མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
ལུག་རིན་པོ་ཆེའི་གཟིམ་ཤག http://blog.amdotibet.cn/tibetsheep/index.aspx
ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་།
2014-2-11 21:00:15
ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། དེ་རིང་ཉི་ཧོང་རྒྱལ་བཙུགས་ཉིན་མོ་ཡིན་པ་མི་ཤེས། ངས་པོད་ཕྲན་ནས་མཐོང་བྱུང་། ཁོང་ལ་བཤད་དུས་ཁོང་གིས་དྲ་ཐོག་ཏུ་འཚལ་སྟེ་༼ཨོ། རེད་འདུག ངལ་གསོ་ཡོད་རེད་༽ཅེས་ལབ་བྱུང་། 

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། ཉི་ཧོང་གི་རྒྱལ་གླུ་མི་ཤེས་ཟེར། དེ་བས་སློབ་གྲྭའི་ནང་རྒྱལ་གླུ་བཏང་རྒྱལ་དར་བསྒྲེངས་པའི་ལུགས་སྲོལ་སྤྱིར་མེད་ཟེར། ཡོད་ན་ཡང་སྔོན་མ་དམག་ཆེན་སྐབས་རེད་ཟེར། 

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། ཆབ་སྲིད་ཐད་གང་ཡང་མི་ཤེས། སྤྱིར་ཆབ་སྲིད་ལ་དོ་སྣང་བྱེད་ཀྱི་མི་འདུག དེ་བས་མཐོ་རིམ་ལ་བསྟོད་པ་ཟེར་བ་ཁ་ནས་འདོན་གྱི་མི་འདུག 

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། ཆུང་དུས་ནས་སློབ་གསོའི་ནང་དམག་འཁྲུག་ཟེར་ན་ཆགས་སྒོ་ཆེ་ཤོས་རེད་ལ་དེས་ཁྱིམ་ཚང་ཁ་བྲལ་དང་ཚད་མེད་ཀྱི་སྡུག་བསྔལ་བཟོ་གི་ཡོད་པ་ཤ་སྟག་རེད། རྒྱལ་ཁབ་དབར་ངར་ངར་དང་འཁོན་སེམས་ཟེར་བ་རྩ་བ་ནས་མི་འདུག

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། ང་ཚོ་མང་པོ་ཞིག་གིས་དུས་རྒྱུན་ལྟད་མོའི་ནང་གི་གཟུགས་བརྙན་འདི་ཚོ་དང་རྩ་བ་ནས་མི་འདྲ། 

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། འདས་ཟིན་པའི་ལོ་རྒྱུས་ཐོག་གི་ཉི་ཧོང་གི་མི་མ་རེད། དེ་བས་འདས་ཟིན་པའི་ལོ་རྒྱུས་ལ་ཕྱིར་ཁ་སློག་ཐུབ་པ་ཞིག་རེད། 

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། རི་པིན་འདྲེ་དམག་མ་རེད། དེ་བས་ཐའེ་ཅུན་དང་པ་ག་ཡ་ལུ། ཟ་སྐྱེ་སྐྱེ་སོགས་གང་དང་འབྲེལ་བ་སྤུ
་ཙམ་མེད། འདས་ཟིན་པ་ནི་འདས་པ་ཟིན་པ་རེད། 

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། ཞི་བདེ་ལ་ཁ་ཕྱོགས་པ། བྱམས་སེམས་བོད་རིགས་སུ་ཞིག་ལས་ཆེ་བ། གཞུང་རྒྱུད་ནི་མདའ་མོ་ལས་དྲོང་བ། 

ངའི་བཟའ་ཟླ་ཉི་ཧོང་གི་མི་ཡིན་ཡང་། ང་ཚོ་མང་ཆེ་བའི་ཤེས་པའི་ནང་གི་ཞའོ་རི་པིན་མ་རེད། ང་ཚོ་སུ་ཞིག་ལས་ཆེ་བ། སུ་ཞིག་ལས་ཡངས་པ།

ངའི་བཟའ་ཟླ་ཉི་ཧོང་གི་བུ་མོ་དཀྱུས་མ་ཞིག་རེད། 
དཀྱུས་མ། 



tibetsheep | རྩོམ་ཡོངས་ཀློག་པ།(444) | ལན་སློག(0)
ལུག་ཚང་དཔལ་ཡོན།
2013-11-5 14:35:19

འཕྲིན་ཕྲན་སྟེགས་བུ། 

ལུག་ཚང་དཔལ་ཡོན།

羊兄乐园

TBsheep

ལུག་ཚང་དཔལ་ཡོན་གྱི་དྲ་ཚིགས།  http://www.tibetsheep.net

ལུག་ཚང་དཔལ་ཡོན་གྱི་ཟིན་བྲིས།  http://tibetsheep.com/


དེ་ནས་ལུག་ཚང་དཔལ་ཡོན་གྱི་ཡིག་བསྒྱུར་ཞབས་ཞུའི་དྲ་གནས།

http://www.tibetsheep.net/translation-service.html

tibetsheep | རྩོམ་ཡོངས་ཀློག་པ།(1046) | ལན་སློག(1)
ང་ཚོར་ཡོད་པ་དང་མེད་པའི་ཚིག་ཕྱོགས་བསྡུས།
2013-3-1 17:18:48

ང་ཚོར་ཡོད་པ་དེ་དུས་ཚོད་རེད། མེད་པ་དེ་སྙིང་རུས་རེད། 

ང་ཚོར་ཡོད་པ་དེ་ཁ་ཤོབ་རེད། མེད་པ་དེ་ལག་ལེན་རེད།

ང་ཚོར་ཡོད་པ་དེ་           མེད་པ་དེ་         མཐུད་རོགས།

ང་ཚོར་ཡོད་པ་དེ་སྐྱུར་འགོང་རེད། མེད་པ་དེ་འཐུང་ཤེད་རེད།

ང་ཚོར་ཡོད་པ་ནི་གླེན་རྟགས་རེད། མེད་པ་ནི་རིག་གནས་རེད།

ང་ཚོ་ཡོད་པ་དེ་སྤྲུལ་སྐུ་རེད། མེད་པ་དེ་མཁས་པ་རེད།

ང་ཚོར་ཡོད་པ་དེ་ཁ་ཕོ་རེད། མེད་པ་དེ་རིག་སྟོབས་རེད།

ང་ཚོ་ཡོད་པ་དེ་གཡེམ་རྒྱུག་རེད། མེད་པ་དེ་རང་ཚུགས་རེད།

ང་ཚོར་ཡོད་པ་དེ་ཕྱོགས་ཞེན་རེད། མེད་པ་དེ་བདེན་པ་རེད།

ང་ཚོར་ཡོད་པ་དེ་གོ་སྐབས་རེད། མེད་པ་དེ་དམ་འཛིན་རེད།

ང་ཚོར་ཡོད་པ་དེ་རྐང་དྲི་རེད། མེད་པ་དེ་འཇོན་ཐང་རེད།

ང་ཚོར་ཡོད་པ་དེ་བཟོ་ལྟ་རེད། མེད་པ་དེ་ནང་དོན་རེད།

ང་ཚོར་ཡོད་པ་དེ་སྐྱོན་མཚང་རེད། མེད་པ་དེ་བཅོས་ཐབས་རེད།

ང་ཚོར་ཡོད་པ་དེ་ཁ་རེད། མེད་པ་དེ་ལག་པ་རེད།

ང་ཚོར་ཡོད་པ་དེ་རྨོངས་དད་དང་། མེད་པ་དེ་རྟོགས་སད་རེད།

ང་ཚོར་ཡོད་པ་དེ་ནང་དགག་རེད། མེད་པ་དེ་སྟོབས་ཤུགས་རེད།

ང་ཚོར་ཡོད་པ་དེ་སྙིང་རྗེ་རེད། མེད་པ་དེ་བསམ་བློ་རེད།

ང་ཚོར་ཡོད་པ་དེ་དད་ལོག་རེད། མེད་པ་ནི་དད་པ་རེད།

ང་ཚོར་ཡོད་པ་དེ་ནང་ཆོས་རེད་ལ། མེད་པ་དེ་དཔལ་འབྱོར་རེད།

ང་ཚོར་ཡོད་པ་དེ་སློབ་མ་རེད་ལ། མེད་པ་དེ་ཡོན་ཏན་རེད།

ང་ཚོར་ཡོད་པ་དེ་དགོན་པ་རེད་ལ། མེད་པ་དེ་ཚན་རྩལ་རེད།

ང་ཚོར་ཡོད་པ་དེ་རྨི་ལམ་རེད། མེད་པ་དེ་མདུན་ལམ་རེད།

ང་ཚོར་ཡོད་པ་དེ་ཕྲག་དོག་རེད། མེད་པ་དེ་མཐུན་སྒྲིལ་རེད།

ང་ཚོར་ཡོད་པ་དེ་སྒེར་སེམས་རེད། མེད་པ་དེ་བཏང་སྙོམས་རེད།

ང་ཚོར་ཡོད་པ་དེ་མེས་པོའི་མཛད་རྗེས་རེད། མེད་པ་དེ་ཕུགས་བསམ་རེད།

ང་ཚོར་ཡོད་པ་དེ་རིག་གནས་རྒྱ་མཚོ་ལྟ་བུ་རེད། མེད་པ་དེ་དོན་གཉེར་ཅན་མེད་པ་དེ་རེད།

ང་ཚོར་ཡོད་པ་དེ་དབྱངས་གསལ་སོ་བཞི་རེད། མེད་པ་དེ་གཅིག་འགྱུར་གྱི་ཕ་སྐད་རེད།

ང་ཚོར་ཡོད་པ་དེ་རྩམ་པ་རེད། མེད་པ་དེ་ཕོར་བ་རེད།

ང་ཚོར་ཡོད་པ་དེ་ཡོད་ཟེར་སྤྱད་ཀྱི་ཁ་རེད། མེད་པ་དེ་མེད་ཟེར་སྤྱད་ཀྱི་སྙིང་རེད།

ང་ཚོར་ཡོད་པ་དེ་ཉམས་རྒུད་རེད། མེད་པ་དེ་སླར་གསོ་རེད།

ང་ཚོར་ཡོད་པ་དེ་སྡུག་བསྔལ་རེད། མེད་པ་དེ་བདེ་བ་རེད།

ང་ཚོ་ཡོད་པ་དེ་གླེགས་བམ་རེད། མེད་པ་དེ་ལག་ལེན་རེད།

ང་ཚོར་ཡོད་པ་དེ་སྦི་རག་དང་མཱ་ཅང་རེད། མེད་པ་དེ་ཤེས་ཡོན་དང་རྣམ་དཔྱོད་རེད།

ང་ཚོར་མང་བ་དེ་རྨོངས་དད་རེད། ཉུང་བ་དེ་དད་པ་རེད།

ང་ཚོར་མང་བ་དེ་ནང་འཁོན་རེད། ཉུང་བ་དེ་མཐོང་རྒྱ་རེད།

ང་ཚོར་མང་བ་དེ་བཤད་མཁན་རེད། ཉུང་བ་དེ་ལས་མཁན་རེད།

ང་ཚོར་མང་བ་དེ་ཤོ་རྒྱག་རེད། ཉུང་བ་དེ་ཚོང་པ་རེད།

ང་ཚོར་ཡོད་པ་དེ་ཉོན་མོངས་རེད། མེད་པ་པ་དེ་ཤེས་རབ་རེད།

ང་ཚོར་ཡོད་པ་དེ་སྟོང་བསམ་རེད། མེད་པ་དེ་ཕུགས་བསམ་རེད།

ང་ཚོར་ཡོད་པ་དེ་ཕུགས་བསམ་རེད། མེད་པ་ནི་ལག་ལེན་རེད།

ང་ཚོར་ཡོད་པ་ནི་མེད། མེད་པ་ནི་མང་།

མེད་པ་འདི་དག་ཡོད་པར་འགྱུར་ན་ཅི་མ་རུང་།

ང་ཚོར་ཡོད་པ་ནས་མེད་པར་གྱུར། མེད་པ་ནས་སྟོང་ཉིད་དུ་གྱུར།

tibetsheep | རྩོམ་ཡོངས་ཀློག་པ།(459) | ལན་སློག(2)
གད་སྙིགས་གང་སར་གཡུགས་པའི་གོམས་གཤིས།
2012-8-19 11:16:13

གད་སྙིགས་གང་སར་གཡུགས་པའི་གོམས་གཤིས།


བོད་མི་གང་དུ་འཛོམས་ཀྱང་འདི་རུ་གད་སྙིགས་མང་། བོད་མི་གང་དུ་འདུ་ཡང་འདི་རུ་སྐྱིག་གཅིན་མང་།

དེ་ཡང་ང་ས་བསམ་གཞིག་ནན་པོ་བྱེད་དགོས་པའི་གནད་དོན་ཞིག་རེད། ཁོ་བོའི་བསམ་པར་བོད་མིར་གད་སྙིགས་གང་སར་གཡུགས་པའི་གོམས་གཤིས་ཞིག་སྔ་མོ་ནས་ཡོད་ས་རེད། ཞིང་ནང་དུ་སོ་ནམ་གྱི་ལས་ཀ་བྱེད་སྐབས་ངལ་གསོའི་སྐབས་བཟའ་འཕྲོ་དང་འཐུང་འཕྲོ་སོགས་ལྟོ་སྐོར་གྱི་གཡས་གཡོན་དུ་གང་འདོད་ཀྱི་གཡུགས་ཀྱི་ཡོད་པ་ཚང་མས་ཤེས་གསལ་རེད། གཅིག་ནས་ལྷག་འཕྲོ་འདི་ཚོ་ཕན་མེད་དང་མི་དགོས་པ་ཞིག་ཏུ་སོང་ཟིན། གཉིས་ནས་གནས་འདིར་གཡུགས་ན་འདི་གའི་ས་འོག་བུ་སྲོན་ཚོའི་ཟ་མ་རུ་གྱུར་གྱི་རེད། དེ་ནི་ང་རང་ཙམ་གྱི་དོན་མེད་དུ་གསར་བཟོ་བྱས་པའི་ལྟ་བ་ཞིག་མིན། རྒན་རྒོན་ཚང་མས་དེ་འདྲ་བཤད་ཡོང་གིས།


དེ་ནས་ཉེ་དུས་ཀྱི་མི་ལོ་ལྔ་བཅུའི་རིང་། བོད་ཀྱི་སྤྱི་ཚོགས་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་ཡང་ཉིན་རེ་བཞིན་ཡག་རུ་འགྲོ་བཞིན་པ། དེ་དང་མཉམ་དུ་ཡོང་བ་ནི་དངོས་ཟོག་འདྲ་མིན་སྣ་ཚོགས། ཐ་ན་གང་ལ་གྲུབ་པ་ཁོར་ཡུག་ལ་གནོད་སྐྱོན་ཡོད་མེད་ལ་ཞིབ་འཇུག་བྱེད་མཁན་ནི་ཉུང་བ། མི་དམངས་ཀྱི་དེངས་སྐབས་ཀྱི་ཤེས་བྱའི་ཆུ་ཚད་ནི་ཧ་ཅང་དམན་པ། གང་ཞིག་གིས་རང་ཉི་ལ་གནོད་པ་ཡོད་མེད་དང་གང་ཞིག་གིས་ང་ཚོའི་ཁོར་ཡུག་ལ་གནོད་པ་ཡོད་མེད་ཐད་བསམ་བློ་གཏོང་མཁན་ཉུང་བ། དེའི་ཐད་ཀྱི་སྤྱི་ཚོགས་སློབ་གསོས་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྗེས་མི་ཟིན་པ། ད་དུང་བོད་རིགས་མི་དམངས་ནི་གང་ལ་ཡང་རེ་བ་ཆེ་བ་དང་། ཡིད་ཆེས་ཆེ་བ། དོགས་ཟོན་ཉུང་བའི་རྐྱེན་གྱིས་རང་གི་འཚོ་བའི་ཁྲོད་ཡོད་པའི་དངོས་པོའི་རིགས་རྟག་དཔྱད་མི་བྱེད་པ། ལ་ལས་བྱེད་འདོད་ཡོད་ཀྱང་དེའི་ཐད་ཀྱི་ཤེས་བྱ་མེད་པ། གང་ལྟར་སྤྱི་ཚོགས་ནི་འཕུར་བསྐྱོད་ལྟར་འཕེལ་རྒྱས་འགྲོ་བ། མི་དམངས་ཀྱི་དེང་སྐབས་ཤེས་བྱའི་ཆུ་ཚད་ནི་རྒྱལ་ནང་གི་ས་ཆ་གང་ཞིག་ལས་ཀྱང་ཞན་པ། དེ་འདྲའི་རྐྱེན་གྱིས་སྔ་མོའི་གོམས་གཤིས་དེས་བཟའ་འཕྲོ་འཐུང་འཕྲོ་ལ་སོགས་ཀྱི་གད་སྙིགས་གང་སར་གཡུགས་པར་ཐེ་ཚོམ་གང་ཡང་མེད། འདི་ནི་སྤྱི་བཏང་གི་བྱ་སྤྱོད་ཙམ་ཞིག་ལས་སྤྱོད་ངན་དུ་རྩི་མཁན་ཉུང་ཉུང་རེད།


ཁོ་བོའི་བསམ་པར་ལོ་ལྔ་བཅུའི་གོང་ཡིན་ན་གང་སར་གད་སྙིགས་གཡུགས་ནའང་སྐྱོན་མེད། དེ་དུས་གད་སྙིགས་ནང་རྫས་འགྱུར་གྱི་རིགས་ཉུང་ཉུང་རེད་ལ་ཁོར་ཡུག་གནོད་པའི་དངོས་རྫས་ཀྱང་སྤྱིར་མེད། འོན་ཀྱང་དེང་སྐབས་ང་ཚོའི་འཚོ་ཡང་གད་སྙིགས་ཀྱི་བཏུམས་ནས་ཡོད་པས་གང་སར་གཡུགས་པའི་གད་སྙིགས་ཀྱི་ཁོར་ཡུག་གནོད་པ་ཡོད་པས་མི་ཚད། གཞན་རིགས་ཀྱི་མིག་ནང་བོད་པ་ནི་གོམས་གཤིས་ངན་པའི་མི་རིགས་ཞིག་ཡིན་པར་མཐོང་སྲིད།


དེར་བརྟེན་ང་ཚོས་བྱེད་འོས་པ་ནི་བོད་མི་སྤྱི་ཡོངས་ཀྱི་དེང་སྐབས་ཀྱི་ཤེས་བྱའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། གང་ཞིག་གིས་རང་ཉིད་དང་ཁོར་ཡུལ་གནོད་པ་ཡོད་པ་སོགས་ཀྱི་ཐད་ནས་སློབ་གསོ་གང་མང་བཏང་ཐུབ་ན་ནམ་ཞིག་གད་སྙིགས་གང་བྱུང་དུ་གཡུགས་མཁན་ཉུང་རུ་འགྲོ་ངེས་རེད།

tibetsheep | རྩོམ་ཡོངས་ཀློག་པ།(464) | ལན་སློག(1)
དུང་དཀར་གྱི་ལམ་བུ།
2011-9-8 1:50:07

དུང་དཀར་གྱི་ལམ་བུ།

དུང་དཀར་གྱི་ལམ་བུ་ཞེས་པ་དེ་ནི་རང་ཉིད་ཀྱི་འགོ་འཁྲིད་པའི་སློབ་ཆེན་སློབ་མས་གཅོ་བྱས་པའི་༼དུང་དཀར་ཚིག་མཛོད་ཆེན་མོ་༽འདི་གློག་ཀླད་ནང་བླུགས་པའི་འཆར་གཞི་ཆེན་པོ་ཞིག་གི་མིང་རེད། 

དེ་ཡང་བོད་ཁ་བའི་ལྗོངས་འདིར་ད་ལྟ་བོད་སྤྱོད་བཞིན་པའི་བོད་ཡིག་དེ་གསར་ཐོན་བྱུང་ནས་མི་ལོ་ཆིག་སྟོང་གསུམ་བརྒྱ་ལྷ་སོང་ཟིན། དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། ཐོན་མི་སམ་བྷོ་ཊའི་བཀའ་དྲིན་རེད། ང་ཚོ་རྗེས་རབས་པས་སེམས་གཏིང་ནས་ཁོང་རྣམ་པར་བཀའ་དྲིན་ཆེ་ཞེས་ཞུ་བཞིན་ཡོད། འོན་ཀྱང་ཉེ་བའི་ལོ་མང་རིང་། སྤྱི་ཚོགས་ཁྱོན་ཡོངས་ནས་བོད་ཡིག་དེ་ཡོད་མེད་ལ་སྣང་བ་སྤུ་ཙམ་མིན་འདུག སྣང་བ་གཏོང་མཁན་ཡོད་ན་ཡང་ལེགས་པར་བེད་སྤྱོད་གཏོང་མཁན་ཉུང་རུ་འགྲོ་བ་དང་། སྣང་ཆུང་བྱེད་མཁན་ཚོས་དེ་བས་མི་སྤྱོད་པར། དེ་བས་ལོག་ལྟ་མང་དག་ཅིག་རང་ཉིད་ཀྱི་བུ་ཕྲུག་ཚོར་སློབ་གསོ་བཏང་དང་གཏོང་བཞིན་འདུག ཡིད་སྐྱོ་དགོས་པའི་གནད་གྲངས་ལས་འདས་པ་ང་ཚོས་ཉིན་ལྟར་མཐོང་སྲིད་ལ། མ་མཐོང་ཡང་རྣ་བས་གོ་སྲིད།

ད་ཆ་འཛམ་གླིང་ཡོངས་དྲ་རྒྱའི་གླིང་ན་རོལ་བཞིན་ཡོད། དྲ་རྒྱ་ནི་མེད་དུ་མི་རུང་བའི་འགག་རྩའི་ལག་ཆ་ཞིག་ཏུ་གྱུར་ཟིན། སུས་དྲ་རྒྱའི་སྟེང་ནས་མིག་རྒྱང་རིང་པོ་ཞིག་ལྟ་ཐུབ་ན་མ་འོངས་པར་འགྱོད་མི་དགོས་པ་ཞིག་ཡོང་ངེས་རེད། ཡིན་ཡང་། ང་ཚོའི་ཁོར་ཡུག་ནང་མི་གྲངས་ག་ཚོད་ཀྱི་གནད་དོན་འདི་རིགས་ལ་དོ་སྣང་གནང་གི་ཡོད་དམ། ཉུང་ཉུང་རེད་འདུག གལ་ཏེ་བོད་སྐད་ཡིག་ལ་གསོན་ཉམས་གསར་པ་ཞིག་སྦྱིན་དགོས་ན། ངེས་པར་དུ་དྲ་རྒྱའི་སྟེང་ནས་མི་རིགས་གཞན་པའི་སྐད་ཡིག་གི་རྗེས་སུ་ལུད་མི་རུང་། དེ་གནད་འགག་ཧ་ཅང་ཆེན་པོ་རེད།

དེར་བརྟེན། ད་ཐེངས་རང་ཉིད་ཀྱིས་དུས་ཚོད་རིང་པོ་ཞིག་རིང་བསམ་བློ་བཏང་ནས། དུང་དཀར་ཚིག་མཛོད་འདི་གློག་ཀླད་ནང་བླུགས་ནས། དྲ་རྒྱའི་སྟེང་འཇོག་ཐུབ་པའི་རེ་བ་རྒྱག་བཞིན་ཡོད་ལ། ལས་འགུལ་ཡང་སྤེལ་བཞིན་ཡོད།

ལས་ཀ་གཙོ་བོ་གཉིས།

དང་པོ།

དུང་དཀར་ཚིག་མཛོད་ཆེན་མོ་འདི་ཡིག་འབྲུ་རེ་རེ་བཞིན་གློག་ཀླད་ནང་རྒྱབ་སྟེ་དེབ་དངོས་དང་གཅིག་མཚུངས་ཀྱི་དྲ་དེབ་ཞིག་བཟོ་རྩིས་ཡོད། དེ་ནས་གཞི་གྲངས་དེ་དག་བེད་སྤྱད་དེ་གློག་ཀླད་ནང་སྤྱོད་ཐུབ་པའི་ཚིག་མཛོད་ཞིག་བཟོ་པར་ཤུགས་རྒྱག་བཞིན་ཡོད།

གཉིས་པ།

དུང་དཀར་ཚིག་མཛོད་ཀྱི་མིང་ཚིག་དང་འགྲེལ་པ་རེ་རེ་བཞིན་wikipedia(维基百科)ནང་མིང་ཚིག་གསར་བཟོ་བྱེད་རྩིས་ཡོད།

ལས་ཀའི་ནང་བཞུགས་ཀྱི་ཚོགས་མི།

དང་ཐོག་ང་ཚོར་དགོས་པའི་ཚོགས་མིས་ངེས་པར་དུ་བོད་སྐད་ཡིག་འབྲི་ཀློག་ཤེས་པ་དགོས། དེ་ནས་གློག་ཀླད་ནང་བོད་ཡིག་སྤྱོད་ཤེས་དགོས། དེ་ནི་རྨང་གཞི་རེད། འོན་ཀྱང་དེ་ལས་འགལ་ཆེ་བ་ནི་ལེགས་སྐྱེས་ཀྱི་སེམས་པ་ཞིག་དགོས།

དུང་དཀར་གྱི་ལམ་བུ། རྒྱང་ཐག་ག་ཚོད་རིང་ཡང་འགྲོ་དགོས་ངེས་རེད། དཀའ་ལས་ག་ཚོད་འཕྲད་ཀྱང་སེལ་ཐུབ་ངེས་རེད། སེམས་ཤུགས་ནམ་ཡང་མི་གཞོམ་པར་མདུན་བསྐྱོད་དགོས།

དུང་དཀར་ལམ་བུའི་གླེང་སྟེགས།

http://groups.google.com/group/dunggar?hl=zh-CN

 

 

རྒྱ་ཡིག་ཐོག་ནས་ངོ་སྤྲོད།

དུང་དཀར་གྱི་ལམ་བུ།

http://blog.sina.com.cn/s/blog_74223c7c0100xl2r.html

དུང་དཀར་ལམ་བུའི་འཕྲོད་འཕྲད་སྲིད་པའི་གནས་ཚུལ་དང་སེལ་ཐབས། གལ་ཏེ་ཚོགས་ཆུང་འདིའི་ནང་འཛུལ་འདོད་ཡོད་ན་ངེས་པར་ཞིབ་པར་ལྟ་དགོས།

http://blog.sina.com.cn/s/blog_74223c7c0100xl9t.html

དུང་དཀར་ལམ་བུའི་ལས་འགོས་དང་འགན་འཁྲི། ད་དུང་མི་ལག་འདང་གི་མེད་པས་སེམས་པ་ཡོད་པའི་བུ་ཕྲུག་ཚོས་རོགས་པ་མང་མང་གནང་རོགས།

http://blog.sina.com.cn/s/blog_74223c7c0100xlwl.html

ཆུ་ཤུར་རྫོང་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཡེ་ཤེས་བསྟན་འཛིན་ལུག་རིན་པོ་ཆེས།

ཁ་པར། ༡༣༦༢༨༩༨༦༨༢༩

༢༠༡༡ ། ༩ ། ༡ 

tibetsheep | རྩོམ་ཡོངས་ཀློག་པ།(1212) | ལན་སློག(4)
ཆུ་ཤུར་གྱི་ཡུལ་ལྗོངས། ཡར་ཀླུང་གཙང་པོ་དང་ལྷ་སའི་སྐྱིད་ཆུའི་འདྲེས་མཚམས།
2011-8-22 23:05:25

ཆུ་ཤུར་གྱི་ཡུལ་ལྗོངས། ཡར་ཀླུང་གཙང་པོ་དང་ལྷ་སའི་སྐྱིད་ཆུའི་འདྲེས་མཚམས།

ཞིབ་པར་ལྟ་འདོད་ན་ཤིན་ལང་པོད་ཁུག་ལ་གཟིགས་རོགས། པར་ཡང་ཧ་ཅང་མང་པོ་ཡོད། 

http://blog.sina.com.cn/s/blog_62a5bfe70100vx91.html

tibetsheep | རྩོམ་ཡོངས་ཀློག་པ།(730) | ལན་སློག(3)
ཆུ་ཤུར་རྫོང་སློབ་འབྲིང་ནང་གི་མེ་ཏོག
2011-8-21 15:17:07
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
tibetsheep | རྩོམ་ཡོངས་ཀློག་པ།(20) | ལན་སློག(0)
༢༠༡༡ལོའི་ཆུ་ཤུར་གྲོང་བརྡལ་ཞོལ་གྲོང་ཚོ་དང་ཆུ་ཕུ་ཤང་གི་འོང་སྐོར་པར་ཁ་ཤས།
2011-8-19 17:24:01

༢༠༡༡ལོའི་ཆུ་ཤུར་གྲོང་བརྡལ་ཞོལ་གྲོང་ཚོ་དང་ཆུ་ཕུ་ཤང་གི་འོང་སྐོར་པར་ཁ་ཤས།

༡ ཆུ་ཤུར་གྲོང་ཚོའི་འོང་སྐོར། 

ཉིན་དང་པོ། 

གྲོང་ཚོའི་ནང་དུ་མཆོད་པ་ཕུལ་བ། སྨོན་ལམ་འདེབས་པ།

དེ་ནས་གྲོང་ཚོའི་རྟེན་ཁང་དུ་མཆོད་པ་ཕུལ་བར་འགྲོ་བ་དང་། ཡར་ཀླུང་གཙང་པོར་མཆོད་པ་ཕུལ་བ། 

དེ་རྗེས་གྲོང་ཚོའི་རི་འདབས་ནས་ཞིང་ཁའི་ནང་དུ་བསྐྱོད་པ། ཆོས་པ། དུང་མ། རྟ་པ།

ཉིན་གུང་སྐབས་ཞིང་ནང་གི་གླིང་ཁའི་ནང་ཉལ་གསོ་རྒྱག་པ་དང་། ཁ་ལག་བཟའ་བ། དེ་ནས་མུ་མཐུད་ཞིང་ཁར་བསྐོར་བ། 


ཉིན་གཉིས་པ། རྟག་རྒྱུགས་དང་རྟ་རྩལ།༼རྩལ་ལག་༽

རྩལ་ལག་རྩེད་བཞིན་པ་འདི་ནི་ངའི་སློབ་ཆུང་གི་སློབ་གྲོགས་རེད། མིང་འདོགས་ལ་༼ཧ་ལོའོ་༽ཟེར། རྒྱུ་མཚན་གང་ཡིན་ཟེར་ན་ཁོང་ཕྱི་རྒྱལ་གྱི་མི་དང་ཧ་ཅང་འདྲ་པོ་ཡོད། ཧ་ཧ།

རྟ་པ་འདིའི་མིང་ལ་ཚེ་རྡོར་ཟེར། ཕལ་ཆེར་ད་ལྟ་སློབ་ཆེན་གྱི་སློབ་མ་རེད། ལོ་ཁ་ཤས་རྟ་པ་བྱས་སོང་།

རྟ་པ་འདི་ད་ལོ་སློབ་ཆུང་མཐར་ཕྱིན་ནས། ཆུ་ཤུར་སློབ་འབྲིང་ལ་སླེབས་སོང་། ངའི་ལས་རོགས་ཞིག་གི་འཛིན་གྲྭའི་སློབ་མ་རེད། 

ཁ་བཏགས་བསྒྲུགས་བཞིན་པ། མིའི་ལུས་པོ་ལྗི་དྲག་པས་རྟ་ཡང་འཁྱོར་འདུག 


ཉིན་གསུམ་པ། ལྟས་མོ།

ལྷ་སའི་རྒྱུལ་པོའི་ནང་མས་འཁྲབ་སྟོན་བྱེད་བཞིན་པ། དེ་ཡང་ཆུ་ཤུར་གྲོང་བརྡལ་ཉེ་འདབས་ཀྱི་གྲོང་ཚོ་ཁག་སྐྱིད་སྐྱིད་གཏོང་སའི་གླིང་ཁ་ཆེ་ཤོས་དང་། ལོ་རྒྱུས་རིང་ཤོས་ཞིག་རེད། 

ལྕང་མའི་སྟེང་ནས་གཟིགས་མོ་གཟིགས་བཞིན་པ། 

གླིང་ཁའི་རྒྱབ་ཏུ་ཡར་ལུང་གཙང་པོ་དང་ལྷ་སའི་སྐྱིད་ཆུའི་འདྲེས་མཚམས་རེད། ཆུ་ཧ་ཅང་ཆེན་པོ་འདུག 

ཆུ་ཤུར་ཞོལ་གྲོང་ཚོ། 

ཞོལ་གྲོང་ཚོ་དང་བླ་ར་གྲོང་ཚོའི་དཀྱིལ་མཚམས། གྲོགས་ཕུའི་ཆུ། ཆུ་དེ་ཡང་ཆུ་ཤུར་ཕུ་ནས་ཡོང་བའི་ཆར་པ་དང་གངས་རི་བཞུར་བའི་ཆུ་ཞིག་རེད། 


ཆུ་ཤུར་རྫོང་ཆུ་ཕུ་ཤང་གི་འོང་སྐོར། 

ཆུ་ཕུ་ཡི་འོང་སྐོར་འདི་ཆུ་ཤུར་ནང་ལ་སྐད་གྲགས་ཆེན་པོ་ཡོད། གཙོ་བོ་འདི་གནས་འདིའི་ས་ཆགས་ཚུལ་ཧ་ཅང་ལེགས་པོ་འདུག མི་ཚང་མ་རི་འདབས་ཀྱི་སྒང་སྒང་དུ་ལྟོ་འཁོར་བཟུང་སྟེ་རྟ་རྒྱུགས་ལྟས་ཆོག མཐའ་གསུམ་རིས་བསྐོར་བ་དང་། གང་སར་མཛེས་པསི་ཡུལ་ལྗོངས་ཡིན་པས། མི་ཚང་མ་འདིར་ཡོང་བར་དགའ་པོ་བྱེད་ཀྱི་ཡོད།


འདྲ་པར་ཆེ་བ་གཟིགས་འདོད་ན་གུས་པའི་ཤིན་ལང་པོད་ཁུག་ལ་གཟིགས་རོགས།

http://blog.sina.com.cn/s/blog_62a5bfe70100vli1.html

tibetsheep | རྩོམ་ཡོངས་ཀློག་པ།(977) | ལན་སློག(4)
Google+ བེད་སྤྱོད་སྐོར།
2011-7-14 23:03:04

Google+ བེད་སྤྱོད་སྐོར། 

Google+ནི་Googleཀུང་སིས་གསར་དུ་བཟོས་པའི་དྲ་ཐོག་ཐོན་རྫས་ཞིག་རེད། དེ་ནི་མི་དང་མིའི་དབར་ལ་འབྲེལ་དྲིས་དང་། རང་གི་གནས་སྐབས་ནང་མི་དང་གྲོགས་པོ་སོགས་ཀྱི་ཤེས་སུ་འཇུག་པའི་ལག་ཆ་གསར་པ་ཞིག་རེད། 

མིག་སྔར་ང་ཚོས་ཤེས་ཟིན་པའི་facebookདང་། 推特,微博,人人网,开心网ལ་སོགས་པ་དང་འདྲ་བ་དང་། དེ་ཚོ་ལས་ལེགས་པ་ཡོད་པའི་ལག་ཆ་ཞིག་རེད། 

Googleཀུང་སིས་བཟོས་པའི་དྲ་ཐོག་ཐོན་རྫས་ཚང་མ་ཡག་ཤོས་རེད་ལ། དེ་ཚོས་ཚང་མའི་ནང་བོད་ཡིག་གནང་དག་མེད་པར་བཀོལ་ཆོག དེ་བས་Googleནང་བོད་ཡིག་ལ་བཀག་བསྡོམ་མེད། རང་འདོད་ལྟར་སྤྱོད་ཆོག 

གཤམ་གྱི་པར་འདི་Google+གྱི་ངོས་རིས་རེད། 

 

Google+ནང་འགྲོ་བར་མི་གཞན་གྱི་གདན་ཞུ་དགོས། ཐོག་མར་རང་ཉིད་ཀྱིས་Gmailཁ་བྱང་ཞིག་གསར་བཟོ་བྱེད་དགོས། དེ་གཙོ་ཆེ་ཤོས་རེད། 

གལ་ཏེ་Google+ནང་འགྲོ་མི་ཐུབ་པ་ཡིན་ན། ཐབས་ཤེས་གཅིག་ཡོད། 

ཐོག་མར་xpཡིན་པའི་གྲོགས་པོ་རྣམ་པས་ipv6གློག་ཀླད་ནང་སྒྲིག་འཇུག་བྱེད་དགོས། གལ་ཏེ་win7དང་ vistaཡིན་ན་དང་ཐོག་ནས་ཡོད། སྒྲིག་འཇུག་བྱེད་མི་དགོས། 

ཐབས་ཤེས། 

开始--所有程序--附件--运行

运行ཁ་ཕྱེ་ནས་འདི་ནང་ ipv6 install ཞེས་འབྲི་དགོས། དེ་ནས་确定གཏན་འཁེལ་མནོན།

དེའི་རྗེས་སུ་ཡིག་ཁུག་ C:\\System32\drivers\etc ནང་ཡོད་པའི་Hostsབཟོ་བཅོས་བྱེད་དགོས།

༡ གསལ་པོ་འདི་རུ་གཟིགས་རོགས།

http://blog.sina.com.cn/s/blog_6e56c0160100siv8.html

༢ གལ་ཏེ་དྲ་ཚིགས་འདི་ནང་བྲིས་པ་མི་ཤེས་ན།

Hostsགསར་པ་འདི་ཕབ་ལེན་གྱིས། ཕབ་ལེན།

དེ་ནས་ཡིག་ཁུག་C:\\system32\drivers\etc ནང་ཡོད་པའི་Hostsདེ་དང་བརྗེ་པ་རྒྱབ་ན་ལེགས་འགྲུབ་ཐུབ།

དེ་དག་ཚར་རྗེས་Google+ནང་འཛུལ་ཐུབ།

https://plus.google.com/

གལ་ཏེ་འཛུལ་བར་རེ་འདུན་ཞུ་དགོས་ན་ཁྱེད་རང་གི་Gmailཁ་བྱང་འོག་ཏུ་བཀོད་རོགས། ངས་གདན་ཞུ་བྱས་ཆོག 


tibetsheep | རྩོམ་ཡོངས་ཀློག་པ།(1570) | ལན་སློག(13)
ཉི་ཧོང་གི་གླུ།
2011-7-5 15:37:54

ལོ་ན་ཆུང་དུས་ནས་ནང་སའི་སློབ་གྲྭ་འགྲིམ་དགོས་བྱུང་སོང་། དེའི་རྐྱེན་གྱིས་རྒྱ་ནག་གི་སྐད་གྲགས་ཆེ་བའི་གླུ་མང་པོ་ཞིག་གོ་ཐོས་བྱུང་ལ། ཧ་ཅང་སྙན་པོ་འདུག 

འོན་ཀྱང་དེ་རིང་བརྙན་ཟློས་འདི་མཐོང་དུས། དངོས་ནས་ཧ་ལས་ཧང་སངས་སོང་། ཧ་ཧ། དེ་བས་ཉི་ཧོང་ལ་རྒྱུས་མངའ་གསར་པ་ཞིག་སླེབས་སོང་། ཉི་ཧོང་གི་གླུ་གཞས་བསྒྲིགས་བཟོའི་ཐད་ཆུ་ཚད་ཧ་ཅང་མཐོན་པོ་འདུག 

དེང་སྐབས་བོད་ནང་གི་གཞས་པ་ལོ་ཆུང་ཁ་ཤས་ཀྱི་སྔོན་མའི་རྒྱ་ནག་གི་གཞས་པ་གྲགས་ཅན་ཚོའི་ལད་འདོད་ཀྱིས། ཉི་ཧོང་གི་གླུའི་གདངས་ཁ་ཤས་བོད་གཞས་སུ་བསྒྱུར་འདུག 

ཚང་མས་ཤེས་གསལ་བོད་རིགས་གཞས་མ་ཨ་ལན་ཟླ་བ་སྒྲོལ་མ་ནི་ཉི་ཧོང་ལ་ཕྱིན་ནས་གནམ་ས་བླ་འོག་གི་གྱུར་མདོག་ཆེན་པོ་བྱུང་འདུག དེ་ནི་ཉི་ཧོང་གི་གླུ་གཞས་བསྒྲིགས་བཟོ་དང་། མཛེས་སྤྱོད་སོགས་ཀྱི་སྲོལ་རྒྱུན་དང་འབྲེལ་བ་ཆེན་པོ་ཡོད་ངེས་རེད། 

ཉི་ཧོང་གི་གླུ་ཁ་ཤས་སྦྱོང་གི་ཡིན། ཧ་ཧ།

tibetsheep | རྩོམ་ཡོངས་ཀློག་པ།(741) | ལན་སློག(1)
འབྲེལ་ཡོད་ནང་དོན་ 43 ཡོད།<<<12345>>>
ཟིན་བྲིས་བརྡ་ཁྱབ།

ལུག་རིན་པོ་ཆེའི་གཟིམ་ཤག

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.