མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
 
སྒྲོལ་མ་ལྷ་ཁང་། http://blog.amdotibet.cn/rl25258/index.aspx
ང་རང་ཕྱིར་ཐོན་ཡོད
2011-4-20 12:57:21

ང་རང་ཕྱིར་ཐོན་ཡོད

ཁྱོད་རང་བཞུད་སོང་ངམ

ཁ་བའི་མེ་ཏོག་གིས་དཔྱིད་མགོ་མ་བསུ་དུས

ངའི་མཐོང་ལམ་ན   ཏག་ཏག་ཁྱོད་རང་མི་འདུག

སྤྱིར་ན   ཁྱོད་ཀྱི་ཆེད་དུ

ང་རང་བྲེལ་བྲེལ་གྱིས་རྡོག་ཐོན་བྱུང་ཡོད

 

དཔྱིད་རླུང་གིས   ང་ཡི་གདོང་བ་བྱིལ་བྱིལ་བྱེད་དུས

ངའི་དྭངས་གཙང་གི་མིག་ཟུང་ལས 

ཁྱོད་ཀྱིས་རིན་ཐང་ཅན་གྱི་མུ་ཏིག་ག་ཙམ་ཁྱེར་སོང

ད་ནས    ཨ་ལན་སྟེར་མི་སྲིད་པའི་བརྩེ་བ་བན་བུན་ཞིག

ག་ལེར་འཕྱུར་མགོ་བརྩམ་སོང    

རེ་སྒུག་གི་ས་བོན་དེ་སྔ་ས་ནས་འབུས་འདུག

 

དཀར་སང་སིང་གི་ཚེམས་ཕྲེང་དེ

ངའི་ཡ་ཆུང་ན་ཡུན་རིང་ཉར་བའི་དུང་མདོག་གིས་འཚེར་བའི་བརྩེ་བ་དེ་ཨེ་ཡིན

འཛུམ་དམུལ་ལེར་ཡོད་པའི་ཞལ་རས་དེ

ངའི་རྨི་ལམ་ནས་ཡུན་རིང་བཞད་པའི་དམར་ལམ་མེར་བཞད་པའི་རྒྱ་སེ་དེ་ཨེ་ཡིན

ད་དུང  ད་དུང    དགའ་དགོད་འདྲེས་མའི་གསུང་སྐད་དེ

ཅི་ཞིག་ཡིན    ཅི་ཞིག་ཡིན

ཡང་ན   ངའི་མཛེས་སྡུག་གི་རྨི་ལམ་འཁྱིལ་སའི་

སེམས་གཞས་དྲོན་མོ་དེ་ཡིན་ནམ

 

ཁྱོད་རང་བཞུད་སོང་ངམ

དཔྱིད་མགོ་མ་འདིར    

ངས་ཁྱོད་ལ་ཁུ་བྱུག་གི་གསུང་དབྱངས་ལྟ་བུའི་སེམས་གཞས་ཤིག

ལུས་ངག་ཡིད་གསུམ་གྱིས་འབུལ་དང་འབུལ་མུས་སུ་ཡོད

ཞེས༢༠༡༡ལོའི་ཟླ༤པའི་ཚེས༢༠ལ

rl25258 | རྩོམ་ཡོངས་ཀློག་པ།(1590) | ལན་སློག(9)
RE:ང་རང་ཕྱིར་ཐོན་ཡོད
2011-4-20 16:15:19
ཁྱེད་ཉིད་ཕྱིར་ཐོན་པར་དགའ་བསུ་ཞུ།མ་གཞི་རྩོམ་སྟེགས་སུ་སྐྱེས་མའི་སྐད་སྒྲ་གོ་དཀའ་བས།ང་རང་གིས་ཀྱང་ཡུན་རིང་ཞིག་ལ་ཁྱེད་ཕྱིར་ཐོན་པར་རེ་སྒུག་བྱེད་མྱོང་།མགོ་ལོག་པ་འཇིགས་བྱེད་ཚེ་རིང་གིས།
jxcrbk | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ང་རང་ཕྱིར་ཐོན་ཡོད
2011-4-20 16:24:24
མཚོ་ཟེར་བའི་རླབས་རྒྱུན་འདི་ན་འཕྱོ་འདུགརྡོག་ཐོན་པའི་སྙན་ངག་དེའང་འདི་རུ་ཐོན་འདུགང་ཡང་དེ་རུ་ཐོན་ཡོད་་་་་མཚོ།........ སྤྱན་ཆབ།
chenchab(མགྲོན་པོ།) | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ང་རང་ཕྱིར་ཐོན་ཡོད
2011-4-20 22:18:12
ཐོན་སོང་ན་འགྲིག་འདུག
xiangkeluo | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ང་རང་ཕྱིར་ཐོན་ཡོད
2011-4-21 0:15:14
མཚོ་མོའི་རླབས་རྒྱུན་མུ་ནས་འཕྱོ་བར་ཤོག  སེམས་ཀྱི་ཟབ་སར་ཟུག་པའི་སྙན་ངག་གི་བདུད་རྩ་ལ་རོལ་མྱོང་བྱས་ཡོད །  མུ་ནས་མུ་རུ་སྤེལ་བར་རེ་ཡོད།                                                                      སྨྱུ་གུ་ནས།
danawancai | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ང་རང་ཕྱིར་ཐོན་ཡོད
2011-5-31 22:48:23
ཨ་ཅག་མཚོ་ཁམས་བདེ།    ཟླ་ཟེར་དུས་དེབ་སྟེང་ནས་འུ་གཉིས་སྔ་གཞུག་བྱས་ཡོངས་དུས་ནས་ངས་ཁྱོད་རང་གར་གནས་གི་སྐད་ཆ་འདྲི་ཡོད་་་་
mangra | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
མཚོ་ལ་གྱེར་བའི་སེམས་གཞས།
2011-6-20 20:39:57
སེམས་ཀྱི་མཚོ་མོ་རླབས་ཀྱི་གར་དུ་འཕྱོ། ། སྙན་ངག་ཚིག་གི་འབོད་པ་ཤུགས་ཀྱིས་གྱེར། ། བོད་པའི་རྩོམ་རིག་གར་གྱི་སྟེགས་བུ་ན། རྩེད་འཇོར་རོལ་བའི་བུ་མོའི་གྲངས་འབོར་ཉུང་། ། ཁྱེད་ནི་དཔལ་གྱིས་སྙེམས་པའི་སྡིངས་ཀ་ནས།། གསེར་གྱི་ཉི་མ་བཞིན་དུ་འཕྱོ་བར་ཤོག། དུས་རབས་སྙིང་སྡུག་མཛའ་བོའི་རུམ་ཁ་ན། ། ཁྱོད་ལ་འབོད་པའི་གཡབ་མོ་སྙིང་དུ་སྡུག།                                                       ཀྱེ་ཕུར་མཆོག་གསུམ་ནས།
kwbb(མགྲོན་པོ།) | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ང་རང་ཕྱིར་ཐོན་ཡོད
2012-10-12 21:57:24
ཨེ་ཐོན་བལྟས་ཡོད         ཐོན་དང་ན་དགའ་བོ་འདུག                       བདེ་མོ་ཡིན་ནམ།                   ས་ཉལ་རིན་ཆེན་རྒྱལ་ནས།
sani | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ང་རང་ཕྱིར་ཐོན་ཡོད
2013-3-26 14:18:17
ལྟས་ནས་བཞུད་སོང་་་
aaa999 | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
RE:ང་རང་ཕྱིར་ཐོན་ཡོད
2015-1-14 14:55:05
lsnmbk | མི་སྒེར་དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག |
粗体 斜体 下划线 插入引用 插入表情
ཟིན་བྲིས་བརྡ་ཁྱབ།

 

སྨྱུག་མིང་།  མཚོ།

དྲ་འབྲེལ། 1013461908

དྲ་ལམ། http://blog.tibetcm.com/u/tso25258/index.html

སྙན་ངག་ཡོད་པས

ངས་ནང་སེམས་ཀྱི་དགའ་སྐྱོ་ཆགས་སྡང་གླུ་རུ་བླངས་ཆོག

སྙན་ངག་ཡོད་པས

ངའི་བརྩེ་དུང་ལ་འཇའ་ཚོན་གྱི་ཁ་དོག་ལྡན་ཡོད

སྙན་ངག་ཡོད་པས

དགའ་སྐྱོ་མིག་ཆུར་མུ་ཏིག་གི་རིན་ཐང་ལྡན་ཡོད

སྙན་ངག་ཡོད་པས

ང་ལ་རྒྱ་མཚོ་བཞིན་གྱི་སེམས་ཀྱི་མངའ་ཐང་རྒྱས་ཡོད

སྙན་ངག་ཡོད་པས

ང་ལ་གངས་རི་བཞིན་གྱི་བརྟན་བརླིང་གི་རང་གཤིས་གྲུབ་ཡོད

སེམས་ཁམས་ལོ་ཐོ།
པར་དེབ།
ཟིན་ཐོ་གསར་བ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
 
Powered by Oblog.