མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 10:00:10
 

                               ཕེབས་ཞུ།

ཀ་ཡེ། གཡེར་མོ་ཐང་ཆེན་བརྒལ་བའི་ཕོ་རྒོད་ལགས།

མེ་ཏོག་གི་ཟེའུ་འབྲུས་སེམས་པ་བཀུག་སོང་ན།

རྩྭ་ལྗང་གི་གདན་སྟེང་ནས་ངལ་གསོ་གྱིས་ལ།

མེ་ཏོག་གི་མཛེས་པར་ཉམས་སུ་མྱོངས་ཤིག

ཆར་ཆུས་ལེགས་པར་བཀྲུས་ཤུལ་གྱི་ཉི་ཟེར་ཀློང་ན།

མེ་ཏོག་གིས་འདབ་མ་ལྷུག་གེར་གྲོལ་ཏེ།

འཇའ་ཚོན་གྱི་གུར་ལ་བསྡད་ཡོད

 

ཀ་ཡེ།   ཙོག་པུར་བསྡད་དེ་བདག་གི་འདབ་མ་ལ་བྱིལ་བྱིལ་གནང་ཞིང༌།

སྙིང་གཏམ་ཤབ་ཤུབ་ཏུ་སྨྲ་བའི་ཕོ་རྒོད་ལགས།

བདག་གི་གེ་སེར་གྱི་སྤུ་ལོང་གཡོ་བའི་བར་གསེང་ན།

བདག་གིས་ཁྱོད་ཀྱི་སེམས་འདུན་ལེགས་པར་ཉར་ཡོད།

ཁྱོད་ཀྱི་དཔྲལ་བ་ན་ཤུར་མོར་སྣང་བའི་རྔུལ་ཆུའི་ཤུལ་ལམ་དེས།

བདག་ཁྱོད་ལ་ལྷག་པར་ཉེ་བར་བྱས་སོང༌།

 

ཀ་ཡེ།   བདག་ལ་ཉེ་བར་དུད་དེ།

སྙིང་གཏམ་གྱི་ཉིང་བཅུད་གནང་སོང་བའི་ཕོ་རྒོད་ལགས།

ཁྱོད་ཀྱི་རྦ་རླབས་བཞིན་དྲག་པའི་སྟོབས་དང༌།

རྒྱ་མཚོ་བཞིན་ཟབ་པའི་བརྩེ་བས།

བདག་གི་ཡོད་ཚད་དྲག་ཏུ་སྒུལ་སོང༌།

ཡང་ན།   བདག་གི་རྩ་བ་ནས་ཁྱེར་ཏེ།

ཁྱོད་ཀྱི་སྔས་འགྲམ་གྱི་རྫ་བུམ་ལ་འཛུགས་རོགས།

 

ཀ་ཡེ།  བདག་གི་རྩ་བ་ནས་ཁྱེར་བར་དམ་བཅའ་འཇོག་པའི་ཕོ་རྒོད་ལགས།

རང་སྲུང་གི་ཚེར་མས་ཁྱོད་ལ་གཙགས་ཙམ་བྱས་པ་ཐལ་དྲགས་སོང་ངམ།

ཁྱོད་ཀྱི་མིག་ཀོང་དུ་བདག་གིས་བདག་གི་འབྱུང་འགྱུར་གྱི་དྲན་གདུང་མཐོང་བྱུང༌།

ཡང་ན།  བདག་གིས་ཁྱོད་ཀྱི་ཕྱིར་དུ།

བག་ཚའི་ཕྱི་གོས་ཕུད་ཅིང༌།  ལ་རྒྱའི་ནང་གོས་ཀྱང་གཡུགས་ཆོག

 

ཀ་ཡེ།   བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།

ཧར་གྱིས་ཡར་ལངས་པའི་ཁྱོད་ཀྱི་ཁྲོ་ཉམས་དེ་རལ་གྲི་ཞིག་གི་རྣོ་དབལ་ཡིན་དུ་ཆུགས་ཀྱང༌།

འགྲོ་ཁ་མར་བཞག་པའི་ཁྱེད་ཀྱི་འཁྲེང་པའི་ཕྱི་མིག་དེས།

བདག་གི་སེམས་ཁོང་ལ་དྲི་ཚིག་སྟོང་གི་ས་བོན་བཏབས་སོང༌།

 

ཀ་ཡེ།  བདག་ལ་འཁྲེང་སེམས་ཀྱི་ཕྱི་མིག་འཇོག་པའི་ཕོ་རྒོད་ལགས།

ཆར་རྗེས་སུ་འཇའ་ཚོན་བཀྲ་ཐེངས་རེར།

བདག་གི་ཕྱོགས་ལ་རྒྱང་མིག་འཕེན་དོན་ག་རེ་ཡིན།

སྙིང་གཏམ་གྱི་ཆུ་རྒྱུན་ཆད་པས།

བདག་གི་འདབ་མ་རྙིད་པར་དོགས་སམ།

བརྩེ་འདང་གི་ཡང་བཅུད་སྟོང་བས།

བདག་གི་རྩ་བ་རུལ་བར་ཞེད་དམ།

ཅིས་ཀྱང༌།   བདག་ལ་གློ་རིང་བར་མི་གནང་བར།

བདག་རྨོངས་བ་ལས་སེལ་བར་བྱེད་པའི་ལན་པ་ཞིག་གསུང་དང༌།

 

ཀ་ཡེ།  གསུང་ལེན་མི་འབྱོན་ཡང་སྙིང་ལ་ཧ་ཅང་ཉེ་བའི་ཕོ་རྒོད་ལགས།

འཚོ་བས་ཁྱོད་རང་བདག་དང་རིང་དུ་བྲལ་བར་སྐུལ་ཚེ།

སེམས་པ་ཁོང་དུ་མ་ཆུད་དང༌།

བདག་གིས་འུ་གཉིས་ལ་དབང་བའི་སེམས་ཀྱི་འཇིག་རྟེན་དང་མངའ་ཐང་བསྐྲུན་ཆོག

ལུས་ཉིད་གཞན་དབང་གི་རྒྱ་རུ་ཚུད་ཀྱང༌།

སེམས་པ་ནི་རྒོད་པོ་གཤོག་ཐོགས་བཞིན།

ཡིད་ཆེས་བསྣམས་ཏེ་བདག་གི་ཕྱོགས་ལ་ཡང་ཡང་ཕེབས་ཤོག

 

ཀ་ཡེ།  ཞལ་བཞིན་གྱི་འཛུམ་ཆུང་བྲི་བའི་ཕོ་རྒོད་ལགས།

སོམ་ཉིའི་དྲ་བ་ན་ཕག་འཚག་རྒྱག་གིན་ཡོད་དམ། 

བདག་གི་ཕྱོགས་ལ་ཕེབས་སམ་ཅི།

གལ་ཏེ།  ཁྱོད་ཀྱིས་དངོས་ནས་འདི་ག་ལས་གྱ་ནོམ་པའི་གཡེར་མོ་ཐང་ཞིག་གི་ཁུགས་པ་རྙེད་སོང་ན།

རླུང་གིས་ཁུར་བའི་བདག་གི་རྨི་ལམ་རློན་པ་དེར་སེམས་པ་མི་གླན་རོགས།

བདེ་སྐྱིད་ཀྱིས་ཁྱོད་རང་ཕྱི་རིམ་ནང་རིམ་དུ་བཏུམ་པར་སྨོན་ལམ་ཡང་ཡང་འདེབས།

rl25258 | རྩོམ་ཡོངས་ཀློག་པ།(1177) | ལན་སློག(9)
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 11:08:59
k-snoq | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 13:10:03
   དལ་མོ་ཞིབ་པོས་ཐེངས་གཅིག་བཀླགས།
luobian | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 14:17:41
glqs | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 14:57:27
PALJOR | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 17:13:35
ཉེ་ལམ་སྐུ་བདེའམ། སློབ་གྲྭ་འཚོགས་ཟིན་ནམ།
nemdol | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2013-9-9 19:14:37
ཡིན་རིང་ལ་ཤི་གསོན་ཧ་མི་གོ་བའི་ཟིན་བྲིས་བ་འདི་ཚོ་དེ་རིང་ཞིག་ལ་ཐོན་འདུག་ལ།  བདེ་མོ་ཡིན་པ་བཟང་གི་དགའ་ནི་ཡིན་་་་་ཁ་ཡག་ངོ་སྟོད་བཤད་མི་ཤེས་་་་་་་་སེམས་ལ་གནོད་པའི་སྐད་ཆ་རེ་བཤད་ཡོད་ན་དགོངས་འགལ་མེད་པར་ཞུ།  སྔོན་ཆད་ཀྱི་ཟིན་བྲིས་བ་ཨ་གསར་ཅན་མང་པོ་ཞིག་ཤི་གསོན་གོ་རྒྱུ་མི་འདུག   ད་ལྟའི་ཟིན་བྲིས་བ་མང་པོ་ཞིག་གི་ལྐུག་པའི་རྟུགས་ཞུགས་བཟུང་ནས་ཟིན་བྲིས་བཀླགས་དང་དཔྱད་མཆན་སྤེལ་མཁན་གི་མི་འདུག   དེ་གི་དེང་སང་རྩོམ་རིགས་དྲ་བ་ལ་སྤྲོ་བ་མི་འདུག
rexi | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2014-1-19 21:23:08
ཡག་གི  འབའ་བུ་སྣང་སྐྱིད་ཟེར་བ་ཞིག་ནས།
jxj2511 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2014-3-11 23:59:10
ཨ་ཅེ་དེ་རིང་ང་ཐོན་ཡོད། སྤྲེལ་སེམས་དཔའ་ནས།
BBjiacuo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ཀ་ཡེ། བདག་གིས་བྲང་ཁོག་ཕྱེས་ཏེ་གློ་སྙིང་སྟོན་སའི་ཕོ་རྒོད་ལགས།
2014-3-26 17:59:59
ཨོ་་་་་་་་ཡག་སོང་་་་་་
lacanjiancuo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.