མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
སེམས་རྫིའི་གདུང་དབྱངས།
2013-8-19 13:40:31

སེམས་རྫི་མའི་གདུང་དབྱངས།

མཚོ།

མདང་གི་རྨི་ལམ་དྲག་ཏུ་འཁྲུགས་པའི་སྔས་གོང་ན།།

འདས་ཀྱི་ལོ་ཟླ་སེམས་ཀྱིས་རུམ་པའི་མིག་ཆུ་བསྙིལ།།

ལུས་ཀྱི་རུས་ཚིགས་ཀུན་ནས་ཐོར་བའི་སྨྲེང་སྐྱོ་ཞིག།

རབ་རྫོབ་མལ་གྱི་གོས་ཧྲུལ་བར་ན་དབུགས་སྣ་ལྷེམ།།

 

ཁ་སང་དུངས་སོང་ཚིལ་ལིའི་འཛུམ་ནི་གེ་སེར་གཡོ།།

བརྩེ་བའི་བྲང་གཞུང་དྲོད་འཇམ་དག་ནི་མ་མའི་པང་།།

རྣ་བའི་བདུད་རྩི་གསུང་དང་ཚིག་ནི་ཡིད་ཀྱི་གསོས།།

ཨ་ཧོ་སྙིང་སྡུག་མི་སྣང་བདག་ནི་ར་རོར་ཉུལ།།

 

བཅོ་ལྔའི་ཟླ་གཞོན་བྲི་འགྱུར་བྱུར་གྱི་ལྟས་ངན་ལ།།

བྱེས་འགྲོས་ལུས་སེམས་མི་བདེ་གདོན་གྱིས་བསླུས་འདྲ་བྱེད།།

ཅི་ཡིན་མ་འཚལ་དོགས་ཀྱིས་ཕྱོགས་ལ་ཉན་པ་ན།།

ཀྱེ་ཧུ་སྙིང་གི་གུ་མུད་ཡོངས་སུ་འཁོར་འདི་ཅི།།

 

ལག་གི་ཞལ་པར་འཚབ་འཚུབ་སོར་བཅུས་འདུ་བྱེད་པ།།

སྙིང་གྲོགས་གང་དེར་དྲན་པའི་སེམས་སྒྲ་གྱེར་བསམ་ཡང་།།

སྙིང་གི་ཕྱེད་ཀས་མི་འདོད་སྒོ་མོ་བཙན་གྱིས་རྒྱབ།།

སྙིང་གི་དུམ་བུའི་ཞབས་རྗེས་ཟབ་མོར་ཧད་དེ་ལུས།།


ད་ནི་མི་བཟོད་ཡིད་ཀྱི་གདུང་བ་རབ་འཁྲིགས་ནས།།

དོགས་དང་སོམ་ཉིའི་དྲ་རྒྱ་ཡོངས་སུ་བརྐྱངས་བྱས་ཏེ།།

སྙིང་གི་བྱམས་པར་གང་བྱུང་ཅི་ཉེས་ཞུས་གྱུར་ཀྱང་།།

ཞལ་ངོ་ཡེ་ནས་འཁོར་ཏེ་མིག་ཟུང་རྒྱང་ལ་ཕྱོགས།།


སེམས་ནི་སོལ་ལ་བསྲེགས་པའི་ན་ཚ་མ་བཟོད་པར།།

གདུང་བའི་མཆི་མ་བླུད་པའི་མིག་ཟུང་རབ་རིབ་ཁྲོད།།

སྙིང་གྲོགས་དམ་པའི་བཞིན་རས་འཛུམ་མེར་མངོན་འཆར་བས །།

དམ་དུ་འཁྱུད་འདོད་ལག་པས་དབྱིངས་ལ་སྟོང་གཡུག་བྱེད།།


ཁེར་རྐྱང་བྲང་དང་པུས་མོ་སྦྱར་བའི་རུས་ཚིགས་འབྱར།།

དྲན་པས་སེམས་པ་ཀུན་ནས་སྨྱོས་པས་ཚོར་ཤེས་བྲལ།།

བསམ་གྱིན་སྐྱོ་ངལ་འདམ་གྱིས་གོས་པའི་འཁོར་བ་འདི།།

རིང་དུ་དོར་རམ་ཅི་ལེགས་ཁོག་གི་སྙིང་ཁྱོད་རེ།།

             ༢༠༡༣ལོའི་ཟླ་༨པའི་ཚེས་༡༨ཉིན།


rl25258 | རྩོམ་ཡོངས་ཀློག་པ།(1011) | ལན་སློག(10)
RE:སེམས་རྫིའི་གདུང་དབྱངས།
2013-8-19 14:02:11
སེམས་ཀྱི་འདུ་བྱེད་ཡི་གེའི་གཟུགས་སུ་སྣང་བ་ཡི། །ཁྱེད་ཀྱི་སོར་མོའི་སུག་རྗེས་རེ་རེའི་བར་གསེང་ནས། །འཁོར་བ་འདི་ལ་དུང་བ་འཁྱིལ་བའི་གཏམ་རྒྱུད་ཅིག །ཁོ་བོའི་མིག་ལ་གློག་བརྙན་ཇི་བཞིན་ལྷམ་མེར་ཤར། །
གཤམ་དུ་rl25258ལགས་ཀྱི་ལན་སློག་པ་ནི་:ཕེབས་ཤོག
གཤམ་དུ་rl25258ལགས་ཀྱི་ལན་སློག་པ་ནི་:ཕེབས་ཤོག
crdw123 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-19 14:24:35
བཀླགས་པའི་བརྡ་ཙམ་བཏང་ཡོད།
dongsi123 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-19 17:12:56
སྐྱག་མང་ཁྱོད་ཁྱི་ཁ་ཟུམ། ཨ་བུའི་རོ།   ཁྱོའི་སྐྱུག་བྲོ་བའི་སྐད་ཆ་འདི་ཚོ་ཟོག་རོ་རེད།  འདིར་ངས་ཁྱོད་ན་སྣ་བསུན་སྤྲད་པ་ཡིན།  བློ་འདོད་ཡོད་ན་རྒྱ་གར་ལ་ཤོག་དང་།  ངས་ཁྱོད་དུམ་བུ་འགའ་ལ་བསྲེས་སྟེ་ཁྲག་གི་འོ་མཚོ་རྒྱངས་པར་བྱེད་འདོད།  སྐྱག་གཟན་ཁྱོའི་ཁྱི་ཁ་ཟུམ་ན་དགའ།
xzsn520 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-19 19:48:27
mmzz | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-20 6:59:47
gasang0 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-20 7:05:57
ཁྱོད་ཀྱི་ཚིག་བཅད་མཐོང་ནོ་དེ་རིང་ཡིན།    ཅུང་དྲག་ཉམས་ཆགས་འདུག
shiwo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-20 9:02:57
འགྲོ་ཞོར་དུ་ཁྱེད་ཚང་ལ་ཡོང་ནས་ཐེངས་གཅིག་བཀླགས་ཡོད། སྤྲེལ་ནག་པས།
SongRap | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-20 9:59:05
མཚོ་བཟའ་ཟླ་གཉིས་ཀྱི་སྙན་ངག་ཡགས་བྱུང་།
PALJOR | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-8-23 12:08:54
མགྲོན་པོ་གསར་བ་ཞིག་ཐོན་ཡོད །
badongsi | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:སེམས་རྫིའི་གདུང་དབྱངས།
2013-9-5 21:27:25
སྙན་ངག་ཁ་ཤས་བཀླགས་ཡོད། རང་མོས་ཁྲོད་ནས་ཁ་ཤས་ཤིག་དབྱིན་བསྒྱུར་བྱེད་ན་བསམ་གི། ཡིན་ཡང་སྔོན་ལ་ཟིན་བདག་ལ་མཆོག་མཆན་ཞུ་ཆོག་པ་བྱས།
Rebkong | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.