མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཕྲེང་བསྟར།
དབྱངས་ཅན་ལྷ་མོའི་གསང་བ།
རྩོམ་པ་པོ།:mygod དུས་ཚོད།:2016-7-5 17:08:04

དབྱངས་ཅན་ལྷ་མོའི་གསང་བ།

      རྒོད་རྒྱལ་བློ་ཕུན། ༼ ལྷོ་ཁ།༽

ཁོ་མོའི་སོང་ཤུལ་དུ

ཨ་མ་ཞིག་གི་གཏམ་རྒྱུད་གྲིལ་ཅིང

ཨ་ཕ་ཞིག་གི་ངག་རྒྱུན་ཆད་སོང

དབྱངས་ཅན་ལྷ་མོ    དེ་ལྟར་བུད་དོན་ཅི

དབྱར་གྱི་མེ་ཏོག་འཛུམས་པའི་དུས་དེར

ཁ་པར་ལ་ལྟ་བཞིན་པའི་ཁོ་མོ

ཆར་གྱི་རྗེས་ཤུལ་དུ་འཇའ་ཚོན་བཞིན་གུག་ཅིང

རྩྭ་ཐང་གི་པང་དུ་མྱགས་མ་བཞིན་འཚོ

འཇིག་རྟེན་འདི་གོར་མོ་བེམ་རྡོ་ལས་གྲུབ་ཅིང

ལས་དང་འབྲས་བུའི་གོ་རིམ་ཉིད་ཀྱིས་བསྐོར་དུས

ཁོ་མོའི་ཆགས་སྡང་གི་གླུ་སྐད་དེ་རྒྱང་རིང་ནས་གྲགས་འོང

དེ་ནས་རིམ་བཞིན་རྣ་ཡོག་ཏུ་འགུལ་བ་སུ་ཞིག་གི་སྨྲེང་བ་རེད

ཁོ་མོའི་ཤུལ་ལམ་སྐྱ་མོར

ཁྱིམ་གཞི་གཅིག་གི་བདེ་སྡུག་གླེགས་བམ་དེ

མེ་རུ་བསྲེགས  རླུང་ལ་སྤུར  ཐལ་བར་བཏབས

ཁོ་མོའི་ཆེད་དུ་བཞེངས་པའི་སེམས་ཀྱི་མཆོད་རྟེན་ཞིག

མཚན་མོར་འོད་སྣང་གིས་འགྱིང་ཅིང

མུན་པའི་ཨི་ཁུང་ཞིག་ནས་འོ་དོད་བྱིན

ཁོ་མོའི་སོང་ཤུལ་དུ

ཨ་མ་ཞིག་བྲེལ་དངངས་ཀྱིས་བཀྱེད་ཅིང

ཨ་ཕ་ཞིག་འུ་ཐུག་གིས་ཐོན་སོང

དབྱངས་ཅན་ལྷ་མོ   དེ་ལྟར་ཐོན་དོན་ཅི

        ༢༠༡༩།  ༧།  ༥ ཉིན་མཚོ་སྣར་བྲིས། 


 

རྩོམ་ཡོངས་ཀློག་པ།(16763) | ལན་སློག(0)
粗体 斜体 下划线 插入引用 插入表情
Powered by Oblog.