམར།

萨迦

ས་སྐྱ།

仁布

རིན་སྤུངས།

拉孜

ལྷ་རྩེ།

亚东

གྲོ་མོ།

定日

དིང་རི།

白朗

པ་སྣམ།

聂拉木

གཉའ་ལམ།

岗巴

གམ་པ།

吉隆

སྐྱིད་རོང་།

萨嘎

ས་དགའ།

谢通门

བཞད་མཐོང་སྨོན།

昂仁

ངམ་རིང་།

山南地区  ལྷོ་ཁ་ས་ཁུལ།

 

乃东

སྣེ་གདོང་།

曲松

ཆུ་གསུམ།

穷结

འཕྱོངས་རྒྱས།

贡嘎

གོང་དཀར།

浪卡子

སྣ་དཀར་རྩེ།

扎囊

གྲ་ནང་།

错那

མཚོ་སྣ།

桑日

ཟངས་རི།

洛扎

ལྷོ་བྲག

加查

རྒྱ་ཚ།

隆子

ལྷུན་རྩེ།

措美

མཚོ་སྨད།

那曲地区  ནག་ཆུ་ས་ཁུལ།

 

那曲

ནག་ཆུ།

比如

འབྲི་རུ།

安多

ཨ་མདོ།

班戈

དཔལ་མགོན།

聂荣

གཉན་རོང་།

嘉黎

རྒྱལ་རི།

巴青

སྦྲ་ཆེན།

申扎

ཤན་རྩ།

索县

སོག་རྫོང་།

尼玛

ཉི་མ།

昌都地区  ཆབ་མདོ་ས་ཁུལ།

 

昌都

ཆབ་མདོ།

丁青

སྟིང་ཆེན།

江达

འཇོ་མདའ།

边坝

དཔལ་འབར།

洛隆

ལྷོ་རོང་།

贡觉

གོ་འཇོ།

类乌齐

རི་བོ་ཆེ།

左贡

མཛོ་སྒང་།

芒康

སྨར་ཁམས།

察雅

བྲག་གཡབ།

八宿

དཔའ་ཤོད།

 

 

阿里地区  མངའ་རིས་ས་ཁུལ།

 

噶尔县

སྒར་རྫོང་།

革吉

དགེ་རྒྱས།

日土

རུ་ཐོག

改则

སྒེར་རྩེ།

札达

རྩ་མདའ།

措勤

མཚོ་ཆེན།

普兰

སྤུ་ཧྲེང་།

 

 

林芝地区  ཉང་ཁྲི་ས་ཁུལ།

 

林芝

ཉང་ཁྲི།

工布江达

ཀོང་པོ་རྒྱ་མདའ།

米林

སྨན་གླིང་།

墨脱

མེ་ཏོག

朗县

སྣང་རྫོང་།

察隅

རྫ་ཡུལ།

波密

སྤོ་མེས།

 

 

2.青海省    ༢  མཚོ་སྔོན་ཞིང་ཆེན།

玉树藏族自治州  ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ།

 

玉树

ཡུལ་ཤུལ།

囊谦

ནང་ཆེན།

称多

ཁྲི་འདུ།

治多

འབྲི་སྟོད།

杂多

རྫ་སྟོད།

曲玛来

ཆུ་དམར་ལེབ།

果洛藏族自治州  མགོ་ལོག་བོད་རིགས་རང་སྐྱོང་ཁུལ།

 

玛沁

རྨ་ཆེན།

玛多

རྨ་སྟོད།

甘德

དགའ་བདེ།

达日

དར་ལག

班玛

པད་མ།

久治

གཅིག་སྒྲིལ།

黄南藏族自治州  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།

 

同仁

རེབ་གོང་།

尖扎

གཅན་ཚ།

泽库

རྩེ་ཁོག

河南

སོག་རྫོང་།

海南藏族自治州  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ།

共和

གསེར་ཆེན།

贵德

ཁྲི་ཀ

贵南

མང་རྫོང་།

同德

འབའ་རྫོང་།

兴海

བྲག་དཀར།

 

 

海北藏族自治州  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།

 

刚察

རྐང་ཚ།

海宴

མདའ་བཞི།

祁连

མདོ་ལ།

门源

རྒྱ་མདོ།

海西蒙古族藏族自治州  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།

 

都兰

དུར་ལམ།

都兰

གཏེར་ལེན།

乌兰

དབུས་ལམ།

天峻

ཐེམ་ཆེན།

格木市

ན་གོར་མོ་གྲོང་ཁྱེར།

 

 

海东地区  མཚོ་ཤར་ས་ཁུལ།

 

大通

རྟ་ཐང་།

大通

གསེར་ཁོག

互助

ཧོར་གྲོང་།

互助

དགོན་ལུང་།

平安

དམར་གཙང་།

湟源

སྟོང་སྐོར།

化隆

དཔའ་ལུང་།

循化

ཡ་རྫི།

乐都

ལུང་མདོ།

乐都

གྲོ་ཚང་།

民和

གཞོང་ཐང་།

湟中

སྐུ་འབུམ།

3.甘肃省    ༣  ཀན་སུའུ་ཞིང་ཆེན།

甘肃藏族自治州  ཀན་ལྷོ་བོད་རིགས་རང་སྐྱོང་་ཁུལ།

 

合作

གཙོས།

临潭

བ་ཙེ།

卓尼

ཅོ་ནེ།

迭部

ཐེ་བོ།

玛曲

རྨ་ཆུ།

舟曲

འབྲུག་ཆུ།

碌曲

ཀླུ་ཆུ།

夏河

བསང་ཆུ།

天祝藏族自治县

དཔའ་རིས་བོད་རིགས་རང་སྐྱོང་རྫོང་།

 

 

4.四川省   ༤  སི་ཁྲོན་ཞིང་ཆེན།

阿坝藏族自治州  རྔ་བ་བོད་རིགས་རང་སྐྱོང་ཁུལ།

马尔康

འབར་ཁམས།

阿坝

རྔ་བ།

红原

ཁྱུང་མཆུ།

红原

རྐ་ཁོག

若尔盖

མཛོད་དགེ

黑水

ཁྲོ་ཆུ།

松潘

ཟུང་ཆུ།

南坪

རྣམ་འཕེལ།

汶川

ཁྲི་ཚང་།

理县

བཀྲ་ཤིས་གླིང་།

小金

བཙན་ལྷ།

大金

ཆུ་ཆེན།

壤塘

འཛམ་ཐང་།

 

 

甘孜藏族自治州  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ།

 

康定

དར་རྩེ་མདོ།

色达

གསེར་རྟ།

石渠

སེར་ཤུལ།

德格

སྡེ་དགེ

白玉

དཔལ་ཡུལ།

新龙

ཉག་རོང་།

炉霍

བྲག་མགོ

甘孜

དཀར་མཛེས།

道孚

རྟའུ་རྫོང་།

丹巴

རོང་བྲག

雅江

ཉག་ཆུ།

理塘

ལི་ཐང་།

巴塘

འབའ་ཐང་།

稻城

འདབ་པ།

乡城

ཕྱག་ཕྲེང་།

得荣

སྡེ་རོང་།

九龙

བརྒྱད་ཟུར།

泸定

ལྕགས་ཟམ་ཁ།

木里藏族自治县

མུ་ལི་བོད་རིགས་རང་སྐྱོང་རྫོང་།

 

 

5.云南省   ༥ ཡུན་ནན་ཞིང་ཆེན།

迪庆藏族自治州  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ།

 

中甸

རྒྱལ་ཐང་།

德钦

འཇོལ་རྫོང་།

维西

འབའ་ཐང་།

 

 

རྩོམ་པ་པོ།:xzsn521 སྤེལ་དུས་:2012-10-28 14:28:23

         གོང་གི་པར་རིས་དེ་ནི་སྙན་གྱི་གྲགས་པ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་ཁྱབ་པའི་ཕོ་བྲང་པོ་ཏའི་རྒྱབ་ཕྱོགས་སུ་ཆགས་པའི་རྫོང་རྒྱབ་ཀླུ་ཁང་སྡིངས་ཆའི་སྟེང་རྒན་དར་གཞོན་གསུམ་གྱི་ཞོགས་པའི་སྐྱ་རེངས་བསུ་ཞིང་བྱིན་རླབས་ཀྱིས་བདུད་རྩི་འཁྲུངས་པའི་པོ་ཏ་ལར་འཇལ་སྐོར་ལན་གསུམ་གནང་རྗེས་གཅིག་ནས་མི་རིགས་ཀྱི་སྲོན་རྒྱུན་རིག་གནས་དང་སྒྱུ་རྩལ་དར་སྤེལ་དང་། གཉིས་ནས་རང་ཉིད་ཀྱི་ལུས་ཁམས་བདེ་ཐང་གི་ཆེད་དུ་སྐོར་བྲོར་རོལ་མྱོང་བྱེད་པའི་ཚ་རླབས་འཕྱུར་བཞིན་པའི་རྣམ་པ་ཞིག་རེད།

ཨ་སྔོན་ནམ་མཁའི་དབྱིངས་ནས།

མུན་འཇོམས་ཉིན་བྱེད་མགོན་པོ།

ཤར་རིའི་རྩེ་ནས་ཚེས་ཏེ།

དྲོད་འཇམ་ཚ་ཟེར་ཉི་འོད།

གངས་ལྗོངས་ཞིང་ལ་མཆེད་དུས།

གངས་ཅན་རྒན་དར་གཞོན་གསུམ།

མ་བསྡུས་ངང་གིས་འདུས་ཏེ།

འཇལ་སྐོར་ལན་གསུམ་བསྐྱོན་ནས།

སྲོལ་རྒྱུན་སྒྱུ་རྩལ་ཆེད་དང་།

རང་གི་བདེ་ཐང་ཆེད་དུ། 

རྫོང་རྒྱབ་སྡིངས་ཆའི་རུམ་ནས།

འཁྲུག་ཆ་དོད་པའི་ཞབས་གཞས་རྡོག་སྒྲ།

བར་སྣང་དབྱིངས་སུ་ཁྱབ་དུས།

མཛམ་གླིང་གྲུ་འཛིན་གཉིས་པས།

མོས་པའི་དབུ་ལྕོག་ལན་གསུམ།

དད་ལྡན་རྣམས་ལ་བརྩལ་བྱུང།

                                                                       ཀ་ཁའི་རྒྱང་འབོད་ནས།

རྩོམ་པ་པོ།:xzsn521 སྤེལ་དུས་:2012-8-19 21:38:52

གནས་ས་བརྗེས་ནས་མནོ་བསམ་ཞིག་བྱོས་དང་། ཁྱེད་ལ་བྱམས་དང་སྙིང་རྗེའི་བློ་ཞིག་སྐྱེ་ངེས།

སྡིག་པ་ཅི་ཡང་མི་བྱ་ཞིང་།།

དགེ་བ་ཕུན་སུམ་ཚོགས་པར་སྤྱད།།

རང་གི་སེམས་ནི་ཡོངས་སུ་འདུལ།།

འདི་ནི་སངས་རྒྱས་བསྟན་པ་ཡིན།

             དེང་གི་དུས་འདིར་མི་མང་ཆེ་བས་རང་ངོས་ཁེ་ཕན་ཆེད་དུ་སྲོག་གཅོད་ཀྱི་རལ་གྲི་དགུང་ལ་ཕྱར་ནས་འཇིག་རྟེན་ཁྲག་གི་རྒྱ་མཚོ་བསྐྱིལ་བཞིན་ཡོད།  སྨྲ་ཤེས་དོན་གོ་དང་མི་གོ་ཅི་རིགས་ཀྱི་སེམས་ཅན་ཡོད་དོ་ཅོག་གི་ཚེ་སྲོག་གི་རིན་ཐང་ནི་གཅིག་མཚུངས་དང་འདྲ་མཉམ་ཡིན་པས་ཚེ་སྲོག་སྣང་ཆེན་བྱས་ནས་གང་བྱུང་དུ་སྲོག་གཅོད་མི་གནང་བར་མཁྱེན།  ང་ཚོ་འགྲོ་བ་མི་ལ་ལུས་ལ་ཁབ་དང་ཚེར་མ་ལ་སོགས་རེག་ཙམ་བྱས་ཀྱང་ན་བས་གཙེས་ཏེ་གདུང་བར་གནར་བ་བྱེད་པའི་རང་བཞིན་ལྟར་སེམས་ཅན་གཞན་ལ་ཡང་དེ་ལྟ་བུའི་ན་བ་དང་གདུང་བས་མནར་བར་བྱེད་ངེས་པས་སྲོག་གཅོད་ཀྱི་རིགས་སྤང་པར་ཞུ།།

རྩོམ་པ་པོ།:xzsn521 སྤེལ་དུས་:2012-8-6 18:23:24

 

རྩོམ་པ་པོ།:xzsn521 སྤེལ་དུས་:2012-7-26 14:56:19

ལྷ་སའི་མཛེས་མ།

ཆབ་མདོའི་མཛེས་མ།

ཀོང་པོའི་མཛེས་མ།

ཨམ་མདོའི་མཛེས་མ།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2012-7-8 15:15:11

༼  མི།  ཅེས་པའི་དཔེ་ཆུང་བཀླགས་རྗེས།

                                                                                                                       ཀ་ཁའི་རྒྱང་འབོད།

ཐོག་མར་བརྩམས་ཆོས་འདིའི་རྩོམ་པ་པོ་རྒྱུས་ལོན་རགས་ཙམ་བྱས་ན།རྩོམ་པ་པོའི་མཚན་ལ་འཇམ་དབྱངས་སེང་གེ་ཞུ་བ་དང་སྨྱུག་མིང་ལ་རྩྭ་ཆུང་ཞེས་འབོད། ཁོང་ནི་ལྷོ་ཁ་ཡར་འབྲོག་གཡུ་མཚོའི་འགྲམ་ནས་ལྟེ་ཁྲག་འཕོས། སློབ་ཆུང་མཐར་ཕྱིན་རྗེས་དྭངས་ལུང་བསམ་གཏན་ཐེག་མཆོག་གླིང་དུ་ཆོར་སྒོར་ཞུགས། སྔ་རྗེས་སུ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ། ལྷོ་ཁའི་རྩོམ་རིག་སྒྱུ་རྩལ། སྤང་རྒྱན་མེ་ཏོག། གངས་ལྗོངས་རིག་གནས། ལྗོངས་ཕྱི་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་རྩོམ་ཡིག་སྤེལ་ཡོད། ཁོང་ནི་ལྷག་བསམ་ཀྱི་ཕྱུག་ཅིང་གཞན་ཕན་གྱིས་ཕྱུག་པའི་འགྲོ་དོན་ཟབ་པར་བསྩལ་མཁན་གྱི་རབ་བྱུང་པ་ཞིག་ཡིན།

དེབ་ཆུང་འདིའི་ནང་དོན་ཕྱོགས་བསྡུས་ཀྱི་མདོར་བསྡུས་ཙམ་ངོ་སྤྲོད་ཞུས་ན། དཔེ་དེབ་འདི་སྡེ་ཚན་ཆེ་བ་ཁག་བཞི་ཙམ་དབྱེ་ནས་ཀུན་གྱིས་སྤྱན་ལམ་དུ་བསྩལ།  སྡེ་ཚན་ཁག་སོ་སོར་དབྱེ་ན།

སྡེ་ཚན་དང་པོ།             སྨུག་ལོང་ཁྲོད་ཀྱི་གངས་རི།

སྡེ་ཚན་གཉིས་པ།          ན་ཟུག་གིས་གཙེས་པའི་ལོ་ཟླ།

སྡེ་ཚན་གསུམ་པ།          དྲོད་ཀྱིས་སྟོང་པའི་ཕ་གཞིས།

སྡེ་ཚན་བཞི་པ།             རྟོག་སྣང་ཡིད་ཀྱི་རོལ་མོ།

དེབ་ཆུང་འདིའི་རྩོམ་པ་པོས་བོད་མིའི་རྙིང་ཞེན་བག་འཁུམ་གྱི་བསམ་བློ་རྙིང་པར་ཐེར་འདོན་དང་སུན་འབྱིན།  སྲོལ་རྒྱུན་གྱི་རིག་གནས་རྨང་གཞིར་བཟུང་ནས་གསར་གཏོད་དང་གོང་འཕེལ་གྱི་ལམ་དུ་བསྐྱོད་ནས་གངས་ཅན་ལྗོངས་ཀྱི་རིག་གནས་སྔར་བས་འོད་སྟོང་ལྡན་པ་ཞིག་ཏུ་བསྐྲུན་དགོས་པའི་འབོད་སྐུལ།  བོད་ཀྱི་མི་ལ་བོད་ཀྱི་རུས་པ་དང་རྩམ་པ་བཟས་པའི་དྲི་མ་ཡལ་བར་རྒྱུན་གཏན་འཚོ་བའི་ཁྲོད་དུ་ཕ་སྐད་གཙང་མ་བསྐྱོན་དགོས་པའི་བླང་བྱ།   འཇིག་རྟེན་ཁམས་ཀྱི་རང་བྱུང་ཁོར་ཡུག་ལ་བཅངས་པའི་དུང་ཞེན་དང་དེར་གཅེས་སྤྲས་བྱེད་དགོས་པ་ལས་གང་བྱུང་དུ་གཏོར་སྐྱོན་བཏང་ན་འབྱུང་གཞི་འཁྲུག་ནས་རང་བྱུང་གི་གནོད་ཚེ་འབྱུང་བའི་འབོད་བརྡ་སོགས་སྒྲོགས་ནས་གཏི་མུག་གཉིད་དུ་ཚུད་པའི་གངས་ཅན་ལྗོངས་ཀྱི་སྐྱེ་འགྲོ་ཡོངས་རྨོངས་གཉིད་ལས་བསེལ་བར་རང་ནུས་ཀྱི་སྲི་ཞུ་བསྒྲུབས་ནས་དཔེ་དེབ་འདི་མི་ཡུལ་འདིར་བསྩལ།   གལ་སྲིད་གངས་རིའི་སྤུན་ཟླ་རྣམས་ལ་དུས་ཀྱི་ཁོམ་པ་རེ་བྱུང་ན་ཕྲན་བུའི་དུས་ཚོད་སྤྱད་ནས་དཔེ་དེབ་འདི་བལྟ་ཀློག་གནང་རྒྱུའི་འདུན་པ་ལྷག་ཏུ་ཆེ།

མ་གཞི་རྩོམ་པ་པོ་མཁས་དབང་འཇམ་དབྱངས་སེང་གེ་ཁོ་རང་ཞི་བར་བཤེགས་ནས་འཇིག་རྟེན་གཞན་ཞིག་ཏུ་བཤེགས་ཟིན།  མཁས་དབང་ཁོང་ང་ཚོ་དང་གྱེས་དང་འཕགས་མཆོག་གི་ཞིང་ཁམས་སུ་བྱོན་པ་ནི་ཁ་བ་ཅན་ལ་གྱོང་གུན་དང་གེགས་ཆག་ཤིན་ཏུ་ཆེ།  ལྷག་པར་དུ་མི་རིགས་ལ་དུང་ཞེན་ཟབ་ཅིང་ལ་རྒྱ་ཆེ་བའི་གངས་རིའི་བུ་ཕྲུག་རྣམས་ཀྱི་སྙིང་ལ་ཟུག་ངུའི་མེ་ལྕེ་དང་འགྱོད་གདུང་གི་མཆི་མས་བཞིན་རས་བརླན་པ་ནི་སྨོས་ཅི་དགོས།  

མཇུག་ཏུ། མཁས་དབང་འཇམ་དབྱངས་སེང་གེ་ལགས།  ཁྱེད་རང་འཕགས་མཆོག་ཞིང་དུ་བདེ་བར་ཕེབས་ཤིག། ང་ཚོ་གངས་རིའི་སྤུན་ཟླ་ཚོས་དར་དཀར་གྱིས་ཁྱེད་ཀྱི་ལམ་སྣ་འདྲེན་ཆོག་ལ།   ཚེ་འབར་གྱི་མཆོད་མེ་སྒྲོན་ནས་ཁྱེད་རང་གི་ལམ་སྟོན་ཡང་བྱས་མཆོག།   ཁྱེད་རང་སེམས་ངལ་ཕབ་ནས་བདེ་བར་བཤེགས་ཤིག། ང་ཚོས་ཁྱེད་ཀྱི་སྙིང་སྟོབས་དང་མི་རིགས་ལ་བཅངས་པའི་དུང་ཞེན་ལ་མོས་གུས་དང་རྗེས་འབྲངས་ཞུས་ནས་རང་ནུས་ཀྱི་སྲི་ཞུ་གང་ནུས་བསྒྲུབས་ཐུབ་པ་བྱ་རྒྱུའི་ཆོད་སེམས་བཅངས་ཡོད།།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2012-6-24 19:30:24

     སློབ་དུས་འདིའི་ནང་གུས་པས་སློབ་ཆུང་ལོ་རིམ་ལྔ་པའི་སྟོད་ཆའི་གློག་རྡུལ་སློབ་ཁྲིད་གྲ་སྒྲིག་ཟིན་བྲིས་༼ སློབ་ཁྲིད་ཁྲིད་ཟིན། ༽ཞིག་སྒྲིག་བཀོད་བྱས་ནས་དྲ་ཐོག་ཏུ་ཕབ་ཐུབ་པ་བྱ་རྒྱུའི་འདུན་པ་ཡོད་པས།   ཁྲིད་ཟིན་འཆར་འགོད་བྱ་ཐབས་ཐད་ཐབས་ལམ་བཟང་པོ་འདྲ་ཡོད་ན་གུས་པར་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཞུ།།   གུས་པའི་ཡིག་སྒམ་ནི།   xzsn521@126.com   དེ་ཡིན་པས་དེའི་ནང་ word རྣམ་བཞག་ཐོག་ནས་བསྐུར་གནང་ཡོད་པ་ཞུ།།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2012-6-17 15:33:40

 

 ༄༅། །ཆབ་མདོའི་ར་མོ་ཆེ་བོད་ཟས་ཁང་།

ཟ་ཁང་འདིའི་སྦྱིན་བདག་ནི་དབུས་གཙང་ཁུལ་ནས་ཡིན་འདུག་པས་ང་རང་ཆབ་མདོ་ས་ཁུལ་དུ་ག་དུས་སླེབས་པ་ཡིན་རུང་བོད་ཟས་ཁང་དེའི་ནང་འགྲོ་རྒྱུ་མ་བརྗེད་པ་བྱེད་ཀྱི་ཡོད།  གང་ཡིན་བརྗོད་ན།  གཅིག་ནས་ཟ་ཁང་དེའི་ནང་གི་ཞབས་ཞུ་བས་ལྷ་སའི་སྐད་ཀྱི་ཐོག་ནས་སྐུ་མགྲོན་ཚོར་སྣེ་ལེན་ཞུ་གནང་གི་ཡོད་པས་ལྷ་སར་སླེབས་པའི་ཚོར་སྣང་གི་ངམ་ཤུགས་སུ་སྟེར་གྱི་འདུག།  མ་ཟད། ཆེས་གལ་ཆེ་བ་ནི་ཟ་ཁང་དེའི་ཞབས་ཞུའི་རྣམ་པས་རང་རིགས་ཀྱི་སྤྱི་སྐད་ལ་ནུས་པ་ཤུགས་ཆེན་འདོན་སྤེལ་བྱེད་བཞིན་འདུག།    གཉིས་ནས་རང་ཡུལ་གྱེས་ནས་གཞན་ཡུལ་དུ་གྱར་བའི་དབུས་གཙང་ཁུལ་གྱི་སྐུ་མགྲོན་རྣམ་ལ་དྲོ་སྐྱིད་ལྡན་པའི་ཕ་ཡུལ་གྱི་ཡུལ་མི་སྤུན་མཆེད་དང་ཐུགས་འཕྲད་བྱུང་ནས་ཁ་བརྡ་གློད་པའི་སྤྲོ་སྣང་ཞིག་སྟེར་བཞིན་པ་ལགས།།

          རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་ཤིང་མི་རིགས་ལ་དུང་ཞེན་ཟབ་པའི་ཤེས་ཡོན་ཅན་དང་དགེ་བའི་བཤེས་གཉེན་རྣམ་པས་ཁོམ་པ་ཡོད་དུས་བོད་ཟས་ཁང་འདིར་ཕེབས་ནས་ཀུན་གྱིས་ངོས་འཛིན་བྱེད་བཞིན་པའི་སྤྱི་སྐད་ལྷ་སའི་སྐད་ལ་རྒྱུས་མངའ་དང་སློབ་སྦྱོང་གནང་ནས་དུས་རྒྱུན་འཚོ་བའི་ཁྲོད་དང་སློབ་ཁྲིད་བྱ་སྐབས་ལྷ་སའི་སྐད་ཀྱི་ཐོག་ནས་ཁྲིད་གནང་ན་རང་མི་རིགས་ཀྱི་སྤྱི་སྐད་བསྐྲུན་པར་ཕན་པ་ཆེ་བར་སོམས།།   

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-11-27 10:04:32

གཉན་པོ་གཡུ་རྩེའི་པོད་ཁུག་གི་དྲ་གནས། http://blog.nbyzwhzx.com/

དཀའ་བའི་ལམ་དང་ཚེགས་པའི་ལས་གང་མང་བརྒྱུད་དེ།ད་ཆ་གཉན་པོ་གཡུ་རྩེ་པོད་ཁུག་རྒྱ་ཆེའི་དྲ་ཀློག་པ་རྣམས་ཀྱི་སྤྱན་ལམ་དུ་ཚོད་ལྟར་ཤར་གཏོང་བྱ་རྒྱུ་བྱུང་སོང་མོད།མ་ལག་གི་ཚད་བཀག་དང་བྱ་བའི་ཉམས་མྱོང་མེད་པ་སོགས་ཀྱིས་ཟུར་སྣེ་སྣ་ཚོགས་ཤིག་ན་ད་དུང་མི་འདང་ས་མང་དུ་བྱུང་འདུག་པས་དགོངས་དག་ཞུ་རྒྱུ་ཡིན་ལ།མི་རིང་བར་སྐྱོན་ཆ་དེ་དག་ཀྱང་བརྗེ་བསྒྱུར་གང་འགྲུབ་ཅི་འགྲུབ་བྱ་རྒྱུ་ཡིན།དེ་བས་ཁྱེད་དྲ་ཀློག་པ་དག་གིས་ཀྱང་པོད་ཁུག་འདིའི་མི་འདང་ས་སྔོག་འདོན་སོགས་ཀྱིས་རྒྱབ་སྐྱོར་གང་ལེགས་གནང་རྒྱུར་རེ་བ་ཞུ།དེ་ཡང་པོད་ཁུག་འདི་ད་ལྟ་གསར་དུ་ལམ་ལ་བུད་མ་ཐག་ཡིན་པས།མ་འོངས་པའི་ལམ་ཆེན་དུ་གྲ་ཇེ་དག་དང་ཚུགས་ཇེ་བརྟན་སོགས་ཀྱིས་ཚད་མཐོ་ས་ཞིག་ལ་འཚོལ་སྙེག་བྱ་རྒྱུའི་རེ་འདུན་ཡོད་ལ།རིག་གནས་དཀྱེལ་ཡངས་དང་ལྟ་བ་མཉམ་གནས་ཀྱི་ལངས་ཕྱོགས་གྱིས་དྲ་བར་དོ་དམ་བྱ་རྒྱུ་ཡིན་པར་མ་ཟད།ཟིན་བྲིས་པ་དག་ལ་བཤེར་སྒུག་སོགས་ཀྱི་བཀག་རྒྱ་མེད་པར་ཟིན་སྤེལ་རང་དབང་བྱ་རྒྱུ་ཡིན།ད་དུང་ཟིན་བྲིས་པ་དག་གི་ཟིན་ཐོ་སོགས་དྲ་བའི་མདུན་ངོས་སུ་ཤར་གཏོང་ཡོང་མིན་ཡང་དྲ་ཀློག་པ་དག་གི་འོས་སྦྱོར་གྱི་གྲངས་ཀ་དང་རྒྱབ་སྐྱོར་གྱི་གྲངས་ཀ་སོགས་ཀྱི་སྐར་གྲངས་ལ་བརྟེན་ནས་མ་ལག་གིས་རང་འགུལ་གྱིས་ཤར་གཏོང་བྱ་རྒྱུ་ལས།དོ་དམ་པས་གང་འདོད་དུ་ཐག་བཅད་བཏང་མི་ཆོག་པ་བྱས་ཡོད།ཡིན་ཡང་།པོད་ཁུག་གི་ཚེ་སྲོག་ཡུན་གནས་ལ་གནོད་པའི་ཆབ་སྲིད་སྐོར་གྱི་ཟིན་ཐོ་དང་མི་སྒེར་གྱི་མི་གཞི་ལ་གནོད་པའི་དམའ་འབེབ་སྐོར་གྱི་ཟིན་ཐོ་སོགས་དུས་ཐོག་ཏུ་བསུབ་ཐག་ཆོད་ཡིན་པས།ཁྱེད་རྒྱ་ཆེའི་དྲ་ཀློག་པ་དག་གིས་ངེད་པོད་ཁུག་ལ་དགོངས་ཡངས་གནང་རོགས་ཞུ། པོད་ཁུག་འདི་བཀོལ་སྤྱོད་བྱ་སྟངས་བོད་ཀྱི་སྔོན་མའི་དྲ་ཚིགས་དག་དང་ཅུང་འདྲ་བོ་མེད་ཀྱང་།དྲ་གྲོགས་དག་གིས་ཐོ་འགོད་ནང་འཇུག་བྱས་ཏེ་ཡུན་གྱིས་བཀོལ་སྤྱོད་

བྱོས་དང་མི་ཤེས་པ་ཆེར་མེད་པས། འདིར་མཚམས་སྦྱོར་གྱི་ངལ་བ་མི་བསྟེན་ལགས།

  

གཉན་པོ་གཡུ་རྩེའི་པོད་ཁུག་གི་དྲ་གནས། http://blog.nbyzwhzx.com/

རྩོམ་པ་པོ།:xzsn521 སྤེལ་དུས་:2011-11-24 18:28:36

ལྷ་ས་ནི་། བོད་ཀྱི་ལྟེ་གནས་གྲོང་ཁྱེར་ཡིན་ལ། བོད་རྒྱལ་སྲོང་བཙནརྒྱལ་པོའི་དུས་ལ་དམར་པོ་རིའི་རྩེ་ལ་བརྩིགས་པ་རེད། འདི་ནི་བོད་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་ཀྱི་ལྟེ་གནས་ཡིན། སྔོ་ལྗང་ཅན་གྱི་ལྷ་ས་སྐྱིད་ཆུ་ནི་གཉན་ཆེན་ཐང་ལྷའི་གངས་འཁྱག་བཞུ་བའི་ཆབ་རྒྱུན་ཡིན་ཞིང་དེ་ཉིད་ནགས་ཚལ་སྟུག་པའི་གྲོག་རོང་དང་། མུ་མཐའ་མེད་པའི་བྱང་ཐང་བརྒྱུད་དེ་ཆུ་ཤུར་ནས་ཡར་ཀླུང་གཙང་པོདང་འདྲེས་ཀྱི་ཡོད། གནའ་བོའི་གྲོང་ཁྱེར་ལྷ་ས་ནི་གཡུ་ལྟར་སྔོ་བའི་ཆུ་མོ་འདིའི་འགྲམ་དུ་མཆིས།

 ཁོར་ཡུག

གྲོང་ཁྱེརདེའི་ཡུལ་གྱི་དགེ་མཚན་ནི་ལྷོ་ཕྱོགས་སུ་ལྷ་ས་སྐྱིད་ཆུཡན་ལག་བརྒྱད་ལྡན་གྱི་གཙང་ཆུ་གཡས་སུ་འཁོར་ཞིང་རྒྱུགས་པ་དང་། ཤར་ན་ཇོ་མོ་ཟེ་ཟེ། བྱང་ཤར་དུ་སྨིན་དྲུག་རྫ་རི། ཤར་ལྷོར་ཆོས་རྒྱལ་བླ་རིའམ་བུམ་པ་རི། ནུབ་བྱང་དུ་དགེ་འཕེལ་རི་སོགས་པས་བསྐོར་ཡོད།

ནམ་ཟླ།

ནམ་ཟླ་དུས་བཞིར་ཉི་འོད་འཕྲོ་ཤུགས་ཤིན་ཏུ་ཆེ་བ་དང་། ལོ་འཁོར་གཅིག་ནང་ཉི་འོད་འཕྲོད་ཚད་ཆུ་ཚོད་༣༠༠༠ཙམ་ཟིན་གྱི་ཡོད། གྲོང་ཁྱེར་དེའི་ས་ནང་བབ་ཀྱི་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲི་༣༦༥༠ཙམ་ཟིན་ཡོད་པ་དང་མཁའ་རླུང་ཤིན་ཏུ་གཙང་བ་མ་ཟད། དབྱར་དུས་ཆར་ཆུ་འབབ་ཚད་སྙོམ་པ། ལོ་རེའི་ཧོར་ཟླ་༧༩གསུམ་གྱི་ནང་ཆར་ཆུ་འབབ་ཚད་ཆ་སྙོམས་ལྟར་ན་ཧའོ་རྨིད་༤༥༠ཙམ་དང་། ལོ་རེའི་ཆ་སྙོམས་དྲོད་ཚད་ནི་༨ཡས་མས་ཡིན། དབྱར་དཀྱིལ་དྲོད་ཚད་ཆེ་ཤོས་༢༩ཙམ་ཡོད།

དུས་ཆེན།

ཧོར་ཟླ་བདུན་པའི་ནང་སྔར་སྲོལ་དུས་སྟོན་འབྲས་སྤུངས་ཞོ་སྟོན་སྐབས་ནོར་བུ་གླིང་ག་དང་། རྫོང་རྒྱབ་ཀླུ་ཁང་སོགས་སུ་ལྷ་མོ་འཁྲབ་པ་དང་། གཞན་ཡང་དུས་དེ་ནི་རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཡུལ་འཁོར་སྤྲོ་འཆམ་པ་དང་། གནས་མཇལ་བ། འཚོང་གཉེར་བ།རིག་གནས་སློབ་གསོའི་ལས་གཉེར་བ་སོགས་ཕྱོགས་མང་པོའི་མཐུན་གྲོགས་མཉམ་འཛོམས་ཐོག་དགའ་སྤྲོའི་ངང་ནས་གྲོང་ཁྱེར་དེ་ཡི་འབྱུང་འགྱུར་བྱ་གཞག་གང་དང་གང་གི་ཐད་ལ་གདུང་སེམས་མཉམ་སྐྱེས་ཀྱིས་ལག་སྦྲེལ་གོང་འཕེལ་གཏོང་རྒྱུའི་ཆོད་སེམས་མཐུན་ལམ་འཛུགས་པའི་གོ་སྐབས་བཟང་ཤོས་ཤིག་ཡིན།

རྩོམ་པ་པོ།:xzsn521 སྤེལ་དུས་:2011-11-17 20:55:47

བོད་ཡིག་བརྡ་འཕྲིན་ལག་རྩལ་དྲ་བས་རྒྱབ་སྐྱོར་དང་སྒྲིག་བཟོ་བྱས་འོག  བོད་ཡིག་གི་བརྙན་ཡིག་དྲ་བ་དེ་མི་འགྱངས་བར་ཤར་གཏོང་བྱེད་རྒྱུ་ཡིན་ཞིང་། དེ་ནི་བོད་ཡིག་བརྙན་ཡིག་ཚོགས་པས་གཙོ་སྒྲུབ་ཀྱི་བགྱི་བ་དང་དུ་བླངས་ནས་བསྒྲུབ་པ་ཡིན་ལ།  བོད་ཀྱི་བརྙན་ཡིག་དྲ་ཚིགས་ཐོག་མ་ཡིན།   དྲ་བ་འདི་ཕལ་ཆེར་བདུན་ཕྲག་གསུམ་གྱི་རྗེས་སུ་དྲ་གྲོགས་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པས། གློག་བརྙན་དང་གློག་བརྙན་གྱི་སྐོར་ལ་དགའ་མོས་ཆེ་བའི་རྒྱ་ཆེའི་དྲ་གྲོགས་རྣམས་ཀྱི་ཡིད་དབང་གསོ་བའི་བདུད་བརྩི་རུ་འགྱུར་བའི་སྨོན་འདུན་ཞུ།

        བོད་བརྙན་ཡིག་ཚོགས་ཆུང་འདི་ནི་སྤྱི་ལོ༢༠༠༩ལོའི་ཟླ་༩པར་པེ་ཅིང་དུ་བཙུགས་པ་དང་། ཐོག་མའི་དམིགས་ཡུལ་ནི། རྒྱ་རིགས་ལ་སོགས་པའི་མི་རིགས་གཞན་པའི་བྱེད་སྟངས་ལ་དཔེ་བལྟས་ནས། དེང་དུས་གྲགས་པ་ཆེ་བའི་གློག་བརྙན་ཁག་ཅིག་གི་བརྙན་ཡིག་རྣམས་བོད་ཡིག་ལ་བསྒྱུར་ཏེ། རིན་མེད་ཐོག་ཁྱབ་སྤེལ་བྱེད་རྒྱུ་དེ་ཡིན།ཚོགས་ཆུང་འདིའི་ཚོགས་མི་གཙོ་བོ་ནི་ནང་ལོགས་ན་ཡོད་པའི་བོད་རིགས་སློབ་ཆེན་སློབ་མ་འབའ་ཞིག་ཡིན། འོན་ཏེ་ཚོགས་བཞུགས་བྱེད་པར་དམིགས་བསལ་གྱི་ཆ་རྐྱེན་གང་ཡང་མེད། མ་གཞི་ཡིག་བསྒྱུར་བྱེད་རྒྱུ་དེ་ཚོགས་པ་འདིའི་རྩ་དོན་ཡིན་ཀྱང་། ཚོགས་ཆུང་འདིའི་ལས་ཀའི་ཆ་ཤས་གང་ཐད་ལ་ནུས་པ་འདོན་ཐུབ་པ་དང་། རང་ལ་བློ་མོས་ཡོད་ན་སུ་ཡང་ཚོགས་ཆུང་ནང་ཞུགས་ཆོག་པ་ཞིག་ཡིན།

       ད་བར་ལོ་གཅིག་ལྷག་སོང་རིང་། མ་གཞི་ང་ཚོས་བརྙན་ཡིག་མང་པོ་བསྒྱུར་ཐུབ་མེད་ཀྱང་། ཚོགས་ཆུང་གི་གཙོ་བོའི་ལས་མི་དང་། ཡིག་བསྒྱུར་གྱི་གནད་དོན། དེ་བཞིན་ཁྱབ་སྤེལ་གྱི་བྱེད་ཐབས་སོགས་གལ་ཆེ་བའི་དོན་དག་མང་པོ་ཞིག་ལ་ཐག་བཅད་པ་མ་ཟད། ད་ལོའི་དབྱར་ཁ་ནས་མགོ་བཙུགས་ཏེ། ཚོགས་གཙོ་རྣམས་ཀྱིས་མི་རེས་གློག་བརྙན་རེ་བསྒྱུར་རྒྱུའི་ལས་ཀ་ཡོངས་སུ་ལེགས་གྲུབ་བྱུང་བས། མུ་མཐུད་འབད་བརྩོན་བྱེད་པའི་རེ་བ་དང་ཐབས་ལམ་རྙེད་ཡོད།

རྩོམ་པ་པོ།:xzsn521 སྤེལ་དུས་:2011-10-5 20:23:46

བོད་ཀྱི་ཡིག་གཟུགས་འབྲི་སྟངས།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-10-3 22:06:56

དཀར་ཟས་སྐྱོང་བའི་བླང་བྱ།

༼དེང་གི་ཆར་རྒྱ་རིགས་བློ་མཐུན་མང་དག་ཅིག་དང་གྲགས་ཅན་གྱི་སྒྱུ་རྩལ་པས་ཡང་དམར་ཟས་སྤངས་ནས་དཀར་ཟས་སྐྱོང་བཞིན་འདུག་པས། གངས་ཅན་བོད་རིགས་སྤུན་ཟླ་རྣམས་ཀྱི་ཀྱང་བཟང་པོར་ལད་མོ་བྱས་ནས་དཀར་ཟས་སྐྱོང་བའི་འདུན་པ་ལྷག་ཏུ་ཆེ།།  དཔེར་ན།  ཀྲོའུ་ཨེའུ་赵薇གྲགད་ཅན་སྒྱུ་རྩལ་པ་ཡང་དཀར་ཟས་སྐྱོང་བཞིན་འདུག།༽

ཀྲོའུ་ཨེའེ་བཅའ་འདྲིའི་དྲ་ཚིགས། http://www.babytree.com/community/group24661/topic_604887.html

 ཉེ་བའི་ལོ་ཤས་ནང་ས་འགུལ་ལ་སོགས་རང་བྱུང་གི་གནོད་འཚེས་ཚེ་སྲོག་མང་པོའི་ཚེ་སྲོག་བཀུམ་ནས་པའི་སྣང་བརྙན་མིག་མཐོང་ལག་ཟིན་བྱུང་བས་མི་མང་ཆེ་བས་འབྱུང་ཁམས་ལ་སྲུང་སྐྱོང་དང་གཅེས་སྤྲས་བྱེད་པའི་འདུ་ཤེས་སད་རྟོགས་ཐུབ་ནས་དམར་ཟས་སྤོངས་ནས་དཀར་ཟས་སྐྱོང་བའི་བྱ་སྤྱོད་མང་དག་ཅིག་མངོན་བཞིན་འདུག་པས་དེ་ནི་ཚེ་སྲོག་ཕན་ཚུན་བརྩི་བཀུར་དང་གཅེས་སྤྲས་བྱེད་པའི་མཐུན་རྐྱེན་བཟང་པོའི་ཁོར་ཡུག་ཅིག་དང་ཞི་བདེའི་ཁྱིམ་གཞིས་ཞིག་ཏུ་འགྱུར་བའི་སྔ་སྟས་བཟང་པོ་ཞིག་ཡིན་པས་རྐྱེ་འགྲོ་ཀུན་གྱི་རབ་བྱུང་ན་རྣམ་ཀུན་དམར་ཟས་ཉུང་ཙམ་མཆོད་རྒྱུའི་བླང་བྱ་ཡོད།

དེང་གི་སྤྱོ་ཚོགས་སྟེང་གི་མི་མང་ཆེ་བས་ཚལ་རིགས་ལ་ཤ་ཡོད་ན་བཅུད་དང་ལྡན་པ་དང་ཤ་མེད་པའིཚལ་རིགས་ནི་བཅུད་མེད་པའི་ཟས་རིགས་ཤིག་ཏུ་ངོས་འཛིན་བཞིན་ཡོད་པ་རེད། ཁོ་བོས་བསམ་ན་དེ་ནི་ལྟ་བ་ནོར་འཁྲུལ་ཅན་ཞིག་ཡིན་པར་སོམས། གང་ལ་ཞེ་ན་དེང་གི་དུས་འདིར་དེ་སྔོན་གོ་མྱོང་ཐོས་མྱོང་མེད་པའི་ནད་རིགས་མང་དག་ཅིག་མགོ་ནག་མིའི་ལུས་ཐོག་ཏུ་འབབ་བཞིན་ཡོད་པས་དེ་ཚོ་ཚང་མས་སེམས་ཅན་འདྲ་མིན་སྣ་ཚོགས་ཀྱི་ཤ་རིགས་ཟས་པ་ལས་བྱུང་བ་རེད། ཞིབ་ཕྲའི་གནས་ཚུལ་འདིར་མི་བརྗོད་པས་གསོ་རིག་རིགས་གཞུང་གི་གཞུང་ལུགས་གཟིགས་པར་འཚལ།

    ས་འགུལ་ལ་སོགས་ཀྱི་རང་བྱུང་གནོད་འཚེ་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་ཡང་འབྱུང་ཁམས་ཆེན་པོར་གནོད་འཚེ་བཏང་བས་འབྱུང་བཞིན་ཡོད་པ་རེད།  དཔེར་ན། ཁྱེད་ཀྱི་རང་ཉིད་ཀྱི་ལུས་ཕུང་ལ་དཔེ་བཞག་ནས་ཚོད་ལྟ་བྱས་ནས་ཤེས་ཐུབ། ༼རང་ཉིད་ཀྱི་ལུང་ཕུང་དེ་ས་གཞི་རི་མོར་ཞིག་ཏུ་བརྩིས་པ་ཡིན་ན། ཁྱེད་ཀྱི་ཁོག་པའི་ནང་གི་ཁམས་ལྔ་ལ་སོགས་པར་ནད་ཕོག་པ་དང་མེད་པར་བཟོས་པར་ཡིན་ན་འཚོ་གནས་མི་ཐུབ་པ་ལྟར་ས་གཞི་རིལ་མོ་འདི་ཡང་དེ་ལྟར་ལགས། ༽

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-9-30 14:50:50

༄༅། བོད་ཀྱི་གྲགས་ཅན་གླུ་མ་བསྟན་སྒྲོན་གྱི་༼ཆར་སིམ་སིམ།  དྲན་ལྷང་ལྷང་།༽ཞེས་པའི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་དེ་ལོ་དེའི་ཟླ་བ་༡༠པའི་ཟླ་མཇུག་ཏུ་ཁྲོམ་རྭར་འགྲེམས་སྟོན་བྱ་རྩིས་འདུག་པས།    རེ་སྒུག་ཤིན་ཏུ་ཆེ།།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-9-25 10:21:02

ཤི་ལོག་སྒྲོལ་མའི་སྐྱེས་ཡུལ་ནི་ཉིང་ཁྲི་ས་ཁུལ་ཉིང་ཁྲི་རྫོང་བུ་སྐྱིད་ཤང་ཞིང་པའི་དུས་ཁྱིམ་ཞིག་ནས་ཡིན། ད་ལོ་ལོ་ན་༢༣ལ་སོན་པའི་བོད་རིགས་ཀྱི་བུ་མོ་ཤི་ལོག་སྒྲོལ་མས་ཐུར་ཁེའི་དབྱི་སི་ཏན་དུ་སྤེལ་བའི་༢༠༡༡ལོའི་མཛམ་གླིང་རང་བཞིན་གྱི་ཨབ་ཏང་འཆང་འགྲན་རྩོད་ཁྲོད་གསེར་གྱི་རྟགས་མ་བླངས་པ་རེད། ཁོང་གིས་བོད་མི་རིགས་ཀྱི་སྙིང་སྟོབས་དང་སྤོབས་སེམས་མཛམ་གླིང་ཡང་རྩེའི་སྤོར་བསྒྲེངས་པ་མ་ཟད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བཀོད་ཡོད་ལ་བོད་རིགས་ན་གཞོན་ལུས་རྩལ་པར་སྙིང་སྟོབས་ཀྱི་འོད་ཟེར་ཡང་བསྩལ་བ་རེད།

རྩོམ་པ་པོ།:xzsn521 སྤེལ་དུས་:2011-9-5 15:11:40

ཀ་མད་སུམ་ཅུའི་གླུ་དབྱངས་དང་བརྙན་རིས།

ཀ་ཁ་ག་ང་།   ངའི་འགྱུར་མེད་ཀྱི་རང་སྒྲ།

ཀ་ཁ་ག་ང་།   ངའི་ཚེ་སྲོག་གི་སྙིང་པོ།

རང་གི་མི་རིགས་ཆེད་དུ།  བོད་ཡིག་སྦྱོངས་པ་གནང་དང་།

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-8-31 17:34:17

ཕབ་ལེན་དྲ་གནས།  http://www.rayfile.com/files/2903c46b-da95-11dd-ab21-0014221b798a/                

རྩོམ་པ་པོ།:xzsn521 སྤེལ་དུས་:2011-8-30 18:17:48

གངས་ལྗོངས་བདེ་སྨོན།

                               དགུང་བསངས་མཐོན་པོ་འཁོར་ལོ་རྩིབས་བརྒྱད་འདྲ།

                                ཡངས་པའི་ས་གཞི་པད་མ་འདབ་བརྒྱད་བཞིན།    

                                དྲོ་འཇམ་ཉི་འོད་རབ་ཏུ་འཕྲོ་བའི་ཡུལ།         

                                གངས་ཅན་སྐྱིད་པའི་ཕྱོགས་མཚམས་གང་ས་རུ།     

                                མངའ་ཐང་ལོངས་སྤྱོད་ཡུན་དུ་འཕེལ་བ་ཡི།

                                དབྱངས་རྟ་གྲགས་ཤིང་སྐྱེ་འགྲོའི་སྤྲོ་སེམས་ཀྱི།       

                                རླབས་ཕྲེང་རབ་ཏུ་འཕྱུར་བའི་རྟེན་འབྲེལ་བསྒྲིགས།       

                                དེ་འདྲའི་དགེ་ལེགས་གཡང་དུ་འཁྱིལ་བ་ཡི།        

                                བསིལ་ལྡན་ས་ལའི་ངོ་མཚར་སྒེག་ཉམས་ཀྱིས།       

                                ཕྱོགས་ཀྱི་མགྲོན་པོའི་ཡིད་དབང་རབ་ཏུ་བཀུགས།

                                ང་ཚོས་ཞོགས་པའི་ཉི་ཟེར་བསུ་བཞིན་དུ།

                                རི་མགོ་མཐོན་པོར་རླུང་དར་འཛུགས་པ་དང་།

                                ང་ཚོས་བདུད་རྩིའི་འཁྲུང་ཕོར་འདེགས་བཞིན་དུ།

                                བཀྲ་ཤིས་ཕྱཱ་གཡང་འགུགས་པའི་སྨོན་ཚིག་དག

                                ཕན་ཚུན་སྙན་དབང་དགྱེས་པའི་རོལ་མཚོར་འབུལ།

                                ང་ཚོས་འཛམ་གླིང་ཧྲིལ་པོར་ཁྱིམ་གཅིག་དང་།

                                སེམས་ཅན་ཀུན་ལ་ཕ་མ་སྤུན་མཆེད་ཀྱི།

                                འདུ་ཤེས་དང་ནི་ལ་རྒྱ་ཆེར་བཅངས་ནས།

                                ལྷད་མེད་དུངས་སེམས་ཟབ་མོའི་སྦྲེལ་ཐག་གིས།

                                དམ་དུ་བཅིངས་ཤིང་སྐྱིད་སྡུག་མཉམ་མྱོང་གི།

                                དམ་བཅའ་བརྟན་པོ་དྲི་མེད་སེམས་ཀྱིས་འཇོག

                                ང་ཚོས་མི་སེམས་འགུལ་བའི་སྒྲ་སྙན་དང་།

                                ཚངས་སྲས་བཞད་པའི་གྲེ་འགྱུར་སྙན་པོ་ཡིས།

                                གངས་དཀར་ཏི་སིའི་གཏན་གྱི་འཁྲེང་སེམས་དང་།

                                ཡར་ཀླུང་གཙང་པོའི་འབོད་སྒྲ་ལྷང་ལྷང་དེ།    

                                སྣང་བ་སྐྱིད་པའི་རོལ་དབྱངས་སུ་བཀུགས་ནས།  

                                འགྲོ་བའི་དཔལ་དུ་སྨིན་པའི་གླུ་ཞིག་ལེན།     

                                ང་ཚོས་དཀར་གཙང་མཇལ་དར་འབུལ་བཞིན་དུ།

                                ནམ་མཁའ་སྔོ་ལ་རི་ཀླུང་མཛེས་པ་དང་།      

                                ཆུ་མོ་དྭངས་ཤིང་གཙང་བའི་སྨོན་འདུན་ཞུ།    

                                ང་ཚོས་ཞུམ་མེད་སྙིང་སྟོབས་འཆང་བཞིན་དུ།

                                ཡངས་པའི་རྒྱལ་ཁམས་ཀུན་ཏུ་ལོ་ལེགས་ཤིང་།

                                སྐྱེ་རྒུའི་སྐུ་ཚེ་ཆུ་ལས་རིང་བ་དང་།

                                བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཞལ་བྲོ་བ།

                                ནད་མུག་འཁྲུག་རྩོད་ལ་སོགས་གནོད་འཚེའི་རིགས།

                                མྱུར་དུ་ཞི་ཞིང་རྩད་ནས་འཇོམས་པ་དང་།

                                འགྲོ་བའི་རྒྱུད་ལ་ཞི་མཐུན་མཉམ་གནས་ཀྱི།

                                སེམས་མཆོག་རིན་ཆེན་ངང་གིས་སྐྱེས་ནས་ཀྱང་།

                                ལས་ངན་བསམ་སྦྱོར་མཐའ་དག་དང་བྲལ་ཞིང་།

                                གཅིག་གིས་གཅིག་ལ་དམར་ཆུང་སྙིང་གཏད་དེ།

                                ཕྱར་བ་གྲུ་འདེགས་གཡས་གཞོགས་གཡོན་འདེགས་ཀྱི།

                                རྫོགས་ལྡན་གསར་པའི་ལང་ཚོ་འཆར་བ་དང་།

                                གཡང་ཁྱིམ་གྲུ་བཞིར་ཡང་ཡང་དགྱེས་འཛོམས་ཀྱིས།

                                བསྙེན་བཀུར་དགའ་བདེའི་དཔལ་ལ་མཉམ་རོལ་བའི།

                                བདེ་དྲོད་ལྷོག་ལྷོག་འཁོལ་བའི་སྨོན་འདུན་ཞུ།།

 

                                               ཡོངས་ཁུངས།  བོད་ལྗོངས་རླུང་འཕྲིན་དྲ་ཚིགས།

རྩོམ་པ་པོ།:xzsn521 སྤེལ་དུས་:2011-8-6 14:37:21

ཡིག་དྲུག་གི་འགྲེལ་བ་ཐར་བའི་ས་བོན།

༄༅།། ཨོཾ་མ་ཎི་པདྨེ་ཧཱུཾ། ཞེས་པའི་གཟུངས་སྔགས་འདི་བགྲང་ན་ཡག་པོ་ཡོད་ཅིང་། དེ་བགྲང་སྐབས་དེའི་དོན་ལ་བསམ་བློ་ངེས་པར་དུ་གཏོང་དགོས། གང་ཡིན་ཟེར་ན། ཡིག་འབྲུ་དྲུག་པོའི་དོན་དེ་ཟབ་པོ་དང་རྒྱ་ཆེན་པོ་ཡོད། དང་པོ་ཨོཾ་ཞེས་པར་ཡི་གེ་ཨ་དང་། ཨུ། མ་བཅས་གསུམ་བསྡུས་ཡོད། འདི་

རྣམས་ཀྱིས་ཉམས་ལེན་པའི་མ་དག་པའི་ལུས་ངག་ཡིད་གསུམ་དང་། དེ་བཞིན་སངས་རྒྱས་ཀྱི་དག་པའི་སྐུ་གསུང་ཐུགས་མཚོན་གྱི་ཡོད།མ་དག་པའི་ལུས་ངག་ཡིད་གསུམ་དག་པའི་ལུས་ངག་ཡིད་གསུམ་གྱི་ངོ་བོར་བསྒྱུར་ཐུབ་བམ། ཡང་ན་འདི་ཉིད་རྩ་བ་ནས་ཐ་དད་པ་ཡིན་ནམ་ཞེ་ན། སངས་རྒྱས་

ཐམས་ཅད་སྔོན་སྐབས་ཤིག་ན་ང་ཚོ་ལྟ་བུ་ཡིན་པ་དང་། དེ་ནས་ལམ་ལ་བརྟེན་ཏེ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པ་ཞིག་ཡིན་པ་ལས། ནང་པའི་ཆོས་ནང་ཐོག་མ་ཉིད་ནས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་ཞིག་བཞེད་ཀྱི་མེད།  དག་པའི་ལུས་ངག་ཡིད་གསུམ་ནི། མ་དག་པའི་ངོ་བོ་རྣམས་རིམ་པས་དོར་ནས་དག་པའི་ངོ་བོ་གྱུར་པ་ལས་འབྱུང་བ་ཡིན། འདི་ཇི་ལྟར་སྒྲུབ་དགོས་ཞེ་ན། དེ་ཉིད་སྒྲུབ་པར་བྱེད་པའི་ལམ་ནི་ཡིག་འབྲུ་ཕྱི་མ་བཞིས་མཚོན་གྱི་ཡོད། མ་ཎི་ཞེས་པ་ནོར་བུའི་དོན་ཡིན་ལ། འདིས་ཐབས་ཀྱི་ཆ་བྱང་ཆུབ་ཀྱི་སེམས་དང་། སྙིང་རྗེ། བྱམས་པ་བཅས་མཚོན་གྱི་ཡོད། ནོར་བུར་དབུལ་ཕོངས་སེལ་བའི་ནུས་པ་ཡོད་བཞིན་དུ། བྱང་ཆུབ་ཀྱི་སེམས་ལའང་སྲིད་ཞིའི་རྒུད་པ་མཐའ་དག་སེལ་བའི་ནུས་པ་ཡོད།  དེ་བཞིན་ནོར་བུས་སེམས་ཅན་གྱི་རེ་བ་སྐོང་བ་བཞིན་དུ།བྱང་ཆུབ་ཀྱི་སེམས་ཀྱིས་ཀྱང་སེམས་ཅན་གྱི་རེ་བ་སྐོང་གི་ཡོད།  པདྨེ་ཞེས་པའི་ཡིག་འབྲུ་གཉིས་པོ་མེ་ཏོག་པདྨའི་དོན་ཡིན་ལ།  དེས་ཤེས་རབ་མཚོན་གྱི་ཡོད།པདྨ་དེ་འདམ་ལས་སྐྱེས་ནའང་འདམ་གྱི་སྐྱོན་གྱིས་མ་གོས་པ་བཞིན་དུ། ཤེས་རབ་ལའང་རང་ཉིད་འགལ་འདུ་མི་ཡོང་པའི་སར་འཇོག་པའི་ནུས་པ་ཡོད་ལ། གལ་ཏེ་ཤེས་རབ་མེད་ན་འགལ་འདུ་ཡོང་གི་ཡོད། ཤེས་རབ་ལ་མི་རྟག་པ་རྟོགས་པའི་ཤེས་རབ་དང་། གང་ཟག་རང་རྐྱ་བའམ་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་ཤེས་རབ། ཡུལ་ཡུལ་ཅན་ངོ་བོ་ཐ་དད་པས་སྟོང་པ་ཉིས་སྟོང་རྟོགས་པའི་ཤེས་རབ།  རང་གི་མཚན་ཉིད་གྱིས་གྲུབ་པས་སྟོང་པ་རྟོགས་པའི་ཤེས་རབ་བཅས་ཤེས་རབ་ལ་རིགས་མི་འདྲ་བ་དུ་མ་ཞིག་ཡོད་རུང་། གཙོ་བོ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་དེ་ཡིན། ཡིག་འབྲུ་ཐ་མ་ཧཱུཾ་གིས་ངོ་བོ་དབྱེར་མེད་བསྟན་པ་དང་། དེས་རང་རྒྱུད་ཀྱི་སྐྱོན་དག་པ་དེ་ངེས་པར་དུ་ཐབས་ཤེས་དབྱེར་མེད་ལ་བརྟེན་ནས་ཐོབ་དགོས་པ་མཚོན་གྱི་ཡོད། མདོ་ཕྱོགས་ལྟར་ན། འདི་ལྟ་བུའི་ཐབས་ཤེས་དབྱེར་མེད་ནི་ཐབས་ཀྱིས་ཟིན་པའི་ཤེས་རབ་དང་། ཤེས་རབ་ཀྱིས་ཟིན་པའི་ཐབས་ལ་གོ་བ་དང་། སྔགས་སམ་རྒྱུད་ཀྱི་ཐེག་པ་ལྟར་ན། དེ་ཉིད་ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་ཆ་ཡོངས་སུ་རྫོགས་པའི་རྣམ་པར་ཤེས་པ་གཅིག་ལ་གོ  རྒྱལ་བ་རིགས་ལྔའི་ས་བོན་གྱི་ཡིག་འབྲུ་ལྟར་ན། ཧཱུཾ་ཞེས་པ་ནི་གང་གིས་ཀྱང་རྒྱུད་དཀྲུགས་མི་ནུས་ཤིང་། མི་གཡོ་བའི་རྒྱལ་བ་མི་བསྐྱོད་པའི་ས་བོན་གྱི་ཡིག་འབྲུ་ཡིན། དེས་ན་ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་ཡིག་འབྲུ་དྲུག་པོས་ཐབས་ཤེས་དབྱེར་མེད་ཀྱི་ཟུང་འབྲེལ་གྱི་ལམ་གྱི་ཉམས་ལེན་ལ་བརྟེན་ནས་རང་ཉིད་ཀྱི་མ་དག་པའི་ལུས་ངག་ཡིད་གསུམ་སངས་རྒྱས་ཀྱི་དག་པའི་སྐུ་གསུངས་ཐུགས་ཀྱི་ངོ་བོར་རྒྱུར་ཐུབ་པ་བསྟན་གྱི་ཡོད། སངས་རྒྱས་ཀྱི་གོ་འཕང་དེ་རང་གིས་ཕྱི་ནས་བཙལ་མི་དགོས་པར། དེ་ཐོབ་པའི་རྒྱུའམ། ནུས་པ་ནི་རང་གི་རྒྱུད་ལ་ཡོད་པར་གསུངས། རྗེ་བཙུན་བྱམས་མགོན་གྱིས་ཐེག་པ་ཆེན་པོའི་རྒྱུད་བླ་མའི་ནང་ལ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་ཆས་སུ་སངས་རྒྱས་ཀྱི་རིགས་ཡོད་པར་གསུངས་ཡོད་པས་སངས་རྒྱས་ཀྱི་ངོ་བོ་ཡོངས་སུ་རྫོགས་པ་འགྲུབ་རྒྱུའི་དག་པའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་དེ་ང་རང་ཚོ་སོ་སོའི་རྒྱུད་ལ་ཡོད།༄༅།། རྒྱལ་ཀུན་ཐུགས་རྗེའི་ཕུང་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་པའི་ཕན་ཡོན་དང་ཆོས་ཀྱི་ཆེ་བ་མདོ་ཙམ་བཀོད་པ་ལྷ་ཡི་རྔ་དབྱངས་ཞེས་བྱ་བ་བཞུགས་སོ། ཨོཾ་སྭ་སྟི  སྟོན་མཆོག་སྟོན་པ་བླ་ན་མེད། ལྷ་ཡི་ལྷ་ལ་གུས་བཏུད་ནས། བློ་ལྡན་བློ་དང་འཚབས་པའི་གཏམ། མདོ་ཙམ་མདོ་རྒྱུད་དོན་བཞིན་གླེང་། དེ་ཡང་རྣམ་གྲོལ་དོན་དུ་གཉེར་བའི་སྐྱེ་བོ་ལེགས་ཉེས་འབྱེད་པའི་བློ་གྲོས་ཀྱི་མིག་དང་ལྡན་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མའི་སྐྱེས་བུ་དང་། དེའི་བསྟན་པ་སྐྱོན་མེད་ དུ་ཡིད་ཆེས་ཀྱི་དད་པའི་ནོར་གྱིས་ཕྱུག་པ་རྣམས་ལ་ཆོས་ཀྱི་གཏམ་ཅུང་ཟད་བསྙད་པ་ལ། དེ་ཡང་ཇི་སྐད་དུ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་།དགེ་བ་བདག་གིས་མ་བྱས་ན། ངན་སོང་སྡུག་བསྔལ་ཀུན་རྨོངས་པ། དེ་ཚེ་བདག་གིས་ཅི་བྱར་ཡོད། ཅེས་གསུངས་པ་ལྟར། དེང་གི་དུས་སུ་རང་ཅག་རྣམས་དལ་འབྱོར་གྱི་ལུས་རྟེན་བཟང་པོ་ནི་ཐོབ། དྲི་མ་མེད་པའི་རྒྱལ་བའི་བསྟན་པ་དང་ནི་འཇལ། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་ནི་རྗེས་སུ་བཟུང་། རང་གི་ངོས་ནས་ཀྱང་བླང་དོར་གྱི་གནད་ཅུང་ཟད་ཤེས་པ་སོགས་འདི་ཕྱིའི་དོན་ཆེན་གང་སྒྲུབ་ཀྱང་སྒྲུབ་ནུས་པའི་མཐུན་རྐྱེན་མ་ཚང་བ་མེད་པའི་དུས་

འདིར། ཚེ་འདི་ཁོ་ནས་བདེ་བ་སྒྲུབ་པ་དང་། སྡུག་བསྔལ་སེལ་བའི་ཐབས་ཙམ་ལ་སྙིང་བོར་རློམས་ནས། ཕྱི་མ་ཕན་ཆད་དུ་སྨན་པའི་དོན་ཞིག་མ་སྒྲུབ་ན། སླར་ལུས་རྟེན་བཟང་པོ་དི་དོར་ནས་ངན་སོང་མུ་མཐའ་མེད་པའི་གནས་སུ་འཁྱམས་ཏེ། དྲག་ཅིང་རྩུབ་ལ་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ཚོར་བ་ཡུན་རིང་པོར་རང་ཐོག་ཏུ་མྱོང་ནས། མགོན་མེད་སྐྱབས་མེད་ཅི་བྱ་བརྟོལ་མེད་དུ་གྱུར་ཏེ། མྱ་ངན་མི་བཟད་པས་དུས་འདའ་དགོས་པ་ཞིག་འབྱུང་བར་ངེས་པས། ད་རེས་ཕྱི་མ་ཕན་ཆད་དུ་བདེ་བའི་ཐབས་ཤིག་བྱ་དགོས། ཇི་ལྟར་བྱ་ཚུལ་ཡང་ཇི་སྐད་དུ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། མི་དགེ་པ་ལས་སྡུག་བསྔལ་ཀུན། དེ་བཞིན་ངན་འགྲོ་ཐམས་ཅད་དོ། དགེ་ལས་བདེ་འགྲོ་ཐམས་ཅད་དང་། སྐྱེ་བ་ཀུན་ཏུ་བདེ་བ་དག་ཅེས་གསུངས་པ་ལྟར་སྡིག་སྤོང་དགེ་སྒྲུབ་ཀྱི་བླང་དོར་བྱེད་པ་ཁོ་ན་ལས་གཞན་མེད་ཅིང་། དེ་ལས་ལྡོག་ཏེ་ལས་འབྲས་ཁྱད་དུ་བསད་ན། རིག་པའི་གནས་ལྔ་ལ་མཁས་པ་དང་། རྫུ་འཕྲུལ་དང་།  མངོན་ཤེས་སོགས་ཐུམི་འཕྲད་པ། ལས་བྱས་པ་ཆུད་མི་ཟ་སྟེ་ཚུལ་བཞིན་སྒོ་ནས་ལས་འབྲས་ཀྱི་བླང་དོར་རྒྱ་ཆེར་བཀའ་བསྩལ་བ་ལྟར། རྒྱལ་བའི་གསུང་རབ་ཁོ་ན་ལ་ཚད་མར་བཟུང་ནས་ཡིད་ཆེས་བསྐྱེད་དེ། དགེ་སྡིག་གི་སྤང་བླང་ཚུལ་བཞིན་པ་སོགས་དམ་པའི་ཆོས་ཀྱི་ཉམས་ལེན་ལ་འབུངས་དགོས། དམ་ཆོས་ཚུལ་བཞིན་ཉམས་སུ་བླང་ན་གནས་སྐབས་དང་མཐར་ཐུག་གི་དོན་ཆེན་འགྲུབ་པ་སྨོས་ཅི། དམ་པའི་ཆོས་ཀྱི་སྒྲ་རྣ་ལམ་དུ་ཐོས་པ་ཙམ་གྱིས་ཀྱང་བག་ཆགས་ཁྱད་པར་ཅན་འཇོག་པ་ནི། སྔོན་གྱི་དུས་སུ་ངང་བ་ལྔ་བརྒྱས་སངས་རྒྱས་ཀྱིས་ཆོས་ཀྱིས་གསུངས་པ་ཐོས་ནས་ལྷར་སྐྱེས་ཏེ་བདེན་པ་མཐོང་ཚུལ་དང་། སློབ་དཔོན་བློ་བརྟན་གྱི་བྱུང་བ་སོགས་ཀྱི་ཤེས་པར་ནུས་པས་རང་གིས་རང་ལ་སྙིང་བརྩེ་ན་ཆོས་ཀྱི་ཉམས་ལེན་བཤའ་མ་ཞིག་ངེས་པར་བྱ་དགོས། དེ་ཡང་གདུལ་བྱའི་དབང་པོའི་རིམ་པ་དང་འཚམས་པར་ཐེག་པ་ཆེ་ཆུང་དང་། རྒྱུད་སྡེ་བཞི་ལ་སོགས་པ་ནས་ཉམས་ལེན་གྱི་གནད་ཟབ་ཅིང་རྒྱ་ཆེ་བ་མཐའ་ཡངས་པར་གསུངས་པ་ཐབས་ཅན་རང་ཅག་བརྩོན་འགྲུས་དང་། ཤེས་རབ་ཀྱི་མཐུ་དམན་པ་རྣམས་ཀྱིས་ཇི་བཞིན་ཉམས་སུ་ལེན་མ་ནུས་ཀྱང་། དེ་དག་གི་སྐབས་ནས་གསུངས་པའི་དོན་གྱི་གནད་འདུས་པའི་སྙིང་པོའི་ཤིག་བྱ་དགོས། དེ་ལ་འཕགས་པ་སྤྱན་རས་གཟིགས་ནི། དྲང་དོན་དུས་བཅུའི་རྒྱལ་སྲས་གཞོན་ནུའི་ཚུལ་བཟུང་བ་ཙམ་ལས། ངེས་པ་དོན་དུ་ནི་རྒྱལ་བ་ཀུན་གྱི་རྗེས་ཆགས་ཐུགས་རྗེའི་རང་གཟུགས་སུ་ཡོངས་སུ་གྲགས་པ་ལྟར་ལ། ལྷག་པར་རང་ཅག་སྙིགས་དུས་ཀྱི་འགྲོ་བ་རྣམས་སྒྲོལ་བ་ལ་སྙིང་སྟོབས་དང་།  ཐུགས་རྗེའི་འཇུག་པ་སྲས་བཅས་རྒྱལ་བ་གཞན་རྣམས་ལས་ཆེས་ཆེར་ལྷག་པས། འདི་ཉིད་ཡི་དམ་གྱི་ལྷར་བསྟེན་ན་བདག་

པས་བཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མྱུར་དུ་སྐྱེ་བ་སོགས་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་མ་ཟད། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་ཡུལ་དུ་བྱས་ཏེ་ལོ་བརྒྱ་ཕྲག་གི་བར་དུ་ཕར་བྱིན་དྲུག་ལ་སློབ་པའི་བསོད་ནམས་ལས་ཀྱང་བསོད་ནམས་ཤིན་ཏུ་ཆེ་བ་དང་། སངས་རྒྱས་བྱེ་བ་ཕྲག་བཅུ་གཅིག་གིས་མངོན་པར་བསྔགས་པའི་གཟུངས་སྔགས་དང་སྙིང་པོ་ཡི་གེ་དྲུག་པ་འདི་ཉིད་ལན་གཅིག་ཙམ་འཛིན་པས་ཀྱང་བསྐལ་བ་བཞི་ཁྲིའི་འཁོར་བ་བསྙིལ་བར་གསུངས་ཤིང་། གཞན་ཡང་མཚན་རབས་ཡོངས་སུ་བསྟན་པའི་མདོ་ལས།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་ཐོས་པ་ཙམ་གྱིས་ཚེ་འདིའི་ཉེས་པ་ལས་སྐྱོབ། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། ཞེས་དང་། པདྨ་ཅོད་པཎ་གྱི་རྒྱུད་ལས། ང་ཡིད་ལ་བྱས་ནས།ཨོཾ་མ་ཎི་པདྨེ་ཧཱུཾ་ཞེས་པའི་རིགས་སྔགས་འདི་བཟླས་པའི་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ཡིན་པ་དེས། ལན་གཅིག་བཟླས་བརྗོད་བྱེད་དམ། ཡིད་ལ་བྱས་ནས་ལུས་ལ་བཅངས་ན། མཚམས་མེད་པ་ལྔ་དང་། དེ་དང་ཉེ་བ་ལྔ་དང་།སྡིག་པ་ཐམས་ཅད་བྱང་ནས། སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོའི་སྐྱེ་གནས་དང། མི་ཁོམ་པའི་གནས་བརྒྱད་སྤངས་ཤིང་ལུས་ངག་ཡིད་གསུམ་སྡུག་བསྔལ་བར་མི་འགྱུར་རོ། གཅན་གཟན་དང་། སྲིན་པོ་དང་། མི་དང་མི་མ་ཡིན་པ་ཐམས་ཅད་དང་ནད་ཐམས་ཅད་དང་། འཇིག་པ་ཐམས་ཅན་ལས་ཐར་བར་འགྱུར་རོ།ཆོས་ཀྱི་སྐུའི་དོན་རྟོགས་ནས་གཟུགས་ཀྱི་སྐུ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བར་འགྱུར་རོ། ཞེས་དང་། ཟ་མ་དོག་དཀོན་པའི་མདོ་ལས་ཀྱང་། ཡི་གེ་དྲུག་པ་འདི་ལག་གིས་རེག་པ་དང་། ལྟ་བར་བྱེད་པ་དང་། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་དག་གིས་མཐོང་བ་ཙམ་གྱིས་སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔར་སྒྱུར་རོ། ཞེས་འཕགས་པའི་སྐུ་ལན་གཅིག་ཙམ་སྒོམ་པ་དང་།མཚན་ལན་གཅིག་ཙམ་ཐོས་པ་དང་། ཡི་གེ་དྲུག་པ་ལན་གཅིག་ཙམ་འཛིན་པ་དང་། ཡིག་འབྲུ་བྲིས་པ་མིག་གིས་མཐོང་བ་དང་། ལག་གིས་རེག་པ་ཙམ་ལ་ཡང་གཟའ་དང་། གཤིན་རྗེ་གཅན་གཟན་མ་རུངས་པ། ནད་པ་སོགས་པ་མི་དང་མི་མ་ཡིན་གྱི་འཚེ་བའི་འཇིགས་པ་ཐམས་ཅད་ལས་སྐྱོབས་ཅིང་། ཚེ་དཔལ་འབྱོར་བ་མཐུ་སྟོབས་ལ་སོགས་པའི་ཚེ་འདིའི་འདོད་དོན་རྣམས་ཡིད་བཞིན་ཏུ་འགྲུབ་པ་དང་། མཚམས་མེད་པ་ལྔ་ལ་སོགས་པའི་སྔོན་བསགས་ཀྱི་སྡིག་པའི་ལས་ཤིན་ཏུ་ལྕི་བ་རྣམས་ཀྱང་བྱས་ནས། བདེ་འགྲོའི་རྟེན་བཟང་བརྒྱུད་མར་ཐོབ་སྟེ། འཕགས་པའི་ཞལ་མཐོང་བ་ལ་སོགས་པའི་ཕན་ཡོན་མཐའ་ཡས་བ་འབྱུང་པར་གསུང་ན། ལྷག་པའི་ལྷ་འདི་ཉིད་ཀྱི་རྣལ་འབྱོར་རྒྱུད་དོན་དང་མཐུན་པར་ཚུལ་བཞིན་ཉམས་སུ་བླངས་ཤིང་བཟླས་བརྗོད་ལ་བརྩོན་ན་དེ་ལས་ཆེས་ལྷག་པའི་ཕན་ཡོན་ཐོབ་པ་ལྟ་ཅི་སྨོས།  གཞན་ཡང་། ཡིག་དྲུག་གི་དོན་ཞིབ་པར་བཀྲལ་ན། ཐུན་མོང་བའི་ལམ་གྱི་གཙོ་བོ་རྣམ་གསུམ་དང་། ཐུན་མོང་མ་ཡིན་པ་རྒྱུད་སྡེ་འོག་མའི་ལམ་མཚན་བཅས་ཚན་མེད་བླ་མེད་ཀྱི་ལམ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དང་། སྒྱུ་ལུས་འོད་གསལ་ཟུང་འཇུག་སོགས་མདོར་ན་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའི་གནད་ཐམས་

ཅད་འདིར་འདུ་བས་ན། འདི་ཉིད་ཀྱི་ཉམས་ལེན་ལ་ཚུལ་དང་མཐུན་པར་གཞོལ་ཞིང་། བཟླས་བརྗོད་ལ་བརྩོན་ན། ཆོས་ཕུང་བརྒྱད་ཁྲི་ བཞི་སྟོང་གི་དོན་བསམ་ཞིང་སྒོམ་པའི་ཕན་ཡོན་ཐོབ་ཅིང་། ཕྱི་མར་ཡང་འཕགས་མཆོག་ཉིད་ཀྱིས་དངོས་ཀྱི་དགེ་བའི་བཤེས་གཉེན་མཛད་དེ། གསུངས་གི་བདུད་རྩིར་ལོངས་སུ་སྤྱོད་པའི་སྐལ་བཟང་མངོན་དུ་གྱུར་ནས་ཐར་བ་དང་། ཐབས་ཅད་མཁྱེན་པའི་དཔལ་ཆེན་པོར་ཡང་རིང་བོར་མི་ཐོག་པར་རེག་པར་འགྱུར་བ་གདོན་མི་ཟ་བས་ལམ་བཟང་འདི་ཉིད་ལ་

བསྟེན་ནས་དལ་བའི་རྟེན་ལ་སྙིང་བོ་སླར་སྨྲས་པ། དེ་ལྟར་ལྷག་བསམ་དབྱུ་གུ་ཡིས། བསྐུལ་བའི་ལེགས་བཤད་གསེར་གྱི་རྔ། སྙན་དགུར་འཁྲོས་བས་ཡིད་ཅན་ཀུན།ཀུན་རྨོངས་གཉིད་ལས་ལྡང་གྱུར་ཅིག་གཅེས་རྒྱལ་ཀུན་ཐུགས་རྗེའི་ཕུང་བོ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་ཡི་གེ་དྲུག་པའི་ཕན་ཡོན་དང་།ཆོས་ཀྱི་ཆེ་བ་བཅས་ཚིག་ཉུང་དོན་ཚང་གོ་བདེར་འཁོར་པ་འདི་ལྟ་བུ་ཞིག་དགོས་ཞེས་རྩེ་མཁན་འགྲོན་ཆེ་བ་ཕོ་ལྷ་བ་ཐུབ་བསྟན་འོད་ལྡན་ནས་རྟེན་བཅས་ཇི་ལྟར་བསྐུལ་བ་ལྟར། པད་དཀར་འཆང་བའི་སྐྱེ་མིང་བས།

རྩོམ་པ་པོ།:xzsn521 སྤེལ་དུས་:2011-7-21 18:05:00

ལག་པའི་གྲིབ་གཟུགས་ཀྱི་སྲོག་ཆགས་བཟོ་སྟངས།

༡、གླང་ཆེན།

༢、ཁྱི་མགོ།

༣、སྤྱང་ཀི།

༤、བྱ་རྒོད།

༥、རྔ་མོང་མགོ།

༦、མི་མགོ།

༧、ལུག།

༨、རི་བོང་།

༩、རུས་སྦལ།

༡、ཨ་ཙེ།

༡、ཕག་མགོ།

རྩོམ་པ་པོ།:xzsn521 སྤེལ་དུས་:2011-7-3 19:21:53

ཕབ་ལེན་དྲ་ཚིགས།   http://www.moxiu.com/theme/11651941-诺基亚藏式主题

ཕབ་ལེན་དྲ་ཚིགས།   http://www.moxiu.com/theme/11654337-含有藏文字幕的主题

ཕབ་ལེན་དྲ་ཚིགས། http://www.moxiu.com/theme/11651798-诺基亚藏式主题

ཕབ་ལེན་དྲ་ཚིགས། http://www.moxiu.com/theme/11661537-藏式主题

སྔོན་མ་གསུམ་ལ་འཚམ་པ་ནི། 诺基亚 5802xm, 5530xm, 5230, 5900xm, N97, 5800xm, N97mini, X6, 5233, 5235, C6-00, 5250, 5228, 5800w, C6, N8-00, C6-01, C7-00, E7-00, 5232, C5-03; 三星 i8910, i8910U; 索尼爱立信 Satio, U1i, Vivaz, U5i, Vivaz pro, U8i, U1i Satio;

རྗེས་མ་གཅིག་ལ་འཚམ་པ་ནི།诺基亚 E61, E62, E71, E63, E72, 6760s, E5-00, X5-01, E73, E71x; LG KT610;

 

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-7-1 12:45:29
ལུག་ཚེ་ཐར།
ཚེ་རིང་ནོར་བུ།

   ཁྱེད་ཀྱི་ལུས་ཟུང་རིད་ནས་རུས་པ་དག་འབུར་ཞིང་མིག་ཟུང་ལྐོག་ཏུ་ལྷུང་ཡོད་ལ། ལུས་ཀྱི་གོན་པ་རྣམས་ཧྲལ་ཧྲིལ་དུ་གྱུར་འདུག་པས་ལོ་ན་འགྲེས་པའི་རྒན་པོ་ངས་རོགས་ཅི་ཞིག་ཐུབ།  མཚོ་མོའི་མདོག་ལྟར་སྔོ་བའི་སྐྲ་ལོ་དེ་ཁྱེད་ཀྱི་དབྲལ་བར་དཀྲིས་རིས་བརྒྱབ་ཅིང་ཡལ་ག་སྐམ་པོ་དང་འདྲ་བའི་ལག་གཡས་དེ་བསྲིངས་འོང་སྟེ་རྩུབ་ཅིང་ཧྲག་པའི་འཛུབ་མོ་རྣམས་ངའི་གཉེར་རིས་ཀྱིས་བཀང་བའི་གདོང་ལ་རེག་པས་གདོང་ཡོངས་ཚ་བསྲེགས་ཀྱི་ཚོར་བ་རྣོན་པོ་ཞིག་གིས་ཁྱབ་འོང་། ངས་ཁ་ཅུང་གདངས་ཤིང་སེམས་ལ་བཟོད་དཀའ་བའི་སྡུག་བསྔལ་ཞིག་སྐྱེས།  ཁྱོད་ཅིའི་ཕྱིར་འདི་ལྟའར་གྱུར་སོང་བ་རེད། ངས་ཡིད་སྐྱོ་བའི་ངང་དེ་ལྟར་དྲིས། མུན་ཁུང་དང་འདྲ་བའི་ཁྱེད་ཀྱི་མིག་ཟུང་ལས་ཁྲག་གི་མཆི་མ་ཁ་ཤས་བརྡོལ་འོང་ཞིང་། ཁྱེད་ཀྱི་སྐད་ངག་འདར་བཞིན་ང་དམྱལ་བ་ལྷུང་སོང་བས་བཟོད་བླགས་མེད་པའི་མནར་གཅོད་དྲག་པོ་མྱོང་བཞིན་ཡོད་ཅེས་ལན་འདེབས་བཞིན་བོད་ལའི་ཕུ་རུང་ཕུད་ནས་ཚིལ་ལེན་གྱི་འདབས་ཁ་ཡར་བརྫེསཔ་ན།        ཨ།  དཀོན་མཆོག་གསུམ་གྱིས་མཁྱེན།  ཁྱེད་ཀྱི་བྲང་གི་ནུ་མ་ཟུང་དེ་སུ་ཞིག་གིས་དྲས་སོང་། ཤ་ཁྲག་གི་དབྱེ་མཚམས་མི་གསལ་བའི་རྨ་ཁ་རུ་འབུ་སྲིན་ཕྲ་མོ་འགའ་ལང་ལོང་དུ་འགུལ་བཞིན་འདུག།  དམར་ཆིལ་ཆིལ་གྱི་ཁྲག་ཐིག་རེ་རེར་མར་འགྲིལ་ནས་འོང་ཞིང་ངའི་སྣ་ལམ་དུ་རུལ་དྲི་བཟོད་དཀའ་བ་ཞིག་ཐུལ་འོང་། ངའི་སེམས་ཁམས་དེ་གློ་བུར་ཡར་ལ་བཀྱགས་ཤིང་སྐྱོ་གདུང་གི་མིག་ཆུ་འགའ་ས་རུ་ཐོར། ཁྱེད་ཀྱིས་འཇིག་རྟེན་མི་ཡུལ་ནས་གསོལ་བ་ཡང་ཡང་བཏབ་སྟེ་ངས་བསག་པའི་ལས་ཀྱི་སྡིག་སྒྲིབ་ཐམས་ཅད་འདག་པར་བྱས་རྗེས་ང་མྱུར་དུ་སྐྱེ་བ་གཞན་དུ་འཕོ་རུ་འཇུག་དགོས་ཞེས་ཁྱེད་ཀྱིས་དེ་ལྟར་བཤད་བྱུང་། ངས་ཁྱོད་ཀྱི་འཁྱགས་པ་རྡོར་ལྟར་གྱུར་བའི་ལག་པར་དམ་དུ་འཇུས་ནས་ངའི་བྲང་ཁར་བརླན་ཞིང་དྲག་ཏུ་ལྡིང་བཞིན་པའི་སྙིང་ཁམས་འདིས་ཁྱེད་ཀྱི་ལག་ཟུང་བསྲོ་ཐུབ་ན་བསམ།  བྱ་ཕོ་གྲགས་ལ་ཉེ་བས།  ད་ང་འགྲོ་རན་སོང་།  ཞེས་ཁྱེད་ཀྱི་གདོང་ཡོངས་ཞེད་སྣང་གིས་ཁེངས་ནས་དེ་ལྟར་ལབ་བྱུང་།  འདི་ནི་གྲོང་ཁྱེར་ཡིན་པས་ཚང་མས་ཁྱིམ་བྱ་གསོ་ཀིན་མེད། དེའི་ཕྱིར་ཁྱེད་ཀྱིས་བྱ་སྐད་ཐོས་མི་སྲིད་ཅེས་ལན་བཏབ་མ་ཐག། ཁྱེད་ཀྱི་ལག་པ་དེ་ངའི་ལག་མཐིལ་ནས་འཁྱགས་རོམ་བཞིན་ཞི་ཞིང་གཟུགས་གཞི་ཡོངས་རྫོགས་དུ་སྤྲིན་ཕུང་བོ་ཞིག་གི་ཁྲོད་ནས་མི་སྣང་བར་གྱུར།
 བཟང་མོ།  ངས་སྐད་ཤུགས་ཆེན་པོས་ཁྱེད་ལ་བོས།
 འབོད་སྒྲ་དེས་ང་རྨི་ལམ་ཁྲོད་ནས་སད་དུ་བཅུག་ཅིང་ལུས་ཡོངས་སུ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར། མིག་ཕྱེ་བ་ན་མཚན་མོའི་སྨག་རིམ་སྟུག་པོ་ཞིག་གིས་ང་ཡོངས་སུ་གཡོགས་འདུག་པས་ཅི་ཡང་མཐོང་མི་ཐུབ། སྙིང་དེ་རྔ་རྡུང་བ་ལྟར་ཏིག་སྒྲ་གྲག་ཀིན་འདུག།  ང་ཡར་ལངས་ནས་གློག་སྒྲོན་དེ་ཐག་སེ་བཀར་བ་ན། ཆ་སྒམ་དང་བརྙན་འཕྲིན། གློག་རྫ་དང་ཤིང་དཀར་སོགས་གློག་སྒྲོན་འོག་ནས་གསོན་ཤུགས་རྒྱས་ཤིང་། དེ་ཚོས་རྣམ་རིག་གྲིམ་གྲིམ་གྱིས་ང་ལ་ཅེར་འདུག། ཁྱོད་མཐོང་རྒྱུ་མེད་ལ།  ང་ལ་བསྐྱུར་བ་ནི་འཇིགས་སྣང་གི་རྨི་ལམ་ཁོ་ན་རེད།  མིན།  དེ་ནི་རྨི་ལྟས་ཡིན་ངེས་ཏེ།  ཁྱེད་ཀྱིས་ང་ལ་བསམ་གཟས་ནས་རྨིས་སུ་བཅུག་པའི་རྨི་ལྟས་ཡིན་སྲིད།  ད་ཅིའི་རྣམ་པ་དེ་དངོས་སུ་བྱུང་བའི་དོན་དག་ཞིག་དང་མཚུངས་བར་ངའི་དབུགས་ཀྱང་གཏོང་ལེན་དཀའ་བ་གྱུར།  བྲེལ་འཚུབ་ལངས་རྗེས་ངའི་ཕོ་བ་ན་བའི་ཟུག་གཟེར་བསྲོན་དཀའ་བས་ལག་པས་ཕོ་ཁ་མར་མནན་རྗེས་དལ་བུར་དབུགས་རིང་ཞིག་བླངས། ཅུང་མ་འགོར་བར་ན་ཟུག་རིམ་ཀྱིས་འཇགས་ཤིང་ང་སླར་ཡང་རྨི་ལམ་དེའི་ཁམས་སུ་ཁྲིད་སོང་།  
   ཁྱེད་འདས་ནས་ལོ་ངོ་ཉི་ཤུ་འགོར་སོང་། ལོ་ངོ་ཉི་ཤུའི་རིང་ཁྱེད་སྐྱེ་བ་སྤར་མ་ཐུབ་པར་ལུས་འདུག།  འདི་་་་དངོས་ནས་ངའི་བློ་ཡུལ་དུ་ཤར་མ་མྱོང་བ་ཞིག་རེད། ཁྱེད་འཇིག་རྟེན་དཀར་ངོགས་དང་གྱེས་རྗེས།  ང་སྔར་བཞིན་ཉི་མ་རེ་རེར་སྐོར་བ་འགྲོ་བ་དང་དུས་ཆེན་སྐབས་སུ་མཆོད་མཇལ་བྱེད་པ། སྔར་བཞིན་ཡར་དཀོན་མཆོག་ལ་མཆོད་པ་དང་མར་སྤྲང་བོ་ལ་སྦྱིན་པ་བཏང་ནས་ཡོང་།   འདི་ལྟར་གྱུར་ཚེ་ངས་ད་དུང་སྒྲུབ་ནོ་མ་འདང་བ་ཨེ་རེད།  ཁྱེད་ཀྱིས་ད་ལྟའི་བར་དུ་སྡུག་མྱོང་བས་ངའི་ཡིད་སེམས་སྐྱོ་གདུང་གིས་མནར་བར་གྱུར།  ད་ནངས་སྔ་མོར་ངས་གཙུག་ལག་ཁང་ནས་ཁྱེད་ལ་ཚ་བསུར་བཏང་ཞིང་།  དེ་ནས་ཉེ་འཁོར་གྱི་ལྷ་ཁང་ཆེ་ཆུང་ཀུན་ལ་སོང་ནས་མཆོད་མེའི་མཆོད་ཁ་གསོས་ནས་ཁྱེད་རང་མྱུར་དུ་ལུས་རྟེན་ཐོབ་པའི་སྐྱབས་མཇུག་བྱས།  ང་རྩ་བ་ནས་གཉིད་མི་ཁུགས་པས་དྲ་མའི་གཡོལ་བ་ཕྱེ་ནས་ཕྱི་རུ་བལྟས་པ་ན།  ཕྱི་རོལ་ཐམས་ཅད་ནག་ཐོམ་མེར་འདུག  དྲ་མའི་ཤེལ་ངོས་སུ་གཉེར་རིས་ཀྱིས་ཁེངས་པའི་སྐམ་རིད་ཀྱི་ངོ་གདོང་ཤིག་མངོན་ཡོང་ལ།  དེ་ནི་ཅི་འདྲའི་རྒས་འཁོགས་དང་མི་སྡུག་པ་ཞིག་རེད་ཨང་།  འདི་ནི་ད་སྐབས་ཀྱི་ང་ཡིན་པ་རེད།  ང་འཆི་བ་དང་ཇི་འདྲའི་ཐག་ཇེ་ཉེ་རུ་གྱུར་འདུག།  དགོང་མོར་ཉལ་ཐེངས་རེར་ངས་ཕྱི་ཉིན་རང་ཉིད་སད་ནས་ཡར་ལངས་རྒྱུ་ཡོད་མེད་ཀྱང་རྟོགས་དཀའ་འདུག  སྤྱིར་བཏང་གི་མི་ཚེ་འདིར་ང་ལ་འཁྲེང་ས་ཞེན་ཡུལ་ཅི་ཡང་མེད་ལ།  ནམ་ཉི་མ་དེར་གློ་བུར་དུ་འཆི་བར་སྒུག་རྒྱུ་ལས་འོས་མེད།  ངས་མགོ་བོ་ཡར་བཀྱགས་ནས་གྱང་ངོས་སུ་བཀལ་བའི་དུས་ཚོད་ལ་བལྟས་པ་ན། ཐོ་རེངསཀྱི་ཆུ་ཚོད་ལྔ་ཙམ་ལས་སླེབས་མེད་པས་ད་དུང་ནམ་ལངས་རྒྱུར་ཆུ་ཚོད་གཉིས་ཙམ་ཡོད་པ་རེད།  ང་མལ་ལས་ལངས་ཏེ་ཁ་ལག་གཙང་མ་བཀྲུས་རྗེས་ཆུ་སྦུག་ལས་ཆུ་འགོ་མར་བླངས་ནས་མཆོད་ཁང་དུ་མཆོད་པ་བཤམས་ཤིང་སྤོས་སྒྲོན་ནས་ལག་ཟུང་ཐལ་མོ་སྦྱོར་བཞིན་དཀོན་མཆོག་གསུམ་གྱི་བྱམས་དང་སྙིང་རྗེའི་ཐུགས་བསྐྱེད་ཟབ་མོས་ཁྱེད་ཀྱི་རྣམ་ཤེས་དག་པའི་ཞིང་དུ་འཕོ་བར་ཤོག་ཅེས་གསོལ་བ་བཏབ།
   ངས་མཆོད་མེ་དང་ཁ་བཏགས། ཆང་དཀར་སོགས་ཁུག་མ་ཞིག་ཏུ་བཅུག་སྟེ་སྒོར་བུད། ང་ལམ་སྒྲོན་གྱི་འོད་སྣང་ཁྲོད་གླིང་སྐོར་དུ་ཕྱིན་པ་ཡིན་ལ། ལམ་གང་བོར་ལོ་ན་བགྲེས་པའི་དད་ལྡན་རྒན་རྒོན་ཚོས་ལག་མི་དལ་ཕྲེང་བ་བགྲངས།  ཁ་མི་དལ་མ་ཎི་འདོན་བཞིན་གོམ་སྟབས་ཡང་མོས་ངའི་གམ་ནས་མྱུར་སྟབས་ཀྱིས་བཞུད་འགྲོ།  ཉིན་མོའི་ཟང་ཟིང་གི་འཛེར་སྒྲ་དེ་ད་ལྟ་ཡོངས་སུ་འཇགས་འདུག་ལ། རླངས་འཁོར་རེ་གཉིས་བྱ་འཕུར་བ་ལྟར་བཞུད་འགྲོ་བ་ལས་གཞན་གསོལ་འདེབས་ཀྱི་སྒྲ་དབྱངས་ལྷང་ལྷང་རེར་ཡུལ་འདིའི་མཁའ་དབྱིངས་སུ་ཁྱབ་འདུག  འེ།  སྐབས་འདི་ཤེད་ལ་མཚོན་ན་མི་དང་ལྷའི་བར་ཐག་ཆེས་ཉེ་བའི་དུས་ཤིག་ཡིན་ལ།  མིའི་སེམས་དེ་ཟོལ་མེད་རྣམ་དག་ཏུ་གྱུར་བས་གསོལ་འདེབས་ཀྱི་ཚིག་འབྲུ་རེ་རེ་ཡང་དད་པ་དག་སྣང་ནས་བྱུང་བ་ཞིག་རེད།  ཁྱེད་ཀྱིས་ལྟོས་དང་མདུན་ཕྱོགས་ཀན་ན་དབུ་སྐྲ་དུང་ལྟར་དཀར་བའི་ཨ་མ་བགྲེས་མོ་ཞིག་གིས་གོམ་པ་རེའི་མཚམས་ནས་མགོ་བོ་མར་སྒུར་ནས་བརྐྱང་ཕྱག་འཚལ་བཞིན་མཆིས། ཡང་ཅིག་ལྟོས་དང་མ་ཎིའི་འཁོར་ལོ་བསྐོར་བཞིན་པའི་རྒན་པོ་དེའི་གཞུག་ན་ཧྭ་པ་ཆུང་ཆུང་ཞིག་གིས་རྩེད་འཇོ་རོལ་བཞིན་འདུག  ལམ་གང་བོར་ཁོའི་རྐེད་ཀྱི་དྲིལ་ཆུང་དེའི་སིལ་སྒྲ་སང་སིང་དུ་མཆེད་ཡོང་། ཉམས་དགའ་བའི་རྣམ་པ་འདི་དག་གིས་ངའི་སེམས་ཁམས་ལྷིང་འཇགས་སུ་བཏང་ཞིང་། ང་ལ་རེ་བའི་འོད་སྣང་ཞིག་མཐོང་དུ་བཅུག    བཟང་མོ།  ཁྱེད་ཀྱིས་ཉོན་དང་། ལམ་གང་བོར་ངས་སློབ་དཔོན་པད་མ་འབྱུང་གནས་ལ་གསོལ་བ་བཏབ་ཏེ་ཁྱེད་རང་མྱུར་་དུ་ཚེ་འཕོ་བའི་ལམ་སྣ་འདྲེན་པའི་སྨོན་ལམ་བཏབ་པ་ཡིན།  དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ།  དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། བར་ཆད་ཀུན་སེལ་བདུད་འདུལ་དྲག་པོའི་རྩལ།  གསོལ་བ་འདེབས་སོ་ཇི་བཞིན་དངོས་གྲུབ་སྩོལ། ཨོ་བཛྲ་གུ་རུ་པད་མ་སིངྷོ་ཧོ།  
  ཁྱེད་ཀྱིས་ལྟོས་དང་།  གནམ་སྔོན་སྐྱ་གསལ་ལེར་གྱུར་ཅིང་བརྗིད་ཅིང་ཆགས་པའི་པོ་ཏ་ལ་དེ་ངའི་མིག་ལམ་དུ་ཀྲོང་ངེར་འགྱིངས་འདུག           རི་འདབས་ཀྱི་རྩེ་སྐོར་ལམ་དུ་སྐོར་བ་འགྲོ་མཁན་འཐག་འདྲེན་པ་བཞིན་རྒྱུ་ཞིང་། གསོལ་འདེབས་ཀྱི་སྒྲ་དབྱངས་དང་སྔོ་ལྷོག་ལྷོག་གི་བསང་དུ་མཁའ་ལ་མཆེད་ཀྱིན་འདུག       གྱང་ཟུར་ན་དྲང་ཐད་དུ་ལངས་པའི་མ་ཎིའི་གསེར་འཁོར་ཆེན་མོ་དེ་མི་ཚོས་བསྐོར་བའི་སྒྲ་ཤུར་ཤུར་དུ་གྲག་གིན་འདུག ང་རང་ཐང་ཆད་པས་ལུང་བང་ཐན་གྱི་རྡོ་ཐེམ་ཤིག་ཏུ་ངལ་གསོས་ཤིང་།  མི་ཚོའི་བྲེལ་ཟིང་གི་གཟུགས་བརྙན་དང་དད་པའི་རྣམ་འགྱུར་ལ་བལྟས་ནས་བསྡད།  འདི་ནས་ཙོག་རྗེས་ངས་ཁྱེད་རང་དྲན་བྱུང་ལ། འཇིག་རྟེན་འདིར་གསོན་ཡོད་པ་ནི་ཇི་འདྲའི་བདེ་སྐྱིད་ཅིག་རེད་ཨང་སྙམ་བྱུང་། གོ་སྐབས་ཡོད་ཚེ་ངས་རང་ཉིད་དང་ཁྱེད་ཀྱི་ཆེད་དུ་ལས་ཀྱིས་བསག་པའི་སྡིག་སྒྲིབ་ཐམས་ཅད་འདག་ཐབས་བྱེད་ངེས་ལ།  གལ་སྲིད་གློ་བུར་དུ་འཆི་བའི་དུས་ལ་སླེབས་ཀྱང་།  ང་མི་སྐྲག་སྟེ།       ཡུན་ཐུང་གི་མི་ཚེ་འདིའི་ནང་ངས་འཆི་བར་གདོང་གཏོད་ཕོད་པའི་སེམས་ཁམས་གཤིན་སྦྱངས་བྱས་ཡོད་།  འཆི་བས་ང་ལ་སྐྱོ་གདུང་དང་འཇིགས་སྐྲག་སྐྱེས་སུ་འཇུག་མི་སྲིད། དེ་ནི་ཚེ་སྲོག་གི་བཞུར་རྒྱུན་ཅིག་མཇུག་རྫོགས་པ་ཙམ་ལས་མཐར་ཐུག་དེ་མ་ཡིན་ལ། རྣམ་ཤེས་དེ་ད་དུང་མུ་མཐུད་དུ་འཁོར་བ་ནས་སྐྱེ་བ་ཡང་ཡང་བླངས་ཏེ།  མཐར་སྒྲིབ་གཉིས་ཀྱི་མུན་པ་སེལ་ཞིང་འཚང་རྒྱལ་བ་རེད། སླར་ཡང་ངའི་སྣང་བ་དགའ་ཡལ་ལེར་གྱུར།  ཆུ་བྱའི་དཀྲོགས་སྐད་དེས་ངའི་བསམ་གཞིག་གི་གོམ་རིམ་འཁྲུག་པར་བྱས།
   ཕོ་བྲང་པོ་ཏ་ལ་ནི་སྔ་མོ་ནས་ཞོགས་པའི་མཚམས་སྤྲིན་གྱི་གོས་ལྭ་སེར་བོས་ཡོངས་སུ་གཡོགས་འདུག  དུས་ཚོད་ཡུན་རིང་ཞིག་ལོན་འདུག་པས་ང་གཙུག་ལག་ཁང་དུ་མཆོད་མཇལ་དང་ཚ་བསུར་གཏོང་བར་སོང་། གཙུག་ལག་ཁང་གི་གྲྭ་བ་དེས་མྱུ་གུར་གསེར་ཚོན་ནང་བསྒྲེ་ཙམ་བྱས་རྗེས་ཁྱེད་ཀྱི་མིང་དེ་ཤོག་བུ་མདོག་དམར་བོ་ནར་རིང་ཞིག་གི་ཐོག་ཏུ་བྲིས་ཤིང་།  ཇོ་བོ་ཤྰཀྱ་མུ་ནེའི་སྐུ་བརྙན་མདུན་གྱི་མཆོད་ཀོང་དུ་བསྲེགས།  དལ་བུར་འཕགས་པའི་དུ་སྤྲིན་ཁྲོད་དུ་ངས་ཁྱེད་ཀྱི་ངལ་དུབ་དང་ཉམ་ཐག་པའི་ངོ་གདོང་དེ་མཐོང་བྱུང་། ངའི་བྲང་ཁ་སྐད་ཅིག་ཉིད་ལ་སྲ་དི་བེ་སོང་ཞིང་དབུགས་ཀྱང་གཏོང་དཀའ་བར་གྱུར།   ཚ་བསུར་བཏང་ཚར་སོང་།  ཁྱེད་ཀྱིས་ཇོ་བོའི་མདུན་ནས་དད་པ་རྩེ་གཅིག་གིས་གསོལ་བ་ཐོབ། གྲྭ་བས་དེ་ལྟར་གསུངས་བྱུང་།  ངས་བྲང་ཁ་ལག་པས་སྐྱོར་བཞིན་མཆོད་མེ་གྲྭ་བའི་ལག་ཏུ་བཞག་སྟེ་ལྕགས་ལེབ་དཀར་བོས་བཏུམས་པའི་སྐས་ཐེམ་ལ་འགོས་ནས་ཇོ་བོར་ཁ་བཏགས་འཐེན་པ་དང་ཇོ་བོའི་ཞབས་གཡས་པར་ཐོད་པ་གཏུགས་ཏེ་ཁྱེད་ལ་སྨོན་ལམ་བཏབས།  
   ང་སླར་ཡང་མཐའ་འཁོར་གྱི་ལྷ་ཁང་ཆེ་ཆུང་ཀུན་ལ་སོང་ནས་ཆོས་སྐྱོང་སྲུང་མ་རྣམས་ལ་ཆང་དང་ཤོག་དངུལ་ཕུལ། ཡོད་ཚད་མཇལ་ཚར་དུས་ཉིན་གོང་དུ་ཐུག་ལ་ཉེ་བས་ངས་ད་གཟོད་རང་ཉིད་ཁ་སྐོམ་ཞིང་ཕོ་བ་ཡང་ལྟོགས་ཡོད་པ་ཚོར་བས་མངར་ཇ་གསོལ་ཁང་ཞིག་ཏུ་འཛུལ།  འདི་རུ་ཡུལ་གཞན་ནས་ཕེབས་པའི་ཡུལ་སྐོར་བ་ཤིན་ཏུ་མང་ལ། ཁོ་ཚོས་ལྷོད་ཆ་ལྡན་ཤིང་ཁུག་མ་མང་བའི་གོན་པ་དེ་རིགས་གྱོན་པ་རེད། ཁོ་ཚོའི་ཁྲོད་ཀྱི་བུ་མོ་ཞིག་ངའི་གམ་དུ་བཅར་ཏེ་ང་དང་ཁོ་མོ་གཉིས་ཀས་མཉམ་པར་ཞིག་རྒྱག་རྒྱུའི་རེ་བ་བཏོན་བྱུང་བས།  ང་འཛུམ་བཞིན་དང་ལེན་བྱས། ངས་ཕྱེ་ཐུག་དང་མངར་ཇ་འཐུང་ཚར་མོད་ཡུལ་སྐོར་བ་དེ་ཚོས་ད་དུང་དགའ་སྤྲོའི་གླེང་མོལ་བྱེད་བཞིན་བསྡད་འདུག་པས།  ང་དལ་བུར་སྒོར་བུད།  
  མངར་ཇ་གསོལ་ཁང་ནས་སྒོར་ཐོན་ཏེ་སྲང་ལམ་དོག་མོར་ཞིག་བརྒྱུད་པ་ན་ཕ་ཡུལ་ཀན་སུའུ་ནས་ཡིན་པའི་སྐྱེ་བ་ཞིག་དང་འཕྲད།  ཁོས་སྨྲ་ར་རིང་བོ་བསྐྱུར་ཅིང་མགོར་ཞ་མོ་མདོག་དཀར་བོ་ཟླུམ་དབྱིབས་ཅན་ཞིག་གྱོན་འདུག་ལ།  ལག་ཏུ་མ་མོ་བཞི་ཁྲིད་འདུག་ཚུལ་ལ་བལྟས་ན་ཁོ་ནི་ཤ་འཚོང་རྒྱག་མཁན་ཞིག་ཡིན་པ་ཤེས་ཐུབ། ཀན་སུའུ་བ་དེ་ངའི་གམ་ནས་འགྲོ་སྐབས་མ་མོ་གཅིག་གིས་རྐང་བ་གཉིས་མདུན་དུ་གཏད་དེ་ཅི་བྱས་ཀྱང་མི་འགྲོ་ལ།  མ་མོ་དེའི་གདོང་ང་ལ་འཁོར་བཞིན་ཡང་ཡང་འབའ་ཅིང་།  འབའ་སྐད་ལས་ཉམ་ཐག་པའི་རྣམ་པས་ཁེངས་འདུག  ངས་ཡང་བསྐྱར་མ་མོ་དེའི་གདོང་ལ་བལྟས་རྗེས།  ངེད་གཉིས་སྔར་ནས་གོམས་འདྲིས་སུ་སོང་བ་ཇི་བཞིན་ལུས་ཧྲིལ་བོར་བརྩེ་མདངས་ཟབ་མོ་ཞིག་གིས་ཡོངས་སུ་བཏུམས་སོང་།  ཀན་སུའུ་བ་དེས་མདུན་ཕྱོགས་ནས་ཤེད་ཀྱིས་འཐེན་པས། མིག་ཟུང་དུ་མཆི་མ་འགྲིལ་བཞིན་པའི་མ་མོ་དེ་དྲུད་ནས་སོང་།  ཅི་ཡིན་འདི་ཡིན་མེད་པའི་ཧོལ་རྒྱུགས་ཀྱི་བསམ་བློ་ཞིག་ངའི་སེམས་ཁོངས་ནས་རྦ་རླབས་བཞིན་འཕྱུར་བས་བསམ་བཞིན་དུ་ཝེ་ཞེས་བོས་པ་ན།  ཀན་སུའུ་བ་དེས་སྐྲག་སྣང་གིས་ཕྱི་འཁོར་ནས་ང་ལ་བལྟས་འདུག  མ་མོ་འདི་དག་བཤའ་རྒྱུ་ཡིན་ནམ། ཞེས་ང་ཁོའི་མདུན་དུ་སོང་ནས་དེ་ལྟར་དྲིས།  འདིར་གནད་དོན་ཡོད་པ་ཨེ་རེད། ཀན་སུའུ་བ་དེས་ཐེ་ཚོམ་ངང་དེ་ལྟར་དྲིས་བྱུང་།  ངས་དེ་མ་ཐག་ཕྲེང་བ་སྐེད་ལ་བསྐོན་བཞིན་ལུས་པོ་མར་སྒུར་ཏེ་ད་སོ་མ་འབའ་བཞིན་པའི་མ་མོ་དེའི་མགོ་བོར་བྱིལ་བྱིལ་བྱས། ཁོའི་ལུས་པོ་འདར་སིག་སིག་བྱེད་ཅིང་མིག་ཟུང་སྐྱོ་གདུང་དང་འཇིགས་སྐྲག་གིས་ཡོངས་སུ་ཁེངས་འདུག་ལ།  ནག་རིལ་རིལ་གྱི་རིལ་མ་རྣམས་བསམ་དབང་དྲན་དབང་མེད་པར་ས་རུ་འཐོར་ཀྱིན་འདུག  མ་མོའི་འཇིགས་སྐྲག་དེས་ངའི་ཡིད་སེམས་རབ་ཏུ་སྒུལ་བས་སྙིང་རྗེའི་བརྩེ་བ་དྲོན་མོ་ཞིག་རང་དབང་མེད་པར་སེམས་གཏིང་ནས་འཕྱུར། བཟང་མོས་བསག་པའི་ལས་ཀྱི་སྡིག་སྒྲིབ་འདག་ཆེད་ངས་ད་ལྟ་བཤའ་རྩིས་བྱེད་བཞིན་པའི་མ་མོ་འདི་ཉོ་རྒྱུའི་སེམས་ཐག་བཅད།  རིན་གོང་སྒོར་དུ་རེད།  ངས་དེ་ལྟར་དྲིས་པ་ན།  ཅི་ཞིག།  ངའི་འདྲི་ཚིག་དེས་ཀན་སུའུ་བ་སོམ་ཉིའི་རྒྱ་རུ་ཚུད་དུ་བཅུག། མ་མོ་འདིའི་རིན་གོང་སྒོར་དུ་རེད།  ངས་ཡང་བསྐྱར་དེ་ལྟར་དྲིས།  བཙོང་རྒྱུ་མིན།  ངས་ཉོ་ཁོ་ཐག་ཡིན།  ངས་མ་མོ་འདི་ཚེ་ཐར་གཏོང་རྒྱུ་ཞེས་ངས་དེ་ལྟར་བཤད་པ་ན།  ཀན་སུའུ་བ་དེས་དང་ཐོག་ཡ་མཚར་བའི་ཉམས་ཀྱིས་ང་ལ་བལྟས་འདུག་ལ། དེའི་རྗེས་བསམ་གཞིགས་རིང་མོ་ཞིག་གི་ཁྲོད་དུ་ལྷུང་།  འོད་མདངས་ལམ་ལམ་མཚེར་བའི་ཉི་གཞོན་དེ་ཁོའི་གདོང་ལ་འཕྲོས་པས་གདོང་ཡོངས་དམར་ལམ་ལམ་དུ་གྱུར་འདུག  ཁོས་བཤད་རྒྱུར།  ངས་ཁྱེད་ཀྱི་བསམ་ཚུལ་ལ་བརྩི་བཀུར་བྱ།  ཁེ་སྦོགས་མ་བླངས་ཀྱང་ཆོག།   སྒོར་སུམ་བརྒྱ་སུམ་ཅུ་སྟེར་རྒྱུ་བྱོས་ཟེར།  ཁོའི་བསམ་ཚུལ་ལ་འགྱུར་ལྡོག་བྱུང་བས་ངའི་ཡིད་སེམས་དགའ་བློང་བློང་དུ་གྱུར་ཅིང་།  མགྱོགས་མྱུར་ངང་གློ་ཁུག་ནས་སྒོར་མོ་བླངས་ཏེ་ཁོ་བོར་བྱིན་པ་ཡིན།  ཀན་སུའུ་བ་དེས་སྒོར་མོ་གློ་ཁུག་ཏུ་བཅུག་རྗེས་མ་མོའི་འདོགས་ཐག་ངའི་ལག་ཏུ་གཏད་བྱུང་།  ཁོས་མ་མོ་གཞན་དག་ཁྲིད་ནས་སོང་།  
  མ་མོ་འདི་ང་དང་ལས་འབྲེལ་ཡོད་པས་ངས་ཁོ་ཚེ་ཐར་བཏང་བ་དེའང་སྐྱེ་བ་ཐོག་མའི་ཐོག་མ་ཞིག་ནས་ཁོས་བསག་པའི་རྣམ་དཀར་གྱི་དགེ་བ་དེ་སྐྱེ་བ་ད་ཐེངས་འདིར་སྨིན་སོང་བས་རེད། ངས་རང་དབང་མེད་པར་མ་མོ་དང་ཁྱེད་གཉིས་གཞི་གཅིག་ཏུ་འཁྲུལ་སོང་།  ཁྱེད་ཀྱིས་ངའི་སྐད་ཆར་སྣང་དོགས་བྱེད་ཀྱིན་མེད་པར་མ་མོ་གཞན་པ་ཚོའི་རྒྱབ་གཟུགས་ལ་ཅེར་ནས་ཡང་ཡང་འབའ་ཀྱིན་འདུག   ཀན་སུའུ་བ་དེས་ཕྱིར་བལྟས་ཙམ་ཡང་མི་སློག་པར་མ་མོ་གཞན་དག་དང་མཉམ་དུ་སྲང་ལམ་ཆུང་ཆུང་དེའི་སྣེ་རུ་རིམ་གྱིས་མི་མཐོང་བར་གྱུར་། ངས་ད་ལྟ་མྱུར་དུ་ཚེ་སྲོག་གཅོད་རྩིས་ཡོད་པའི་མ་མོ་དེ་དག་ལ་འཕངས་སེམས་སྐྱེས་ཤིང་།  སྐེད་ནས་ཕྲེང་བ་བླངས་ཏེ་མ་མོ་དེ་གསུམ་པོས་བར་དོ་ནས་འཇིགས་སྐྲག་མྱོང་མི་དགོས་པའི་སྨོན་ལམ་བཏབ།   གསེར་མདོག་གི་ཉི་འོད་རེ་རེར་ཁྱེད་དང་ངའི་ལུས་སྟེང་དུ་འཕྲོས་ནའང་།  ཉི་འོད་འདིས་ང་ཚོའི་སེམས་ཀྱི་ཟབ་སར་གནས་པའི་སྐྱོ་སྣང་གི་ན་བུན་དེ་ཕར་མཐར་བསྐྲོད་མ་ཐུབ།  ངའི་སྒོར་མོ་འདིས་ཁྱོད་ཁོ་ན་ལས་སྐྱོབ་མི་ཐུབ། འུ་གཉིས་ཀས་ད་དུང་འཚོ་བ་སྐྱེལ་རྒྱུར་འདང་རེ་རྒྱག་དགོས། ངས་དེ་ལྟར་བཤད་པ་ན།  ཁྱེད་ཀྱིས་མགོ་བོར་ཡར་བཀྱགས་པས་ངས་ཁྱེད་ཀྱི་མིག་མཐའ་ཡོངས་རྗོགས་མིག་ཆུ་དྭངས་མོ་ཞིག་གིས་ཁེངས་འདུག་པ་མཐོང་།  ང་བསྐྱར་དུ་མར་ཙོག་ནས་ཁྱེད་ཀྱི་འཇམ་སིལ་སིལ་གྱི་སྤུ་ཉག་རེ་རེར་བྱིལ་བྱིལ་བྱསཤིང་། བལ་སྤུའི་སྟེང་དུ་རྩྭ་ཕུག་དང་ས་འདམ་ཁ་ཤས་འབྱར་འདུག  ངོ་མས་ཡ་མཚན་རེད།  ངའི་ཀླད་པའི་ནང་བཟང་མོ་དང་ཁྱེད་གཉིས་ངོ་བོ་གཞི་གཅིག་ཏུ་འཁྲུལ་འདུག  ཁྱེད་ཀྱི་ལུས་སྟེང་ནས་བཟང་མོའི་རྔུལ་ཆུ་དང་དྲི་ཞིམ་འདྲེས་མའི་དྲི་མ་དེ་སྣོམ་ཐུབ་ལ།   ཡུན་རིང་ལོན་པའི་དྲི་མ་འདིས་ངའི་དབང་བོའི་ཚོར་ཤེས་ཀྱི་སྒོ་མོ་དྲག་ཏུ་རྡུང་བས་ང་རང་ཁྱེད་ལ་སྔར་ལས་ལྡབ་འགྱུར་གྱིས་གཅེས་པར་གྱུར། ངས་རང་གི་གདོང་བ་ཁྱོའི་ལུས་ཀྱི་སྤུ་གསེང་དུ་གླན་ཏེ་དགའ་མགུའི་མིག་ཆུ་འགའ་ས་རུ་ཟགས།  དབེན་འཇགས་ཀྱི་སྲང་ཆུང་དེ་རུ་ངེད་གཉིས་ཀྱིས་ཕན་ཚུན་སྐྱོར་ནས་འོང་ཞིང་།
  ངས་ཁྱེད་རང་ཁང་བ་བཞི་སྐོར་མའི་ནང་དུ་ཁྲིད་ཡོང་དུས་ཁྱིམ་མཚེས་ཚོས་མཚར་སྣང་གིས་ང་ལ་བལྟ་ཞིང་བྱིས་པ་ཚོ་ཡང་དགའ་སྤྲོའི་ངང་རྒྱུག་ཡོང་ནས་ངའི་མཐའ་ལ་རུབ་བྱུང་།  ཨ་མྱེས།  འདི་ཁྱེད་ཀྱི་མ་མོ་ཨེ་རེད།  ངའི་རེད་།  འདིས་ཅི་ཞིག་ཟ་བམ།  རྩྭ་དང་སྔོ་ཚལ་ཟ་ཀིན་ཡོད་་་་་་   ཅེས་ངས་དེ་ལྟར་ལན་བཏབ།
   ཕྱི་དྲོར་ངས་ཁྱེད་ཀྱི་ཆེད་དུ་སྒེའུ་ཁུང་འགྲམ་དེ་གཙང་མ་ཕྱགས་ཤིང་ཕྱི་ནས་བཏུས་འོང་བའི་གཡུགས་མ་ཕོད་པའི་གད་སྙིགས་ཚང་མར་སྒོར་གཡུགསཏེ་ཁྱེད་ལ་མལ་ས་བཅོས།  ཁྱེད་ཀྱི་མཚར་སྣང་གི་མིག་ཟུང་གིས་ང་ལ་ཅེར་འདུག་ལ། གློག་མདོག་གི་སྣ་ཁུང་དེ་སྐབས་རེ་འགུལ་ཙམ་བྱེད།  ཁྱེད་ཀྱི་ལུག་ཚང་ངས་བསྐྱིལ་ཟིན། དེ་རིང་ནས་བཟུང་ཁྱེད་ཀྱི་ཚེ་མཇུག་འདི་ནས་སྐྱེལ་དགོས།  ངས་དེ་ལྟར་བཤད་ཚར་བ་ན།  ཁྱེད་ཀྱིས་ངའི་སྐད་ཆ་ཉན་རྗེས་སྔར་བཞིན་ང་ལ་མིག་གིས་ཅེར་འདུག  ངས་བསམ་ན་ཁྱེད་ཀྱིས་ངའི་སྐད་ཆ་གོ་མེད་པ་འདྲ།  མཆོང་རྒྱུག་སྤེལ་བཞིན་པའི་དུས་ཚོད་ཀྱི་མདའ་ཁབ་དེས་ཉི་མ་ནུབ་རིའི་ཕང་བར་བསྐྱལ་འདུག།  ངས་ཐོག་མར་ཁྱེད་ལ་བཟའ་རྒྱུ་ཁ་ཤས་ཉོ་རུ་འགྲོ་དགོས།  པར་སྐོར་ནས་དབྱི་སི་ལན་གྱི་ལྷ་ཁང་བར་དུ་འཐེན་པའི་སྲང་ལམ་ཆུང་ཆུང་དེ་རུ་དགོང་མོར་ཐང་ལ་སྔོ་ཚལ་བཀྲམས་པའི་སི་ཁྲོན་གྱི་ཚོང་བ་ཤིན་ཏུ་མང་།  སྔོ་ཚལ་འཚོང་ས་ཤིག་ནས་ངས་ཚོད་དཀར་རྒྱ་མ་བཅུ་ཉོས་ཤིང་། ད་དུང་རུལ་ནས་ཐང་ལ་དོར་བའི་ཚོད་མའི་ལོ་མ་རྣམས་བཏུས་རྗེས་ཕྱིར་ཁྱིམ་དུ་འཁྱེར་ཡོང་ནས་གཙབས་ཏེ་ཁྱོད་ལ་བྱིན་པ་ཡིན།  ཁྱེད་ནི་དེ་འདྲའི་བག་ཡངས་སུ་འདུག་ལ།  མགོ་བོ་མར་སྒུར་ཏེ་ཁམ་ཆུང་རེ་རེར་བྱས་ནས་ཟ། སྐབས་རེར་འོད་མདངས་མཚེར་བའི་མིག་ཟུང་གིས་ང་ལ་ཅེར་རེར་བལྟ་བར་བྱེད།  ཁྱེད་ཀྱི་མིག་མདངས་ལས་བག་ཡངས་ཀྱི་ཉམས་ཤིག་མངོན་ཡོད་ནའང་།  སྐབས་རེར་ཐེ་ཚོམ་དང་འཇིགས་སྐྲག་གི་སྣང་བ་རེར་ཤར་ཀྱིན་མཆིས།  ངས་ཁྱེད་ལ་བལྟས་རྗེས་ཡིད་སེམས་རབ་ཏུ་སྤྲོ་བའི་ངང་གད་མོ་ལྷང་ལྷང་དུ་བགད།   ང་རང་ཁྱེད་ཀྱི་དཀར་སང་སང་གི་སྤུ་མདོག་དང་ཚོར་བ་རྣོ་བའི་མིག་ཟུང་ལ་ཤིན་ཏུ་དགའ།  མ་མོ་ཁྱོད་འདི་ད།  ཁྱེད་ཀྱི་ཆེད་དུ་ངས་དེ་རིང་ཕྱི་དྲོའི་ཆང་ཐེངས་གཅིག་འཐུང་རྒྱུ་དེའང་གཏན་ནས་བརྗེད་སོང་།  ཨ་ཤུ།  ཕྱི་དྲོའི་དུས་ཚོད་དེའང་མིག་རྡེབ་དབང་ཙམ་ལ་ཡལ་སོང་།  སྔར་ཡིན་ཚེ་འཁྱོལ་དཀའ་བའི་དུས་ཚོད་རིང་མོ་འདི་ངས་ཇི་ལྟར་ཕར་སྐྱེལ་དགོས་པ་མི་ཤེས་པ་གྱུར་ཡོད་ངེས།  
   དགོང་མོར་དེར་ང་གཉིད་ཧ་ཅང་མ་བདེ་བས་ཞག་གང་བོར་སེམས་སུ་ཁྱེད་རང་དྲན་འོང་ཞིང་།  མཚན་གང་བོར་་ཐེངས་གསུམ་སད་བྱུང་བས་སད་ཐེངས་རེར་སྒོར་བུད་དེ་ཁྱེད་ལ་བལྟ་རུ་སོང་བ་ཡིན།   ཐེངས་རེར་ཁྱེད་རང་གཉིད་པ་ཧ་ཅང་བདེ་ཞིང་། མལ་ཚང་དུ་ཁྱེད་ཀྱིས་མགོ་བོ་ཆུང་ཆུང་དེ་བྲང་གཞུང་དུ་བསྙེས་ནས་ལུས་ཀུམ་ཀུམ་གྱི་ཉལ་སྟངས་དེ་ཇི་འདྲའི་སྙིང་རྗེ་བོ་ཞིག་རེད།  བཟང་མོའི་ཉལ་སྟངས་དེ་ཕལ་ཆེར་ཁྱེད་དང་གཅིག་མཚུངས་སུ་སྣང་བས། ཁྱེད་གཉིས་ཇི་འདྲའི་མཚུངས་ཨང་།   ང་ཁྱེད་ཀྱི་མགྲམ་ཏུ་ཙོག་བཞིན་དུས་ཡུན་རིང་བོར་ཁྱེད་ལ་ཅེར་ཅིང་སེམས་ཁོངས་ཧྲིལ་བོར་སྤྲོ་སྣང་གིས་ཁེངས།  གཉིད་ལས་སད་པ་ན་ཁང་བ་བཞི་སྐོར་མའི་ནང་མི་རྣམས་ཕར་འགྲོ་ཚུར་འགྲོ་བྱེད་ཅིང་།  སློབ་གྲྭ་འགྲོ་བའི་བྱིས་པ་ཚོའི་དགོད་སྒྲ་ཡང་ཐོས་བྱུང་།  ང་གཉིད་ལས་སད་རྒྱུར་འགོར་དྲགས་པས་མགྱོགས་མྱུར་ངང་མལ་ལས་ལངས།  
  ངས་ཐག་མདུད་གྲོལ་ནས་ཁྱོད་ཁྲིད་དེ་གླིང་སྐོར་དུ་འགྲོ་རྩིས་བྱས་པ་ན།  འབའ་་་་ འབའ་་་་་ཞེས་ཁྱེད་ཀྱི་འབའ་སྐད་འཐེན་བཞིན་རྐང་ལག་བཞི་བོར་སྲ་བརྟན་སེ་རྡོ་ལེབ་ངོས་སུ་གཏད་དེ་ལུས་ཕྱིར་མནུར་བྱུང་།  ར་བའི་དཀྱིལ་དུ་འཐུང་ཆུ་ལེན་བཞིན་པའི་ཁྱིམ་མཚེས་ཚོས་ཚུལ་འདི་མཐོང་བས་ང་ལ་རོགས་བྱས་ཏེ་ཁྱེད་ཀྱི་ཕྱི་ནས་ཡར་དེད་བྱུང་།  ཁྱེད་ལ་ཐབས་ཟད་སོང་བས་ངའི་གཞུག་མི་འདེད་ག་མེད་ལ་ཐུག།  ངེད་གཉིས་སྲང་ལམ་ཆུང་ཆུང་དེ་བརྒྱུད་ནས་སོང་བ་ན་ལྷ་སའི་དཔྱིད་ཆུའི་ཁར་སླེབས།  སྔོ་ལྡེམ་མེར་འཁྱིལ་བའི་གཙང་བོ་དེ་ལམ་གང་བོར་ངེད་གཉིས་དང་འགྲོགས་ནས་འོང་ཤིང་།  བསིལ་འཇམ་གྱི་རླུང་བུ་དལ་བུར་ལྡང་བས་ངའི་དུང་ལྟར་དཀར་བའི་དབུ་སྐྲ་ལྷབ་ལྷུབ་དུ་གཡོས་བྱུང་།  ལྕགས་པོ་རིའི་རྩེ་མོར་འགོས་དུས་ཁྱེད་ཀྱིས་ཡང་བསྐྱར་གཅེས་ལངས་བྱས་ནས་རི་ལམ་གཟར་མོ་དེ་ཅི་བྱས་ཀྱང་མི་འགོ་བས།  སྐོར་བ་འགྲོ་མཁན་སྐོར་ཞིག་གིས་ཁྱེད་ཀྱི་གཞུག་ནས་ཕུད་འདེད་བྱས་ཤིང་།  ངས་མདུན་ཕྱོགས་ནས་ཤེད་ཀྱིས་འཐེན།  འདི་ལྟར་རེ་ཞིག་འགོར་རྗེས་ངའི་ལུས་ཧྲིལ་བོར་རྔུལ་ཆུས་བརླན་ཞིང་སྟོབས་ཤུགས་ཡོད་ཚད་ཟད་ནས་ཐང་ཆད་པར་གྱུར།  ང་རང་ངལ་དུབ་ཀྱིས་ཁེངས་པས་ཁོང་ཁྲོ་ལངས་བཞིན།  ཁྱེད་ཀྱིས་སླར་ཡང་འདི་ལྟར་བྱེད་ཚེ་ངས་ཁྱོད་ཀན་སུའུ་རྒྱ་མི་དེའི་ལག་ཏུ་སྤྲོད་རྒྱུ་ཞེས་སྐད་གསེང་མཐོན་པོས་དེ་ལྟར་ལབ་པ་ན།  ཁྱེད་ཀྱི་མིག་ཟུང་ལས་དངངས་སྐྲག་ཅུང་སྐྱེས་ཤིང་མགོ་བོར་མར་སྒུར་ནས་ང་ལ་བལྟ་མི་ཕོད་པ་གྱུར།  མ་འཚབ།  ཁྱེད་ཀྱིས་ཁོ་ཐེངས་དང་བོར་སྐོར་བ་ཁྲིད་པ་ཡིན་པས་ཕལ་ཆེར་ཅུང་སྐྲག་ཡོད་ཚོད་རེད།  ཁོ་བོར་ངལ་གསོ་རུ་བཅུག་དང་།  ངས་ཁྱེད་ལ་རོགས་བྱེད།  ཁོའི་ལུས་འདར་ནོ་བལྟོས་ར།  ཁོ་སྐྲག་འདུག།  རི་མགོའི་ལམ་ཕྲན་དོག་མོ་དེ་རུ་མི་བརྒྱད་དགུ་ཙམ་རུབ་ནས་ཡོང་སྟེ་ཁོ་ཚོས་ལབ་གླེང་བྱེད་འགོ་བརྩམས།  རླུང་རྟའི་དར་ལྕོག་རྣམས་བསིལ་འཇམ་གྱི་རླུང་བུའི་ཁྲོད་དལ་བུར་གཡོ་ཞིང་ཤུར་སྒྲ་སྒྲོག་ཀིན་འདུག།  མ་ཎིའི་རྡེའུ་འབུམ་བརྐོ་མཁན་དེས་ལམ་འགྲམ་ནས་དཀྱིལ་ཀྲུང་དུ་བསྡད་རྗེས་རྡོ་ལེབ་རེ་རེའི་སྟེང་ཡམ་ཡོམ་ཆམ་ཆོམ་གྱི་སྒྲ་སྣ་ཚོགས་སྒྲོག་བཞིན་མ་ཎིའི་གཟུངས་སྔགས་བརྐོ་བཞིན་འདུག   ཨ་མ་བགྲེས་མོ་ཞིག་གིས་རྒྱབ་ཁུག་ནས་རྩམ་པ་མཆིང་བུ་ཞིག་བླངས་ནས་ཁྱེད་ཀྱི་ཁར་གཏོད་དུས་ཁྱེད་ཀྱི་སྣ་བུག་འགུལ་ཙམ་བྱེད་བཞིན་རྩམ་པར་ལྕེ་ལྡག་བྱས། སྙིང་རྗེ་བའི་མ་མོ།  ཁྱེད་ཚེ་ཐར་བཏང་བ་ཡིན་པས་སྐྲག་མི་དགོས།  སུས་ཀྱང་ཁྱེད་ལ་གནོད་སྐྱེལ་མི་སྲིད་ཟེར་ཞིང་མ་མོ་དེའི་མགོ་ལ་བྱིལ་བྱིལ་བྱས་རྗེས་ལག་ཡང་མོས་སྒལ་གཞུང་དུ་རྡེབ་ཙམ་བྱས་པ་ན།  ཁྱེད་ཀྱིས་དེ་མ་ཐག་སེམས་དོན་གོ་བ་ཇི་བཞིན་རི་རྩེ་དེ་རུ་ཤར་མར་འགོས་པས་ངས་མྱུར་མོར་ཐག་སྣེར་བཟུང་ནས་སྔུན་ལ་རྒྱུག་པ་ཡིན།  ངེད་གཉིས་ཀྱི་གཞུག་ཏུ་མི་རྣམས་ཀྱིས་ཁ་བཏོན་འདོན་བཞིན་པའི་སྒྲ་དིར་དིར་དུ་མཆེད་འོང་།   
   ཅུང་མ་འགོར་བར་ང་ཚོ་ཚང་ཆེན་ཇ་ཁང་དུ་འབྱོར།  ངས་ཁྱོད་སྒོ་ཁར་བཏགས་རྗེས་ཞབས་ཕྱི་བ་དེར་ཁྱེད་ལ་སྔོ་ཚོད་ཀྱི་ལོ་མ་ཁ་ཤས་སྟེར་དུ་བཅུག།  ཁོ་མོས་གཡོས་ཁང་ནས་སྔོ་ཚལ་གྱི་ལོ་མ་འཁྱེར་ཡོང་ནས་ཁྱེད་ལ་བྱིན།  ཞབས་ཕྱི་བ་གཅིག་རྒྱུག་ཡོང་ནས་ཚེ་ཐར་གཏོང་རྒྱུ་ཡིན་ནམ་ཞེས་དྲིས་བྱུང་། ངས་ཚེ་ཐར་ཞིག་ཡིན་ཞེས་ལན་བཏབ།  དེ་ན་ཁྱེད་ཀྱིས་འདི་ལ་རྣར་འབུག་པའམ་ཡང་ན་རྒྱབ་ལ་ཚོན་བྱུགས་འོས་ཞེས་ཞབས་ཕྱི་བས་དེ་ལྟར་བཤད་བྱུང་།  དེ་དག་ངས་ཤེས་ཡོད།  འོན་ཀྱང་ངས་འདི་ད་སོ་མ་ཉོས་པ་ཡིན།  དེ་ལྟར་བཤད་ན་ངས་རྣར་འབུག་མི་ཤེས་ཞེས་པར། ནངས་ཁར་ཁྱེད་ཀྱི་ཁྲིད་ལ་ཤོག་དང་། ངས་ཁྱེད་ལ་རྣར་འབུག་རོགས་བྱེད་ཅེས་ཇ་འཐུང་བཞིན་པའི་རྒན་པོ་ཞིག་གིས་སྐད་ཆའི་ཚིག་མཚམས་བཅད་ནས་དེ་ལྟར་ལབ་བྱུང་།  ཁོའི་ལུས་ལ་ཕྲུག་ལྭ་གྱོན་ཅིང་སྨྲ་ར་དཀར་བོར་བྲང་གཞུང་དུ་འཕྱངས་འདུག།  དེ་ཧ་ཅང་བཟང་། ངས་ཁྱེད་ལ་དཀའ་དྲིན་ཞུ་ཞེས་ངས་ཁོ་བོར་དྲིན་གཟོའི་ཚིག་འགའ་བཤད་པ་ན།  ཁོས་མ་མོར་རྣ་འབུག་པའི་ལག་རྩལ་དེ་ཁོ་བོར་བྱང་ཡོད་རབས་དང་མ་མོར་ན་ཟུག་གི་ཚོར་བ་ཅུང་ཙམ་ཡང་སྐྱེ་མི་སྲིད་རབས་གླེང་བྱུང་།  ཁོ་བོའི་ཡིད་ཆེས་དེས་ངའི་སེམས་ཅུང་བདེ་ལ་འབབ་ཏུ་བཅུག།  ཁྱེད་ཀྱི་ཁུག་མ་ང་ལ་བྱིན་དང་། ངས་ཁྱེད་ལ་སྔོ་ཚལ་གྱི་ལོ་མ་ཁ་ཤས་སྟེར་ཟེར། ཞབས་ཕྱི་བས་ངའི་རྒྱབ་ཁུག་འཁུར་ནས་སོང་།  ངས་སྔོ་ཚལ་གྱི་ལོ་མ་རས་ཁུག་གང་སེ་ཡོད་པ་རྣམས་རྒྱབ་ལ་ཁུར་རྗེས་ཁྱོད་ཁྲིད་དེ་ར་མོ་ཆེའི་གཙུག་ལག་ཁང་གི་སྒོ་ཁར་བརྒྱུད་ནས་སོང་། སྲང་ལམ་གཡས་གཡོན་གྱི་ཚོང་ཁང་ཆེ་ཆུང་ཚང་མས་སྒོ་ཕྱེས་ནས་ཚོང་གཉེར་བྱེད་འགོ་བརྩམས་ལ།  རོལ་དབྱངས་ཀྱི་མཛེར་སྒྲས་བར་སྣང་ཁྱབ་ཅིང་། སྐབས་འགར་གོང་བདེའི་ཚོང་འབོད་བྱེད་པའི་སྒྲ་དེའང་གསལ་བོར་ཐོས་ཐུབ།།  ངས་གློ་བུར་དུ་ཁྱེད་རང་ར་མོ་ཆེའིགཙུག་ལག་ཁང་དུ་ཁྲིད་དེ་ཇོ་བོ་མི་བསྐྱོད་རྡོ་རྗེའི་ཞབས་ལ་ཐོད་པ་གཏུགས་ནས་ཚེ་ཕྱི་མར་ལམ་བཟང་བོ་ཞིག་རྙེད་རྒྱུར་འབད་པ་བྱ་དགོས་སྙམ།  ང་ཚོ་བསང་དུ་སྔོན་མོར་མཁའ་རུ་དཀྲིས་པའི་ཁྲོད་ནས་ཕར་སོང་བས་ར་མོ་ཆེའི་གཙུག་ལག་ཁང་གི་སྒོར་ཐོན་ཞིང་ཁྱེད་ཀྱིས་ཡ་མཚར་བའི་མིག་ཟུང་གིས་ང་ལ་ཅེར་རེ་བལྟས་འདུག།  གྲྭ་བ་ཞིག་གིས་ང་ཚོའི་མདུན་བཀག་ནས་ལྷ་ཁང་དུ་འགྲོ་རུ་མ་བཅུག  ཁྱེད་ཁྲིད་དེ་སོང་ན་ལྷ་ཁང་རྩིང་བཙོག་བཟོ་ངེས་རེད་ཟེར། ངས་ཁོ་བོར་ཞུ་བ་བྱས་ཏེ།  ཁྱེད་ཁ་སང་སོ་མ་ཁྲོམ་ནས་ཉོས་ཡོང་ཚུལ་དང་ཚེ་ཐར་གཏོང་རྒྱུ་ཡིན་པ་སོགས་ཁོ་ལ་བཤད།  མཇུག་མཐར་ཁོས་ཁྱེད་ནང་དུ་བཏང་བྱུང་།  ངས་ཁྱེད་ལ་མཆོད་མཇལ་ཡག་པོ་བྱས་ནས་བློ་སེམས་རྩེ་གཅིག་གིས་གསོལ་བ་ཐོབ་ཞེས་དྲན་སྐུལ་བ་ན།  ཁྱེད་ཀྱིས་གོ་སོང་བ་ལྟར་ངའི་རྗེས་དེད་ནས་འོང་།  ཁྱེད་ཀྱི་མིག་ཟུང་དེ་བྱམས་བརྩེས་ཁེངས་པའིལྷ་སྐུ་དང་ཁྲོ་གཉེར་བསྡུས་པའི་ཆོས་སྐྱོང་སྲུང་མའི་སྟེང་བསྐོར་བ་ན། འཇིགས་དངངས་འདྲེས་མའི་དད་པ་ཞིག་ཕྱི་རུ་མངོན་ཡོང་ལ།  ལུས་བོ་ཅུང་སྒུར་སྒུར་བྱས་ཏེ་གོམ་སྟབས་ཡང་མོར་ལེན་པར་བྱེད།  ངས་ཁྱེད་ཀྱི་མིག་མདངས་ཁྲོད་ནས་ཁྱེད་རང་འདུ་ཤེས་ཡོད་པའི་མ་མོ་ཞིག་ཡིན་པ་རྟོགས་ལ།  ཁྱེད་ཀྱིས་ངའི་གཞུག་དེད་ནས་དགེ་བ་མང་བོ་འགྲུབ་ངེས་ཤིང་། དགེ་བའི་ལས་ཕྲ་མོ་ཙམ་ནས་དགེ་བ་ཕུན་སུམ་ཚོགས་པ་སྤྱད་ནས་མཐར་རྣམ་དཀར་གྱི་ལས་འབྲས་བཟང་བོ་སྨིན་ཐུབ་པ་ང་ལ་ཡིད་ཆེས་ཡོད།  
  ངེད་གཉིས་ར་མོ་ཆེའི་གཙུག་ལག་ཁང་གི་ར་ནང་དུ་དྲོད་སོབ་སོབ་ཀྱི་ཉི་མ་ལྡེ་ནས་ངལ་གསོས་པ་ཡིན།  བསང་དུད་དང་མཆོད་མར་གྱི་དྲི་བསུང་གང་སར་མཆེད་ཅིང་སྐབས་འགར་རྔ་སྒྲ་དལ་བུར་གྲགས་འོང་བ་དེས་ང་ཚོའི་སེམས་ཁམས་དེ་ཟང་ཟིང་གི་འུར་སྒྲ་དང་རིང་དུ་བཀྱེད་ནས་ཡིད་སེམས་ལྷང་ལ་འབབ་ཐུབ་པ་བྱུང་།  ངས་ཁོ་བོར་ཁྱེད་ཚོ་ལུག་རྣམས་ཡ་རབས་དག་དག་ཡིན།  ཁྱེད་ཀྱིས་ཤེས་སམ།  སྲོང་བཙན་སྒམ་པོས་ཇོ་ཁང་གསར་བཞེངས་བྱེད་སྐབས་ར་ལ་ས་བཀལ་ནས་མཚོ་བསུབ་པ་ཡིན་པས་བྱས་རྗེས་བླ་ན་མེད་པ་བཞག།  ད་སྐབས་ཇོ་ཁང་དུ་ར་ཞིག་ལ་མཇལ་སའང་ཡོད་ཅེས་བཤད་པ་ན། ཁྱེད་ཀྱིས་ངའི་སྐད་ཆར་ཉན་རྗེས་མ་ནེ་ངའི་བླ་ཐོག་ཏུ་བཞག་ནས་འདུག  ངས་ཁྱེད་ཀྱི་མ་ནེ་འཕྲུག་ཙམ་བྱས་པ་ན་ཁྱེད་དགའ་ནས་མིག་ཟུང་བཙུམ་བྱུང་།  ངས་ཁྱེད་ཀྱི་ལུས་ཕུང་མི་གཙང་བ་དང་ལུག་སྤུ་རྣམས་ནག་པོར་གྱུར་འདུག་པ་ཤེས་ཡོད་པས།  ཁྱིམ་དུ་ཐོན་རྗེས་ངས་ཁྱེད་ལ་མཁྲུས་བྱས།    ཆུ་སྦུག་འོག་ཏུ་ཁྱེད་རང་གཡུང་མོར་བྱས་ནས་འདུག་ཅིང་དངུལ་མདོག་གི་ཆུ་རྒྱུན་དེ་ཁྱེད་ཀྱི་སྒལ་གཞུང་ནས་ཆུ་ཐིག་རེ་རེ་བཞིན་འགྲིལ་ཏེ་ཆུ་དོང་ནས་མར་བསག་འགྲོ།  ང་རྐང་རྗེན་དུ་བུད་དེ་ཁྱེད་ལ་འདག་རྫས་བསྐུས་ཤིང་ལག་མཛུ་བཅུ་བོར་ཁྱེད་ཀྱི་ཚ་རུ་འཁྱིལ་བའི་མཇམ་མཉེན་གྱི་སྤུ་གསེང་དུ་བསྲིངས་ཏེ་རྐེད་པ་ནས་ཕོ་བའི་བར་ཡར་མར་བྲད་པས།  ཁྱེད་ཀྱི་བདེ་སྣང་དེ་ངའི་མཛུ་གུས་ཀྱང་མྱོང་ཐུབ་ཀྱིན་འདུག  ངས་ཡང་བསྐྱར་ཆུ་སྦུག་གི་གཅུས་སྒོ་ཕྱེ་བས་དཀར་ཆིལ་ཆིལ་གྱི་ཆུ་རྒྱུན་དེ་ཁྱེད་ཀྱི་སྤུ་གསེང་དུ་བཞུར་མ་ཐག་ཆུ་མདོག་རྙོག་རྫོབ་ཏུ་གྱུར། ངས་ཡང་བསྐྱར་འདག་རྫས་བསྐུས་ནས་བསྐྱར་དུ་བཀྲུས་པ་ན།  ཁྱེད་ཉིད་གནམ་ནས་ལྷུང་བའི་འདབ་དྲུག་གི་ཁ་བ་བཞིན་དཀར་སེང་སེང་དུ་གྱུར་བས་ངའི་མིག་ལ་ན་ཟུག་སྟེར་བར་བྱེད།  ཨ་ཤུ།  ལོ་ངོ་བཅུའི་ཡར་སྔོན་དུ་བཟང་མོ་འཇིག་རྟེན་ན་ཡོད་དུས།  ངས་ནམ་ཡང་འདི་ལྟར་བཟང་མོའི་མགོའི་སྐྲ་བཀྲུ་རོགས་བྱས་ཤིང་།  བཟང་མོའི་དཀར་ཞིང་གཙང་བའི་མགུལ་བ་དེའང་ཉི་འོད་ཁྲོད་འདི་ལྟར་མིག་ལ་མཚེར་སྣང་སྟེར་བ་ཞིག་རེད།  དེ་ལྟབུའི་སྤྲོ་སྐྱིད་ཀྱི་ལོ་ཟླ་དེ་ངའི་ཞེ་བསམ་པའི་དྲན་ཡུལ་ནས་ཡལ་ཏེ་དུས་ཡུན་རིང་བོ་རིང་བོ་ཞིག་འགོར་སོང་།  སྐབས་འདིར་ང་ལ་མཚོན་ན་དེ་ལྟ་བུའི་སྤྲོ་སྐྱིད་ཀྱི་འཚོ་བ་བསྐྱར་དུ་རྙེད་ཐུབ་སོང་བ་དང་མཚུངས།  ངེད་གཉིས་རང་ཁྱིམ་གྱི་སྒེའུ་ཁུང་འོག་ནས་བསྡད་དེ་སོ་མས་ཁྱེད་ཀྱི་ལུག་བལ་རྣམས་ལེགས་པར་ཤད།  ཁྱེད་ཀྱི་ལུས་ཕུང་ང་ལ་བཅར་ཏེ་མགོ་བོ་ངའི་བྲང་གཞུང་དུ་འབྲད་ཙམ་བྱེད།  འཁྱོག་ཅིང་གུག་པའི་ར་ཅོ་གཉིས་པོས་ངའི་སྐམ་རིད་ཀྱི་བྲང་ཁར་ན་ཟུག་བསླང་བས།  ངས་མྱུར་དུ་ཁྱེད་ལ་མཚམས་འཇོག་ཏུ་བཅུག  ང་ཕྱིར་ཁྱིམ་དུ་སོང་ནས་མར་ཅུང་འཁྱེར་ཡོང་སྟེ་ཁྱེད་ཀྱི་ར་ཅོའི་སྟེང་བྱུགས་པས་རྭ་རིས་རྣམས་གསལ་ལེར་མངོན་བྱུང་།  ཁྱེད་འོང་བ་དེས་ང་ལ་ཉིན་རྒྱུན་སྒྲུབ་མི་ཚར་བའི་ལས་ཀ་སྒྲུབ་རྒྱུ་ཡོད་པ་མ་ཟད་སེམས་བརྟེན་ས་དང་ཞེ་འཁྲེང་ས་རེར་ཡོད་པར་གྱུར་ཅིང་བཟང་མོའི་དྲན་པ་ཐ་་ཐོར་རེ་ངའི་དྲན་འཛིན་ངོགས་སུ་གསོན་པོར་གནས་ཐུབ་པར་བྱས།   ད་ལྟ་ང་སྔར་བཞིན་ཆང་ཁང་དུ་བཟི་ནས་ར་རོ་རུ་གྱུར་མི་འོས་པར་ཁྱེད་སེམས་ལ་དྲན་དགོས་ཤིང་།  ཁྱེད་ལ་གཟན་རྩྭ་སྟེར་རྒྱུ་དྲན་དགོས།  
   ཁ་སྐོམ་ནས་འདུག་མི་བཟོད་པས་ངས་ར་ཟེའུ་བཟུང་ཏེ་ནས་ཆང་ཉོ་རུ་སོང་། ཕྱིར་ཁྱིམ་དུ་ཐོན་རྗེས་ཤིང་གིས་བཟོས་པའི་ཨོང་བཀྱག་དམའ་མོར་བསྡད་དེ་སྒལ་གཞུང་ཉི་ནུབ་ཀྱི་འོད་ཟེར་ལ་གཏད་ནས་ཆང་འཐུང་ཞོར་ཁྱེད་ལ་བལྟས་ནས་བསྡད།  ཁྱེད་རང་མདུན་དུ་ལངས་ཏེ་བཟང་མོ་ལྟབུའི་ཁེངས་སྐྱུང་ཞི་དུལ་གྱི་མིག་ཟུང་གིས་ང་ལ་བལྟས་འདུག། མིག་མདངས་འདིས་ངའི་སེམས་ངོགས་སུ་བརྐོས་པའི་སྐྱ་ཐང་ཐང་གི་ལོ་ཟླའི་རི་མོ་དག་གཙང་མར་བཀོག་ཅིང་ཡིད་སེམས་ལྷོད་ལ་འབབ་དུ་བཅུག།  ད་དུང་ཆང་འདི་མགྲིན་པའི་འགག་འཕྲང་བརྒྱུད་སྐབས་ཅིའི་ཕྱིར་ཞིམ་མངར་གྱི་བྲོ་བ་ལྡན་སོང་བ་ཡིན་ནམ། དེ་སྔར་ཆང་འཐུང་སྐབས་ཞིམ་མངར་གྱི་བྲོ་བ་འདི་ཅིའི་ཕྱིར་མ་ཚོར་བ་ཡིན།  འདི་ནི་ནང་སེམས་ཁམས་ཀྱི་འགྱུར་ལྡོག་ལ་རགས་ལས་སོང་བ་ཨེ་རེད།  ངས་ངོ་མས་བཤད་མི་ཤེས། ངས་ཁམ་བུ་གང་རེ་གང་རེ་བྱས་ནས་འཐུང་བ་ན།  ཞིམ་མངར་གྱི་བྲོ་བ་དེ་ལྕེ་རྩེ་བརྒྱུད་ནས་ཀླད་པ་ཡོངས་སུ་ཁྱབ་འགྲོ་བས་ལུས་ཕུང་ཧྲིལ་བོར་བདེ་སྤྲོའི་ཚོར་བ་ཞིག་གིས་ཡོངས་སུ་ཁྱབ་འགྲོ།    དགོང་མོར་དེ་ང་གཉིད་ཧ་ཅང་བདེ་བས་རྨི་ལམ་གཅིག་ཀྱང་རྨིས་མ་བྱུང་།
   ཕྱི་ཉིན་ཁབ་མགོར་སྣུམ་བྱུགས་ཏེ་ཁྱེད་ཀྱི་རྣ་གཉིས་པོར་རྣ་ཁུང་ཕིག་རྗེས་རས་ལྷེབ་དམར་བོ་གཉིས་སྣ་ཁུང་དུ་བཏགས།  འདི་ལྟར་བྱས་རྗེས་ཁྱེད་ལ་མི་རྣམས་ཀྱིས་སྣང་དོགས་བྱེད་སྲིད།   བཟང་མོ།  ཁྱེད་རང་མྱུར་དུ་སྐྱེ་བ་སྤར་ཆེད་ངས་ཉིན་རྒྱུན་ལུག་ཚེ་ཐར་ཁྲིད་ནས་བསྐོར་བ་སོང་བ་ཡིན་ལ། ངས་མ་མོར་འདིར་ཁྱེད་དང་དབྱེ་བ་མེད་པའི་བརྩེ་འདང་བཟུང་ཡོད།   བཟང་མོ།  ད་ལྟ་ཁྱོད་སླར་ཡང་ངའི་རྨི་ལམ་དུ་གཏན་ནས་འཁོར་མ་མྱོང་བས་ཁྱེད་ཀྱི་གནས་བབ་ག་འདྲ་ཡིན་པ་ངས་རྟོགས་མི་ཐུབ།  གོ་སྐབས་རེ་ཡོད་སྲིད་ཚེ་ཁྱེད་ཀྱིས་ང་ལ་རྨི་ལྟས་ཤིག་སྟོན་རོགས།  
  ད་ལྟ་མི་རྣམས་ཀྱིས་ང་དང་མ་མོ་དཀར་མོ་གཉིས་ཀ་ནམ་རྒྱུན་གླིང་སྐོར་བརྒྱུད་ནས་བསྐོར་བ་འགྲོ་བཞིན་པ་མཐོང་ཐུབ། ཁྱེད་ཀྱི་རྣ་ཅོག་སྟེང་གི་རས་ལྷེབ་དམར་བོ་དེ་དང་སྒལ་གཞུང་དུ་བྱུགས་པའི་ཚོན་རྩི་དམར་བོས་མི་རྣམས་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མ་བྱུང་བར་དུ་ཁྱེད་ཀྱི་ཚེ་མཇུག་དེ་དགག་མེད་ལྷུན་འགྲུབ་ངང་སྐྱེལ་རྒྱུ་ཡིན་པ་གསལ་ལེར་བསྟན་པ་རེད།
   ངས་ཁྱོད་ཁྲིད་དེ་ཟླ་བ་གཅིག་ཙམ་ལ་གླིང་སྐོར་དུ་སོང་རྗེས།  ཁྱེད་རང་སྐོར་ལམ་ཡོངས་རྫོགས་ལ་ཆ་རྒྱུས་ཡོད་པར་གྱུར།  དེ་རིང་ནས་བཟུང་ངས་ཁྱེད་ཀྱི་སྐེ་མདུད་གྲོལ་ཏེ་ངེད་གཉིས་གཅིག་རྗེས་གཅིག་གིས་འདེད་བཞིན་བསྐོར་བ་སོང་བ་ཡིན།  ངས་རས་ཁུག་ནང་དུ་གོ་རེ་སྐམ་པོ་འགའ་དང་ཇ་ཕོར་རྣམས་བཅུག་རྗེས་རྒྱབ་ཏུ་ཐོགས་ཤིང་ལག་ཏུ་ཕྲེང་བ་འདྲེན་བཞིན་སྐོར་བ་སོང་།  ང་འགྲོ་ཞོར་འདུག་ཞོར་དུ་ཁྱེད་རང་ངའི་གཞུག་དེད་དེ་ཡོང་ཀིན་ཡོད་མེད་ལ་བལྟས་ཤིང་།  གཞུང་ལམ་བརྒྱུད་ནས་འགྲོ་དུས་ངས་ཁྱེད་རླངས་འཁོར་དང་གདོང་གཏུགས་ཁེལ་འགྲོ་སྙམ་ནས་ཁྱོད་ཁྲིད་ནས་སོང་།   ལམ་བར་དུ་མི་ཆ་ཡོད་ཚོར་ཐུག་ནས་ཁོ་ཚོར་ཁ་བརྡ་བྱེད་སྐབས་ཁྱེད་རང་ངའི་མགྲམ་དུ་བཅར་ཏེ་ལུས་ཙོག་ཙོག་དུ་འདུག་པས།  ངོ་ཤེས་ཚོས་བཤད་རྒྱུར།  སྙན་གྲགས་ལགས།  ཁྱེད་ཀྱིས་དགེ་བ་བླ་ན་མེད་པ་སྒྲུབ་ཡོད་པས།  ལས་འབྲས་བཟང་བོ་འཁོར་ངེས།  མ་མོ་འདིས་མི་སེམས་ཤེས་ནོ་བལྟོས་ར།   སྙན་གྲགས་ལགས།  མ་མོ་འདིའི་སྐེད་ལ་དྲིལ་ཆུང་ཞིག་བཏགས་ཡོད་རྒྱུ་ན།  ཁྱེད་ཀྱིས་ནམ་ཡང་འདི་ལྟར་ཕྱི་བལྟས་སློག་མི་དགོས།   ཁྱེད་དང་ཐུག་བྱུང་བ་ནི་མ་མོ་འདིའི་ཚོགས་བསག་རེད།  སྐད་ཆ་འདི་དག་གོ་རྗེས་ངའི་ཡིད་སེམས་དྲོད་གྱི་ལེར་སོང་ཞིང་། ཁྱེད་དང་འཕྲད་པ་ནི་སྐྱེ་བ་སྔོན་མའི་ལས་ཀྱིས་བཀོས་པའི་ལམ་ཐུག་ཅིག་ཡིན་འདུག་སྙམ་བྱུང་ལ།  དེ་ལྟར་མིན་ཚེ་བཟང་མོས་རྨི་ལྟས་བསྟན་མ་ཐག་ངེད་གཉིས་མ་གྲོས་རང་མཐུན་ངང་འཕྲད་པའི་དོན་བཟང་འདི་འདྲ་ག་ལ་ཡོད་སྲིད།  ང་ཚངས་ཆེན་ཇ་ཁང་དུ་འཛུལ་བ་ན།  ཁྱེད་སྒོ་གསེབ་ཏུ་འཚང་འོང་ཏེ་ཅོག་ཙེའི་འོག་ཏུ་འཛུལ།  སྒོར་ཕྱིར་སོང་།  ནང་དུ་ཡོང་མི་ཆོག་ཅེས་ངས་སྐད་གསང་མཐོན་པོས་དེ་ལྟར་ལབ་པ་ན།  ཁྱེད་ཀྱིས་ལུས་བཀུམ་བཀུམ་གྱིས་ཅོག་ཙེའི་འོག་ཏུ་འཛུལ་ནས་ངའི་སྐད་ཆར་སྣང་དོགས་ཙམ་ཡང་མི་བྱེད།  འགྲུལ་བ་ཚོའི་བཞིན་ལ་འཛུམ་མདངས་རེ་ཕྱུང་བཞིན་ང་ལ་བལྟས་འདུག  ཁོས་འདུག་སའང་མི་གཅོད་པས། ཁོ་དེ་རུ་འདུག་དུ་བཅུག་ཆོག་ཅེས་ཞབས་ཕྱི་བས་དེ་ལྟར་ལབ་བྱུང་།  ངས་ཁྱོད་ཕྱིར་མ་བསྐྲད་པར་རས་ཁུག་ལས་ཇ་ཕོར་བླངས་ནས་ཅོག་ཙེའི་ཐོག་ཏུ་བཞག། ངས་སླར་ཡང་ལག་པ་ཁུག་མའི་ནང་དུ་བསྲིངས་ནས་གོ་རེ་སྐམ་པོ་དག་སྤུར་རྗེས་ཁྱེད་ལ་བྱིན། ཁྱེད་ཀྱིས་ལྕེ་བསྲིངས་བཞིན་གོ་རེ་སྐམ་པོ་དག་ཁ་ནང་དུ་དེད་རྗེས་སོ་སྒྲ་ཐྲིག་ཐྲིག་གིས་ལྡད་བྱུང་།  ངས་འོ་ཇ་རྒྱགས་ཚད་ཅིག་འཐུང་ཚར་ཡང་ཁྱེད་སྔར་བཞིན་ལྷིང་འཇགས་ངང་ཉལ་འདུག་ལ། ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་མི་ཚོའི་རྗེས་སུ་མགོ་བོ་ཀེམ་ཀེམ་དུ་གཡོ་བཞིན་འདུག  ལྷོ་ཕྱོགས་ཀན་སའི་རིགས་གསུམ་མགོན་པོའི་ལྷ་ཁང་བསྐྱར་བཞེངས་བྱེད་རྩིས་འདུག  དེ་རུ་ལས་ཀ་བ་འདང་ཀིན་མེད་པས། སུས་དེ་ལ་རོགས་བྱ་ཐུབ་ཚེ་དགེ་བ་དཔག་མེད་ཡོད་སྲིད།  དར་མ་ཞིག་གིས་མཁྲིས་ཀྱི་མརར་ཇ་གསོལ་མཁན་དེར་འདི་ལྟར་ཁ་བརྡ་བྱེད་བཞིན་མཆིས།  སྐད་ཆ་དེས་ངའི་ཡིད་ལ་སྤྲོ་བ་འཕེལ་ཏུ་བཅུག་ཅིང་། འདི་ནི་གོ་སྐབས་བཟང་ཤོས་ཤིག་རེད་སྙམ་པས་ལྷ་ཁང་ཞིག་གསོའི་ངལ་རྩོལ་ཁྲོད་ཞུགས་རྒྱུའི་སེམས་ཐག་བཅད།  ངས་ཇ་ཕོར་ལས་ཇ་རོ་རྣམས་ཕྱིར་འཕོ་རྗེས་ལག་ཕྱིས་ཀྱིས་ཇ་ཕོར་གཙང་མར་འཕྱིས་ཏེ་རས་ཁུག་ཏུ་བཅུག  ང་ཡར་ལངས་པ་ན།  ཁྱེད་རང་ས་ནས་འཕགས་ཙམ་བྱས་རྗེས་ལྡེམ་མྱུར་ངང་ཡར་ལངས་བྱུང་།  ངེད་གཉིས་ཇ་ཁང་ནས་སྒོར་བུད་དེ་འཛེར་སྒྲས་ཁེངས་པའི་སྲང་ལམ་དུ་སླེབས། ཁྱེད་ཀྱིས་ད་ལྟ་མཐའ་འཁོར་གྱི་འུར་ཟིང་ལ་དོ་སྣང་མི་བྱེད་པར་བློ་རིག་གཅིག་ཏུ་སྒྲིམ་བཞིན་ངའི་གཞུག་དེད་དེ་འོང་།  ང་ཚོ་འདུ་འཛི་ལང་ལོང་བྱེད་པའི་སྲང་ལམ་ཆུང་ཆུང་དེ་བརྒྱུད་ནས་རང་ཁྱིམ་གྱི་ཁང་བ་བཞི་སྐོར་མའི་ནང་དུ་སླེབས།
   ངས་ཁྱེད་སྒེའུ་ཁུང་འགྲམ་གྱི་འདོགས་ཐག་དེ་བཏགས་རྗེས་སྒྱེ་མོ་ལས་གཟན་རྩྭ་ཅུང་བླངས་ནས་རྩི་ཡལ་བའི་ཀ་ཏོར་དེའི་ནང་དུ་བླུགས་ཤིང་། ཀ་ཏོར་གཞན་ཅིག་ཆུ་སྦུག་ཁར་གཏད་དེ་ཁྱེད་ལ་འཐུང་ཆུ་བླངས།  ཁྱེད་ཀྱིས་ཀ་ཏོར་འདི་གཉིས་པོར་བལྟས་རྗེས་གདོང་ལ་བཀྲེས་སྐོམ་གྱི་ཉམས་འགྱུར་ཙམ་ཡང་མངོན་མེད་ནའང་།  སྔོ་རིལ་རིལ་གྱི་མིག་ཟུང་ལས་ཅུང་ཐང་ཆད་པའི་ཉམས་ཤིག་ཤར་འདུག  ཁྱེད་ཀྱིས་རྐང་ལག་བཞི་བོའི་ལྷུ་ཚིགས་དཀྱོགས་ཙམ་བྱེད་བཞིན་ཐང་དུ་ཉལ་ཤིང་རྣ་ཅོག་ཟུང་དེ་ལྷབ་ལྷབ་དུ་འགུལ་བཞིན་འདུག  ངས་དེ་མ་ཐག་ཁྱེད་རང་ཐང་ཆད་འདུག་པས། ངེས་པར་ངལ་གསོ་དགོས་སྙམ་བྱུང་།  ང་ཁྱིམ་དུ་འཛུལ་ཏེ་ལྷམ་ཕུད་ཅིང་བརླན་ཤུར་ཤུར་གྱི་ལྷམ་རྩང་དེ་སྒེའུ་ཐེམ་དུ་ཉི་མ་བཞུས་རྗེས་རང་ཉིད་མལ་ཁྲིའི་སྟེང་དཀྱིལ་ཀྲུང་བྱས་ནས་བསྡད་།  བཟང་མོའི་སྡིག་སྒྲིབ་སེལ་ཆེད་ངས་རིགས་གསུམ་མགོན་པོའི་ལྷ་ཁང་ཞིག་གསོ་བྱེད་པར་ཞལ་འདེབས་སྒོར་ག་ཚོད་བཏང་ན་འོས་སམ།  ཇི་ལྟར་བྱས་ན་ད་གཟོད་ང་རང་ལས་ཡུལ་དངོས་ལ་ཞུགས་ཐུབ་བམ།  ངས་དེ་ལྟར་བསམ་བློ་བཏང་།  བོད་པ་ཚང་མས་ཤེས་གསལ་ལྟར།  རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མི་ལ་རས་པས་སེམས་ཅན་གཞན་གྱི་སྲོག་བཅད་པའི་སྡིག་སྒྲིབ་འདག་ཆེད་མར་བ་ལོ་ཙ་བ་སློབ་དཔོན་དུ་བསྟེན་ཅིང་།  དཀའ་སྤྱད་དྲག་པོའི་ངལ་རྩོལ་ལ་བརྟེན་ནས་ལས་ཀྱི་སྡིག་སྒྲིབ་སེལ་ཐབས་བྱས།  ཁོའི་སྒལ་གཞུང་རྣག་ནས་རལ་བར་གྱུར་ཅིང་རྐང་ལག་བཞི་བོར་རྨ་བཏོལ་བྱུང་ནའང་མ་ནེ་སོ་ཡིས་མནན་ཏེ་དཀའ་སྤྱད་མཐར་འཁྱོངས་བྱས་པས་མཐར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་རེད།  བཟང་མོས་ལམ་དཀར་བོ་ཞིག་རྙེད་པ་དང་ཁོས་བསག་པའི་སྡིག་སྒྲིབ་སེལ་ཐབས་ལ་ངས་སྒོར་ལྔ་བརྒྱའི་ཞལ་འདེབས་ཕུལ་ཅིང་།  ད་དུང་ཟླ་གཅིག་ལ་ངལ་རྩོལ་བྱེད་རྒྱུའི་འཆར་གཞི་འཐེན།  ངས་འདི་ལྟར་མནོ་བསམ་གཏོང་བཞིན་པའི་སྐབས་སུ་ར་སྐོར་ཡོངས་རྫོགས་ཤེས་མེད་ཚོར་མེད་ངང་མུན་ནག་གི་གཡོལ་བས་སྔ་མོར་ནས་གཡོགས་འདུག  ནངས་ཀར་སྔར་སེ་ལངས་དགོས་པས།  ད་ལྟ་ང་གཉིད་རན་ལ་ཐོན་སོང་།  
   མཚམས་ཞིག་ལ་སྒོ་རྡུང་བའི་སྒྲ་ཐོས་པས་ང་རང་གཉིད་ལས་བསླངས།  བྲེལ་འཚུབ་གྱིས་ཡར་ཙོག་ཙོག་བྱས་ཏེ་སྒོའི་ཕྱོགས་སུ་འཁོར་བཞིན།  སུ་ཡིན།  ཞེས་བོས་པས།  སྒོ་རྡུང་བའི་སྒྲ་མཚམས་ཆད། ཕྱི་རོལ་སྔར་ལས་འཇམ་ཅག་གེར་འདུག  འདི་འདྲའི་སྔ་མོ་ཞིག་ལ་སྒོ་རྡུང་མཁན་དེ་སུ་ཡིན་ནམ།  ཁྱིམ་མཚེས་ཤིག་ལ་ན་ཚ་འདྲ་བྱུང་བ་མིན་ནམ།  ཝེ།  སུ་ཡིན།  ངས་དེ་ལྟར་འབོད་བཞིན་གློག་བཀར་བ་ན། སྒོ་རྡུང་བའི་ཏིང་སྒྲ་དེ་ཡང་བསྐྱར་གྲགས་བྱུང་ལ།  སྒྲ་དེ་སྔར་བས་དྲག་ཅིང་འཚུབ་ཆ་ལངས་འདུག་པ་ཞིག་རེད།  ངས་རྐང་སྣམ་བརླ་ཐོག་ཏུ་འཐེན་རྗེས་བྲེལ་མྱུར་ངང་སྒོ་ཕྱེ་རུ་སོང་།  ཡོལ་བ་ཡར་བཀྱགས་ཏེ་གློག་འོད་ཁྲོད་ནས་ཕར་བལྟས་པ་ན་མི་གཅིག་ཀྱང་རིག་རྒྱུ་མི་འདུག།   མགོ་བོར་ཅུང་མར་སྒུར་བ་ན་ནག་ཡོར་ཡོར་གྱི་སྒོ་སྐྱོར་དེའི་ཟུར་ནས་ཁྱེད་ཀྱིས་མགོ་བོ་ཆུང་ཆུང་དེ་ཡར་འགྱོགས་བཞིན་འབའ་བྱུང་།  ད་ཅིའི་སྒོ་རྡུང་མཁན་དེ་ཁྱོད་ཡིན་འདུག་ལ།  ང་ལ་སྐོར་བ་འགྲོ་ཞེས་སྐུལ་བརྡ་རྒྱག་བཞིན་ཡོད་པ་རེད།  དེ་མ་ཐག་གློ་བུར་བའི་འཚུབ་ཆ་དེ་ངའི་ཀླད་པའི་ཁྲོད་ནས་ཡལ་བར་གྱུར།  ངས་ཁ་ནས་ཁྱེད་ལ་ཚིག་ངན་འགའ་སྨྲས་ནའང་སེམས་སུ་སྤྲོ་སྣང་ཆེན་པོ་སྐྱེས།   ངས་མཆོད་ཁང་དུ་མཆོད་པ་བཤམས་ཤིང་སྤོས་སྒྲོན་རྗེས་ཁྱེད་ལ་གཟན་རྩྭ་ཅུང་ལྡུད་པ་དང་།  དེའི་རྗེས་ངེད་གཉིས་སྐོར་བ་སོང་།  ལམ་སྒྲོན་འོག་ཁྱེད་ཀྱི་རྨིག་སྒྲ་དེ་ཨར་འདམ་གྱི་རྡོ་ལེབ་བཏིང་བའི་མི་འགྲུལ་ལམ་བུའི་སྟེང་གསལ་ལེར་མཆེད་འོང་ལ།  ཐག་ཐག་གི་རྨིག་སྒྲ་དེ་ངས་ཁ་ཏོན་འདོན་བཞིན་པའི་སྒྲ་དང་བསྡེབས་པས་ཡོད་ཚད་དེ་འདྲའི་ཞི་མཐུན་གྱི་ཉམས་འགྱུས་ཡོངས་སུ་ཕྱུག་འདུག  ང་ཚོ་དགེ་འཕེལ་ནགས་སུ་སླེབས་དུས་ནམ་མཁའ་ནས་ཆར་བ་ཟམ་ཟིམ་རེ་བབ་བྱུང་བས།  ངེད་གཉིས་ཀྱིས་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་ཆར་བྱོལ་བྱེད་ས་རེ་བཙལ་དུ་སོང་།  ཆར་བ་ཇེ་ཆེར་སོང་ནས་ཤག་ཤག་ངང་བྱོ་བས་མི་འགྲུལ་ལམ་དང་གཞུང་ལམ་ཚང་མ་ཆུས་བཀང་།  ངའི་ལྷམ་ནང་ཆུས་བཀང་ཞིང་ཁྱེད་ཀྱི་ལུས་བོ་ཆར་བས་ཡོངས་སུ་བརླན་པར་གྱུར།  མདུན་ཕྱོགས་ནས་མི་ཞིག་གིས་ཨ་རོགས།  ཚུར་ཤོག་ལ་འདི་རུ་ཆར་བྱོ་བྱོས་ཟེར།  ངེད་གཉིས་ཟ་ཁང་གི་སྒོ་ཆེན་དེའི་བྱ་འདབས་འོག་ཏུ་ཆར་བྱོ་བྱེད་དུ་རྒྱུག།  དེ་རུ་མི་བརྒྱད་དགུ་ཙམ་ཆར་བྱོལ་བྱས་འདུག་ལ།  དེ་ཚོའི་མང་ཆེ་བ་སྐོར་བ་འགྲོ་མཁན་རེད།  ཁྱེད་ཕལ་ཆེར་འཁྱགས་ཀིན་ཡོད་ཚོད་རེད།  ལུས་སྒོང་སྒོང་བྱེད་བཞིན་ནང་ལ་མནུར་བཞིན་འདུག   རྒྱ་སྒོའི་ཕུགས་སུ་འཛུལ་བའི་གསར་བུ་དེས་ཁྱེད་ལ་རྡོ་ཐོ་གཅིག་གཞུས་བྱུང་།  ཁྱེད་ཀྱིས་ཐ་ན་དེ་ལ་སྣང་དོགས་ཙམ་ཡང་མི་བྱེད།  མཁྲིས་ཀྱི་ཨ་མ་བགྲེས་མོ་དེས་མ་བཟོད་པར་གསར་བུ་དེར་སྡིགས་དམོད་བྱེད་འགོ་བརྩམས།  འདི་ནི་ལུག་ཚེ་ཐར་ཅིག་ཡིན་པ་མ་རིག་གམ།  ཁྱོས་ད་དུང་རྡོ་ཐོས་གཞུས་པས།  དུད་འགྲོ་ལའང་མི་དོ་བ་རེད།  གསར་བུ་དེ་ཁོང་ཁྲོ་ལངས་རྩིས་བྱས་པ་ན་དེར་ཡོད་པའི་སྐོར་བ་འགྲོ་མཁན་ཚང་མས་ཁོ་བོར་སྡིགསདམོད་བྱས་པས་ཁོས་རང་ཉིད་ལ་ཡག་པོ་མི་ཡོང་བར་ཤེས་ནས་ཆར་བའི་ཁྲོད་མུ་མཐུད་་དུ་ལམ་ལ་ཆས་འགོ་བརྩམས།  གསར་བུ་འདི་ཚོར་ཐ་ན་སྙིང་རྗེའི་སེམས་ཏིལ་འབྲུ་ཙམ་ཡང་མི་འདུག་པས་དུད་འགྲོ་དང་མཚུངས།  ཁོས་ཕལ་ཆེར་མཚན་གང་བོར་ཆང་འཐུང་ནས་ད་ལྟ་ད་གཟོད་ཕྱིར་འགྲོ་བ་རེད། ད་སོ་མར་ཁོའི་ལུས་ཧྲིལ་བོར་ཆང་དྲིར་འཐུལ་ཡོད་ནོ་བལྟོས་ར།  ཨ་ཤུ།  མི་རབས་གཅིག་ལས་གཅིག་བཙོག། ང་སྒོའི་ཞབས་འདབ་འོག་ནས་ཁོ་ཚོའི་རེ་ཐག་ཆད་པའི་སྐད་ཆ་ཉན་ཞིང་ཆར་བ་ཐུང་མྱུར་ངང་འབབ་མཚམས་འཇོག་པའི་རེ་བ་བཅངས།  དུས་ཚོད་ཕྱེད་ཙམ་གྱི་རྗེས་ཆར་བ་ཇེ་ཆུང་དུ་གྱུར་བས་ང་ཚོ་མུ་མཐུད་དུ་བསྐོར་བ་སོང་།  
   ང་ཚོ་བརླན་ཤུར་ཤུར་ངང་ལྷོ་ཕྱོགས་ཀན་སའི་རིགས་གསུམ་མགོན་པོའི་ལྷ་ཁང་དུ་ཐོན་ཤིང་ལྷ་ཁང་གི་དཀོར་གཉེར་བཙལ་ནས་རྙེད་པས།  ངས་ཞལ་འདེབས་སྒོར་རྣམས་ཁོ་བོར་ཕུལ་ཞིང་ངེད་གཉིས་ངལ་རྩོལ་དུ་ཞུགས་རྒྱུའི་རེ་བ་ཞུས།  ཁོས་སྤྲོ་སེམས་འཁོལ་བའི་ངང་ངའི་རེ་བ་དང་ལེན་བྱས་ནས་བཤད་རྒྱུར།  ཉིན་གོང་གི་ཟ་མ་དགོན་པ་གཞུང་ནས་སྟེར་བ་ལས་གཞན་ད་དུང་ཇ་ཐེངས་གཉིས་ལ་འདྲེན་རྒྱུ་ཡིན་ཟེར།   གནས་ཚུལ་དེ་གོ་རྗེས་ང་ཤིན་ཏུ་དགའ་བར་གྱུར་ཅིང་།  ཉིན་དེ་ནས་བཟུང་ངས་ས་དྲུད་དེ་འདམ་བརྫིས།  ངས་ཁྱེད་ཀྱང་རིགས་གསུམ་མགོན་པོའི་ལྷ་ཁང་གི་སྐས་ཐེམ་དེའི་འགྲམ་དུ་བཏགས།   ཕྱིར་ཡུལ་དུ་ཐོན་རྗེས་ངས་ཁྱེད་ལ་རས་ཀྱི་ཏ་ལེན་ཞིག་བཟོས་ཤིང་།  ཉིན་རེར་ཁྱེད་ཀྱིས་ཏ་ལེན་དུ་ས་དང་བྱེ་མ་ཁུར་ནས་ངལ་ཙམ་ཡང་མི་གསོ་བར་རང་ཉིད་ཀྱི་རྔུལ་ཆུར་བརྟེན་ནས་ལྷ་ཁང་གསར་བཞེངས་ཀྱི་ལས་ཀར་ཞུགས།  གྲྭ་བ་ཚོས་མ་མོ་འདིས་སྔར་གཙུག་ལག་ཁང་བཞེངས་སྐྲུན་བྱེད་སྐབས་ཀྱི་སྣང་བརྙན་གསོན་པོ་རེ་རེར་ང་ཚོའི་མིག་ལམ་དུ་གསལ་ལེར་བསྟན་སོང་ཟེར།  ངེད་གཉིས་ཀྱིས་རིགས་གསུམ་མགོན་པོའི་ལྷ་ཁང་དུ་ཉིན་ཉེར་གསུམ་ཙམ་ལ་ངལ་ལས་བྱས་རྗེས།  ཕྱིས་ཀྱི་ཞིབ་ཚགས་ཆེ་བའི་ལས་ཀ་རྣམས་ངེད་གཉིས་ཀྱིས་རོགས་ཅུང་ཙམ་ཡང་བྱེད་མི་ནུས།  དེ་ནི་ལྷ་བཟོ་ཚོའི་ལས་ཀ་ཡིན་ལ།  ཁོ་ཚོས་གྱང་ངོས་སུ་ལྡེབས་རིས་འབྲི་བའི་དུས་ལ་སླེབས་བྱུང་།  ལས་ཀ་མཇུག་རྫོགས་ནས་ཉིན་བཞི་འགོར་བའི་རྗེས་སུ་ལྷ་ཁང་དོ་དམ་པ་དེས་གྲྭ་བ་ཅིག་མངགས་ཏེ་ཤིང་རྟའི་ནང་དུ་གཟན་རྩྭ་སྒྱེ་མོ་གསུམ་དང་རིང་བསྲེལ་རིལ་བུ་འགའ་ང་ལ་བསྐྱལ་བྱུང་།  ངས་ཁོའི་ངག་བཀོད་ལྟར་རིལ་བུ་རྣམས་ཆུར་སྦངས་ཤིང་།  ནམ་རྒྱུན་ཉིན་བཟང་སྐར་བཟང་ལ་ཐོན་དུས་ངེད་གཉིས་ཀྱིས་ཧུབ་གཉིས་གསུམ་རེར་བཏུང་བ་ཡིན།   སྐབས་འགར་ངས་སྨན་ཆུ་འདི་བཀོལ་ནས་ཁྱེད་ཀྱི་མིག་ཟུང་དེ་བཀྲུས།  
   ཉིན་རེའི་ཞོགས་པར་ཁྱེད་ཀྱིས་སྒོ་རྡུང་བཞིན་ང་གཉིད་ལས་སློང་ཤིང་།  དེ་ནས་ཁྱེད་སྔུན་ནས་འགྲོ་བས་ངས་ཁྱེད་ཀྱི་གཞུག་དེད་ནས་སྐོར་བ་སོང་།   ང་ལམ་བར་ནས་མི་ཆ་ཡོད་ཚོར་ཐུག་ཚེ་ཁྱེད་ཀྱིས་མདུན་ཕྱོགས་འཐེན་ནས་བུད་འགྲོ་ལ།  སོང་ནས་ས་ཁོངས་ཡངས་མོ་ཞིག་བདམས་རྗེས་དེ་རུ་ལངས་ཏེ་ང་ལ་སྒུག་འདུག   ཇ་ཁང་དུ་འཛུལ་བ་ན་ཁྱེད་རང་ནམ་རྒྱུན་ང་བསྡད་མྱོང་བའི་ཅོག་ཙེ་དེའི་འོག་ཏུ་འཛུལ་འགྲོ་ལ། ཇ་གསོལ་མཁན་ཚོས་ཁྱེད་མཐོང་མ་ཐག་མྱུར་མོ་ཇ་ཕོར་འཁྱེར་ནས་འདུག་གནས་གཞན་ཞིག་ཏུ་སོང་ནས་འུ་གཉིས་ཀར་འདུག་ས་སྟེར་ངེས།  མི་ཚང་མས་ཁྱེད་ངོ་ཤེས་འདུག
   མཚན་གུང་གི་རྨི་ལམ་ཁྲོད་ནས་ང་བཟང་མོ་དང་ཐུག་བྱུང་།  ཁྱེད་རང་སྤྲིན་སྨུག་གིས་དཀྲིས་པའི་རི་ལམ་ཕྲ་མོ་ཞིག་བརྒྱུད་ནས་འགྲོ་བཞིན་འདུག།  ཁྱེད་ཀྱིས་གདོང་ལ་བདེ་སྐྱིད་བག་ཕེབས་ཀྱི་ཉམས་ཤིག་མངོན་འདུག་ལ།  ལམ་ལ་འགྲོ་སྐབས་གོམ་འགྲོས་བརྟན་ཞིང་ལྷོད་པ་ཞིག་རེད།  ཕྱིས་སུ་ཁྱེད་མག་མོག་རབ་རིབ་ཏུ་གྱུར་ནས་རིམ་གྱིས་མི་གཞན་ཞིག་ཏུ་གྱུར་སོང་བའི་སྣང་བ་འཆར།  ང་འཛུམ་བྱུང་།  རྨི་ལམ་ཁྲོད་ངས་དཀར་སང་སང་གི་སོ་རྣམས་སྒོར་ཕྱུངས་འདུག  ཚད་མེད་པའི་དགའ་སྤྲོ་དེས་ང་གཉིད་ལས་བསླངས་བས་མལ་ཁྲིའི་སྟེང་དྲང་མོར་བསྡད་ནས་ད་ཅིའི་རྨི་ལམ་དེར་ཞིབ་འགྲེལ་བྱས།  ངས་བསམ་ན་ཁྱེད་རང་ཕལ་ཆེར་དམྱལ་བའི་སྡུག་བསྔལ་ལས་མཐར་འདུག་སྟེ།  དེ་ནི་ཁྱེད་ཀྱི་བག་ཕེབས་ཀྱི་ངོ་མདངས་ལས་བདེན་དཔངས་བྱེད་ཐུབ། རྨི་ལམ་གྱི་མཇུག་ཏུ་ཁྱེད་རིམ་བཞིན་རབ་རིབ་ཏུ་གྱུར་སོང་བ་དེས་ཁྱེད་རང་སྐྱེ་བ་གཞན་ལ་འཕོ་ཟིན་པ་གསལ་བཤད་བྱས་འདུག འདི་ལྟར་བསམ་བཞིན་ངའི་ཡིད་སེམས་རབ་ཏུ་དགའ་བས་གཉིད་ཡོང་དཀའ་བར་གྱུར། ནམ་གུང་དུ་སླེབས་པ་ན་ངའི་ཕོ་བར་ཟུག་གཟེར་ལངས་ཤིང་།  ཐོད་པའི་སྟེང་ནས་རྔུལ་ཆུ་རེ་རེར་མར་འགྲིལ་འོང་།   ངའི་སེམས་སུ་འདི་ལྟར་ན་ཟུག་བྱུང་ཚེ་དེ་རིང་་ཕལ་ཆེར་སྐོར་བ་འགྲོ་མི་ཐུབ་སྙམ་བྱུང་།  འོ་ན་ཁྱེད་ཇི་ལྟར་བྱེད།  ངས་ཡང་བསྐྱར་ཕོ་ནད་ཀྱི་ན་ཟུག་འདི་ཡུད་ཙམ་འགོར་རྗེས་རིམ་གྱིས་ཞི་འགྲོ་སྙམ་བྱུང་བས།  ཡར་ལངས་ཏེ་བོད་སྨན་རིལ་བུ་འགར་འཐུང་རྗེས་ཕྱིར་མལ་ཐུལ་དུ་འཛུལ་བ་ཡིན།  ཁྱེད་ཀྱིས་སྒོ་རྡུང་དུས་ངའི་ཕོ་བའི་སྟེང་གི་སྐྱུར་ཤུར་ཤུར་གྱི་ན་ཟུག་ད་དུང་འཇགས་མེད་པས།  དེས་ང་ལ་སྐོར་བ་འགྲོ་རུ་འཇུག་མི་སྲིད།  ཁྱེད་ཀྱིས་སྒོ་ཤེད་ཀྱིས་རྡུང་བས།  ངས་ད་གཟོད་བཟོད་བསྲན་བྱེད་བཞིན་ཡར་ལངས་ནས་སྒོ་ཕྱེ་རྗེས་ཁྱེད་ཀྱི་སྐེ་ཐག་གྲོལ།   ང་ལ་ན་ཚ་བྱུང་ཡོད་པས། ཁྱེད་རང་སྐོར་བ་སོང་ནས་མྱུར་མོར་ཕྱིར་ཤོག་ཅེས་ངས་ཁྱེད་ལ་དེ་ལྟར་ཁ་བསྒོ་བྱས།  ཁྱེད་ཀྱིས་མགོ་བོར་ཡར་བཀྱགས་ནས་ང་ལ་ཅེར་འདུག་ལ། འུ་གཉིས་མཉམ་དུ་སྒོར་འགྲོ་རྒྱུར་སྒུག་འདུག  ངས་ཁྱེད་སྒོ་ཆེན་ཁར་མ་གཏོགས་བསྐྱལ་མ་ཐུབ་ལ།  དེ་རུ་ཁྱེད་ཀྱི་སྒལ་གཞུང་དུ་བྱིལ་ཙམ་བྱས་རྗེས་མདུན་དུ་འགྲོ་རུ་བཅུག།  ཁྱེད་རང་ཚམ་ཚོམ་ངང་ཁ་ཕྱིར་འཁོར་ནས་ང་ལ་བལྟས་འདུག  ངས་ལག་གཡུག་གཡུག་བྱས་ཏེ་ཁྱེད་ལ་ལམ་དེད་ནས་སོང་ཞེས་ལག་བརྡ་བསྟན་པ་ན།  ཁྱེད་ཀྱིས་ངའི་སེམས་དོན་ཤེས་པ་ཇི་བཞིན་ཁ་ཕྱིར་འཁོར་ཏེ་སྲང་ལམ་ཆུང་ཆུང་དེའི་སྲང་སྣེ་བརྒྱུད་ནས་བུད་སོང་ལ།  གསལ་ལྷང་ལྷང་ངང་མཆེད་པའི་ཐག་ཐག་གི་རྨིག་སྒྲ་དེ་སྲང་ལམ་ཆུང་ཆུང་དེའི་མཁའ་དབྱིངས་སུ་ཡལ་བར་གྱུར།  
  ང་མལ་ཐུལ་དུ་འཛུལ་བཞིན་ན་ཟུག་མཚམས་འཇོག་པར་རེ་སྒུག་བྱས།  
  ཉི་འོད་སྒེའུ་ཐེམ་དུ་འཕྲོས་བྱུང་བས་ང་རང་མལ་ཐུལ་དུ་འཛུལ་ནས་སེམས་ཁྲལ་བྱེད་འགོ་བརྩམས།  སེམས་ཁྲལ་འདིས་ངའི་ཡིད་སེམས་མེ་ཡིས་འཚིགས་པ་ལྟར་བྲེལ་འཚུབ་སྐྱེས་སུ་བཅུག་པས་ཕོ་བའི་ན་ཟུག་དེའང་རེ་ཞིག་ལ་བརྗེད་པར་གྱུར།  ངས་ལམ་སེང་ཚི་ལེན་གོན་བཞིན་སྒོར་བུད་ནས་ཁྱེད་བཙལ་དུ་སོང་།  ན་ཟུག་འདིས་ངའི་མགོ་བོར་རྔུལ་ཆུས་བརླན་ཞིང་རྐང་བ་ཡར་འགྱོགས་དཀའ་བས་སྒོ་ཆེན་ཁར་སར་ཙོག་ནས་ལུས་པོར་རྒྱ་སྒོ་འཁེན་ནས་མི་འདུག་ཀ་མེད་རེད།  ན་ཟུག་ཅུང་འཇགས་སོང་།  ངས་མིག་ཟུང་སྲང་སྣེ་རུ་བསྐོར་བ་ན་ཁྱེད་ཀྱི་དཀར་སང་སང་གི་གཟུགས་རིས་དེ་ངའི་མིག་ལམ་དུ་མངོན་བྱུང་།  ཁྱེད་རང་སྲང་ལམ་དེའི་སྣེ་མོ་རུ་སོས་དལ་ངང་ཡོང་ཀིན་འདུག་ལ།  མཚམས་རེར་གོམ་མཚམས་བཞག་ནས་ཕྱོགས་བཞིར་ཕར་ལྟ་ཚུར་ལྟ་རེར་བྱེད།  ད་ལྟ་ཁྱོད་གཅིག་པུའང་སྐོར་བ་འགྲོ་ཐུབ་སོང་བས་ངའི་མིག་ཟུང་དུ་དགའ་མགུའི་མཆི་མ་ཐོར།  ང་བཙན་ཚུགས་སྒོས་ཡར་ལངས་ཏེ་ཁྱེད་ངའི་གམ་ཏུ་བཅར་བའི་རེ་སྒུག་བྱས།  ངས་ཁྱེད་སྒེའུ་ཁུང་འགྲམ་ནས་བཏགས་རྗེས་གཟན་རྩྭ་སྐམ་པོ་འགའ་འཁྱེར་ཡོང་ནས་ཁྱེད་ལ་ཟ་རུ་བཅུག  འ་ཡོ།  སེམས་ལ་ཁབ་བཙགས་བྱེད་པ་ལྟབུའི་ཟུག་གཟེར་དྲག་པོ་ཞིག་ཐོལ་གྱིས་ལངས་བྱུང་།  ངས་ལུས་བོ་མར་སྒུར་ནས་ན་ཟུག་གི་མཚམས་དེ་ལག་པས་སྐྱོར་དགོས་བར་གྱུར།  ཨ་མྱེས་སྙན་གྲགས་ལགས།  ཁྱེད་ལ་ཅི་ཞིག་བྱུང་སོང་།  སྨན་ཁང་དུ་སོང་ནས་སྨན་པ་བསྟན་ན་འགྲིགས།   ཁྱེད་ཀྱི་ངོ་གདོང་དེ་མི་ལ་སྐྲག་སྣང་སློང་བ་ཞིག་རེད།   ང་ཚོས་ཁྱེད་སྨན་ཁང་དུ་བསྐྱལ་ཡ།  ཁྱིམ་མཚེས་ཚང་མ་རུབ་ནས་ཡོང་སྟེ་བཙན་གྱིས་ང་སྨན་ཁང་དུ་བསྐྱལ།  ངས་ཨུ་ཚུགས་ཇི་ལྟར་བྱས་ཀྱང་མ་ཕན་པས་སྨན་ཁང་དུ་ཞིབ་བཤེར་བྱ་དགོས་བྱུང་།  སྨན་པས་ང་ལ་ཁྱེད་ཀྱི་ནད་འདི་ཡང་མོ་ཞིག་མིན་པས་ངེས་བར་སྨན་ཁང་དུ་བསྡད་ནས་སྨན་བཅོས་བྱ་དགོས་ཟེར།  ང་སྨན་ཁང་དུ་རྩ་བ་ཉིད་ནས་འདུག་རྒྱུ་མིན།  དེ་བས་ཁྱེད་ཀྱིས་ང་ལ་གཟེར་འགོག་སྨན་ཁབ་ཅིག་བརྒྱབ་ཆོག་ཅེས་བཤད།  ཁྱིམ་མཚེས་ཚོས་ཀྱང་ང་ལ་ངེས་བར་སྨན་ཁང་དུ་འདུག་དགོས་ཟེར།  ཉིན་རེའི་ཟས་ཐུན་གསུམ་ཀྱང་ཁོ་ཚོས་རེས་མོས་སུ་འཁོར་ནས་ཁྱེད་ལ་བསྐྱལ་ཡོང་ཟེར།  ང་ཧ་ཅང་སེམས་འགུལ་ཐེབས་སོང་།  འོན་ཀྱང་ང་སྨན་ཁང་དུ་འདུག་མི་རུང་།  སྨན་པས་ཁྱིམ་མཚེས་རྣམས་སྒོའི་ཕྱིར་རུ་བོས་སོང་།  ཕྱིར་ཐོན་དུས་ཁོ་ཚོར་མི་རེ་རེའི་གདོང་མདོག་སྐྱ་ཞིང་ཧོན་ཐོར་བའི་རྣམ་པས་ཁེངས་འདུག  ངས་ཁོ་ཚོའི་གདོང་གི་རྣམ་འགྱུར་ལས་ངའི་ནད་གཞི་དེ་སྔ་མོ་ནས་སྐྱོབ་ཐབས་མེད་སོང་བ་ཧ་གསལ་བོར་གོ་བྱུང་།  སྨན་པ་ལགས།  ང་རྒན་པོ་ཁེར་འདུག་ཅིག་ཡིན།  ཁྱེད་ཀྱི་ངའི་ནད་གཞི་ཅི་ཞིག་ཡིན་པ་གསལ་བོར་ཤོད་རོགས།  ངས་སྨན་པར་དེ་ལྟར་ཞུ་བ་བྱས།  ཁྱེད་རང་ཐང་ཆད་དྲགས་པས།   སྨན་ཁང་ནས་ངེས་པར་ཁམས་གསོ་བྱ་དགོས།  སྨན་པས་དེ་ལྟར་བཤད།  ཁྱེད་ཀྱིས་ང་ལ་དྲང་མོར་བཤད་རོགས།  ད་ཅིའི་ཁྱིམ་མཚེས་ཚོའི་མིག་མདངས་ལས་ངས་རང་གི་ནད་འདི་ཧ་ཅང་ཚབས་ཆེན་ཡིན་པ་གསལ་བོར་རྟོགས་ཡོད།  སེམས་ནས་འདང་མང་བོ་མ་རྒྱག།  ནད་ལྕི་མོ་མིན་པས་ཐོག་མར་སྨན་ཁང་དུ་འདུག་རྒྱུ་བྱོས་ཟེར།  ཁྱིམ་མཚེས་ཚོས་ཀྱང་ང་ལ་སྨན་ཁང་དུ་འདུག་དགོས་པའི་ཁ་ཏ་བྱས།  སྨན་པ་ལགས།  ཁྱེད་ཀྱིས་ནད་གཞིའི་ཟིན་ཐོ་དེ་ང་ལ་ལྟ་རུ་ཆུག་དང་།  མཐའ་འབྲས་ཇི་འདྲའི་ངན་རུང་ངས་རང་སེམས་ལྷོད་ལ་ཕབ་སྟེ་དང་ལེན་བྱ་ཐུབ་ངེས་ཡིན།  ངས་དེ་ལྟར་བཤད་པ་ན།  སྨན་པས་མིག་ཟུང་དེ་རིམ་གྱིས་ཁྱིམ་མཚེས་ཚོའི་གདོང་ལ་བསྐོར་སོང་།  ཁྱིམ་མཚེས་ཚང་མས་མགོ་བོར་མར་སྒུར་ནས་འདུག་ལ།  སུས་ཀྱང་ཁ་གྲགས་མཁན་མ་བྱུང་།  ང་ལ་བུ་བུ་མོ་ཅི་ཡང་མེད་པས་རང་གིས་ཐག་གཅོད་རྒྱུ་ལས་འོས་མེད།  ཁྱེད་ཀྱིས་ང་ལ་ལྟ་རུ་ཆུག་ཅེས་པར།  སྨན་པར་ཐབས་ཟད་པས་ནད་གཞིའི་ཟིན་ཐོ་ངའི་ལག་ཏུ་གཏད་བྱུང་།  ཕོ་སྐྲན།  ཚིག་འདི་གཉིས་པོ་མིག་ལམ་དུ་མངོན་མ་ཐག་ངའི་སེམས་ལ་གྲང་འདར་ཅིག་སྐྱེས་བྱུང་།   ངས་རང་ཉིད་འཇིག་རྟེན་འདིར་འཚོ་ཡུན་མི་རིང་བ་ཤེས་སོང་།  ང་འཆི་བར་གྱུར་ཚེ།   ལུག་ཚེ་ཐར་ཁྱེད་ཇི་ལྟར་བྱ་ཨང་།  སེམས་ཚེགས་འདིས་ངའི་སེམས་ཁམས་སྔར་ལས་རྙོག་འཛིང་ཅན་དུ་བཏང་སོང་བས།   ངའི་སེམས་ལ་གཡོ་འགུལ་ཐེབས་སུ་བཅུག་ཅིང་འཆི་བར་གདོང་གཏད་ཚེ་ངས་རང་ཉིད་ཆགས་ས་ཞེན་ཡུལ་ཅི་ཡང་མེད་པ་ཞིག་ཏུ་གཏོང་མི་ཐུབ།  ངས་སྨན་པར་བལྟས་ཏེ་ང་ད་དུང་གསོན་ཡུན་ག་ཙམ་ཡོད་ཅེས་དྲིས་པར། སྨན་པས་དེ་བཤད་དཀའ་མོ་རེད་ཟེར།  གལ་ཏེ་སྨན་པའི་ངག་བཅོལ་ལྟར་སྨན་བཅོས་ལེགས་པོ་བྱས་ཚེ་སྨན་བཅོས་མ་བྱས་པ་ལས་ལོས་དགའ་ཟེར།   ང་སྨན་ཁང་དུ་འདུག་མི་རུང་།  གལ་སྲིད་སྨན་ཁང་དུ་བསྡད་ཚེ་ཉིན་རེར་ལུས་ཕུང་གི་རྩ་ལམ་དུ་གནམ་ཁབ་མཛེར་ཏེ་སྨན་ཆུ་མང་བོ་རྒྱག་དགོས་པས་ངའི་ཡུན་ཐུང་གི་དུས་ཚོད་རྣམས་སྨན་ཁང་ནས་ཆུད་ཟོས་སུ་བུད་འགྲོ་ལ།  ཉིན་རྒྱུན་སྐོར་བ་དང་མཆོད་མཇལ་འགྲོ་བའི་གོ་སྐབས་ག་ལ་ཡོད་སྲིད།   དེ་ལྟར་བྱས་ཚེ་ང་ཉལ་ས་མ་ལྷུང་གོང་ལ་ཡིད་སེམས་སྔ་མོ་ནས་ཤི་འགྲོ།  སྨན་པ་ལགས།  དེ་རིང་ཁྱེད་ཀྱིས་ང་ལ་གཟེར་འགོག་ཁབ་ཅིག་རྒྱག་རོགས།  ང་ཕྱིར་སོང་ནས་ཁྱིམ་གྱི་བྱ་བ་རྣམས་བཀོད་སྒྲིག་བྱས་ཚར་རྗེས་ནངས་ཀ་ཡོང་ནས་སྨན་ཁང་དུ་འདུག་རྒྱུ་བྱ།  ངས་རང་ཉིད་སྨན་ཁང་ནས་བྱོལ་ཆེད་སྨན་པར་རྫུན་བཤད་འགོ་བརྩམས།  སྨན་པས་ཕལ་ཆེར་ངའི་དྲན་སྒོ་ཤེས་སོང་བ་འདྲ་སྟེ། ཁྱེད་ཀྱིས་རང་གི་ཚེ་སྲོག་དེ་རྩེད་སྤྱད་མ་བྱེད་ཟེར།    ངས་ཁོ་བོར་ཕྱོགས་མང་བོ་ཞིག་གི་སྟེང་ནས་ཁ་ཐེག་བྱས་མཐར་སྨན་ཁང་ལས་སྒོར་འབུད་ཐུབ་བྱུང་། མ་མོས་ཁྱིམ་མཚེས་ཚོས་ང་སྐྱོར་ནས་ཡོང་བཞིན་པ་མཐོང་བས་བྲེལ་མྱུར་ངང་ཡར་ལངས་ཏེ་ངའི་གམ་ལ་བཅར་བྱུང་།   གློ་བུར་དུ་བསྲན་མི་ཚུགས་པའི་མིག་ཆུ་མང་བོ་ཐ་ར་ར་བཞུར་ནས་འོང་བས་རྒས་གཉེར་གྱིས་ཁེངས་པའི་ངའི་ངོ་གདོང་ཡོངས་རྫོགས་བརླན་པར་བཏང་།  ང་ཚོས་སྨན་ཁང་ནས་བཟང་མོ་ཡང་འདི་ལྟར་ཁུར་ནས་འོང་ཞིང་།   ཆེས་མཐའ་མཇུག་གི་དབུགས་རྒྱུན་ཀྱང་རང་ཁྱིམ་འདི་ནས་ཆད་སོང་བ་རེད།  ངས་འདི་ལྟར་མིག་ཆུ་འདོན་ག་ལ་རུང་ཨང་།  ཁྱིམ་མཚེས་ཚོས་ང་ལྷན་སྐྱེས་ནས་འཆི་རྒྱུར་སྐྲག་ཡོད་པ་ཞིག་རེད་སྙམ་ངེས།  ཁོ་ཚོས་ཁྱེད་འགྲམ་ལ་དེད་རྗེས་ང་སྐྱོར་ནས་ཁང་བའི་ནང་དུ་བསྐྱལ།   ངས་ཁྱེད་ཀྱི་མིག་ཟུང་མཆི་མས་བརླན་ཞིང་མགོ་བོ་མར་སྒུར་འདུག་པ་མཐོང་བྱུང་། ཁྱིམ་མཚེས་རྣམས་ངའི་མཐའ་ལ་རུབ་བཞིན་སང་ཉིན་སྨན་ཁང་དུ་འདུག་རྒྱུའི་ཁ་ཏ་བྱས།  ཁ་ཤས་ཕྱིར་ཁྱིམ་དུ་སོང་ནས་ང་ལ་བྱ་སྒོང་དང་མར།  སྐམས་ཤ་སོགས་བསྐྱལ་ཡོང་།  ཁོ་ཚོས་ད་དུང་ང་ལ་ལུག་ཚེ་ཐར་བདག་སྐྱོང་ཡག་པོ་བྱ་རྒྱུར་ཁས་ལེན་དམ་བཅའ་བྱས་སོང་།  སྐད་ཆ་དེ་ངའི་བློར་བབ་ཤིང་ཡུན་རིང་སེམས་སུ་མནར་བའི་སེམས་ཁྲལ་གྱི་ཁུར་བོ་དེ་ཅུང་ཇེ་ཡང་དུ་སོང་།  ཁྱིམ་མཚེས་ཚོས་ང་ཐང་ཆད་ཡོད་པ་ཚོར་ནས་གཅིག་རྗེས་གཉིས་མཐུད་ངང་རང་རང་སར་གྱེས།  
  ངས་དྲ་མའི་ཡོལ་བ་འཐེན་ཤིང་གློག་བཀར།  ཕོ་བར་ད་དུང་ཚ་བསྲེག་གི་ན་ཟུག་ཅུང་ཙམ་རེར་སྐྱེས་འོང་།  ངས་ཁྱེད་ཁྱིམ་ནང་དུ་ཁྲིད་ཡོང་རྗེས་རང་ཉིད་ཤིང་གི་མལ་ཁྲི་དེ་རུ་བསྡད།  ཁྱེད་རང་ངའི་རྐང་བའི་འགྲམ་དུ་འཕྲེད་ལ་ཉལ་བཞིན་མགོ་བོ་ཡར་བཀྱགས་ཏེ་ང་ལ་བལྟས་འདུག  ངས་ལུས་བོ་མར་སྒུར་ཏེ་ཁྱེད་ལ་འཕྲུག་ཙམ་བྱས་མ་ཐག་ཁྱེད་ཀྱི་མིག་ཟུང་དེ་ཚམ་ཚུམ་བྱེད་བཞིན་ལུས་ཡོངས་བདེ་སྣང་གིས་ཡོངས་སུ་སིམ་འདུག  ནམ་ཞིག་ལ་ངས་རང་ཉིད་གློ་བུར་དུ་འཆི་རྒྱུ་ཡིན་པ་མི་གསལ་མོད།    འཇིག་རྟེན་དཀར་ངོགས་ནས་གསོན་ཡོད་པའི་ཉི་མ་འདི་ཚོར་ངས་ཁྱེད་ཁྲིད་དེ་དགེ་བ་མང་བོ་བསག་ཏེ་ཁྱེད་ཀྱི་སྡིག་སྒྲིབ་རྣམས་སྦྱངས་རྗེས་སྐྱེ་བ་ཕྱི་མར་ཁྱེད་ལ་ལམ་བཟང་བོ་ཞིག་རྙེད་ཐབས་བྱ་དགོས།  གལ་སྲིད་ང་འཆི་བར་གྱུར་ཚེ།   ངས་ར་སྐོར་ནང་གི་མི་ཚོར་བཅོལ་གདམ་བྱས་ཏེ་ཁྱེད་ཤི་རག་བར་དུ་བདག་སྐྱོང་ལེགས་པོར་བྱ་རུ་འཇུག་ངེས།  ཚེ་འདིར་འུ་གཉིས་ཀྱིས་ཚེ་རབས་སྔོན་མའི་ལས་དབང་གི་རྒྱུན་མཐུད་ནས་འོང་ཞིང་།  སྐྱེ་བ་ཕྱི་མའམ་ཚེ་རབས་མང་བོའི་རྗེས་སུའང་འདི་ལྟར་ལས་འབྲས་ཀྱི་རྒྱུན་སྐྱོང་ནས་འགྲོ་ངེས།  ངས་ཡིད་སེམས་རབ་ཏུ་མགུ་བཞིན་ཁྱེད་ལ་དེ་ལྟར་བཤད།  ཁྱེད་ཀྱིས་ངའི་སྐད་ཆ་གོ་སོང་བ་ལྟར་ལག་པའི་རྨིག་གཞི་དེ་ངའི་བརླ་ཐོག་ཏུ་བསྲིངས་ཤིང་མིག་ཟུང་དུ་འོད་མཚེར་བའི་མཆི་མའི་དོག་པ་རེར་འཛུམ་འདུག  ངས་ཁྱེད་ཀྱི་སྐེད་ལ་འཐམས་བཞིན་ཡིད་སེམས་རབ་ཏུ་གདུངབའི་ངང་ངུས་བྱུང་།  ངའི་རྣ་ལམ་དུ་དལ་བུར་རྒྱུ་བའི་ཁྱེད་ཀྱི་རློན་ཤུར་ཤུར་གྱི་དབུགས་རྒྱུན་དེ་བཟང་མོའི་དབུགས་རྒྱུན་དང་ཇི་འདྲའི་མཚུངས་ཨང་།  དེས་ངའི་རྙོག་འཛིང་གི་སེམས་ཁམས་ལྷིང་འཇགས་སུ་བཏང་།  ངས་ལག་ཟུང་ཐལ་མོ་སྦྱོར་བཞིན་སྐྱེ་འགྲོ་ཐམས་ཅད་དམག་འཁྲུག་དང་མུ་གེ  ནད་ཡམས་སོགས་ཀྱི་སྡུག་བསྔལ་ལས་གྲོལ་བའི་སྨོན་ལམ་སྙིང་ནས་བཏབ་ལ།  ཁྱེད་ཀྱང་སྐྱེ་བ་ཕྱི་མར་རྒྱུ་ལོངས་སྤྱོད་འཛོམས་པའི་ཁྱིམ་རྒྱུད་དུ་སྐྱེ་བ་དང་བྱམས་ལྡན་གྱི་ཕ་མར་འཕྲད་པ།  སྐྱེ་བ་ཕྱི་མར་དམ་པའི་ལྷ་ཆོས་དང་འཕྲད་པའི་སྨོན་ལམ་སྙིང་ནས་བཏབ།  ངས་རང་ཉིད་ནངས་ཀ་ནས་འཆི་རྒྱུ་ཡིན་པ་ལྟར་ཁྱེད་ལ་ཁ་ཆེམས་ལྟབུའི་སྐད་ཆ་འདི་འདྲ་མང་བོ་ཞིག་བཤད་སོང་།  ཕྱི་རོལ་ཏུ་སྒོ་ཁྱིའི་ཟུག་སྐད་རེ་གཉིས་གྲགས་འོང་བས་ངས་ད་གཟོད་དུས་ཚོད་ཡུན་རིང་ཞིག་འགོར་འདུག་པ་རྟོགས། འུ་གཉིས་ངལ་གསོ་རན་ལ་ཐུག་སོང་།  ངས་ཁྱེད་ར་སྐོར་དུ་ཁྲིད་དེ་སྔ་མོར་ནས་ཉལ་དུ་བཅུག  
   ང་སྨན་ཁང་དུ་མ་སོང་ལ།  ཉིན་དེ་ནས་བཟུང་བྲེལ་ཟིང་གི་ཚོར་འདུ་དྲག་པོ་ཞིག་གིས་ང་ལ་སྐུལ་མ་ཐེབས་པ་བཞིན་ཁྱེད་ཁྲིད་དེ་ལྷ་ཁང་རེ་རེར་མཆོད་མཇལ་དུ་སོང་།  ནམ་རྒྱུན་ཉིན་བཟང་སྐར་བཟང་ལ་ཐོན་དུས་ངེད་གཉིས་སྔོ་ཚལ་ཚོང་ར་སོང་ནས་ཉ་གསོན་པོ་རྒྱ་མ་བཅུ་ལྷག་ཉོས་ནས་ཁྱེད་ལ་བཀལ་རྗེས་རྒྱང་རིང་གི་སྐྱིད་ཆུའི་ཁར་སོང་ནས་ཚེ་ཐར་བཏང་།  ཚེ་ཐར་བཏང་བའི་ཉ་དེ་དག་འགྱིག་ཁུག་ལས་དགའ་མགུའི་རྩེད་འཇོ་རོལ་བཞིན་ཕྱི་རུ་རྐྱལ་འགྲོ་ལ། དེ་ཚོས་རྔ་མ་གཡོ་འགུལ་བྱེད་བཞིན་ཆུ་ནང་གི་སྔོ་རྩྭའི་གསེབ་ཏུ་འཛུལ་བས་གྲིབ་མ་ཙམ་ཡང་མི་མཐོང་བར་གྱུར།  ངེད་གཉིས་ཀྱིས་ཚེ་སྲོག་བརྒྱ་ཕྲག་ལྷག་འཆི་བདག་གི་གཡང་ཁ་ནས་བསྐྱབས་ཏེ།  ཁོ་ཚོར་ཉམ་ཐག་དང་འཇིགས་སྐྲག་གི་སྡུག་བསྔལ་ལས་གྲོལ་རྗེས་སྔོ་ལམ་མེར་བཞུར་བའི་ཆུ་བོའི་ནང་ཡང་བསྐྱར་འཚོ་བ་རོལ་ཏུ་བཅུག   བསིལ་འཇམ་གྱི་རླུང་བུ་དལ་བུར་ལྡང་བས་ཆུ་ངོགས་སུ་རླབས་གཉེར་ཤིག་ཤིག་ཏུ་གཡོས་བྱུང་།  སྔོ་བསང་གི་ནམ་མཁར་སྤྲིན་དཀར་ཚོམ་བུ་རེར་དལ་གྱི་རྒྱུ་ཞིང་རྒྱ་ལྕང་གི་ལོ་མ་ཤར་ཤུར་དུ་གཡོ་བའི་སྒྲ་གསལ་ལེར་ཐོས་འོང་།  ཆུ་རགས་དེའི་འགྲམ་དུ་རྩྭ་ལྗང་སྔོ་བཏིམས་སེ་སྐྱེས་ཡོད་ལ།  དེའི་སྟེང་ཕྱེ་མ་ལེབ་འགས་དགའ་སྤྲོའི་འཕུར་ལྡིང་རྩེན་བཞིན་འདུག  འུ་གཉིས་ཀྱི་སྣང་བ་དགའ་ཡལ་ལེར་གྱུར་ཅིང་སེམས་ཁོངས་ཧྲིལ་བོར་བྱམས་དང་སྙིང་རྗེས་ཁེངས་འདུག  ང་ཆུ་འགྲམ་ནས་དཀྱིལ་ཀྲུང་དུ་བསྡད་དེ་ནས་ཆང་དམ་བེ་གང་བོ་དེའི་ཁ་ཕྱེ་ནས་དལ་བུར་འབྱིད་འགོ་བརྩམས།  ལག་པའི་ནང་གི་ཕྲེང་བ་མྱུར་འདྲེན་བྱེད་ཅིང་།  ཕྲེང་རྡོག་ཕན་ཚུན་བརྡབས་པའི་སྒྲ་གསལ་ལ་མི་གསལ་བ་དེས་ངའི་སེམས་ཁམས་སྔར་བས་ལྷིང་འཇགས་སུ་བཏང་།  ཁྱེད་ཀྱིས་མགོ་སྒུར་ནས་རྩྭ་ཟ་བཞིན་འདུག་ལ། མཚམས་རེར་རྣ་ཅོར་ཅོར་བྱེད་བཞིན་མྱུར་སྟབས་ཀྱིས་རྒྱུ་བའི་རླངས་འཁོར་གྱི་ཤུར་སྒྲ་དེ་ལ་དོགས་ཟོན་གྱིས་ཉན་པར་བྱེད་།  ཉི་མ་ནུབ་རིར་མ་ཡོལ་གོང་ངེད་གཉིས་སོས་དལ་ངང་ཁྱིམ་དུ་ལོག་པ་ཡིན།
  ལོ་དེའི་དབྱར་མཇུག་ཏུ་ཚེ་སྨོན་གླིང་ནས་བླ་མ་ཞིག་གིས་དབང་སྐུར་བཞིན་འདུག་པས་ངས་ཁྱེད་ཁྲིད་དེ་དབང་ལ་སྒུར་དུ་སོང་།  དགོན་པའི་ར་སྐོར་ནང་མི་ཚོགས་ཀྱིས་ཡོངས་སུ་བཀང་འདུག་པས་ངེད་གཉིས་གཅིག་གིས་གཅིག་ལ་འཁེན་བཞིན་ཟུར་སྣེ་ཞིག་ཏུ་བསྡད།  བླ་མས་ཆོས་གསུངས་པའི་ཚེ་ཁྱེད་ཀྱིས་རྣ་ཅོར་ཅོར་ངང་ཡིད་སེམས་ལྷོད་ལ་ཕབ་ཏེ་ཐང་དུ་ཉལ་བྱུང་ལ།  མཚམས་རེར་མིག་ཟུང་གསེར་ཁྲིའི་སྟེང་གི་བླ་མའི་ཕྱོགས་་སུ་བསྐོར།  ཡུན་རིང་འགོར་རྗེས་ཁྱེད་རང་ངལ་དུལ་སྐྱེས་བྱུང་བས་མི་ཚོགས་ཀྱི་ཕྱི་རོལ་ནས་ཕར་འགྲོ་ཚུར་འགྲོ་འགའ་བྱས་ནས་རིང་བོར་མ་ལོན་པར་ཡང་བསྐྱར་ངའི་གམ་ཏུ་སླེབས་བྱུང་།  ཁྱེད་ཀྱི་རྣམ་འགྱུར་དེ་མཐོང་བ་ན་མི་རྣམས་ཡ་མཚར་བའི་ཞོར་དུ་ཁྱེད་ལ་སྙིང་རྗེའི་བརྩེ་བ་ཞིག་ཀྱང་སྐྱེས་བཞིན་འདུག   ཉིན་དེ་ནས་བཟུང་ཚོགས་ཞབས་ལ་སྒུར་བའི་མི་དེ་ཚོས་གཟན་རྩྭ་དང་སྔོ་ཚལ་འཁྱེར་འོངནས་ཁྱེད་ཀྱི་མདུན་དུ་སྤུང་ཤིང་།  ཁྱེད་ཀྱི་སྒལ་གཞུང་དུ་བྱིལ་བྱིལ་བྱེད་བཞིན།  ལྷ་དཀོན་མཆོག་ལ་ཆོས་འབྲེལ་ཡོད་ན་ངེས་བར་དུ་ལས་འབྲས་བཟང་བོ་འཁོར་ངེས་ཡིན་ཟེར།  གྲྭ་བ་ཚོས་ཀྱང་ཁྱེད་ལ་སེམས་འདུན་དྲང་མོ་བཟུང་ནས་ལྷ་ཁང་དུ་མཆོད་མཇལ་དང་སྐོར་བ་འགྲོ་ཆོག་པ་བྱས་པ་མ་ཟད། ད་དུང་ཁྱེད་ཀྱི་རྣ་བར་དར་ལུང་ཞིག་ཀྱང་བཏགས་བྱུང་།  འུ་གཉིས་ནམ་ཡང་བྲེལ་བྲེལ་ཟིང་ཟིང་དུ་ཡོད་པས་མིག་ལྡེབ་དབང་ཙམ་ལ་ཟླ་མཆོད་དུས་ཆེན་ལ་སླེབས།  འདིའི་ཡུན་ལ་ངའི་ཕོ་བར་གཟེར་ཆུང་རེར་སྐྱེས་ཀྱིན་ཡོད་ནའང་སྔོན་ཆད་ལས་ཅུང་ཇེ་དགའ་སོང་འདུག   བཟང་མོས་སླར་ཡང་རྨི་ལྟས་ཤིག་གཏན་ནས་མ་བསྟན་པས་ཁོ་མོར་མི་ལུས་ཐོབ་ཡོད་པར་སྨོན།   ངས་བཟང་མོ་འཁྲེང་བའི་སེམས་འདུན་དེ་ཅུང་ལྷོད་ཡོད་དུས་ལུག་ཚེ་ཐར་ལ་སེམས་ཁུར་བྱེད་ཚད་དེ་སྔར་བས་ཇེ་དྲག་ཏུ་བུད་འགྲོ་སྟེ།  ནམ་ཞིག་ལ་ང་རང་འཆི་བར་གྱུར་ཚེ་ཁྱེད་ལ་བདག་སྐྱོང་བྱ་མཁན་མེད་འགྲོ་བས། ཁྱེད་ཀྱིས་བརྙས་བཅོས་མྱོང་མི་ཡོང་ངམ།  གཞན་གྱིས་ར་སྐོར་ནས་ཕྱིར་ལ་མི་སྐྲོད་དམ་སྙམ་ནས་སེམས་ཁུར་བྱེད་འགོ་བརྩམས།  ངའི་ཀླད་པའི་ནང་སེམས་ཁྲལ་གྱི་ཚོར་བ་དེ་ཡུན་རིང་ཞིག་ལ་འཁོར་བས།  དེས་ང་ལ་ལོ་ངོ་ཁ་ཤས་རིང་ཧུར་བརྩོན་གྱིས་འཚོ་དགོས་པའི་སྐུལ་ལྕགས་ཐེབས་སུ་བཅུག  ཉིན་རེར་ངས་དཀོན་མཆོག་གསུམ་ལ་གསོལ་བ་བཏབ་ཏེ་ང་རང་འཇིག་རྟེན་དཀར་ངོགས་འདི་ནས་དུས་ཡུན་རིང་བོ་ཞིག་ལ་འཚོ་ཐུབ་པའི་སྨོན་ལམ་བཏབ།  ཟླ་མཆོད་དུས་ཆེན་གྱི་སྐབས་དང་བསྟུན་ནས་ངས་ཁྱེད་ཁྲིད་དེ་གླིང་སྐོར་དུ་རྐྱང་ཕྱག་འཚལ་དུ་འགྲོ་དགོས་བསམ་བྱུང་།  ངས་ཁྱེད་ལ་དོན་དེ་བཤད་པ་ན་ཁྱེད་ཀྱི་མིག་ཟུང་རེ་བས་ཁེངས་འདུག   ངས་བསྐྱར་དུ་ཁྱེད་ལ་ཏ་ལེན་སོ་མ་ཞིག་བཟོས་ཤིང་།  རང་ལ་རས་ཧྥན་པུས་ཀྱི་པང་གདན་སོ་མ་ཞིག་བཟོས། འདི་ལྟར་ངེད་གཉིས་ཀྱི་གྲ་སྒྲིག་གི་ལས་ཀ་ཡོངས་སུ་མཇུག་རྫོགས།  
  གནམ་ད་དུང་ལངས་མེད་ལ།  མུན་པ་སྟུག་པོ་དེ་དལ་བུར་མར་འགྲིལ་ཅིང་སྐྱ་རེངས་ཀྱི་ཁ་དོག་དེ་རིམ་གྱིས་མངོན་འོང།  ངས་གོམ་འགྲོས་ཧ་ཅང་དལ་བའི་ངང་གོམ་པ་གཅིག་རེའི་མཚམས་ནས་ལུས་མར་སྒུར་ཏེ་ཕྱག་རེ་འཚལ།  ཁྱེད་ཀྱིས་ང་རང་མིག་གིས་འཚོ་བཞིན་སོས་དལ་ངང་ངའི་གཞུག་དེད་དེ་འོང་།  ཁྱེད་ཀྱི་སྒལ་བར་བཀལ་བའི་ཏ་ལེན་གྱི་གཡས་ཕྱོགས་སུ་རྩམ་ཁུག་ཆུང་བ་ཞིག་དང་ཇ་ཕོར་བ་གང་བཅུག་ཅིང་།  གཡོན་ཕྱོགས་སུ་ཚོད་དཀར་གཅིག་དང་ཆུ་ར་ཟེའུ་གང་བཀལ།  ཉི་འོད་སེར་ལམ་ལམ་ཤར་དུས་ངེད་གཉིས་རྡོ་སེང་གེའི་ལམ་གྱི་ལྷོ་སྣེ་རུ་སླེབས་འདུག  འགྲུད་བཞུད་རླངས་འཁོར་རེ་རེ་བཞུད་ནས་ཡོང་ཏེ་ལམ་འགྲམ་དུ་བསྡད་ཅིང་རླངས་འཁོར་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་བོ་གཅིག་རྗེས་གཉིས་མཐུད་ངང་སྒོར་བུད།  ཁོ་ཚོས་ངེད་གཉིས་མཐོང་རྗེས་མཐའ་ལ་རུབ་ཡོང་ནས་གཅིག་འཕྲོ་གཅིག་གིས་པར་བརྒྱབ་བཞིན་མཚམས་མི་འཇོག  ངས་ལུས་ཧྲིལ་བོར་སར་བརླན་རྗེས་ཡང་བསྐྱར་ཡར་ལངས་ཏེ་གོམ་པ་གཉིས་སོང་རྗེས་མུ་མཐུད་དུ་ལུས་ས་ལ་སྒུར་བཞིན་ཕྱག་འཚལ་བ་ཡིན།  ཁྱེད་ཀྱིས་ཅ་དངོས་རྣམས་ཁུར་ནས་ངའི་གཞུག་ཏུ་མཐུད་བྱུང་། དེའི་ཁྲོད་ཀྱི་ལྟ་སྐོར་བ་རེ་གཉིས་ཤིག་གིས་ངེད་གཉིས་ལ་དངུལ་སྒོར་གྱི་སྦྱིན་པ་བཏང་བྱུང་། ངས་ལག་ཟུང་ཐལ་མོར་སྦྱར་ནས་ཁོ་ཚོར་ཐུགས་རྗེ་ཆེ་ཞུས།  གཞུག་ཕྱོགས་འུ་གཉིས་ཀྱིས་སྒོར་འདི་རྣམས་དགོན་པ་ཞིག་ལ་ཞལ་འདེབས་སུ་འབུལ་ཞེས་ངས་དེ་ལྟར་བཤད།  ང་ཚོས་མུ་མཐུད་དུ་ཕྱག་འཚལ་ཞོར་ཡུལ་སྐོར་བ་ཚོར་བསྐྱུར་ནས་སོང་།  ངས་དཀོན་མཆོག་གསུམ་ལ་གསོལ་བ་སྙིང་ནས་བཏབ་ཏེ་ང་རང་འཇིག་རྟེན་དུ་གསོན་ཡུན་རིང་བོ་བྱུང་ནས་ཁྱེད་ལ་འདུག་རོགས་བྱེད་ཐུབ་པའི་སྨོན་ལམ་བཏབ།  
  ཉིན་དེར་ངེད་གཉིས་ཀྱིས་དྲོས་ཇ་ལམ་འགྲམ་ནས་འཐུང་བ་ཡིན།  ང་མི་འགྲུལ་ལམ་ཁར་དཀྱིལ་ཀྲུང་དུ་བསྡད་དེ་ཏ་ལེན་ནས་ཚོད་དཀར་བླངས་ཏེ་ཉུང་ཤས་ཤིག་བཙགས་རྗེས་ཁྱེད་ལ་བྱིན་པ་ན། ཁྱེད་རང་ལྟོགས་དྲགས་པས་ཁམ་བུ་གཅིག་གཉིས་ནང་ཚང་མ་ཟོས་ཚར།  ངས་ལམ་སེང་ཚོད་དཀར་ལོགས་ལོགས་ཚང་མ་དུས་གཅིག་ཏུ་ཁྱེད་ཀྱི་མདུན་ལ་སྤུངས་ནས་རང་གིས་རྩམ་པ་ཟོས།  ལམ་འགྲམ་གྱི་འགྲུལ་བ་ཚོས་ངེད་གཉིས་ལ་ཕྱི་མིག་ཙམ་རེ་འཕེན་བཞིན་མྱུར་སྟབས་ཀྱིས་བཞུད་འགྲོ།  ངས་ཡང་བསྐྱར་ཁྱེད་ལ་རྩམ་པ་མཆིང་བུ་འགའ་བྱིན་ཏེ་ཆུ་རྣམས་ར་ཟེའུ་ནང་བླུགས་རྗེས་ཁྱེད་ལ་སྐོམ་སེལ་ཚད་ཅིག་འཐུང་དུ་བཅུག་ཅིང་།  དེ་ནས་སྡོང་བོའི་གྲིབ་བསིལ་འོག་ཏུ་ངལ་གསོས།  གཞུང་ལམ་དུ་བྱ་འཕུར་བ་ལྟར་རྒྱུག་པའི་རླངས་འཁོར་དང་བྲེལ་འཚུབ་ཀྱིས་རྒྱུ་བའི་མི་ཚོགས་དེས་དོ་དམ་པར་ང་ཚོའི་ཞེ་སེམས་ལྷོད་ལ་ཕབ་ཏེ་ངལ་གསོ་རུ་མི་འཇུག་སྟེ།  ཟང་ཟིང་གི་མཛེར་སྒྲ་དེས་མི་སེམས་མཁའ་རུ་འདེགས་པར་བྱེད།   ང་ཚོས་མུ་མཐུད་དུ་རྐྱང་ཕྱག་འཚལ་འགོ་བརྩམས།  ཚ་གདུགས་འབར་བའི་ཉི་འོད་ཁྲོད་ངའི་ལུས་པོ་ཡོངས་རྫོགས་རྔུལ་ཆུས་བརླན་ཞིང་ཚ་དྲོད་འབར་བའི་ཨར་འདམ་གྱི་རྡོ་གཅལ་དེས་ངའི་བྲང་གཞུང་ཚ་ལམ་ལམ་བྱེད།  ཡིན་ནའང་ངས་དེ་དག་ལ་ཅི་མི་སྙམ་པར་མུ་མཐུད་དུ་ཕྱག་འཚལ་ནས་སོང་།  
   ཕྱི་ཉིན་ང་ཚོས་སླར་ཡང་ཁ་སང་གི་མཚམས་ནས་རྐྱང་ཕྱག་འཚལ་འགོ་བརྩམས།  འགྲམ་དུ་རྐྱང་ཕྱག་འཚལ་བཞིན་པའི་མཇལ་བ་དེ་ཚོའི་ཆ་ལུགས་ལ་བལྟས་ན་ཨ་མདོ་ནས་ཡོང་བ་གསལ་བོར་ཤེས་ཐུབ།  ལག་ཟུང་ཐལ་མོར་སྦྱར་བའི་ཕུ་སྒྲ་དང་བསྡོངས་ཏེ་སྐྱ་རངས་འགྱོགས་རག་བར་དུ་ང་ཚོས་མཉམ་གཅིག་ཏུ་བརྐྱངས་ཕྱག་འཚལ།  ཞོགས་པའི་ཉི་གཞོན་ཚེས་བྱུང་།  གསེར་མདོག་གི་འོད་སྣང་ཆེམ་ཆེམ་དུ་འཕྲོས་བྱུང་།  ཡུད་ཙམ་ལ་མདུན་ངོས་ཀྱི་གཞུང་ལམ་སྟེང་འོད་་མདངས་ལྷམ་མེར་ཚེས།  ཁྱེད་ཀྱི་དཀར་སང་སང་གི་ལུས་པོ་དེ་གསེར་མདོག་གི་འོད་སྣང་ཁྲོད་ནས་དལ་བུར་འགུལ་བས་སྔར་བས་དྭངས་གཙང་དང་ལྷད་མེད་དུ་མངོན་ལ།  དེ་ནི་རྡུལ་དང་དྲི་མས་མ་གོས་པའི་གངས་ལྷ་མེ་ཏོག་ཅིག་དང་ཀུན་ནས་མཚུངས།   

           སྒྱུར་བ་བོའི་ཕྲན་དཔྱད།
        རྩོམ་འདིས་དངོས་ཡོད་དང་འཆར་ཡན་ཟུང་དུ་འབྲེལ་བའི་སྒོ་ནས་བོད་མིའི་ནང་སེམས་ཀྱི་ཕུན་སུན་ཚོགས་པའི་རིག་གནས་ཏེ་གསོན་རེ་འཆའ་བའི་སྙན་གྲགས་དང་ཕྱི་མར་འགྲིམས་པའི་བཟང་མོ། ལས་ཀྱིས་འཕྲད་པའི་མ་མོ་སོགས་ཀྱི་འདུ་འབྲལ་གྱི་སྡུག་བསྔལ་དང་བརྩེ་དུང་། འཁྲེང་ཞེན་སོགས་ཞིབ་འབྲི་བྱས་པ་་བརྒྱུད་ནང་བསྟན་རིག་གནས་ཀྱི་ལྟ་སྤྱོད་དེ་ལས་དགེ་སྡིག་དང་ཚེ་འདི་ཕྱི།  སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས་ལུ་གུ་བརྒྱུད་དུ་བསྟར་ནས་མི་ཚེ་གཅིག་ལ་བྱུང་བའི་སྐྱིད་སྡུག་གི་ལོ་ཟླའི་འགའ་འདུ་རྣམས་ཐུན་མོང་མ་ཡིན་པའི་ནང་བསམ་བློའི་རིག་གནས་ཅ་ནོམ་པ་ཞིག་གི་སྟེང་ནས་མཚོན་ཡོད།  ལོ་ངོ་ཆིག་སྟོང་མང་བོའི་རིང་ལ་གཟི་འོད་རྣམ་པར་བཀྲ་བའི་བོད་མིའི་ནང་སེམས་ཀྱི་རིག་གནས་དེ་དེང་གི་དཔལ་འབྱོར་དུས་རབས་ཀྱི་སྤྱི་ཚོགས་ཁྲོད་བརྡབ་སིག་མང་བོ་འཕྲད་ནའང་དེའི་ཕ་མཐའ་གཞའ་དཀའ་བའི་ནང་སེམས་ཀྱི་རྒྱ་ཁྱོན་དེས་འགྲོ་བ་མིའི་རིགས་ལ་བློ་རྒྱ་བསྐྱེད་དུ་འཇུག་ཡོད།  རྩོམ་པ་པོས་མཛེས་རྟོག་གི་ཚོར་བ་སྐྱེན་པོ་ལ་བརྟེན་ནས་བོད་མི་རེ་རེའི་རྒྱུད་ན་རང་ཆགས་སུ་ཡོད་པའི་བྱམས་སྙིང་རྗེ་དང་བདག་གཞན་བརྗེ་བའི་སྤྱོད་པ་རྨད་དུ་བྱུང་བ་གསལ་བོར་བསྟན་ཏེ། ནང་སེམས་ཀྱི་བདེ་སྐྱིད་འཚོལ་བ་ནི་བོད་མིའི་རིག་གནས་ཀྱི་མཐར་གཏུགས་ཉིང་བཅུད་ཡིན་པ་ར་སྤྲོད་གསལ་བོ་གནང་འདུག
         
                                            (ཨ་པཎ་གྱིས་བསྒྱུར)

རྩོམ་པ་པོ།:xzsn521 སྤེལ་དུས་:2011-6-22 20:33:13

བོད་ལྗོངས་བརྙན་འཕྲིན་ལས་ཁུངས་བོད་སྐད་ལེ་ཚན་དེ་དྲ་ཐོག་ནས་མྱོང་རོལ་བྱེད་ཐུབ་ཀྱི་འདུག།  མེས་རྒྱལ་ནང་སར་སློབ་གྲྭ་འགྲིམས་བཞིན་པའི་སྤུན་ཟླ་རྣམ་ཀྱི་བརྙན་འཕྲིན་ལམ་ནས་བོད་སྐད་ལེ་ཚན་གཟིགས་ཐུབ་ཀྱི་མེད།  སྤུན་ཟླ་རྣམ་ཀྱི་ཕ་སྐད་ལ་བརྩི་མཐོང་དང་གོང་འཕེལ་ཆེད་དྲ་ཐོགས་ནས་བོད་སྐད་ལེ་ཚན་གཟིགས་ནས་རང་རིགས་ཀྱི་རིག་གནས་ལ་སྦྱངས་བརྩོན་ཡོད་པ་ཞུ།།

   དྲ་ཐོག་ཐད་གཏོང་དྲ་ཚིགས་ནི། http://bugu.cntv.cn/tibet/

 

 

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-5-28 14:28:06

ཐར་འདོད་དཔའ་བོའི་སྙིང་ནོར།

 

མཉམ་མེད་ཇོ་བོ་ཆེན་པོ་རྒྱ་གར་ལ་ཕེབས་ཁར་ལྷ་བླ་མ་བྱང་ཆུབ་འོད་ལ་ཞལ་

གདམས་སུ་སྩལ་བཐར་འདོད་དཔའ་བོའི་སྙིང་ནོར་ཞེས་བྱ་བ་བཞུགས་སོ།

           མཉམ་མེད་ཇོ་བོ་རྗེས་མཛད།

              ན་མོ་གུ་རུ་བེ། 

ཇོ་བོ་རྗེ་ཉིད་དང་བོ་མངའ་རིས་སུ་བྱོན་པའི་དུས་ན་མངའ་རིས་སུ་ལོ་གཉིས་

བཞུགས་ནས།ལྷ་བྱང་ཆུབ་འོད་ཀྱིས་དབུ་མཛད་པ་རྣམས་ལ་གདམས་པ་མང་བོ་

མནང་ནས་རྒྱ་གར་དུ་གཤེགས་པར་དགོངས་ནས་ལམ་དུ་བཞུད་ཁར།

ལྷ་བྱང་ཆུབ་འོད་ཀྱིས་ད་དུང་ཞལ་གདམས་ཞིག་ཞུ་བྱས་པས།

ཇོ་བོའི་ཞལ་ནས་སྔར་གྱི་དེས་ཆོག་ལགས་གསུངས་པ་ལ།

ལྷས་ནན་སྐྱེད་པས་གདམས་པ་འདི་གནང་བའོ།

ཨེ་མའོ།མཁྱེན་པ་མཐོ་ཞིང་ཐུགས་དགོངས་ཤིན་ཏུ་གསལ་བའི་གྲོགས་དག་ལ།

རང་འཁོས་མེད་པའི་བློ་དམན་བདག་གིས་མཆིད་གྲོས་གསོལ་པ་མི་རིགས་ཀྱང་།

སྙིང་ནས་གཅེས་པའི་གྲོགས་པོ་དམ་པ་ཁྱེད་ཀྱིས་བདག་ལ་བསྐུལ་བས་ན།

བྱིས་པ་བློ་ཆུང་བདག་གིས་གྲོགས་ཀྱི་ཐུགས་ལ་མཆིད་གྲོས་འདི་འདེབས་སོ།

གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགོས་པས་བཤེས་གཉེན་དམ་པ་བསྟེན།

གནས་ལུགས་མ་རྟོགས་པར་དུ་ཐོས་པ་དགོས་པས་བླ་མའིགདམས་ངག་ཉོན།

ཆོས་ནི་ཤེས་པ་ཙམ་གྱིས་སངས་མི་རྒྱ་བས་ཤེས་པས་མི་ཆོག་ཉམས་སུ་ལོངས།

སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད།

བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བསྟེན།

ཉོན་མོངས་སྐྱེ་བའི་གྲོགས་པོ་སྤོངས་ལ་དགེ་འཕེལ་གྲོགས་བསྟེན་དེ་སེམས་ཟུངས།

ནམ་ཡང་བྱ་བའི་ལས་ལ་ཟིན་པ་མེད་པས་ཞོག་ལ་ལྷན་གྱིས་

སྡོད། ཉིན་མཚན་རྟག་ཏུ་དགེ་བ་བསྔོ་ཞིང་རྟག་ཏུ་རང་སེམས་བྱ་ར་གྱིས།

མན་ངག་ཡོད་པས་བསྒོམ་པ་མིན་ན་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས།

གུས་པ་ཆེན་པོས་བསྒྲུབས་ན་རིང་བོར་མི་ཐོགས་འབྲས་བུ་འཕྲལ་དུ་འབྱུང་།

སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག

གྲོགས་དག་འདོད་པ་རྣམས་ལ་ཚྭ་ཆུ་འཐུངས་བཞིན་ངོམས་པ་མེད་པས་ཆོག་ཤེས་མཛོད།

དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས།

བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས།

རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ།

བསྟོད་དང་གྲགས་པའི་ཚིག་རྣམས་སླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར།

ད་ལྟའི་བདེ་སྐྱིད་གཉེར་གསུམ་འཛོམ་ཡང་ཡིད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར།

འདི་བས་ཕྱི་མ་རིང་བས་ཕྱི་མའི་རྒྱགས་ཕྱེར་ནོར་རྣམས་གཏེར་དུ་སྤོས།

ཐམས་ཅད་བོར་ནས་འགྲོ་བས་ཅིས་ཀྱང་བྱར་མེད་གང་ལའང་ཞེན་མེད་གྱིས། །དམན་པ་རྣམས་ལ་རྙིང་རྗེ་བསྐྱེད་ལ་ཁྱད་དུ་གསོད་དང་བརྙས་པ་སྤོངས།

དགྲ་ཟིན་སྡེ་རིས་ཀུན་ལ་ཞེན་ཅིང་ཆགས་པའི་ཕྱོགས་རིས་མེད་པར་མཛོད།

ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ་གུས་པར་གྱིས་ལ་ཡོན་ཏན་བླང་།

གཞན་སྐྱོན་མི་རྟགས་རང་སྐྱོན་བརྟགས་ལ་རང་སྐྱོན་ཁྲག་ངན་བཞིན་དུ་

ཕྱུངས།རང་དགེ་མི་བསམས་གཞན་དགེ་བསམས་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད།

འགྲོ་བ་ཀུན་ལ་ཕ་མའི་འདུ་ཤེས་བསྐྱེད་ལ་བུ་བཞིན་བྱམས་པར་གྱིས།།

རྟག་ཏུ་འཛུམ་པའི་བཞིན་དང་བྱམས་པའི་ཡིད་ཀྱིས་ཁྲོ་མེད་གསོང་པོར་སྨོས།

འབྲེལ་མེད་སྨྲ་བ་མང་ན་འཁྲུལ་བ་འབྱུང་བས་ཚོད་བཟུང་རན་པར་སྨོས།

དོན་མེད་བྱ་བ་མང་ན་དགེ་སྦྱོར་འཆག་པས་ཆོས་མིན་བྱ་བ་ཞོག

སྙིང་བོ་མེད་པའི་ལའ་ལ་རྩོལ་བ་མ་ཆེ་ངལ་བ་དོན་མེད་ཡིན།

གང་ཡང་འདོད་ཁར་མི་མཆི་ཕ་རོལ་ལས་ལས་གྲུབ་པས་ལྷོད་ཀྱིས་གློད་ན་བདེ། །

ཀྭ་ཡེ་དམ་པས་ཁྲེལ་ན་ཤི་དང་འདྲ་བས་གཡོ་མེད་དྲང་པོར་སྲོང་།

ཚེ་འདིའི་བདེ་སྡུག་སྔ་མའི་ལས་ལས་བྱུང་བས་གཞན་ལ་གྱོན་མི་གདའ།

བདེ་ད་ཐམས་ཅད་བླ་མའི་བྱིན་རླབས་ལགས་པས་དྲིན་དུ་བཟོ་བར་མཛོད།

རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ།

མངོན་ཤེས་མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད།

བསགས་པའི་ནོར་རྣམས་བཞག་ནས་འགྲོ་བར་ངེས་པས་ནོར་ཕྱིར་སྡིག་མ་གསོག

ལོངས་སྤྱོད་གཡར་བོ་འདི་ལ་སྙིང་བོ་མེད་པས་སྦྱིན་པ་ཡོན་གྱིས་བརྒྱན་པ་ཐོང་། །

ཚེ་འདིར་མཛེས་ཤིང་ཕྱི་མར་བདེ་བས་རྟག་ཏུ་ཚུལ་ཁྲིམས་རྣམ་དག་སྲུངས།

སྙིགས་མའི་དུས་ན་ཞེ་སྡང་བདོ་བས་ཁྲོ་མེད་བཟོད་པའི་གོ་ཆ་གྱོན།

ལེ་ལོའི་དབང་གིས་ད་དུང་ལུས་པས་སྒྲུབ་པའི་བརྩོན་འགྲུབ་མེ་ལྟར་སྦོར།

ཡེངས་མ་ལམ་དུ་མི་ཚེ་ཟད་པས་ད་ནི་བསམ་གཏན་བྱ་བར་རན།

ལོག་ལྟའི་དབང་གིས་གནས་ལུགས་དོན་མི་རྟོགས་པས་ཡང་དག་དོན་ལ་གཞིགས། །

གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་བའི་སྐམ་སར་གཤེགས། །

བླ་མའི་གདམས་ངག་ཚུལ་བཞིན་བསྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐེམས། །

རང་གི་སེམས་ལ་ཆོངས་དང་ཁ་ཚིག་མིན་གྱི་གྲོས་ལ་གསན་པར་རིགས།

དེ་ལྟར་མཛད་ན་བདག་ཀྱང་དགའ་ལ་རང་གཞན་ཀུན་ཀྱང་སྐྱིད་པར་མཆིས། རྨོངས་པ་བདག་གི་གདམས་ངག་འདི་ལ་ཁྱེད་ཀྱིས་ཅིས་ཀྱང་གསན་པར་ཞུ།

ཞེས་ཇོ་བོ་རྗེ་ལྷ་གཅིག་གིས་ལྷ་བཙུན་བྱང་ཆུབ་འོད་ལ་གདམས་པའོ།།

བཀྲ་ཤིས། །

 

རྩོམ་པ་པོ།:xzsn521 སྤེལ་དུས་:2011-4-15 13:36:50

ལོ་རིམ་གསུམ་པའི་སློབ་དུས་གཉིས་པའི་སློབ་ཚན་ ༣.༤ པའི་

ཚོད་ལྟའི་རྒྱུགས་ཤོག།

རུས་མིང་།                  ཐོབ་སྐར།        

གཅིག།  སྟོང་འཇུག་བྱ་རྒྱུ།

༡. ཐང་སྟོང་རྒྱལ་པོ་        འཁྲུངས་པ་དང་། ཁོང་གི་ལྕགས་ཟམ་དང་པོ་དེ་སྤྱི་ལོ་     ལོར་

                   བཙུགས་པ་དང་ཁྱོན་བསྡོམས་ལྕགས་ཐག་གི་ཟམ་པ་     དང་ཤིང་གི་ཟམ་པ་       བསྐྲུན།

༢. ཐང་སྟོང་རྒྱལ་པོ་ཆུང་དུས་ཀྱི་མིང་ལ་            དང་བྱང་སྡིངས་དགོན་པར་ཞུགས་རྗེས་

མཚན་ལ་         བཏགས་པ། རྗེས་སུ་མཁས་པར་གྱུར་རྗེས་མིང་ལ་         བཏགས།

གཉིས་  ལྡོག་ཟླའི་ཡི་གེ་འབྲི་རྒྱུ།

གནོད།          དགོད།            ལྷག།           རྙིང་།       

དགྲ།           ཕམ།             སྟེང་།           མཐོ།       

གསུམ།  གདམ་འཇུག་བྱ་རྒྱུ།  

༡. དྲོ་ཞིང་སྐྱིད་པའི་ཉི་འོད་              (ཀ) འཚེར།      (ཁ) དགོད།      (ག) བཞུད།

༢.       རྦ་རླབས་ལང་ལོང་དུ་འཕྱུར།     (ཀ) ཉུལ་ཉུལ།   (ཁ)  ལང་ལོང།   (ག)  ཆལ་ཆིལ།

༣. དཀའ་བ་སྔོན་ལ་སྤྱད།               (ཀ) སྐྱིད་པོ་རྗེས་སུ་བཏང་།      (ཁ) སྡུག་པོ་རྗེས་སུ་མྱངས།

བཞི་པ།  བརྗོད་པ་ཐུང་བ་རེ་བཟོ་རྒྱུ།  

༡. དམ་བཅའ།                                         

༢. བདེ་བླག།                                         

ལྔ་པ།  ཚིག་གྲོགས་སྦྱར་རྒྱུ།

                                                     

ངོ།              སློབ།             རྒྱང་།

                                                  

                                                   

བློ།              ཡུར།             འབྲི།

                                                   

 

དྲུག་པ།  དག་ནོར་བཅོས་རྒྱུ།

·

·

·

གཉིང་རྗེ་ཚད་མེད།       དམ་བཅའ་གཏན་པོ།       བརྗིད་ཅིང་མཛེས་དུག་ལྡན།

 

                                            

·

·

·

གོ་ལྕགས་་ཕྱི་ལ་བརྒྱབ།     དགོང་མོ་ཉལ་མ་ཕྱི།          ཆར་བཞོད་ཆེན་པོ།

 

                                            

བདུན་པ།  དྲི་བར་ལན་འདེབས་རྒྱུ།

༡. ཁྲོ་བོ་དཔལ་ལྡན་གྱིས་ཅི་ཞིག་མཐོང་ནས་ནར་སོན་རྗེས་ཟམ་པ་སྐྲུན་མཁན་ཞིག་བྱ་རྒྱུའི་དམ་བཅས་པ་རེད།

ལན་དུ།                                           

                                               

                                             

                                             

 

༢. གྲུ་དཔོན་གྱིས་ཐང་སྟོང་རྒྱལ་པོའི་དབུ་ལ་སྐྱ་བ་གཞུས་ནས་ས་ལ་འགྱེལ་སྐབས་ཐུགས་ལ་གང་ཞིག་དྲན་པ་

དང་། ཁོང་གིས་ཆོད་སེམས་ཇི་འདྲ་ཞིག་བཅངས་ཡོད།

ལན་དུ།                                           

                                               

                                              

                                          
འབྲེལ་ཡོད་ནང་དོན་ 53 ཡོད།<<<12>>>
Powered by Oblog.