མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཟུངས་ཁྲག་གི་མཆོད་ཆང་།
http://blog.amdotibet.cn/thuptenngodup/index.aspx
ཕྲེང་བསྟར།
ཁེར་རྐྱང་གི་ཡ་མཚན།
རྩོམ་པ་པོ།:thuptenngodup སྤེལ་དུས་:2012-7-5 22:48:47

ཀྱེེ་་་་་་་་་་ཤེས་རབ་ཀྱི་གསལ་ཁ་འཕྲོ་བའི་སེམས་ལྡན་ཉི་མ་ཁེར་རྐྱང་ལགས།

ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་་།  མེས་པོ་རྒྱང་སྐྱོད་བྱེད་པའི་ཤེས་རིག་གི་མཁར་རྒྱུག་ལག་ཏུ་བསྣམས་ཤིང་དེང་རབས་འཕུར་ལྡིང་བྱེད་པའི་ཚན་རྩལ་གྱི་མིག་ཤེས་དཔྲལ་བར་ཐོག་དེས་པོ་ཏཱ་ལ་ཡི་སྒེག་ཉམས་དེ་དང་གངས་ཕྲུག་ང་ཚོའི་མཚན་སྙན་གྱི་མིང་བྱང་དེ་དག་གོ་ལ་ཟླུམ་པོའི་ཡངས་སྟེང་དུ་གཞན་ཡིད་བཀུག་པའི་མཛེས་རྒྱན་བྱས་སོང་།  ཁེར་རྐྱང་ལགས་ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་།  ཁྱེད་མེད་ན་གངས་ཕྲུག་ངར་མཚན་སྙན་གྱི་བ་དན་གང་ནས་ཡོང་།

ད་དུང་་་་་་་་་་་་་་་་་་་་་་་་།

ཀྱེེ་་་་་་་་བྱམས་བརྩེ་ཡི་གཟི་འོད་འབར་བའི་སེམས་ལྡན་དུང་ཟླ་ཁེར་རྐྱང་ལགས།   ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་་་་་་།

ཕྱོགས་ཞེན་གྱི་སྡེར་མོ་སྐུམ་ཞིང་ལྷེང་འཇག་ཏུ་གནས་པའི་ཁྱོད་དང་དྲག་ཙུབ་ཀྱི་ཐ་རྡུལ་བྲལ་ཞིང་བསིལ་རླུང་གི་རེག་བྱ་འཕེལ་བའི་ཁྱོད་ཀྱི་གཟི་འོད་དེས་གངས་རི་ཡི་བཀྲག་མདངས་རྒྱས་སོང་ལ་གངས་ཆབ་ཀྱི་འབབ་རྒྱུན་ཡང་རིང་སོང་། ཁེར་རྐྱང་ལགས་ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་། ཁྱེད་མེད་ན་གངས་ཕྲུག་ངར་ཟུངས་ཁྲག་གི་རྒྱུ་བ་གང་ནས་ཡོང་།

ད་དུང་་་་་་་་་་་་་་་་་་་་་།

ཀྱེེ་་་་་་་་་་་འཚེ་བའི་རི་གྲོང་ནས་ཆེས་རྒྱང་རིང་དུ་བྲོས་པའི་དཔའ་བོ་ཁེར་རྐྱངས་ལགས། ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་། ཁྲེལ་མེད་ཀླད་ལྐུག་གི་གཟི་ཁ་མཐོ་ཞིང་དགོས་མེད་མདའ་མཚོན་གྱི་རྣོ་ཁ་ངར་མས་འཛམ་གླིང་དམགས་འཁྲུག་གིི་ཡོ་ལངས་བྱེད་པའི་ཁྲོད་ནས། ཁེར་རྐྱང་ཁྱེད་ཀྱིས་བདེན་དོན་གྱི་དཔུང་པ་གནམ་དུ་འཕྱར་ཞིང་ཞི་བདེ་ཡི་དར་ཆ་དགུང་ལ་བསྒྲེང་པ་དེས་གདོང་དམར་ཕུ་ནུ་ཡི་ཕ་མཐར་བརྒལ་ཏེ་མཐའ་མེད་སྐྱེ་འགྲོ་ཡོངས་ལ་བདེ་སྐྱིད་ཀྱི་ངལ་གསོ་བསྐྲུན་སོང་། ཁེར་རྐྱང་ལགས་ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་། ཁྱེད་མེད་ན་གངས་ཕྲུག་ངར་ཚེ་སྲོག་གསོན་གནས་ཀྱི་དྲོད་ཐིག་གང་ནས་ཡོང་།

ད་དུང་་་་་་་་་་་་་་་་་་་་་་་་།

ཀྱེེ་་་་་་་་་་སྙིགས་དུས་མྱལ་ངམ་ཐང་ཆེན་ན་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་བཞིར་ཐུལ་བའི་དགེ་སྦྱོང་ཁེར་རྐྱང་ལགས།

ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་་་་་་་་། འཆལ་སྤྱོད་ཀྱི་ཆང་རག་རྡོལ་ལོག་སྲིད་ཀྱི་དུ་ནག་འཕྱུར་བའི་སྙིགས་དུས་སྲིད་པའི་རི་གྲོང་སྐྱུར་མོ་ཞིག་ནས། ལི་ཁྲིའི་མདངས་ཀྱིས་མཛེས་པའི་ཚུལ་ཁྲིམས་ཀྱི་ལྭ་བ་ཀླུབས་ཤིང་དགེ་སྦྱོང་གོོཏམ་གྱི་ཟླ་གྲོགས་བྱས་པ་དེས་གསང་སྔགས་དང་ཉམས་རྟོགས་ཤིག་གི་མིང་བྱང་ཉི་ཚེ་བའི་གདོང་འབག་གྱོན་ཏེ་བསྟན་པ་ལ་བསྲེས་ལྷད་བྱེད་པའི་ནག་ཚོང་དམར་རྗེན་མའི་སྒོ་མོ་ཡངས་སུ་བཀག་སོང་།  ཁེར་རྐྱང་ལགས་ཁྱེད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་་་་་། ཁྱེད་མེད་ན་གངས་ཕྲུག་ངར་རབ་བྱུང་གི་གནས་བབ་གཙང་མ་གང་ནས་ཡོང་།

ད་དུང་་་་་་་་་་་་་་་་་་།

ཀྱེེ་་་་་་་་་་ཐམས་ཅད་རིག་གསལ་གྱིས་མྱོས་པའི་འདུ་ལུང་ཁྲོད་ནས་བག་ཡངས་སུ་རྒྱུ་བའི་ཨ་ཇོ་ཁེར་རྐྱང་ལགས་།

ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་་་་་་་་་།

ཚན་རྩལ་རིག་པའི་ནུས་ཤུགས་ཀྱི་སྒེག་ཉམས་ལ་ཡིད་སྨོན་ཤོར་ཞིང་མེས་པོས་ཤུལ་བཞག་བྱས་པའི་རྟེན་འབྱུང་གི་སྒྱུ་རྩལ་ཟབ་མོའི་མཛེས་སྡུག་གམ་ཟབ་གནད་མ་མཐོང་བས་ཀླད་ཆུང་གི་རང་མདངས་ཤོར་བར་དག་ལ། དབང་པོ་རབ་འབྲིང་གི་ངོ་གདོང་ལ་དཔག་སྟེ་ད་གཟོད་རྟེན་འབྲེལ་ཕྲ་རག་གི་ཟབ་གནད་དང་གཟི་འོད། ངར་ཤུགས་དང་ནུས་སྟོབས། གསང་རྒྱ་དང་སྒྱུ་རྩལ་ཡི་སྟངས་སྟབས་དལ་གྱིས་ངོམ་པ་དེས། དེང་རབས་རིག་གསལ་གྱི་ཡིན་ལུགས་ངོ་མ་གནའ་བོའི་གཟི་བྱིན་གྱི་འོད་མདངས་རྒྱུད་དབང་མེད་ཐེ་གཟུགས་སུ་འབྱོར་ཡོང་བར་ནི་སུས་ཀྱང་སྒུལ་མི་ནུས་པའི་དངོས་ཚོར་བདེན་དོན་གྱི་རྡོ་རིང་སླངས་སོང་།  ཁེར་རྐྱང་ལགས་ཁྱེད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་་་་་་་། ཁྱེད་མེད་ན་གངས་ཕྲུག་ངར་གནའ་དེང་ཤེས་རིག་གི་ངོ་གདོང་སུ་ཡིས་སྒྲེལ།

ད་དུང་་་་་་་་་་་་་་་་་་་་་།

ཀྱེེ་་་་་་་་་་་་་མ་འདྲིས་ཀུན་ཁྱབ་ཀྱིི་མཛའ་བརྩེ་ལྷ་མོས་གཞན་ཡིད་དབང་མེད་དུ་བཀུག་བཞིན་པའི་སྙིང་སྡུག་ཁེར་རྐྱང་ལགས།

ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་་་་་་་་་་་་་།

བདེ་འདོད་བསམ་པའི་ནུས་ཤུགས་ཀྱིས་ལུས་ངག་གི་བང་རྩལ་ཡོད་ཚད་ནས་ཡོད་ཚད་གཡོ་འགུལ་དང་འདར་འདུར་བྱས་ཀྱང་། བདེ་སྐྱིད་ལྗོང་སྨྱུག་གི་ས་བོན་དུ༔ཁ་བྱ་རོག་ནག་པོའི་མད་པར་ཤོར་བའི་མུ་མེད་སྐྱེ་འགྲོའི་པད་ཚལ་དུ། ཀུན་ཁྱབ་བྱམས་བརྩེ་ཡི་ཀློང་ནས་ངང་གི་ཐོན་ཡོང་པའི་འདྲ་མཉམ་གྱི་ཁ་དབུག་དྭངས་མ་དེ་དང་། སྤྲོས་བྲལ་རིག་ཤེས་ཀྱི་ངོག་ནས་ཤུགས་ཀྱིས་འཚེར་ཡོང་བའི་བླང་དོར་དབྱེ་འབྱེད་ཀྱིི་དྲོད་འཇམ་གཙང་མས་མུ་མེད་སེམས་ལྡན་གྱི་མེ་ཏོག་མདངས་ཉམ་དང་མདངས་ལྡན་སྣ་ཚོགས་ལ་བདེ་སྐྱིད་ཀྱི་མཛེས་སྡུག་གསོན་ཉམས་དོད་པོ་ཞིག་ལྷོད་ཀྱིས་བསྐྲུན་སོང་བ་དེས། དཔྱོད་ཤེས་ཀྱི་མིག་ཟུང་རྣོན་པོའི་མཐུ་འོག་ནས་འཇིག་རྟེན་ཡོངས་ཁྱབ་ཀྱི་བླངས་དོར་གནས་ལ་འཁྱོང་བསྐྱོད་བྱེད་ཀྱིན་པ་དང་དལ་གྱིས་བཞུད་བཞིན་པའི་སྐྱེ་འགྲོ་ཡོང་ཀྱིས་སེམས་ཁུངས་སུ་དམར་ཆུང་སྙིང་གི་སྒ་མ་རུ་དམ་པོ་རུམ་པའི་དཔེ་སྟོད་ལེགས་བྱང་གི་བྱ་དགའ་ཡོངས་རྫོགས་དེ་བླངས་སོང་ལ་གཞན་གྱིས་དབང་མེད་ངང་ཤོར་ཡང་སོང་།

ཁེར་རྐྱང་ལགས་ཁྱོད་ནི་ངོ་ཡ་མཚན་ཞིག་རེད་་་་་་་་་་་་་་།

ཁྱེད་མེད་ན་གངས་ཕྲུག་ངར་དཔེ་སྟོད་ལེགས་བྱང་གི་བྱ་དགའ་གང་ནས་ཡོང་།

ད་དུང་་་་་་་་་་་་་་་་་་་་་་་།

ཀྱེེ་་་་་་་་་་་་་་་་་་་་་་་་་་་་དཔུང་སྟོབས་ཀྱིས་བཀུར་མ་མེད་པའི་གངས་ཕྲུག་ཁེར་རྐྱང་ལགས།

ཁྱོད་ནི་ངོ་མ་ཡ་མཚན་ཞིག་རེད་་་་་་་་་་་་་་་་་་།

གཞན་གྱི་བདེ་སྡུག་གང་ཞིག་བྱས་པ་ཅི་ཞིག་ཡིན་རུང་གཞན་གྱི་དཔུང་སྟོབས་དང་འགྲོག་ནས་བཙན་གྱིས་ཐོན་ཡོང་ལ་ཁྱེད་ཀྱིས་ཡ་མཚན་གྱི་བྱས་པ་དག་དེ་ལས་ཟློག་སྟེ་ངང་གི་འབྱོར་ཡོང་བ་ནི་ངོ་མ་ཡ་མཚན་ཞིག་རེད། གངས་ཕྲུག་ཁེར་རྐྱང་ལགས་་་་་་་་་་་་་། ངས་ཁྱེད་ཉིད་ཡ་མཚན་གྱི་འོད་བརྒྱ་སྲེངས་ཕྱིར་གངས་ལྷ་སྒེག་མོའི་གཅེས་ཕྲུག་ཏུ་སྐྱེས་པའི་སྐྱེས་སྐར་ལ་སྙན་ཚིག་གི་ལམ་ནས་སྤྲོ་སྐྱིད་ཀྱི་བསུ་མ་བྱེད་ན་འདོད། འོན་ཀྱང་ཁེར་རྐྱང་ཁྱེད་ཀྱི་ཡ་མཚན་ལ་སྙན་ཚིག་གི་པི་ཝང་ཁྲོལ་ན་རྫོགས་མཐའ་མི་འདུག་ལ་ངའི་ལག་ཟུང་ལ་ངལ་བ་ནི་དེ་བས་ཀྱང་མི་འདུག།  ད་དུང་་་་་་་་་་་།  རེད་་་་་་་་་་་་་།  དུས་ཚོད་མི་འདུག་་་་་་་་་་་་་་་་་་། སྒུག་ཨ་་་་་་་་་་་་་་་་། ད་དུང་་་་་་་་་་་་་་་།

རྩོམ་ཡོངས་ཀློག་པ།(207) | ལན་སློག(2)
གནད་ཚིག:2012 7 6
ནང་འཇུག་བྱས་རྗེས་ ཁྱེད་ཉིད་ཀྱི་ཆ་འཕྲིན་འདིར་འཆར་ངེས།
RE:ཁེར་རྐྱང་གི་ཡ་མཚན།
རྩོམ་པ་པོ།:gqcj8872012 སྤེལ་དུས་:2012-7-7 17:59:09
རྒན་གྱི་གནས་ལམ་དུ་སླེབས་ཡོད།  མེ་ཞགས།
RE:ཁེར་རྐྱང་གི་ཡ་མཚན།
རྩོམ་པ་པོ།:guacang སྤེལ་དུས་:2012-7-6 23:43:08
粗体 斜体 下划线 插入引用 插入表情
Powered by Oblog.