མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 9:36:48
 

ས་གཞིའི་སྲས་མོ།   ཨ་ཅེ།

                  མཚོ།

 

ཉི་མ་འཆར་ནུབ་དུ

སྐྱི་བསེར་རླུང་གིས་སྒུལ་བའི་བ་སྤུ་རེ་རེ

ས་གཞི་ལ་ཕུལ་བའི་མཆོད་པའི་མར་མེ་ཡ་ཡོ་ཡིན

རྡུལ་ནག་གིས་ཡ་ཐོད་ཀྱི་གཉེར་རིས་བསུབ་ཤུལ

འབྲས་བུ་འཁུར་སྲིད་པའི་ས་བོན་ལ་སྨྱུ་གུ་འབུས

ཨ་ཅེ་ལགས  གློ་བུར་དུ་རྒས་པའི་བདག་གི་མ་མ

ཞེན་ཆགས་ཀྱི་ཀློང་ནས་ཕྱིར་སྡེ་ལ་བལྟ་དུས

ཁྱོད་ཁོ་ན   ཆུ་ཡིས་མ་ཟོས་པའི་ཞིང་ཚིགས་སུ

འོད་ཀྲིག་ཀྲིག་གི་ཟིལ་ཐིགས་བཞིན

ས་གཞིའི་གཏིང་རིམ་དུ་ཁད་ཀྱིས་འཐིམ

 

མགོ་དཀྲིས་གློ་སྐྱ་རླུང་གིས་ལྷབ་ལྷུབ་སྐྱོད་དུས

དམར་སྨུག་གི་གདོང་ལ་རྒྱང་རིང་གི་ས་ཡི་གཡབ་མོ་གསལ

འདུན་མ་ཆུང་ཆུང་མིག་ཟུང་དུ་སྦས་པ་ནས

ཁྱོད་ཀྱིས་ཁ་རོག་གེར་སྙིང་ཉེ་བའི་རྨི་ལམ་ག་ཚོད་རྨིས

ཨ་ཅེ་ལགས   དུངས་སྣང་ལ་ཡིག་འབྲུའི་གསལ་ཁ་མེད་པའི་སྨན་ཤར

དྲན་གདུང་ལ་མིག་ཆུའི་འདྲེན་པ་མེད་པའི་མཛངས་མ

བུ་ཕྲུག་གི་དགོད་སྒྲ་དང་ངུ་སྐད

ཡབ་ཡུམ་གྱི་འཛུམ་མདངས་དང་སྡུག་ཡུས

ཕུ་ནུ་ཚོའི་རྒྱལ་ཁ་དང་ཕམ་ཉེས

ཡོད་ཚད་ཀྱི་ཡོད་ཚད   ཁྱོད་ཀྱིས་ད་བར་དུ

རང་ཉིད་ཀྱི་ཐོབ་ཤོར་དུ་རློམ

ཨ་ཅེ་ལགས   ཁྱོད་ཀྱི་མཆུ་སྒྲོས་སུ་རྣག་ཁྲག་འཛུམ་དུས

ཁྱོད་ཀྱི་ཁེར་རྐྱང་ལ་མུ་མཐའ་མེད་དུས

ངའི་སྐྱོ་བའི་རྨ་ཁར་ཚྭ་ཁུ་སྤར་མོ་རུ་འདེབས་མཁན་དེ་སུ་ཡིན

 

ལུས་པོ་སྒུར་སྒུར་གྱིས

ཐབ་ཚང་ནས་ཕྱི་ཁྱིམ་ར་བ

ཕྱི་ཁྱིམ་ནས་ས་ཞིང་གྲུ་བཞི

མེ་འཚུབ་ཐལ་འཚུབ་ཀྱིས

ས་འཚུབ་རྡུལ་འཚུབ་ཀྱིས

ཨ་ཅེ   ནམ་ཡང་ངལ་དུབ་མི་ཚོར་བའི་གཞུང་བཟང་མ

ཡོད་ཚད་ས་གཞི་ལ་བཅོལ་ཞིང

ས་གཞི་ཡོད་ཚད་དུ་འཇོག་པའི

ས་གཞིའི་སྲས་མོ

ཡུར་ཆུས་ཡང་ཡང་བྲན་པའི་ལུས་སེམས

ལྕགས་ཁ་ཕྲུམ་དུ་ཡང་ཡང་བླངས་པའི་ས་ནག་བཞིན

སྙེ་འབྲུའི་ཁུར་གྱིས་དུད་པའི་གཤིན་ས་རུ

སེར་ག་ཤིགས་སེར

ཁ་ཁུ་སིམ་མེར

༢༠༡༣ལོའི་ཟླ་༤བའི་ཚེས༦ཉིན་གྱི་སྔ་དྲོ་སློབ་གྲྭ་རུ།

rl25258 | རྩོམ་ཡོངས་ཀློག་པ།(1332) | ལན་སློག(15)
འབྲེལ་ཡོད་ནང་དོན་ 15 ཡོད།<<<12>>>
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 9:51:45
ཡག་པོ་འདུག
gasang0 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 10:37:11
ཞེ་དྲག་འདུག
sangmeiduo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 17:27:22
རོལ་མྱོང་བྱས་ཟིན།
luobian | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 18:04:03
སྙན་ངག་འབྲི་ཤེས་པ་ཞིག་གི་སྙན་ངག་འབྲི་བ་ནི་མིག་མེད་པ་ཞིག་གིས་ཆུ་སྐྱེས་ལ་བལྟས་པར་མཚུངས།  དེ་བས་ཨེ་མོལ་རེད་དགའ་བསུ་མེད་ལོ་ལོ  རྣོ་མིང་བས
གཤམ་དུ་rl25258ལགས་ཀྱི་ལན་སློག་པ་ནི་:没人看自己的博客   别把气洒在别人的头上嘛, ,,,,,真小气! 给所有的出家人脸上抹黑。
གཤམ་དུ་rl25258ལགས་ཀྱི་ལན་སློག་པ་ནི་:没人看自己的博客   别把气洒在别人的头上嘛, ,,,,,真小气! 给所有的出家人脸上抹黑。
cvbn | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 19:18:05
རྣོ་ལུང་མ་ཟེར་བཞིག་ཐོན་ཡོད  མུ་ནས
awph | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 19:18:47
རྣ་ལུང་མ་ཟེར་བཞིག་ཐོན་ཡོད  མུ་ནས
awph | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-8 19:57:03
བཀླགས་ནས་བུད་སོང་།    མུ་ནས་་་་་་
luozangzhihua | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-10 9:59:26
གོང་གི་ལྕགས་ཁ་ཕྲུམ་དུ་ཡང་ཡང་བླངས་པའི་ས་ནག་བཞིན་ཞེས་པ་འདི་གཏགས་ནོར་རེད།  ལྕགས་ཁེམ་དུ་ཡང་ཡང་བླངས་ཞེས་པར་གོ་དགོས།
rl25258 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-11 14:35:17
འཁོར་བའི་བར་གསེང་ནས་སྙན་ངག་འབྲི་བའི་ལག་ཁོམ་ནོ་ཡག་གི།  མུ་ནས།  འཕགས་ཆེན་གྱིས།
gmpq | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ས་གཞིའི་སྲས་མོ། ཨ་ཅེ།
2013-4-11 17:56:27
ཁྱེད་ཀྱི་སྙན་ངག་ལ་དགའ   གཡུ་མིག་ནས།
zaxi123 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.