
འདྲ་པར་འདི་ནི་༢༠༡༡ལོར་ཁམས་རྫ་ཆུ་ཁའི་་གནས་རི་རྒྱལ་རྡོ་རྗེ་འཕེན་ཕྱུག་ལ་རླུང་རྟ་གཏོར་ཞིང་བསང་གསོལ་བྱེད་སྐབས་ནམ་མཁའི་སྤྲིན་རྣམས་རྟ་མཆོག་གི་གཟུགས་སུ་བབ་པ་ཞིག་ཡིན་འདུག་ཅིང་སྐབས་དེར་གྲྭ་བ་ཞིག་གིས་དངོས་སུ་པར་བླངས་ཡོད་འདུག འགའ་ཞིག་གིས་ལྷ་སྲུང་གི་རྫུ་འཕྲུལ་ཡིན་རབས་བཤད་ཀྱི་ཡོད་པ་དང་། འགའ་ཞིག་གིས་འགྲེལ་བརྗོད་དཀའ་བའི་ཡ་མཚན་དངོས་བྱུང་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་འདུག རྗེས་སུ་ལྷ་ས་སོགས་སུ་པར་འདི་མང་པོ་བཤུས་ནས་ཚོང་འགྲེམས་བྱས་ཡོད་འདུག