མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
རེ་སྨོན་པར་གཞི། 分享按钮
གྲྭ་ཤག་གི་གཞས།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།

 ཐོས་སྒོམ་སྤྱོད་པའི་རླུང་གི་གཤོག་པ་ཐོགས།།

ཉམ་རྟོགས་ནམ་མཁའ་དབུགས་ཐེངས་གཅིག་གིས་བཅད།།

སྣང་སྟོང་ཚད་གྲུབ་སེམས་ཉིད་རྗེན་ལ་འདྲེས།།

དབུ་མའི་སྐྱེས་བུ་མཆོག་ལ་གསོལ་བ་འདེབས།། 

 

གླེང་མོལ།   ༡༠༥༨༨༥༢༩༩༣


ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཆ་འཕྲིན།
 
 
རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-4-22 21:21:57 | By: mmmm ]
 

 

རྨ་གཡང་ཕྱུག་མོའི་གླུ་སྒྲ།

ང་ནི་ཁ་བའི་ལྗོངས་ལ་ཕེབས་པའི་ལྷ་དབང་རྒྱལ་བོའི་ཕོ་ཉ་ཡིན།།

ང་ནི་གནམ་སའི་བར་ཐག་སྲུང་བའི་དྭངས་གཙང་ཆུ་ཡི་མ་མ་ཡིན།།

འབབ་ས་ཞི་བདེ་རྒྱ་མཚོ་ཡིན་ཞིང་ཁོ་ར་ཁོར་ཡུག་བརྒྱུད་ནས་འགྲོ།།

ལྷག་པར་ཁ་བའི་རི་ལུང་ཐང་ལ་སྤྲོ་དགའི་ལང་ཚོ་སྤྱིན་དུ་འགྲོ།།

ང་ནི་གངས་རི་འདབས་ལ་འཁྱུག་པའི་མི་དབང་རྒྱལ་བའི་གསོལ་སྐྱེམས་ཡིན།།

ང་ནི་ཤེས་བྱའི་འཇིག་རྟེན་བསྐྲུན་པའི་གནའ་དེང་མཁས་པའི་ཞལ་གདམས་ཡིན།།

རིག་པའི་རྦ་རླབས་དགུང་དུ་འཏེགས་བཞིན་མུན་པའི་འོབས་ར་གཏོར་དུ་འགྲོ།།

ལྷག་པར་ཁ་བའི་རྒན་དར་གཞོན་པར་སྟོབས་དང་འདུན་མ་བསྐྱེད་དུ་འགྲོ།།

མ་ཡུམ་གངས་རིའི་ཁུངས་ནས་བརྡོལ་བའི་བདུད་རྩི་སྔོན་མོའི་ཆབ་རྒྱུན་ཡིན།།

ནོར་འཛིན་སྒེག་མོའི་པང་ལ་འཁྱིལ་བའི་ཆུ་མཆོག་བྱེ་བའི་གཙུག་ཕུད་ཡིན།།

གངས་རིའི་ལྗོངས་ལ་བག་ཡངས་རྒྱུ་བཞིན་འཛམ་གླིང་མཐའ་ལ་ལྟད་མོར་ཆས།།

སྙན་པའི་གཞས་ཀྱིས་རི་བྲག་བཀད་དེ་ཁ་བའི་མི་རྣམས་གཉིད་ལས་དཀྲོགས།།

ང་ནི་མཐོ་ས་གངས་ལས་བབས་ཏེ་འགག་འཕྲེང་ལུང་གཟར་བགྲོད་པའི་ཚེ།།

ཁ་བའི་ཡུལ་གྱི་མཛེས་སྡུག་མཐོང་ཞིང་མེ་ཏོག་སྣ་བརྒྱའི་དྲི་ཞིམ་ཚོར།།

རི་དང་སྤང་གི་འཇོག་སྒེག་མཐོང་ཞིང་གཡང་ར་སྒོ་བཞིའི་ཕ་ས་ཤེས།།

དེས་ཚེ་དགའ་བའི་དྲན་པའི་གསེང་ནས་གླུ་སྐད་གངས་རིའི་འདབས་ལ་འཐོར།།

ང་ནི་དཔའ་རྩལ་རླབས་དང་འགྲོག་སྟེ་འཛམ་གླིང་མགྲོན་དུ་ཕེབས་པའི་ཚེ།།

གོས་དཀར་ན་བཟའི་ཡོལ་རས་ངོགས་ཀྱི་ཁ་བའི་ལྗོངས་འདི་སེམས་ལ་བབས།།

རི་ཆུའི་མཛེས་བཞིན་སྙིང་དུ་སྡུག་ཅིང་དྲོ་གྲང་རན་པའི་ཡིད་དབང་འཕྲོག།

དེས་ཚེ་དུང་བའི་དབྱངས་དང་མཉམ་དུ་གངས་རིའི་འདབས་ལ་དཀྲུས་གསུམ་བཏབ།།

ང་ནི་ཕུགས་བསམ་རི་མོས་བརྒྱན་ཏེ་མུ་མེད་རྒྱང་ཐག་གཅོད་པའི་ཚེ།།

གཡུ་སྦྲ་སྨུག་པོས་རེ་འབོད་ཞུས་ཤིང་ཞོ་མར་འོ་མས་བསུ་འདྲེན་དང་།།

རྟ་ནོར་ལུག་གི་རྩེད་ལྡང་མཛེས་བས་ཕྱིར་ལྡོག་མེད་པའི་སེམས་འགུལ་ཐེབས།།

དེས་ཚེ་ཁ་བའི་ལྗོངས་ལ་ཐིམ་ཞིང་ཕྱི་མིག་གངས་རིའ་འདབས་ལ་ཆགས།།

ང་ནི་ངོ་མཚར་བཅུད་ཀྱིས་གཏམས་ཏེ་སྐྱེ་དགུའི་དཔྱིད་དུ་སྨིན་པའི་ཚེ།།

ལེགས་ཚོགས་ཡོན་ཏན་སྲོག་ཏུ་བཙུགས་པའི་ཁ་བའི་ལྗོངས་ཀྱི་དགེ་མཚན་ཤེས།།

གསེར་དངུལ་རིན་ཆེན་ཐང་མར་ཁྱབ་པའི་ཕུན་ཚོགས་གཡང་གི་གཏེར་མཛོད་མཐོང་།།

དེས་ཚེ་སྙན་པའི་གླུ་སྐད་གཏོང་བཞིན་གངས་རིའི་འདབས་ལ་རི་མོར་བྲིས། །

ང་ནི་དྭངས་གཙང་སྨན་གྱིས་བསྒྲིམས་ཏེ་རང་བྱུང་མཛེས་སྡུག་འབར་བའི་ཚེ།།

ཁ་བའི་ལྗོངས་ཀྱི་མཐའ་དབུས་ཀུན་ལ་དཔལ་ཡོན་གསར་བའི་བཟོ་བཀོད་ཆགས།།

ཆར་ཆུའི་འབབ་ཐེངས་སྙོམས་པར་འཛོམས་ཤིང་ལོ་ཕྱུགས་འབྲུ་རིགས་རྟག་ཏུ་ལེགས།།

དུས་གསུམ་ལོ་ཟླའི་མཐུད་མཚམ་བར་ན་ཁ་བའི་ཡུལ་མི་བདེ་ཞིང་སྐྱིད།།

དེས་ཚེ་ང་དང་ཁ་བའི་ལྗོངས་ལ་མི་འབྲེལ་དད་པའི་འདང་བརྩེ་ཟབ།།

དེའི་ཕྱིར་ང་དང་ཁ་བའི་ལྗོངས་ཀྱིས་དགའ་བའི་གླུ་སྐད་མཉམ་དུ་གྱེར།།

དེས་ཚེ་ང་དང་ཁ་བའི་ལྗོངས་ལ་བདེ་སྐྱིད་གསར་བའི་དགོད་སྒྲ་འཛོམས།།

དེའི་ཕྱིར་ང་དང་ཁ་བའི་ལྗོངས་ཀྱིས་ཞི་བདེ་ཕྱྭ་གཡང་ལྷན་དུ་འབོད།།

   ༢༠༡༡ ༣ ༣་ཉིན་རང་དགོན་དུ་བྲིས།

 
རྩོམ་ཡོངས་ཀློག་པ།(1699) | ལན་སློག(12)
 
འབྲེལ་ཡོད་ནང་དོན་ 12 ཡོད།<<<12>>>
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-4-23 21:46:04 | By: zhongjiwa ]
 
གྲོགས་ཀྱི་བརྩམས་ཆོས་བཀླགས་ཡོད། ཞི་བདེ་ལ་འབོད་པ་གཏོང་གིན་འདུག དགའ་ནས་ཡོད།
གཤམ་དུ་mmmmལགས་ཀྱི་ལན་སློག་པ་ནི་:གྲོགས་པོ་ངེད་ཚང་ལ་ཡོང་བ་ངོ་མའི་བཀའ་དྲིན་ཆེ།
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-4-24 21:16:07 | By: wubao ]
 
བཀླགས་ཟིན། བཀྲ་ཤིས་བདེ་ལེགས།
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-4-25 9:56:50 | By: abbb ]
 
བཀླགས་ཟིན།  བདེ་ལེགས་ཞུ །  རིན་བཟང་གིས་
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-4-25 12:13:13 | By: jiayang9991 ]
 
སྟོན་པ་ཐུབ་པའི་གསུང་ལ་ཉན་དགོས་ཤིང་།།མི་རྒྱལ་སྲོང་བཙན་བཀའ་ཡང་བརྩི་དགོས་པའི། ། དྲང་བདེན་མི་སྐད་བོད་ལ་འཇོག་བཞིན་དུ།།རུས་རྐང་དུར་ལ་སྦས་ན་གཟི་བརྗིད་ཡིན། 
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-4-25 14:43:47 | By: mmmm ]
 
སྒྱུལ་རྩལ་པ་དང་སྨིན་རིན་བཟང་གླག་བཅའ་ལ་སེམས་པའི་ངོས་ནས་ངེད་ཚང་མགྲོན་དུ་ཕེབས་པ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་རྗེས་ནས་ཀྱང་རེ་བ་ཆེ།
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-4-25 17:46:08 | By: gzdj88 ]
 
གྲོགས་པོས་བྲིས་ནོ་བཟང་གི    ཡུན་རིང་ཞིག་ལ་དྲ་ཁང་ལ་ཡོང་མ་ཐུབ།
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-5-2 0:24:18 | By: harverd(མགྲོན་པོ།) ]
 
བྲིས་པ་ཤིན་ཏུ་ལེགས་པས་ཡིག་ནོར་འགའ་རེ་ཡོད་པའང་གལ་མི་ཆེ་བར་བཟོས་ཡོད
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-5-17 13:03:56 | By: longre3211 ]
 
བྲིས་པ་ཤིན་ཏུ་ལེགས་སོང་དྲ་གྲོགས་ཏྰ་ནི་ཅོལ་ཆུང་དུ་འབོད་པས།
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2011-5-17 13:54:49 | By: yuandan ]
 
རྩོམ་འདི་ལྟ་བུ་མཚོ་སྔོན་ཟིན་བྲིས་ན་དཀོན་གི           མུ་མཐུད་དུ་སྤེལ་རོགས
གཤམ་དུ་mmmmལགས་ཀྱི་ལན་སློག་པ་ནི་:ཁྲག་དང་དྲ་གྲོགས་ཅོལ་ཆུང་གཉིས་ལ་དགའ་བསུ་དང་མ་འོང་ཡང་ཡང་མཇལ་བའི་སྨོན་འདུན་ཡོད།
གཤམ་དུ་mmmmལགས་ཀྱི་ལན་སློག་པ་ནི་:ཁྲག་དང་དྲ་གྲོགས་ཅོལ་ཆུང་གཉིས་ལ་དགའ་བསུ་དང་མ་འོང་ཡང་ཡང་མཇལ་བའི་སྨོན་འདུན་ཡོད།
 
 
RE:རྨ་གཡང་ཕྱུག་མོའི་གླུ་སྒྲ།
[ 2012-5-1 2:13:46 | By: duodanjia ]
 
ངོ་མ་ཞེ་དྲག་ཡག་པོ་འདུག
 
 
粗体 斜体 下划线 插入引用 插入表情
བཟོ་མཁན། ལྡོང་བླ།
Powered by Oblog.