མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
ཀླུ་མོའི་གུར་ཁྱིམ།

ཟིན་བདག་བརྡ་ཁྱབ།
ཟིན་ཐོ་གསར་བ།
པར་དེབ།
དཔྱད་བརྗོད་གསར་བ།
ལན་སློག་གསར་བ།
ངའི་གྲོགས་པོ།
ཟིན་བྲིས་ཆ་འཕྲིན།
དུས་བཞིའི་དྲན་སྣང་།
2014-3-11 21:49:22
 

བསིལ་བསིལ་རླུང་གི་གཡབ་མོའི་ཁྲོད་དུ།།

འཛིན་མོས་གོས་ལྗང་ལུས་སུ་བཀླུབས་དུས།།

རེ་བའི་ཉི་ཟེར་མཁའ་ལ་བཏེགས་པའི།།

ཡིད་མཐུན་ཁྱེད་རང་གང་ལ་ཆས་སམ།།

 

 

ཟིམ་ཟིམ་ཆར་གྱི་སྨུག་རླངས་ཁྲོད་དུ།།

དབང་བོའི་གཞུ་ཡིས་མཛེས་སྡུག་ངོམ་ཚེ།།

ལང་ཚོར་དབྱར་གྱི་གཟི་བྱིན་འབར་བའི།།

ཡིད་མཐུན་ཁྱེད་རང་སྙིང་ནས་དྲན་གི    །                                                                     

 

 

སྟོན་གསུམ་བ་མོའི་ཟེགས་ཟེར་ཁྲོད་དུ།།

ལོ་ལེགས་སྙེ་མས་མགོ་བོ་དུད་ཚེ།།

རྣམ་དཔྱོད་བློ་གྲོས་རྩལ་གྱིས་ཕྱུག་པའི།།

ཡིད་མཐུན་ཁྱེད་རང་སྙིང་ནས་དྲན་གི  །

 

 

དགུན་གསུམ་ལྷག་རླུང་རྒོད་པོའི་ཁྲོད་དུ།།

ཁ་བའི་འདབ་མས་གར་སྟབས་བསྒྱུར་དུས། །

དུང་བ་སེམས་ཀྱི་ཟབ་སར་ཉར་བའི།།

ཡིད་མཐུན་ཁྱེད་རང་སྙིང་ནས་དྲན་གི  །

                                  ༢༠༡༤ལོའི་ཧོར་ཟླ་༢་བའི་ཚེས་༡༡་ཉིན།

lemaoji | རྩོམ་ཡོངས་ཀློག་པ།(668) | ལན་སློག(1)
བཅུད་ལེན།
2012-12-14 21:22:12

 

བཅུད་ལེན།

      རྒྱུ་འབྱུང་བ་ལྔ་ལྡན་ལས་གྲུབ་པའི་འདུས་བྱས་གཟུགས་ཀྱི་ཕུང་བོ་འདི་ཉིད་རྐྱེན་ལོ་གྲངས་ཀྱི་ན་ཚོད་བརྒལ་བ་དང་།ངལ་དུབ་སོགས་ལུས་སེམས་དྲག་ལས་གྱིས་འབྱུང་བ་ཉམས་ཤིང་ཟུངས་སྟོབས་ཀྱི་བཅུད་ཤོར་བ། ལྷག་དོན་ད་སྐབས་ཁོར་ཡུག་འབག་བཙོག་ལས་བྱུང་བའི་མཁའ་དབུགས་མི་གཙང་བ་དང་།བྱ་བར་འགྲན་རྩོད་ཆེ་བ།འཚོ་བའི་སྟངས་སྟབས་མགྱོགས་པས་གཉིད་ཆགས་ཟས་ཆགས་བྱུང་པ་དང་སེམས་ཁམས་སྙོམས་བསྒྲིགས་

བྱེད་མི་ཐུབ་པ་སོགས་ཟས་སྤྱོད་དམན་ལྷག་ལོག་པས་ལུས་ཀྱི་དབྱིབས་དང་ནུས་པའི་སྟོབས། པགས་པའི་མདངས། དབང་བོའི་ཚོར་བ་སོགས་རྒས་འགྲོ་བ་རེད།

 དེ་བས་ལུས་སེམས་བདེ་ཞིང་ནད་མེད་པར་གནས་པ་དང་སྟོབས་དང་གཟི་བྱིན་བསྐྱེད་པ་དང་ཚེ་རིང་དུ་

བྱ་བ་ལ་བོད་ལུགས་གསོ་རིག་གི་རྒས་པ་གསོ་བ་རུ་བཅུད་ལེན་གྱི་ཆོ་ག་བསྟན་ཡོད་པ་རེད།

སྤྱིར་བཅུད་ལེན་ཞེས་པ་ནི་མེ་ཏོག་དང་ཅོང་ཞིའི་བཅུད་ལེན་ལྟ་བུ་སྨན་གྱི་དྭངས་མས་ལུས་ཀྱི་ཟུངས་བཅུད་ཉམས་པ་སླར་གསོས་ནས་གནས་སྐབས་ཚེ་ཡི་འཕེན་པ་རིང་དུ་བསྲིང་བར་བྱེད་པའི་ཆོ་གའི་མིང་སྟེ།

ལུས་ཀྱི་ཟུངས་བཅུད་ཉམས་པ་དེ་ཉིད་སླར་ཐོབ་པའམ་ལེན་པར་བྱེད་པས་བཅུད་ཀྱིས་ལེན་ཞེས་བརྗོད་པའོ།

དེར་བཅུད་ལེན་བཏང་བའི་ཡོན་ཏན་དང་།བསྟེན་པའི་གནས་ཁང་།བཅུད་ལེན་བསྟེན་པའི་སྐྱེས་བུ། བཅུད་ལེན་བྱ་བའི་ཐབས་དང་བསྟེན་པའི་དུས་ཡུན་སོགས་འདུས་ཡོད།

                                       བཅུད་ལེན་གྱི་ཡོན་ཏན།

བཅུད་ལེན་གྱི་ཆོ་ག་དེ་ཉིད་ཡང་དག་པ་དང་ལེགས་པར་བསྟེན་པའི་སྐྱེས་བུ་དེ་ནི་ཚེ་རིང་ཞིང་རྒས་པའང་ན་ཚོད་དར་ལ་འཇོག་པ་དང་། ལུས་ཀྱི་མདངས་དང་སྟོབས་བསྐྱེད་ཅིང་། མིག་ལ་སོགས་པའི་དབང་པོ་དང་དྲན་པ་གསལ་བ། བློ་རིག་རྣོ་ལ་སྐད་ཀྱི་གདངས་དང་ལྡན་ཞིང་།  རོ་བཙའ་བའང་བྱེད་ནུས་པ་ཡིན།

                                         ༢ གནས་ཁང་།

      བཅུད་ལེན་དེ་ཉིད་བསྟེན་སའི་གནསནི་ས་གཙང་ཞིང་ཡིད་དུ་འོང་བ་དང་། དབེན་ཞིང་ཉམས་དགའ་ལ་ལེགས་པའི་ཆུ་དང་། ལྗོན་ཤིང་གི་སྐྱེད་ཚལ་འཛོམས་ཤིང་། མི་དང་སེམས་ཅན་སོགས་ཀྱི་བར་ཆད་ཀྱི་གནོད་པ་མི་ཡོང་བའི་སར་བཅུད་ལེན་འདི་ཉིད་བསྒྲུབ་དགོས་པ་ཡིན་ནོ།

                                       ༣རྟེན་པའི་སྐྱེས་བུ།

         བཅུད་ལེན་དེ་དག་བསྟེན་པ་པོའི་ལུས་རྟེན་གྱི་ཁྱད་པར་ནི།  ན་ཚོད་ཧ་ཅང་རྒས་པ་མ་ཡིན་པ་སོས་སུ་རུང་བའི་རྟེན་ལ་བྱ་དགོས་ཤིང་།  དེས་ཀྱང་མེ་དང་ཉི་མ་ཆགས་སྤྱོད་བྱེ ད་པ་སོགས་ལུས་སེམས་ལ་གནོད་པའི་དྲག་ཤུལ་གྱི་ལས་དང་། རུལ་སྐྱུར་དང་།རྗེན་ཟས། སྔོ་ངད་ཅན། ལན་ཚྭ་སོགས་སྤང་བར་བྱས་ལ་ཁྲུས་དང་གཙང་སྦྲ་ལྡན་པའི་སྒོ་ནས་གནས་དེ་ཉིད་དུ་འཇུག་དགོས་པ་ཡིན་ནོ།

                                 ༤ བཅུད་ལེན་བྱ་ཐབས།

       བཅུད་ལེན་བྱ་བའི་ཐབས་དེ་ལའང་། གཙོ་བོར་བླངས་ཏེ་སྤྱིལ་བོའི་ཁང་པར་ཞུགས་ནས་བསྒྲུབ་པ་དང་།  གཡོག་འཁོར་དང་ལོངས་སྤྱོད་མི་ལྡན་པའམ་ལས་ཀའི་དལ་བྲེལ་དང་བསྟུན་ནས་ཞོར་དུ་སྤྱད་པ་གཉིས་སུ་བྱས་ཆོག་པ་ཞིག་རེད།

1གཙོ་བོར་བསྒྲུབ་པ་ལ་སྐྱེས་བུ་དེས། སྔོན་འགྲོ་ནི་སྦྱོང་བྱེད་ཀྱི་སྔོན་འགྲོ་སྣུམ་འཆོས་ཀྱི་སྐབས་སུ་གསལ་བའི་སྣུམ་བཞི་སོགས་ཟས་སྐོམ་སྣུམ་ལ་དྲོད་ཅན་གང་ལ་གང་འོས་བསྟེན་པ་དང་། ཕྱི་ནས་དུགས་དང་བྱུགས་པ་སོགས་བྱ་དགོས་ཤིང་། དེ་རྗེས་ཨ་རུ་བརྒྱད་སྦྱོར་བུ་རམ་དང་བ་དམར་ཟལ་གྱི་དྲི་ཆུར་སྦྱར་བའི་ཁྲུས་ཀྱིས་སྦྱོང་ཚུལ་སྤྱི་དང་འདྲ་བར་སྦྱང་དགོས།  གལ་ཏེ་དེ་ལྟར་མ་སྦྱངས་ཤིང་དག་པར་མ་བྱས་པ་ལ་བཅུད་ལེན་དང་རོ་བཙའི་སྦྱོར་བ་བསྟེན་དྲི་མ་དང་བཅས་པའི་གོས་ལ་ཚོས་མི་ལེན་པ་ལྟར་བྱས་པ་དོན་མེད་དུ་འགྱུར་བས་ན། དེ་ལྟར་ངེས་པར་དུ་བྱེད་དགོས་པ་ཡིན་ནོ།

   དངོས་གཞིའི་བཅུད་ལེན་གྱི་སྨན་ནི། ནད་གཞི་དང་སྦྱར་བའི་བཅུད་ལེན་བྱེད་ན་རླུང་ཤས་ཆེ་བའི་རིགས་ལ་ཞི་བྱེད་སྐབས་ཀྱི་སྒོག་སྐྱའི་སྨན་མར་ཚུལ་བཞིན་སྦྱར་བ་བསྟེན་པ་དང་།རྗེས་ལ་འོ་མ་དང་ཞུན་མར། སྐམ་སའི་ཤ་ཁུ་སོགས་ནད་དང་གང་འཕྲོད་བསྐོལ་ནས་བླུད་པས་རླུང་གི་རང་བཞིན་ཤས་ཆེ་བ་རྣམས་སེལ་ཞིང་། ལྷག་དོན་ལུངས་ཟུངས་ཀྱི་སྟོབས་དང་ཚེ་འཕེལ་ཞིང་རྒས་པའང་ན་ཚོད་དར་ལ་རིང་དུ་འཇོག་པ་ཡིན་ནོ།    དེ་བཞིན་ཁྲག་མཁྲིས་ཤས་ཆེ་བའི་རིགས་ལ་བྲག་ཞུན་རིགས་ལྔ་ཚུལ་བཞིན་སྦྱར་བའི་སྨན་མར་ལ་གསེར་

སོགས་རིན་ཆེན་ལྕགས་བརྒྱད་ཀྱི་ཐལ་བ་ཁ་ཚར་སྦྱར་ཏེ་འོ་མས་འཕུལ་ལ་གཏོང་བ་དང་།  ཡང་ན་བྲག་ཞུན་དེ་ཉིད་ནད་དང་གང་འཕྲོད་ཀྱི་སྨན་རྐྱང་པ་དང་ཆ་མཉམ་སྟེ་ལྕགས་སྣོད་དུ་བསྐོལ་ལ་ཞག་བདུན་རིང་ཞག་རེ་བཞིན་གསེར་ཞོ་དོའི་ལྗིད་དང་མཉམ་པའི་ཚད་གཏོང་ཞིང་། དེ་ནས་ཞག་ཉེར་གཅིག་རིང་ཞོ་བཞིའི་ཚད་ཞག་རེ་བཞིན་གཏོང་བ་དང་། དེ་ནས་ཞག་ཞེ་དགུའི་བར་སྲང་གང་རེ་གཏོང་དགོས་ཤིང་། མོན་སྣེ་དམར་པོ་དང་། རྒྱ་སྲན་གྱི་རིགས། ཕུག་རོན་གྱི་ཤ་སོགས་དུས་རྟག་ཏུ་སྤང་ན་བྲག་ཞུན་གྱིས་བཅོས་མི་ཐུབ་པའི་ནད་ང་ཡང་མེད་པ་དང་། ཁྱད་པར་དུ་ཁྲག་མཁྲིས་ཚ་ཤས་ཅན་གྱི་ནད་འཇོམས་ཤིང་།ཚེ་འཕེལ་བའི་མཆོག་ཡིན་ལ་ཉམས་སྟོབས་ཀྱང་སྐྱེད་པར་བྱེད་དོ།

   བད་ཀན་གྲང་ཤས་ཆེ་བའི་རིགས་ལ་ཙི་ཏྲ་ཀའི་སྦྱོར་བ་སྟེ་ཙི་ཏྲ་ཀའི་ཕྱེ་མ་སྦྲང་རྩི་དང་མར་གསར། འོ་མ།ཀ་ར་སོགས་ཚུལ་བཞིན་སྦྱར་བའི་སྨན་མར་ཟླ་གཅིག་གི་བར་འཕྲོད་པའི་ཟས་སྐོམ་དང་བཅས་པ་བསྟེན་པས་ཚེ་རིང་བར་འགྱུར་བ་དང་། ལུས་ཀྱི་སྟོབས་མདངས་རྒྱས་ཤིང་། ཁོང་པའི་མེ་དྲོད་འབར་བ་དང་།  བད་ཀན་གྲང་བའི་ནད་སེལ་ཞིང་ཆུ་སེར་སྐེམ་པ་དང་། ཚེ་རིང་དུ་གནས་བར་བྱེད་པ་ཡིན་ནོ།

    འདུས་པའི་ནད་ཤས་ཆེ་བའི་རིགས་ལ་ཞི་བྱེད་སྨན་མར་སྐབས་ཀྱི་འབྲས་བུ་གསུམ་གྱི་སྨན་མར་ཚུལ་བཞིན་སྦྱར་བ་བསྟེན་པས་དབང་པོ་གསལ་ཞིང་ལུས་ཟུངས་ཀྱི་སྟོབས་བསྐྱེད་ལ་འདུས་པའི་ནད་ཀྱང་སེལ་ཏེ་རྒས་པའང་ན་ཚོད་དར་མ་ལ་འཇོག་པའི་མཆོག་དམ་པ་ཡིན་ནོ།

      བད་མཁྲིས་ཀྱི་ནད་དང་དུག་གི་ནད་རོ་ཡོད་པ་རྣམས་ལ་རྟག་ངུའི་སྨན་མར་ཚུལ་བཞིན་སྦྱར་བ་བསྟེན་དགོས་པ་བཅས་ནི་ནད་གཞི་དང་སྦྱར་བཅུད་ལེན་བསྟེན་ཐབས་ཡིན་ནོ།

     སྤྱི་ལ་རྩི་བཞི་དྭངས་མ་ལྔའི་སྨན་མར་གྱི་སྦྱོར་སྡེ་ཆེ་ཆུང་གང་རིགས་ཇི་ལྟར་བཤད་པའི་ཆོག་བཞིན་སྦྱར་ལ་བསྟེན་པས་རྒས་པའི་རྟགས་ནུབ་ཅིང་། ལང་ཚོ་དར་ལ་སྟོབས་དང་བཀྲག་མདངས་ལྡན་ཞིང་། ཚེ་མཐར་འཁྱོལ་བར་གནས་སོ།

   གལ་ཏེ་སྨན་བསྟེན་པས་སྒྲེག་ཅིང་མི་འཇུ་ན་སྨན་འཕྲོ་བཅད་ལ་ཆུ་སྐོལ་མང་ཙམ་འཐུང་བ་དང་།  དེས་ཀྱང་མ་ཕན་ན་རྒྱམ་ཚྭའི་ཆིག་ཐང་དང་ཡང་ན་རྒྱམ་ཚྭ་བཞི་ཐང་གང་རུང་གཏོང་ངོ་།

    ཟས་སྤྱོད་ཀྱི་སྤང་བླང་ནི།  ཁ་ཟས་ལུག་ཤ་གསར་བའམ་ཡང་ན་རུལ་སུངས་མེད་པའི་སྐམ་ཤའི་ཚོད་མ་ལ་གཡེར་མ་དང་། གོ་སྙོད་སོགས་ཡི་གར་གང་འཕྲོད་ཀྱིས་བྲན་ལ་གཏོང་བ་དང་།  ཆང་གསར་འཇམ་དང་འོ་མ།  ཞོ་སྤྲིས།  སྦྲང་དང་བུ་རམ་མར་ཐུད་སོགས་གསར་པ། འབྲས་ཆན་སྤོད་ལྡན་སོགས་བཅུད་ཆེ་ཞིང་འཇུ་སླ་བའི་རིགས་ཚད་ལས་མ་འདས་པར་བསྟེན་པ་དང་།  སྤྱོད་ལམ་ཡང་རླུང་རྩལ་འཕྲུལ་འཁོར་ལ་འབད་པ

འམ་མི་རྔུལ་ཙམ་དུ་བཅག་དགོས་སོ།  སྔོ་ངད་རྗེན་ཟས་དང་སྡོར་མེད་པ། ཚྭ་དང་སྒ་སོགས་དྲོད་ཤས་ཆེ་བ། སྲན་མ་དང་བྲ་བོ་སོགས་བཅུད་མེད་པའི་རིགས་མདོར་ན་ལུས་ཀྱི་སྣུམ་འདོན་པའི་ཟས་སྐོམ་གྱི་རིགས་རྣམས་སྤང་ཞིང་། སྤྱོད་ལམ་ཡང་རླན་གྲང་དང་བསེར་བུ་ཆེ་བའི་གནས་དང་། དྲག་ཤུལ་གྱི་ལས་མི་བྱ། ཆགས་སྤྱོད་དང་ཆུ་གྲང་འཐུང་ཆེ་བ་སོགས་སྤང་བར་བྱ་དགོས།

2ཞོར་ལ་བསྒྲུབ་པ།

 གཡོག་འཁོར་དང་ལོངས་སྤྱོད་མི་ལྡན་པའམ་ལས་ཀའི་དལ་བྲེལ་དང་བསྟུན་ནས་ཞོར་ལ་བཅུད་ལེན་གྱི་སྨན་མར་ལོ་ཟླ་ཅི་རིགས་ཀྱི་བར་བསྟེན་པས་ཀྱང་། གོང་གི་ཕན་ཡོན་གྱི་འབྲས་བུ་ཅི་རིགས་པ་རྣམས་ཐོབ་པར་འགྱུར་ཞིང་། འོན་ཀྱང་བཅུད་ལེན་གྱི་ཆོ་ག་བསྟེན་པ་ལས་ལེགས་པར་མ་སྤྱད་པས་དེ་ལ་བར་དུ་གཅོད་པའི་ནད་གཞན་སྐྱེས་ན་བཅུད་ལེན་གཏོང་འཕྲོ་བཅད་དེ་སྔོན་ལ་ནད་གང་བྱུང་སྨན་དཔྱད་ཟས་སྤྱོད་ཅི་རིགས་པས་གསོ་ཞིང་། དེ་རྗེས་སྔར་གྱི་བཅུད་ལེན་གྱི་སྨན་མར་འབད་པས་བསྟེན་དགོས་པ་ཡིན་ནོ།

                                  ༥ བསྟེན་པའི་དུས་ཡུན།

མདོར་ན་སྦྱོར་བ་དེ་དག་སྐྱེས་བུ་རབ་ལ་ཟླ་བ་གསུམ་དང་། འབྲིང་ལ་ཟླ་བ་དྲུག  ཐ་མ་ལ་ལོ་གཅིག་བསྟེན་ན་སྨན་ནུས་རུས་ལ་ཞུན་ཐིགས་པས་མཆོག་ཏུ་འགྱུར་ཞིང་བཅུད་ལེན་གྱི་འབྲས་བུ་གང་བསམ་གྱི་ཕན་ཡོན་ཇི་སྐད་བཤད་པ་རྣམས་འབྱུང་བར་གདོན་མི་ཟ་བ་ཡིན་ནོ།།

ཕྲན་གྱིས་ཆ་རྐྱེན་འཛོམས་པ་དག་གིས་རང་ཉིད་ཀྱི་བདེ་ཐང་དང་གཟི་དཔལ་གྱི་ཆེད་བཅུད་ལེན་བྱ་བར་འཇུག་ཚེ་ཧ་ཅང་འཚམ་པར་བསམ་ནས་འདིར་བཀོད་པ་ལགས་མོད། ཞིབ་ཏུ་ཤེས་འདོད་པ་དག་གིས་《བེེ་སྔོན་》སོགས་ལ་གཟིགས་པར་འཚལ།

 

lemaoji | རྩོམ་ཡོངས་ཀློག་པ།(1614) | ལན་སློག(14)
ཕྱི་དྲོ་ཞིག་གི་ཀླན་ཀ
2012-10-15 10:18:36
 

དེ་རིང་ནི་སྤྱི་ཟླ་ལྔ་བའི་ཚེས་བདུན་ཡིན། ཕན་བདེ་སྨན་ཁང་གི་སྒོ་བསྟེན་ཁང་ནི་

ནམ་རྒྱུན་དང་འདྲ་བར་ཐོག་བརྩེགས་ཀྱི་བར་ཁྱམས་སོ་སོ་དང་།  ཚན་ཁག་སོ་སོ། བྱ་

བྱེད་ཁང་སོ་སོ་རུ་སྨན་པ་དང་ནད་པ་རྣམས་ཕར་འགྲོ་ཚུར་འོང་གི་རྒྱུན་ཆད་ཀྱི་མི་འདུག

མོ་ནད་བུ་སྐྱེས་ཚན་ཁག་གི་ཀྲུའུ་རིན་སྨན་པ་འབྲུག་མོ་ལགས་དེ་རིང་སྒོ་བསྟེན་ལས་རེས་

སུ་ཁེལ་ཡོད་པས་མོས་ཀྱང་ནད་པ་རེ་རེ་བཞིན་གྱི་ནད་ལ་བརྟག་བཞིན་ཡོད། ཏག་ཏག་

མོས་བུད་མེད་ནད་པ་ཅིག་བརྟག་དཔྱད་ཁང་ལ་འཁྲིད་བཞིན་པའི་སྐབས་དེར་ལག་རོགས་

སྨན་པ་སྒྲོལ་སྐྱིད་ལ་བྱ་བ་ཞིག་ཡོད་པས་སྒོར་བུད།

སྨན་པ་དྲིན་ཅན་མ།མོར་ཅིག་ལྟོས་དང་ཞེས་སྐྱེས་པ་ཞིག་གི་སྐད་ཧ་ཅང་གསལ་བོ་

  ཞིག་བརྟག་དཔྱད་ཁང་གི་སྒོ་བསྲུབ་བརྒྱུད་ནས་ནང་དུ་ཁྱབ་ཡོང་།  མོས་ཧ་ཅང་གོམས་

ལོབས་སུ་སོང་བའི་ཚིག་གིས་ཅུང་ཙམ་སྒུག་ཨང་ཟེར།

ཕྱི་རོལ་ནས་ལན་ཅི་ཡང་མ་སློག

སྒྲོལ་སྐྱིད་ཕྱིར་བྱ་བྱེད་ཁང་དུ་འབྱོར་དུས།དེ་གར་གདོང་མདོག་སྐྱ་ཞིང་གཟུགས་ཅུང་རིང་བ།

ལུས་ལ་ད་སྐབས་ས་ཕྱོགས་འདིར་དར་ཁྱབ་ཆེ་བའི་བོད་ལྭ་གྱོན་པའི་བུད་མེད་

གཞོན་ནུ་མ་ཞིག་དང་།  གཟུགས་རིང་ཞིང་ཤ་རྒྱགས་པ།གདོང་ནག་ཅིང་མཆུ་ཏོ་སྨུག་

ནག་ཏུ་གྱུར་བ།  མགོའི་སྐྲ་རྫོབ་མཐུག་ཅིང་ལུས་ལ་ཚིལ་དྲེག་གིས་མདོག་བསྒྱུར་བའི་

བོད་ལྭ་གྱོན་པའི་སྐྱེས་པ་ཞིག་བསྡད་འདུག  མོས་ཁྱོད་གཉིས་སྨན་པ་བསྟན་པར་ཡོང་བ་ཡིན་ནམ།

འོ་ལེ སྐྱེས་པ་དེ་ཁ་གྲགས་བྱུང་།

འདིར་ཤོག་ཁྱོད་ཀྱི་གང་ནས་མི་བདེ་ཞེས་གཞོན་ནུ་མ་དེར་ལག་བརྡ་བསྟན་པར།

གཞོན་ནུ་མ་དེ་ཁ་མི་གྲགས་པར་ཐེ་ཚོམ་གྱི་མིག་ཞག་ཅིག་སྐྱེས་པ་དེའི་གདོང་ལ་འཕངས་རྗེས་ཡུན་གྱིས་སྒྲོལ་སྐྱིད་ཀྱི་གམ་དུ་བཅར།

རྒན་འབྲུག་མོ་ཅུང་ཁོམ་གྱི་མི་འདུག  གྲ་སྒྲིག་བྱ་བ་ངས་ཁོ་མོར་རོགས་བྱས་

ཏེ་བསྒྲུབས་ཆོག  ཁྱོད་ཀྱིས་སྒོ་ནས་སྒུག

  སྐྱེས་པ་དེ་ཕྱིར་སྒོར་བུད།

སྐྱེས་པ་ཀན་ཁྱོད་ཀྱི་ཅི་ཞིག་རེད

ངའི་སྒྱུག་པོ་རེད །གཞོན་ནུ་མ་དེས་གཞི་ནས་ཁ་གྲགས་བྱུང་།

ཨོ་རེད། ཁྱོད་ཀྱི་ན་ཚུལ་ང་ལ་ཤོད་དང་།

ང་ལ་མངལ་ཆགས་ནས་ཟླ་གཉིས་ཙམ་སོང་མཚམས་རྒྱུ་རྐྱེན་གསལ་བོ་མེད་པར་རྒྱུ་ཞབས་གཟེར་ཞིང་འོག་ནས་ཁྲག་བཞུར་ཏེ་ཆོད་ཐབས་མི་འདུག

ཉིན་ག་ཚོད་འགོར་སོང་

བདུན་བརྒྱད་ཙམ

ཁྲག་ཨེ་མང་གི

མང་གི

ཁྲག་ག་འདྲ་ཞིག་རེད

མདོག་ནག་པོ་ནང་དུ་ཁྲག་ཤ་འདྲེས་འདུག

སྨན་པར་མ་བསྟེན་ནམ

མ་བསྟེན

ཁོ་གཉིས་ཀྱི་ལབ་གླེང་མཐའ་དག་ཁང་མིག་གི་ནང་ལོགས་སུ་ཡོད་པའི་རྒན་འབྲུག་མོས་ཐོས་ཀྱིན་པས།

སྒྲོལ་སྐྱིད། ནད་པ་དེའི་ཚེ་སྲོག་གི་གཞི་རྩའི་མངོན་རྟགས་ཁག་ལ་བརྟག་

རྗེས་འབྲེལ་ཡོད་གཞོགས་འདེགས་བརྟག་དཔྱད་བྱེད་པར་མངག་ཨང་

ཨོ་ཡ།  ནད་པ་ཁྱོད་ཀྱི་མིང་ལ་ཅི་ཟེར

མཚོ་མོ་ཟེར

ད་ལོ་ལོ་དུ་ཡིན།

ལོ་བཅོ་བརྒྱད་ཡིན

ཕ་ཡུལ་གང་གི་ཡིན

ཨ་མཆོག་གི་ཡིན

དེ་ལྟར་འདྲི་ཞོར་ཁྲག་ཤེད་འཇལ་བ་དང་ལུས་དྲོད་ལ་བརྟག་པ།དབུགས་གྲངས་དང་སྙིང་གྲངས་ལ་བརྟག་རྗེས།ལག་ཏུ་ཤོག་བུ་འགའ་བཞག་སྟེ།ཤོག་བུའི་སྟེང་གི་ཨང་གི་ལྟར་

ཐོག་བརྩེགས་རིམ་པར་ཕྱིན་དང་བརྟག་དཔྱད་བྱེད་ཐུབ་ངེས

གཞོན་ནུ་མ་དེ་བརྟག་དཔྱད་བྱེད་པར་ཕྱིན་སོང་།

   སྒྲོལ་སྐྱིད་ཀྱིས་སྐད་གསང་མཐོན་པོ་དང་ཁ་ཚིག་དག་མོསད་སོ་མའི་ནད་པའི་

མིང་ལ་མཚོ་མོ་ཟེར། ད་ལོ་ལོ་བཅོ་བརྒྱད་རེད།  ཕ་ཡུལ་ཨ་མཆོག་ཡིན་ཟེར། མོར་མངལ་

ཆགས་ནས་ཟླ་གཉིས་ལོན་པ་དང་ཉིན་བདུན་བརྒྱད་ཙམ་ནས་རྒྱུ་ཞབས་གཟེར་ཞིང་གསང་ལམ་ནས་བོངས་ཆེ་ཞིང་ངོ་བོ་ལྗན་ལྗིན་ཅན་གྱི་ཁྲག་འཛགས་ཀྱིན་འདུག  ཡིན་ཡང་སྨན

་པར་བསྟེན་མ་མྱོང་ཟེར།  ད་ནི་གདོང་མདོག་སྐྱ་ལ་མིག་སྤྲིན་སྐྱ་ཤས་ཆེ་བ། ལུས་ཉོབ་

ཅིང་ཤེད་མེད་པ།མགོ་ཡུ་འཁོར་ཞིང་ཟས་ལ་དང་ག་མི་འདུག་ཟེར།ཚ་ཚད་༣༧གྲངས་ཆུང་༨དང་།ཁྲག་ཤེད་༨༥ནས་༥༥། དབུགས་གྲངས་སྐར་རེར་༢༢  རྩ་གྲངས་སྐར་རེར་ཐེངས་

༨༨བཅས་རེད་ཅེས་རྒན་ལགས་ལ་སྙན་ཞུ་བྱས།  རྒན་འབྲུག་མོ་ནད་པ་བུད་མེད་དེ་དང་མཉམ་དུ་སྒོར་འབུད་ཞོར། 

གོ་སོང་། ད་ཁོ་མོའི་བརྟག་དཔྱད་སྙན་ཞུ་ལ་སྒུག་དང་ཟེར

  སྐབས་དེར་མཚོ་མོ་ཟེར་བའི་ནད་པ་དེའི་སྒྱུག་པོས་མགོ་སྒོ་ནང་དུ་བརྒྱབ་ཏེ། ངེད་ཚང་གི་མནའ་མ་གང་ལ་བུད་སོང་

སྒྲོལ་སྐྱིད་ཀྱིས་བརྟག་དཔྱད་བྱེད་པར་ཕྱིན་སོང་།  མྱུར་བར་ཉིས་ཐོག་ཏུ་རྒྱུག་

དང་དེ་གར་ཡོད་ངེས

ཁྲག་འགོག་སྤྱད་སྨན་ཅིག་སྟེར་ན་དེ་ཡིས་ཆོག་མོད།མི་མཁོ་ནི་འདི་བརྟག་དཔྱད་དང་གན་བརྟག་དཔྱད་ཅེས་སྒོར་མོ་ལེན་ཐབས་ཁོ་ན་རེད་ཅེས་ཁེར་ལབ་ཅིག་བརྒྱག་ཞོར་ཁ་ཕྱིར་འཁོར་ནས་བུད་སོང་།

  སྒྲོལ་སྐྱིད་ཅུང་མ་དགའ་རུང་སྐད་ཆ་ཅི་ཡང་མ་བཤད།

  ཡུད་ཙམ་ནས་ནད་པ་ཕལ་ཆེར་སོང་ཚར།  དུས་དེར་མཚོ་མོ་ཟེར་བའི་ནད་པ་དེས་

བརྟག་དཔྱད་མཇུག་འབྲས་ཁྱེར་ནས་ཕྱིར་ཐོན་བྱུང་། སྒྱུག་པོའང་མོའི་རྗེས་འབྲངས་འདུག

མཚོ་མོས་བརྟག་དཔྱད་སྙན་ཞུ་སྨན་པའི་ལག་ཏུ་མ་བཞག་གོང་མོའི་སྒྱུག་པོས་སྔུན་བླངས་

ཏེ་ཨ་ལ་ལ། སྨན་ཁམ་གང་མ་རག་གོང་སྒོར་བརྒྱ་ལ་ཉེ་བ་ཙམ་ཤོར་ཐ།  སྨན་ཁང་ལ་

ཡོང་ན་འགྲོ་སྒོ་ཆེ་གི་ཡ

རྒན་འབྲུག་མོས་སྒྲོལ་སྐྱིད་ཀྱི་གདོང་ལ་བལྟ་བ་ཙམ་སྐད་ཆ་ཅི་ཡང་མ་བཤད།

སྒྲོལ་སྐྱིད་ཀྱིས་དེ་མ་ཐོས་པ་ཡིན་ནམ་ཡང་ན་ཡང་ན་བསམ་གཟས་ནས་ཁོ་ལ་ཁ་ཡ་མ་བྱས་པ་ཡིན། གང་ལྟར་ལག་པ་ཕར་ལ་བསྲིངསཏེ་ནད་པ་མཚོ་མོའི་ལག་གི་སྙན་ཞུ་བླངས་ཤིང་བརྟག་དཔྱད་མཐའ་འབྲས་

ཀློག་པར་བརྩམས། ཁྲག་གི་རྒྱུན་སྲོལ་དུ་གསོ་བྱའི་ཕྲ་ཕུང་དཀར་པོའི་ལྡང་ཚད་རྒྱུན་ལྡན་ལས་བརྒལ་

ཞིང་ཁྲག་དམར་སྤྲི་དཀར་༥དང་གྲངས་ཆུང་༡་ལས་མེད།B སྒྲའི་བརྟག་འབྲས་སུ་མངལ་དུ་ངན་ཁྲག་

ལུས་འདུག་པས། རྒན་གྱིས་ལྟོས་ན་ག་རེ་བྱས་ན་བཟང་

སྨན་པ་འབྲུག་མོས་འདི་ལྟར་བྱོས།ནད་པ་འདི་ཞག་སྡོད་དུ་ཉར་ཏེ་གསོ་བཅོས་

བྱེད་རྒྱུ་མ་གཏོགས། སྐབས་བསྟེན་གྱིས་བཅོས་པ་ཙམ་གྱིས་བཅོས་བསྐྱེད་ཆེན་པོ་མི་ཡོང་།ད་

སྐབས་ཁྱེད་ཚོར་ཞིང་སྡེ་མཉམ་ལས་སྨན་བཅོས་ལག་དེབ་ཡོད་པས་ཅུང་སྟབས་བདེ་རེད

སྐྱེས་པ་དེས་མཚར་སྣང་གིསནད་ཁང་དུ་སྡོད་ཁོམ་ཞིག་གང་ན་ཡོད། མནའ་མ་སང་ཉིན་

ནས་རྨ་ཆུར་དབྱར་རྩྭ་དགུན་འབུ་བཏུ་རུ་འགྲོ་དགོས

ཨ་ཁུ།མནའ་མའི་ནད་དྲག་རྗེས་དབྱར་རྩྭ་དགུན་འབུ་བཏུ་རུ་སོང་དང་མི་འཕྱི། ཁྱོད་

ཀྱིས་མནའ་མའི་ནད་བཅོས་རྒྱུ་གཙོ་བོར་འཛིན་དགོས། ནད་འདི་བཅོས་རྒྱུ་འགོར་འགྱངས་

བྱས་ན་མི་བཟང་

ཡིན་ཡང་།ད་ལོའི་ལོ་མགོ་ཞིག་ནས་ས་རིན་ཀྱང་སྤྲད་ཟིན། ད་མ་སོང་ན་ག་ལ་འགྲིག

རྒན་འབྲུག་མོ་ཅུང་མ་དགའ་བའི་ཚུལ་གྱིས་ཁྱོད་ཀྱིས་དེ་འདྲ་ཞིག་བསམ་ཚུལ་ཡོད་དམ།

ད་དུང་མནའ་མའི་མངལ་དུ་ལུས་བའི་སྙིགས་མ་ཁྲག་ངན་གཙང་དག་བྱེད་དགོས་པ་མ་ཟད།  ཁྲག་དམར་སྤྲི་དཀར་དེ་འདྲའི་དམའ་བས་ཚེ་སྲོག་ལའང་ཉེན་ཁ་འདུག་སྟབས་ཁྲག

་ཀྱང་གསབ་དགོས

ཧུན།  ཁ་ཡག་འདི་ཚོ། ཁྱོད་ཚོས་སྒོར་མོ་བསམ་གྱི་ཡོད་དམ་ནད་པ་བསམ་གྱི་ཡོད། སུས་ཤེསཅེས་རྙིང་ཧྲུལ་དུ་གྱུར་བའི་བོད་ལྭ་སྟོད་སིག་ཅིག་བྱེད་ཞོར་ཁ་ཕར་འཁོར་ཏེ།  ཡ་མནའ་མ།  ཁྱོད་ཀྱིས་བལྟོས་ན

ངས་མི་ཤེས།  ཁྱོད་ཀྱི་བསམ་ནོ་བྱོས།མོ་ཁྱམས་ཀྱི་གྲུ་ག་ཞིག་ཏུ་འགྲེངས་འདུག

སྒྲོལ་སྐྱིད་ཀྱིས་མི་གཡོ་སྒྱུ་ཅན་ཟེར་ནོ་རེད།ཁ་ཆུང་དབང་ཆུང་མནའ་མ་འདིས་ཁོའི་

སྔུན་ནས་བསམ་ཚུལ་ངོ་མ་ཞིག་བཤད་ཕོད་དམ་ཅེས་གམ་གྱི་ནད་གཡོག་མ་དེར་

ཤུབ་བུར་སྨྲས།

ཁྱོད་ཀྱིས་ཅི་ཟེར། ངས་མ་གོ་ཐལ་ཨེ་བསམ། དེང་སང་གི་བྱིས་པ་འདི་ཚོའི་མིག་ནང་

མིར་ཆེ་ཆུང་ཞིག་མི་འདུག   ཁྱོད་ཚོའི་འགོ་བ་སུ་རེད།   སྨན་པ་ཟེར་བ་འདི་འདྲ་

ཞིག་ཡིན་ནམ

ངས་ནད་པ་བསམ་ནས་སྐད་ཆ་བཤད་པ་མ་གཏོགས།  ཁྱོད་འདྲའི་གཤིས་གྱོང་ཞིག་ལ་

ཁ་གྲགས་རྒྱུའང་སུན་གི

  སྐབས་དེར་སྒོ་བསྟེན་ཀྲུའུ་རིན་སླེབས་པས་དེ་གར་ཚོགས་པའི་ལས་གྲོགས་ཚོའང་རང་

རང་སར་བུད་སོང་།

 གློ་བུར་སྐྱེས་པ་དེས་ང་ཨ་མཆོག་སྐལ་བཟང་ཟེར་བ་གོར་གོར་བྱས་ན་དཀྱིལ་ནས་

འདུག་མཁན་ཞིག་དང་ཤར་ཤར་བྱས་ན་མགོ་ནས་འདུག་ནི་ཞིག་མིན་རུང་།ང་བོས་ན་

མིང་ཅན་ཞིག་དང་བགོས་ན་སྐལ་ཅན་ཞིག་ཡིན།  སྡུག་ཁྱོད་འདྲ་ཞིག་གིས་མཐོང་ཆུང་

བྱེད་དགོས་དུས་མ་ནི་རེད། ད་ཁྱོད་ཀྱིས་ཚིག་གཅིག་ཤོད་དང་ངས་ཁྱོད་ལ་ཅི་བྱེད་ལྟོས་

ཅེས་སྒྲོལ་སྐྱིད་ཀྱི་གདོང་ལ་མཛུབ་མོ་ཀེར་ཞིང་ཁ་ཆུའང་མོའི་གདོང་ལ་འཚུབ་བྱུང་།

སྐབས་དེར་ཁོའི་སྐེད་རགས་ཀྱི་སྣེ་འདར་ཞིང་གདོང་ལ་རྔུལ་ཆུ་ཁྲོམ་སེ་འཛུམ་འདུག

སྒྲོལ་སྐྱིད་ཀྱིས་མགོ་སྒུར་ནས་སྡོད་པ་ལས་སྐད་ཆ་མ་བཤད།

ཀྲུའུ་རིན་སྐྱེས་པ་དེར་ཁ་ཕྱོགས་ཏེསྐད་ཆ་ཡོད་ན་དལ་མོར་ཤོད།སྤོ་མ་ལངས།

དོན་ངོ་མ་ཅི་ཞིག་བྱུང་སོང ཅེས་དྲིས་པར་ཁྱོད་ཀྱིས་ལྟོས།   ལྟོས།

བུད་མེད་འདི་ཚོར་ལྟོས་ཟེར་བ་ཙམ་ལས་ཁ་ནས་སྐད་ཆ་གཞན་པ་མ་ཐོན་པར་

ངོ་གདོང་ཁམས་སྨུག་ཏུ་གྱུར་ཞིང་མིག་གཉིས་འབུར་ཚུགས་སུ་ཐོན་ཏེ་འབྲུག་མོ་དང་

སྒྲོལ་སྐྱིད་རེ་རེས་སྟེང་ལ་ཅེར།

རྒན་འབྲུག་མོ་ཁ་ཕྱིར་འཁོར་བཞིནསྒྲོལ་སྐྱིད་ལས་ལྭ་ཕུད་དང་འགྲོ  ལས་ཚོགས་

གྲོལ་སོང་།  ཟོག་ཅིག་ལ་མྱི་སྐད་བཤད་པ་ངལ་བ་འབྲས་མེད་རེད

དོན་ངོ་མ་ཅི་ཞིག་མ་ཉན་ཐལ།ངའི་ལས་བཟོ་བས་ཁྱེད་ལ་འོས་མེད་ག་འདྲ་བྱས་སོང་།ང་ལ་ཤོད་དང་ངས་ནུས་ཚོད་ཀྱི་ཐག་གཅོད་ངེས་ཅེས་ཧ་ཅང་ཞི་བའི་ཚུལ་གྱིས་དྲིས། འདི་ནི་ཀྲུའུ་རིན་གྱི་ཐབས་བཀོད་ཅིག་སྟེ་མ་གཞི་མི་དེའི་སེམས་ཁ་ལྷོད་ལ་འཇགས་

ཐབས་ཡིན།

ཨ་ལས་ངན་པོ།ངའི་མནའ་མ་ས་ལྡིང་གནམ་ལྡིང་གིས་འགྲོ་བཞིན་པ་འདི་སྨན་ཁང་དུ་བསྡད་ནས་གསོ་བཅོས་མ་བྱས་ཚེ་ཚེ་སྲོག་ལ་ཉན་ཁ་འདུག་ཟེར།སྐད་ཆ་འདི་འདྲ་ཞིག་སུའི་རྣ་བར་འགྲོ    ངོ་མ་མགོ་གཡོག་མགོ་སྐོར་གཏོང་བའི་ལག་ཐབས་ཁོ་ན་རེད།

ཁྱོད་ཀྱིས་ལྟོས་དང་།

མོ་འཆི་སྲིད་དམ།སྨན་ཁང་དུ་ཐོན་ནས་ད་བར་དུས་ཚོད་འགའ་འགོར་ཡང་ སྨན་ཁམ་གང་རག་རྒྱུ་ཕར་ཞོག  འདི་བརྟག་དཔྱད། གན་བརྟག་དཔྱད་ཟེར་ནས་འགོར་

འགྱངས་བཟོས་སོང་།

     ཨ་ཁུ།མོར་ཅི་ཞིག་ན་གི་འདུག   ཀྲུའུ་རིན་གྱིས་མ་གཞི་གནས་ཚུལ་མཐའ་དག་རྟོགས་ཡོད་ཀྱང་།

ན་རྒྱུ་ཆེན་པོ་མི་འདུག  མངལ་ཤོར་ནས་གཞུག་གཙང་མར་མ་གྱུར་བ་ཙམ་རེད།

དེ་རིང་ཁྲག་གཅོད་བྱེད་ཀྱི་སྨན་ཞིག་ལེན་པར་ཡོང་བ་ཡིན་མོད།ད་བུད་མེད་གན་ཚོས་ཚད་འདིར་གཏུག་པ་རེད།དེ་གནད་དོན་ཆེན་པོ་རེད་།ནད་འདི་འདྲ་ད་ཐེངས་བཅོས་ཡག་མ་བྱས་ཚེ།ནད་གཞུག་གིས་དུས་རིང་བོར་སྡུག་ལ་སྦྱར་ངེས། ཁྱོད་ཀྱིས་ཧ་མ་གོ་ཙམ་ལས་ཁོ་ཚོའི་བྱེད་སྟངས་

འགྲིག་འདུག  འབྲེལ་ཡོད་བརྟག་དཔྱད་ཆ་ཚང་བྱས་རྗེས་དེ་དང་བསྟུན་པའི་

གསོ་བཅོས་སྤྲོད་དགོས། ང་ཚོ་སྨན་པ་ཞིག་ཡིན་པའི་ཆ་ནས་ནད་པ་སོ་སོར་འགན་འཁུར་

དགོས།འདི་ནི་ང་ཚོས་བྱ་བ་བསྒྲུབ་དུས་རྒྱུན་འཁྱོངས་བྱེད་དགོས་པའི་རྩ་དོན་རེདཁྱོད་ཚོ་མི་རེ་རེས་གནས་ལུགས་ལུང་པ་གང་རེ་བཤད་དེ།ངའི་མགོ་ཉོག་པར་བཏང་བྱུང་།ད་ཅི་ཡིན་ན་ཡིན།

མནའ་མ་འུ་གཉིས་འགྲོ་ཞེས་སྐས་ཐེམ་ལས་འབབ་པར་བརྩམས།

མནའ་མས་སྐད་ཆ་ཅི་ཡང་མི་བཤད་པར་ཁོའི་རྗེས་བསྙེགས།

ད་ཁོ་གཉིས་འདི་ལྟར་ཕྱིར་ཡུལ་ལ་ལོག་འགྲོ་འམ།སྨན་ཁང་གཞན་པ་ཞིག་ཏུ་འགྲོ

མནའ་མ་གན་སྙིང་རེ་རྗེ།སྒྱུག་པོ་འདི་འདྲ་ཞིག་དང་ཁེལ་བ་སྐྱེས་བ་སྔོན་མའི་ཚོགས་བསགས་རེད་ཡརྒན་འབྲུག་མོས་དེ་ལྟར་བཤད།

སྒྲོལ་སྐྱིད་ཀྱིས་འཁུར་ཁུག་ལག་མགོར་དྲུད་ཅིང་སྒོ་ཆེན་དུ་ཐོན་ལ་ཉེ་བའི་ཁོ་གཉིས་ཀྱི་རྗེས་སུ་ལྟ་བཞིན་གདོང་ལ་ཐང་ཆད་ཅིང་ཡིད་ཕམ་པའི་ཉམས་ཤིག་མངོན་ཏེ་སྒྱུག་པོ་ཤེས་

མེད།མནའ་མ་ནུས་མེད།དོན་དངོས་སུ་ང་ཚོའི་བར་དུ་རྩོད་རྒྱུ་ཅི་ཞིག་ཡོད

ཀྲུའུ་རིན་གྱིས་དྲག་ནི་རེད།བྱ་བ་འདི་འདྲ་དང་ཕྲད་ན་ཡིད་ཕམ་མི་ཉན། ཁོ་ལའང་སེམས་ཤེས་དུས་ཤིག་ལོས་ཡོད་ཅེས་སེམས་གསོ་བྱས།

  ལས་ཚོགས་གྲོལ་ཟིན་པས་སྒོ་བསྟེན་ཁང་ནི་ཧ་ཅང་ལྷིང་འཇགས་སུ་གྱུར་རོ།།

lemaoji | རྩོམ་ཡོངས་ཀློག་པ།(933) | ལན་སློག(4)
བདུན་པའི་ཚེས་བདུན།
2012-8-25 15:38:11
 

ཨ་མའི་གནའ་གཏམ་ལས་འཕྲོས་པའི་ལྷ་རིས་ལྷ་མཚོ།

ཙི་ནའི་བཤད་རྒྱུན་དུ་ཁྱབ་པའི་གླང་རྫི་དང་ཐགས་མོ།

རང་དབང་མ་ཐོབ་པའི་བརྩེ་དུང་ཞིག་གི་ཀློང་དུ་འཁྱམས་དུས།

བརྩེ་བ་དེ་མཁའ་རུ་ཤོང་ཚད་ཅིག་ཡིན་ནམ་ས་ཡིས་ཐེག་ཚད་ཅིག་ཡིན།

དགུ་ཚིགས་ཀྱིས་བཅད་པའི་བར་ཐག་དེ།

ལོ་གྲངས་ཧྲིལ་བོ་ཞིག་གིས་བསྐྱོད་ཅིང་།

དུས་ཆད་འདིའི་སྔ་ཕྱིར་གདུང་བ་ག་ཚོད་ཡོད།

མཁའ་ལས་བབ་པའི་བརྩེ་བ།

ས་ལས་འཕོས་པའི་དུང་བ།

ནམ་ཞིག

ཕྱི་ཐག་གི་མདུད་པ་དེ་འགྲོལ་ཆོག་གམ།

སྐབས་འདིར།

ཡིད་ཆེས་དང་སྤྲོ་སྣང་སྦར་བའི་འཚམས་རྟགས་རེ་རེ།

བརྩེ་བ་དང་སྨོན་འདུན་ཁྱེར་བའི་འཕྲིན་ཐུང་རེ་རེར།

སེམས་ཀྱིས་རོ་མྱོང་བྱེད་མཁན་ང་གཅིག་པུ་ཡིན་མི་སྲིད་ལ།

མཇལ་འཛོམས་ཀྱི་བདེ་སྣང་འཚོལ་བར།

མིག་ཟུང་མཁའ་ལ་གཏད་མཁན་ཡང་།

ང་གཅིག་པུ་ག་ལ་ཡིན།

བར་ཐག་རིང་ཐུང་གང་རུང་དུ་གནས་ཤིང་།

ཕན་ཚུན་གྱི་དུང་བ་སྲུང་བའི་སེམས་པ་དེ་དག

                                  ༢༠༡༢ ལོའི་ཟླ་   ༧  པའི་ཚེས་   ༧ གྱི་ དགོང་མོར།

lemaoji | རྩོམ་ཡོངས་ཀློག་པ།(760) | ལན་སློག(4)
ཕྱི་མིག་ཁྲོད་ཀྱི་དགོན་པ།
2012-8-16 14:24:08
 

ལོ་ཕྱེད་ཀྱི་དུས་ཚོད་ཁྱེད་ཀྱི་ཕང་པར་སྒྲོན་དུས།

ངལ་དུབ་ཀྱིས་སྤོས་པའི་ཉིན་ཞག་དེ་དག

མཛེས་སྡུག་གི་ནོར་འཁྲུལ་ཅིག་ཡིན་ནམ།

ཟླ་ལྔ་བའི་སུ་རུའི་མེ་ཏོག་གི་དྲི་ཞིམ་སྣོམ་མ་ཐུབ།

ཟླ་དྲུག་པའི་སྤེན་མའི་མེ་ཏོག་གི་མཛེས་སྡུག་མཐོང་མ་ཐུབ།

དགུན་ཟླའི་མགོ་རྔ་བཀླུབས་པའི་ད་ལོའི་ཁ་བ།

དབྱར་གྱི་ཉིན་ཞག་སྦངས་པའི་ད་ལོའི་ཆར་ཆུས།

ལུས་སེམས་ཡོངས་སུ་རླན་དུས།

དཀར་ཆ་ཞན་པའི་ཁང་མིག་དེའི།

སྒོ་ཐེམ་རྡོག་པས་གནོན་རྒྱུའང་སུན་སྣང་ཞིག

ཨ་ཨ།    དུས་ཚིགས་ཀྱི་འགྱུར་མཚམས་ནས་འགགས་པའི་བདག་གི་དབུགས་རྒྱུན།

ཉིན་ཞག་གི་འཁོར་མཚམས་ནས་བོར་བའི་བདག་གི་རྣམ་ཤེས།

ཚོད་ཚོད་ལ་འདང་རེ་བརྒྱབ་ན།

རང་སེམས་སྐྱོམ་སྟངས་དེ།

གློ་བུར།       གློ་བུར།

ཁྱེད་ཀྱི་ཐང་དཀྱིལ་དུ་འཚུབ་པའི་རླུང་བུ་ལྡོམ་པོ་དེ་དང་འདྲ་བར།

བསླུ་བྲིད་ཀྱིས་བཤམས་པའི་འདོད་ཡོན་གང་གི་མདུན་དུ་ག་སར་གཡོ།

ད་ནངས།  ང་ཁྱེད་ཀྱི་ཉི་འོད་ལམ་ལམ་འཚེར་བའི་ཁོར་ཡུག་ཏུ་འགྲེངས་དུས།

དུ་བ་དགུང་ལ་འཐེན་ཅིང་།  གཡང་དཀར་སྤྲིན་དུ་འདྲེས་འདུག

རླུང་བུའི་རྒྱུ་ཕྱོགས་དང་བསྟུན་པའི་སྦྲེ་དྲི་དེའང་ང་ལ་ཚོར་སྣང་ཁྱད་པར་བ་ཞིག་སྟེར་བྱུང་།

ཕྱི་མིག་ཁྲོད་ཀྱི་ཁྱེད།

སྐར་ཚོགས་ཀྱི་གྲང་འདར་ངོགས་ན་བཞུར་བའི་སེམས་འགྱུ་གཉོམ་པོ་དེ་ཡིན་ཆོག་ལ།

རེ་བའི་ཉི་ཟེར་ལ་ཕྱོགས་པའི་མིག་ཟུང་དྭངས་མོ་དེ་ཡིན་ཀྱང་ཆོག

གང་ལྟར།

ནོར་གནག་དང་གཡང་དཀར།  སྦྲ་གུར་དག་གཞི་གཅིག་ཏུ་འདྲེས་པའི་ཟླ་ལྔ་བའི་ཐང་དཀྱིལ་དེ་ངས་ཅིས་ཀྱང་དྲན་སྲིད་ལ།

ད་དུང་།

ལས་ལ་བརྩོན་ཞིང་བབ་ཆགས་ཀྱིས་འཚོ་བའི་མི་དེ་དག་ཀྱང་་་་་་

                                                                2012.6

lemaoji | རྩོམ་ཡོངས་ཀློག་པ།(936) | ལན་སློག(8)
ས་སྲོད་ཀྱི་དྲན་པ།
2012-1-10 9:40:47

ཐོབ་བྱ་ཞིག་གི་ཆེད།

གོམ་པའི་འདེགས་འཇོགས་འདི་རུ་བསྒྱུར་ཞིང་།

སེམས་པའི་དྲོད་གྲང་གནས་འདིར་གླན་དགོས་བྱུང་།

དུས་དེར།

མཐོ་དམའ་མི་སྙོམས་པའི་གྲོང་ཁྱེར་ཀྱི་ཁང་བརྩེགས།

ཆུ་ཚད་མི་འདྲ་བའི་སྡོད་དམངས་ཀྱི་འཚོ་བ།

ད་དུང་།རྒྱུས་མེད་ཀྱི་ངོ་གདོང་དེ་དག

ལྗིད་ཏིག་ཏིག་གིས་ངའི་ཚོར་བར་བབས་བྱུང་།

དགོང་ཁ་འདིར།

གོམ་པ་ཕར་ལ་སྤོས་ཏེ།   དྲན་པ་ཕྱིར་ལ་བསྲིངས་ཚེ།

ངའི་ཐག་རིང་དུ་གནས་པའི་ཕ་མ་སྤུན་མཆེད། ཕུ་ནུ་མིང་སྲིང་།

ད་དུང་བློས་མི་ཐོངས་པའི་མི་དེ་དག 

རེ་རེ་བཞིན་ཇི་འདྲའི་སྙིང་དུ་སྡུག་ལ།ཡིད་གར་འོང་ཨང་།

སྐབས་འདིར།

དྲན་གདུང་གི་ཀློང་དུ་འཁྱམས་པའི་ང་རང་།

མཁའ་མཐར་བཀལ་བའི་ཚེས་རིས་ཇི་བཞིན།

ཧ་ཅང་ཁེར་རྐྱང་ཡིན།

༢༠༡༡ལོའི་ཟླ་༡༡པའི་ཚེས་༢༩ཉིན།   ཟི་ལིང་ནས།

 

lemaoji | རྩོམ་ཡོངས་ཀློག་པ།(1418) | ལན་སློག(12)
ཁྱི་སྨྱོན་ནད་དང་འབྲེལ་བའི་ཤེས་བྱ་འགའ།
2011-10-28 20:02:46

 

ཁྱི་སྨྱོན་ནད་ཅེས་པ་ནི་རྒྱུ་བའི་དུག་གི་ནང་ཚན་ཅིག་སྟེ་ཁྱི་སྨོན་གྱི་སོས་རྨུགས་པའམ་ཞི་མི་

དང་ལྦ། སྤྱང་ཀི་སོགས་ནད་དུག་འགོས་པའི་གཅན་གཟན་གྱི་སོས་རྨུགས་པ །ཡང་ན་ཁ་རླང

ས་ཕོག་པའི་རྐྱེན་གྱིས་ནད་དུག་ལུས་ལ་ཞེན་པ་ཞིག་ཡིན་ལ།ནད་འདིས་ཤི་ཚད་100ཡིན །

སྤྱིར་རིམས་ནད་འདི་ནི་རྒྱུན་མཐོང་གི་ནད་རིགས་ཅིག་མིན་ཀྱང་།ཨེ་ཤ་ཡའི་ཤར་ལྷོའི་ས་ཁུལ་

དང་ཧྥེ་གླིང་།ལ་ཏིན་མེ་གླིང་བཅས་ཀྱི་རྒྱལ་ཁབ་87ལ་ཁྱབ་ཡོད།དེ་ལས་རྒྱ་གར་ནི་ནད་འདི་

འགོས་ཚད་ཆེས་མཐོ་བའི་རྒྱལ་ཁབ་ཡིན།འབྲེལ་ཡོད་སྙན་ཞུ་ལྟར་ན་འཛམ་གླིང་ཧྲིལ་བོར་ཕལ་ཆེར་

ལོ་རེར་མི་ཁྲི་5.5ཁྱི་སྨྱོན་ནད་ཀྱིས་ཤི་བཞིན་ཡོད།དེ་བས་འདིར་འགོས་རིམས་འདིའི་ཕྱོགས་ཀྱི་

འབྲེལ་ཡོད་ཤེས་བྱ་ཉུང་ཙམ་འདིར་བཀོད་ན །

༡.འཇུག་ཚུལ།

ནད་དུག་ལུས་ལ་ཁྱེར་བའི་སྲོག་ཆགས་ཀྱི་ཁ་ཆུ་དང་།འོ་མ། མིག་ཆུ།བུརོགས། གཅིན་པ།བཤང་བ།  ཁ་རླངས་བཅས་བརྒྱུད་ནས་ཕན་ཚུན་འགོས་པ་ཞིག་ཡིན།

ནད་དུག་དེ་ལུས་ལ་འགོས་རྗེས་རྨ་ཁའི་ཆེ་ཆུང་དང་ཟབ་ཚད།ནད་དུག་གི་མང་ཉུང་སོགསདང་མི་

རང་གི་ཕྱི་ནང་གི་ཆ་རྐྱེན་གང་རུང་གི་དབང་གིས་ལྡང་དུས་གཅིག་པ་མིན།མི་ལ་ལ་ཞིག་ལ་ནད་དུག་

དེ་འགོས་མ་ཐག་རྐྱེན་དྲག་གསོག་ལྡང་དུས་གཅིག་བྱེད་པའང་ཡོདཅེས་པ་བཞིན་མྱུར་བར་

ནད་དེ་ལྡང་བ་དང་།ལ་ལ་ཞིག་ཡུན་རིང་གསོག་ནས་རིམ་བཞིན་ལྡང་བ་ཡིན།

༢.ནད་རྟགས།

རྗེས་མ་དེ་དུས་རིམ་གསུམ་དུ་བགར་ཡང་ནད་དེའི་སྤྱི་རྟགས་ནི་ཁ་གདོང་དམར་ལ་གཟུགས་པོ་བརྩེ་བ།

གྲང་ཤུམ་རྒྱག་པ །མི་དད་ཆུང་ཞིང་ཚིག་པ་ཟ་བ།སེམས་མི་བདེ་ཞིང་མིག་རྩ་ནག་པ། ལྕེ་དང་མཆུ་ཏོ་

རིང་བོ་ཆགས་པའི་སྣང་བ་སྐྱེ་བ།དཀར་ཆའི་འོད་མདངས་མི་འཁྱོག་པ།སྲིན་མཛུབ་ཀྱི་སེན་རྩ་སྔོ་བ།

ཤེལ་ཀོ་དང་ཆུ་འཐུང་དུས་དངངས་པ།སྨྱོས་ནས་ཁྱི་སྐད་འདོན་ཞིང་མི་ལ་རྨུགས་སྙམ་བྱེད་པ།

སྡོད་ལུགས་སོགས་ཁྱི་སྤྱོད་ནང་བཞིན་བྱེད་པ་ཡིན།

༣.ནད་སྐྱོང་བྱ་ཚུལ།

 1.རྨ་ཁ་བདག་ཉེར་བྱེད་པ།

ནད་དུག་ཁྱེར་བའི་སེམས་ཅན་གྱིས་རྨུགས་མ་ཐག་20ཅན་གྱི་དག་རྫས་ཆུ་འམ་ཡང་ན་0.1

ཞིན་ཅི་མེར་གྱིས་མ་མཐའ་ཡང་སྐར་30རིང་རྨ་ཁ་བཀྲུ་དགོས།ཡིན་ཡང་དེ་གཉིས་མཉམ་དུ་སྤྱོད་མི་ཉན།

རྨ་ཁའི་ཟབ་སར་ཁབ་རྒྱག་སྤྱད་བཀོལ་ནས་བཀྲུ་དགོས །ལེགས་པར་བཀྲུས་རྗེས་50ནས་70ཡི་ཆང་བཅུད་དམ་ལྦ་ཚྭའི་ཆང་གིས་རྨ་ཁ་ཕྱིས་ཏེ་འཚེམ་བཟོ་དང་རྨ་རས་མི་གླན་པར་རང་སོར་འཇོག་དགོས།

ཁ. ཁྱི་དུག་འགོག་སྨན་རྨ་ཁའི་མཐའ་བསྐོར་ནས་རྒྱག་དགོས།

ག. འཛུམ་བུ་ལྟག་དགྱེའི་འགོག་སྨན་དང་དུག་སྲིན་འགོག་སྨན་ཀྱང་རྒྱག་དགོས།

2.ཕན་ཚུན་འགོས་ཁྱབ་མི་ཡོང་བ་བྱེད་པ།

ཀ. ངེས་པར་དུ་ནད་པ་ལོགས་སུ་བགར་ནས་ཉར་དགོས།

ཁ. ནད་པའི་བཤང་གཅི་དང་རྔུལ་ཆུ། ཁ་ཆུ་སོགས་དང་ཟགས་ཐོན་དངོས་པོ་མེད་པར་བཟོ་བ་དང་དུས་

ནམ་ཡིན་ཡང་དེ་དང་རེག་ཐུག་བྱུང་བའི་དངོས་པོར་དུག་སེལ་བྱེད་དགོས།

ག. སྨན་དོན་མི་སྣ་ནད་པར་འབྲེལ་ཐུག་བྱེད་སྐབས་ངེས་པར་དུ་ལག་ཤུབས་དང་ཁ་ཡོལ།ཆེད་སྤྱོད་གོན་པ་

སོགས་གྱོན་དགོས།ནད་པར་རེག་ཐུག་བྱས་ཚར་རྗེས་0.5ཀའོ་དབྱང་ཡུའུ་སྰན་དང་ལུའུ་སྰན་ནྰ་རུ་ལག་པ་

སྦངས་དགོས།སྐྱི་པགས་ལ་རྨ་ཡོད་པའི་ནད་པ་ནམ་ཡང་ནད་པར་རག་ཐུག་བྱེད་རྒྱུ་མེད།

3.དྲག་ཤུགས་དང་འཇིགས་སྣང་ཆེ་བའི་ནད་པ།

ཀ. ཁུ་སིམ་པོ་དང་དྲོད་གྲང་སྙོམས་པོ།  འོད་ཅུང་ཞན་པའི་ནད་ཁང་དུ་གཅིག་པུར་འ

ཇོག་དགོས།

ཁ. འོད་དྲག་པོ་དང་བསེར་བུ།སྒྲ་དང་གྲགས་འགུལ། ཆུ་སོགས་ཕོག་ཐུག་མཐའ་དག་ལ་ག

ཟབ་ནས་མི་ཡོང་བ་བྱེད་དགོས།

ག. གསོ་བཅོས་དང་ནད་སྐྱོང་ལག་ཐབས་མཐའ་དག་སྟབས་བདེ་རུ་གཏོང་བ་དང་།སྨན་པའི་མངག་བྱ་ལྟར་

ཁམས་འཁྲུགས་བདེ་གསོའི་སྨན་བསྟེན་རྒྱུ།

4.ཉེན་ཚབས་ཆེ་རུ་གྱུར་ཚེ།

ཀ.ནད་བབས་ཀྱི་འགྱུར་ལྡོག་ལ་བལྟ་ཞིབ་ནན་མོ་བྱས་ཏེ་བརྟག་དགོས་པའི་རྣམ་གྲངས་སོ་སོ་ཟིན་ཐོར་འགོད་དགོས།

ཁ. མྱུར་སྐྱོབ་སྨན་རྫས་དང་ཡོ་བྱད། ཁམས་འཁྲུགས་བདེ་གསོའི་སྨན་དང་།གློ་ཡུ་གཤགས་བཅོས་ཡོ་བྱད།

ལུད་པ་འཐེན་སྤྱད།གསོ་རླུང་སོགས་འབྲེལ་ཡོད་དངོས་པོ་གྲ་སྒྲིག་བྱ་དགོས།

༤.སྔོན་འགོག

1.འབྱུང་ཁུངས་དོ་དམ་བྱེད་པ།

ནད་པ་ལོགས་སུ་བགར་ཏེ་བལྟ་སྐྱོང་ནན་མོ་བྱེད་པ་དང་།ཁྱི་སྡོམ་མེད་པར་གཏོང་བ།ཁྱི་སྨྱོན་དང་ཞི་མི་ནད་པ་

རྩ་མེད་དུ་གཏོང་བ །ཁྱིམ་དུ་གསོས་པའི་ཁྱིར་ཐོ་འགོད་བྱས་ཏེ་འགོག་སྨན་རྒྱག་དགོས།

2.བརྒྱུད་ལམ་གཅོད་པ །

ཁྱི་དུག་གིས་ཟིན་པའི་མི་དང་སེམས་ཅན་གཞན་དག་གི་རྔུལ་ཆུ་དང་ཁ་ཆུ།འོ་མ།གཅིན་པ། ཟགས་ཐོན་དངོས་པོ་བཅས་ཀྱིས་འགོས་ཙོག་ཐེབས་པའི་དངོས་པོ་དང་ཁོར་ཡུག་དུག་སེལ་གཙང་དག་བྱེད་པ།

ཁྱི་དང་ཞི་མིར་མཉམ་དུ་རྩེད་རྒྱུ་མེད།གལ་ཏེ་སྟབས་མ་ལེགས་པར་དོག་ཅན་གྱིས་རྨུགས་པའམ་སྤར་བགྲད་བྱས་

ཏེ་རྨ་བྱུང་བ་ཡིན་ཚེ་མྱུར་བར་རྨ་ཁ་བདག་སྐྱོང་བྱེད་དགོས།

3.འགོག་སྨན་རྒྱག་པ།

ཁྱི་དུག་ནད་ཞིབ་འཇུག་མཁན་དང་ཕྱུགས་ནད་སྨན་པ།   སྲོག་ཆགས་དོ་དམ་པ།    རིཁུལ་གྱི་ལས་ཀ་བ།  སྨན་དོན་མི་སྣ།   དོག་ཡོད་སྲོགཆགས་རིགས་ཀྱིས་རྨུགས་པའམ་བགྲད་པའི་མིར་ངེས་པར་དུ་ཉིན་

0.3.7.14.30.བཅས་མཚམས་སུ་ཁྱི་དུག་འགོག་ཁབ་རྒྱག་དགོས།

4.བདེ་ཐང་སློབ་གསོ།

ཁྱི་དུག་ནད་ཀྱི་ཤི་ཚད་100ཡིན་པས་མིའི་རིགས་ཀྱི་ཚེ་སྲོག་ལ་ཉེན་ཁ་ཧ་ཅང་ཆེ།དེ་བས་སྨན་དོན་

མི་སྣ་སུ་དང་གང་ལའང་ནད་འདིའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཁྱབ་བསྒྲགས་དང་ཁྱབ་གདལ་གཏོང་རྒྱུའི་

འོས་འགན་ཡོད།  དཔེར་ན་ནད་འདིའི་ཚབས་ཆེན་རང་བཞིན་དང་། འགོས་ཁྱབ་འགྲོ་བཞིན་པའི་སྐབས་ཀྱི་

དོག་ཟོན་བྱེད་ལུགས། ཁྱི་དང་ཞི་མི་སོགས་ཀྱིས་རྨུགས་པའམ་སྡེར་བགྲད་བྱས་ཚེ་གནད་དོན་ཐག་གཅོད་

བྱེད་ཐབས་དང་། ནད་དུག་འབྱུང་ཁུངས་སྟེ་ཁྱི་དང་ཞི་མི་སོགས་ལ་གཟབ་གཟབ་དང་ལྟ་སྐྱོང་ནན་མོ་

བྱེད་པ།མང་ཚོགས་ལ་སྒོ་ཁྱི་གསོ་བ་ཐོ་འགོད་དང་འགོག་སྨན་རྒྱབ་ཚེ་ཁྱི་སྨྱོན་ནད་ཀྱི་འགོ་ཁུངས་མེད་

པར་བཟོ་ཐུབ་པ་སོགས་གསལ་བཤད་བྱས་ཏེ་ལག་ལེན་ཏུ་བསྟར་བར་སྐུལ་འདེད་བྱེད་དགོས།

                                                                                      2011.10.28

 

 

lemaoji | རྩོམ་ཡོངས་ཀློག་པ།(1959) | ལན་སློག(11)
འཛམ་གླིང་གི་བདེ་ཐང་རང་བཞིན་ལྡན་པའི་ལས་བྱེད་དང་ངལ་གསོའི་དུས་ཚོད་རེའུ་མིག
2011-10-20 20:52:33

                                                   ཀན་ལྷོའི་ཉིན་རེ་ཚགས་པར་ལས་བསྒྱུར།

 

 

  བྱ་བ་གང་ཡིན་ཡང་དུས་མ་ཡིན་པར་བསྒྲུབ་ཚེ་ལུས་ཁམས་བདེ་ཐང་ལ་གནོད་པ་ཆེན་པོ་ཡོད།

གཤམ་གྱི་ལས་བྱེད་དུས་དང་ངལ་གསོའི་རེའུ་མིག་ལྟར་བྱ་བ་བསྒྲུབ་ཚེ་ལུས་ཁམས་བདེ་ཐང་ཕྱོགས་

ལ་ཕན་པ་ཡོད།

730མལ་ལས་ལངས་པ།

དབྱིན་ཇིའི་ལྦེ་སི་མེ་སི་སློབ་ཆེན་གྱི་ཞིབ་འཇུག་པ་ཞིག་གིས་ཞོགས་པའི་ཆུ་ཚོད་5དང་སྐར་22ནས་ཆུ་ཚོད་

7དང་སྐར་21བར་མལ་ལས་ལས་མཁན་གྱི་མི་དག་གི་ཁྲག་རྒྱུན་དུ་སྙིང་ནད་སློང་བའི་རྫས་ཤིག་

ཡོད་པ་དེའི་འདུས་ཚད་ཅུང་མཐོ་བ་ཡོད་པ་རྟོགས།དེ་བས་ཆུ་ཚོད་7དང་སྐར་21་གི་རྗེས་སུ་མལ་ལས་

ལངས་ན་ལུས་པོ་བདེ་ཐང་ལ་ཕན་པ་ཆེན་པོ་ཡོད།

སད་མ་ཐག་གློག་སྒྲོན་བཀར་བ།

ལྰ་ཧྥོའོ་པོའོ་སློབ་ཆེན་གཉིད་ཉལ་ཞིབ་འཇུག་ལྟེ་བའི་དེ་རྒན་ཆེན་མོ་ཅིས་མའོཧའོ་ཨུན་གྱིས་གཉིད་ལས་སད་མ་

ཐག་གློག་སྒྲོན་བཀར་ཚེ་གཉིད་སད་དཔེ་དབྱིབས་སྙོམས་སྒྲིག་བྱེད་པ་ལ་བརྟེན་ནས་ལུས་ཁམས་ཀྱི་གསར་བྱུང་

དངོས་པོ་སྙོམས་སྒྲིག་བྱེད་ཐུབ་པ་ཡིན།

ཆུ་ཕོར་གང་འཐུང་བ།

ཆུ་ནི་ལུས་ཁམས་ཀྱི་རྫས་འགྱུར་ཚུར་སྣང་མང་པོ་བྱེད་པའི་དངོས་པོ་ཆེས་གལ་ཆེ་བ་དེ་ཡིན་སྟབས་ཞོགས་པར་

ཆུ་དྭངས་མོ་ཕོར་གང་འཐུང་ཚེ་སྔ་ནུབ་ལུས་ཀྱི་ཆུ་ཁམས་ཟད་པ་གསོ་ཐུབ།

730--800བར་ནང་ཇའི་སྔོན་དུ་སོ་འཁྲུད་བ།

དབྱིན་ཇིའི་སོའི་བདེ་ཐང་བདེ་འཇགས་མཐུན་ཚོགས་ཀྱི་ཞིབ་འཇུག་པ་ཀི་ཏིནཨའོ་ཐི་ཅིན་སི་ཡིས་སོ་སྨན་དུ་

ཧྥོ་འདུས་ཕྱིར་ནང་ཇའི་སྔོན་དུ་སོ་བཀྲུས་ཚེ་སོ་སྲུབས་ཀྱི་དངོས་པོ་གཙང་བསལ་བྱེད་པ་མ་ཟད།    སོ་ཕྱིར་བདེ་

སྲུང་རིམ་པ་ཞིག་ཐོབ་པ་ཡིན།གལ་ཏེ་ནངས་ཇའི་སྔོན་དུ་སོ་འཁྲུད་མ་ཐུབ་ཚེ་ཟས་རྗེས་ཀྱི་ཆུ་ཚོད་ཕྱེད་ཀའི་ནང་ངེས་

པར་དུ་སོ་འཁྲུད་དགོས་ཟེར།

800--830བར་ནངས་ཇ་འཐུང་བ།

ལོན་ཏོན་སློབ་ཆེན་རྒྱལ་བོའི་སློབ་གླིང་འཚོ་བཅུད་མཁན་ཁན་ལྦུན་•ལྦེ་ཨར་ལོན་གྱིས་བཤད་རྒྱུར་ནངས་ཇ་

འཐུང་ཚེ་ཁྲག་ནང་གི་མངར་ཆའི་ལྡང་ཚད་དོ་མཉམ་ཡོང་བ་སྲུང་འཛིན་བྱེད་ཐུབ་པས་ནངས་ཇ་ངེས་པར་དུ་

འཐུང་དགོས་ཟེར།

830--900བར་ལུས་པོ་སྦྱོང་བརྡར་བྱས་ན་འཚམ་པོ་མིན་པ།

བོའུ་ཧྲི་ལོའུ་ནེ་ཨར་སློབ་ཆེན་གྱི་ཞིབ་འཇུག་པས་དུས་འདིར་ལུས་རྩལ་སྦྱངས་ན་ལུས་ཁམས་ཀྱི་སྔོན་འགོག་

མ་ལག་གི་ནུས་པ་ཆེས་ཞན་དུས་ཡིན་པས་ནད་རིགས་འགོས་སླ་བ་ཡིན་པ་རྟོགས།

རྐང་ཐང་དུ་སྐྱོད་པ།

མྰ་སྰ་ཀྲུའུ་སེད་ཀྲུའུ་སློབ་ཆེན་གསོ་རིག་གླིང་གི་ཞིབ་འཇུག་པས་ཉིན་རྒྱུན་རྐང་ཐང་དུ་སྐྱོད་པའི་མི་དེ་གནས་

གཅིག་ཏུ་འདུག་ཡུན་རིང་ཞིང་འགུལ་སྐྱོད་མི་བྱེད་པའི་མི་དང་བསྡུར་ན་ཆམ་པ་ཕོག་ཚད་བརྒྱ་ཆའི་25

ཡིས་དམའ་བ་ཡིན་པ་ཤེས་རྟོགས་བྱུང་།

930ནི་ཉིན་ཞིག་གི་བྱ་བའི་བརྒྱུད་རིམ་ཁྲོད་ཀྱི་ཆེས་དཀའ་བའི་དུས་ཡིན་པ།

ཉོའུ་ཡའོ་གཉིད་ཉལ་ལྟེ་བའི་ཞིབ་འཇུག་པས་མི་མང་ཆེ་ཤས་ཤིག་གཉིད་ལས་སད་པ་ནས་ཆུ་ཚོད་གཉིས་རིང་

རིག་པ་ཆེས་གསལ་བའི་དུས་ཡིན་དང་དེ་ལས་འདས་ཚེ་རིག་པ་མི་གསལ་བར་འགྱུར་ངེས།

1030སྟེང་མིག་ལ་ངལ་ཅུང་གསོ་རུ་འཇུག་པ།

གལ་ཏེ་ཁྱེད་ཀྱིས་གློག་ཀླད་སྤྱོད་ཀྱིན་པ་ཡིན་ན་མིག་བརྙན་ཤེལ་དང་འགྱེད་ནས་ཆུ་ཚོད་གཅིག་ནང་སྐར་3མ་ཙམ་བེད་སྤྱད་དེ་ངལ་གསོ་དགོས།

1100སྟེང་སིལ་ཏོག་ཟ་བ།

རྒྱ་སིལ་དང་སིལ་ཏོག་མདོག་དམར་བོ་ཅན་ཟོས་ན་ལུས་ཁམས་ཀྱི་ལྕགས་རྒྱུ་དང་ལྦེ་ཧྲིན་སོའུ་ཁ་གསབ་བྱེད་ཐུབ།

ཐབས་འདི་ནི་ལུས་ཁམས་ཀྱི་མངར་ཆ་མར་ཆགས་པ་ཐག་གཅོད་བྱེད་པའི་ཐབས་ཡག་ཤོས་དེ་ཡིན།

1300སྟེང་སྲན་རིགས་དང་སྔོ་ཚལ་རིགས་མང་ཙམ་ཟ་བ།

དྲོས་ཇའི་སྐབས་སྲན་རིགས་དང་སྔོ་ཚལ་མང་ཙམ་ཟོས་ཚེ་ལུས་ཁམས་ཀྱི་ཕྱོགས་སོ་སོར་ཕན་པ་ཡོད།

1430--1530བར་ངལ་ཅུང་ཙམ་གསོ་རྒྱུ།

སློབ་ཆེན་ཞིག་གི་ཞིབ་འཇུག་ལས། ཉིན་རེའི་དུས་འདིར་སྐར་30ཡས་མས་སུ་ངལ་གསོ་བ་དང་།

གཟའ་འཁོར་རེར་མ་མཐའ་ཡང་ཐེངས་གསུམ་ལ་ངལ་གསོ་ཐུབ་པ་བྱུང་ན།སྙིང་ནད་ཀྱིས་འཆི་བའི་ཚད་དེ་

བརྒྱ་ཆ་37མར་ཆགས་ཐུབ་པ་རྟོགས།

1600སྟེང་ཞོ་འཐུང་བ།

ཞོ་འཐུང་ན་ཁྲག་ནང་མངར་ཆའི་ཚད་དོ་མཉམ་དུ་གནས་ཐུབ་པ་མ་ཟད། ཇ་ཐོག་རེའི་རྗེས

་སུ་ཞོ་འཐུང་ཐུབ་པ་བྱུང་ན་སྙིང་གི་བདེ་ཐང་ལ་ཡང་ཕན་པ་ཡོད།

17--1900བར་འགུལ་སྐྱོད་བྱེད་པ།

དུས་འདིར་འཆམ་འཆམ་དུ་འགྲོ་བ་སོགས་འགུལ་སྐྱོད་བྱས་ན་ཧ་ཅང་འཚམ་པོ་ཡིན།

1930་སྟེང་ནུབ་ཇ་ཉུང་ཙམ་འཐུང་རྒྱུ།

དགོང་མོ་ཕོ་བ་རྒྱགས་དྲག་ན་ཁྲག་ནང་གི་མངར་ཆ་ཇེ་མཐོར་འགྲོ་བ་དང་འཇུ་བྱེད་མ་ལག་གི་ཁུར་བོ་ལྕི་རུ་སོང་

སྟེ་གཉིད་ལ་བཀག་འགོག་ཐེབས་པ ། ནུབ་ཇའི་སྐབས་སྔོ་ཚལ་མང་ཙམ་ཟ་བ་དང་སྤྲི་དཀར་ལྡན་པའི་

ཟས་རིགས་ཉུང་ཙམ་བསྟེན་རྒྱུ། ཟས་ཟ་སྐབས་ལྡད་ཡག་བྱས་ཏེ་མིད་དགོས།

2145སྟེང་བརྙན་འཕྲིན་ལ་ལྟ་བ།

སྐབས་འདིར་བརྙན་འཕྲིན་ལ་ལྟ་ཞོར་ངལ་གསོས་ན་གཉིད་ཁུག་རྒྱུར་ཕན་པ་ཡོད།    ཡིན་ཡང་ཉལ་ནས་

བརྙན་འཕྲིན་ལ་བལྟས་ཚེ་གཉིད་ཀྱི་སྤུས་ཀར་ཤུགས་རྐྱེན་ཐེབས་ངེས།

2300སྟེང་ཆུ་ཚན་དེ་ལུས་འཁྲུད་བ།

ཅིས་མའོཧའོ་ཨུནགྱིས་བཤད་རྒྱུར། ལུས་ཀྱི་དྲོད་ཚད་མར་བབས་ན་ལུས་སེམས་ལྷོད་གཡེང་

དང་གཉིད་བདེ་བར་ཕན་པ་ཡོད་ཟེར།

2330སྟེང་ཉལ་བ།

གལ་ཏེ་ཁྱེད་རང་ཞོགས་པའི་ཆུ་ཚོད་7དང་སྐར་30སྟེང་མལ་ལས་ལངས་པ་ཡིན་ན་སྐབས་འདིར་

ཉལ་ཚེ་ཆུ་ཚོད་8ལ་གཉིད་ཁོམ་ཡོད་པས་གཉིད་འདང་བོ་ཞིག་ཐོབ་ངེས།

                                                                                      ༢༠༡༡་ལོའི་ཟླ་༡༠བའི་ཚེས་༢༠ཉིན།

 

lemaoji | རྩོམ་ཡོངས་ཀློག་པ།(1406) | ལན་སློག(11)
སེམས་གཞས།
2011-10-11 16:13:28

སྐྱ་རེངས་ལྷ་མོའི་འཛུམ་མདངས་ངོགས་ནས།།

ཆར་བའི་ཤག་རྒྱུན་བར་མེད་སྒྲོག་དུས།།

འབྲི་དང་བེའུའི་ངུར་སྒྲའི་ཁྲོད་དུ།།

བྲེལ་བའི་མ་ཁྱེད་སྙིང་ནས་དྲན་བྱུང་།།

 

ཕྱོགས་ཀྱི་ལྷུན་པོའི་མུ་ཁྱུའི་རྩེ་རུ།།

ལིང་ལོང་སྨུག་པས་གར་སྟབས་བསྒྱུར་དུས།།

ལྷ་ཤིང་ཤུག་པའི་བསང་དུ་ཀློང་དུ།།

འགྲེངས་པའི་ཕ་ཁྱེད་སྙིང་ནས་དྲན་བྱུང་།།

 

ཟིང་ཟིང་འཁོར་བའི་འདོད་ཡོན་སྣ་ཚོགས།།

རྟག་ཏུ་མེད་པ་ཆོས་ཉིད་ཡིན་ཡང་།།

དྲིན་ཆེན་གཉིས་པོ་ཁམས་བདེ་ཡོང་ན།།

བུ་མོའི་སེམས་ཀྱི་བདེ་སྐྱིད་དེ་ཡིན།།

 

དྲིན་ཆེན་ཕ་ལོའི་ཁོག་གི་སྙིང་ཡིན།།

དྲིན་ཆེན་མ་ལོའི་དཔྲལ་བའི་མིག་ཡིན།།

དེ་འདྲའི་བུ་མོ་ལས་བསོད་ཅན་གྱིས།།

དྲིན་ཆེན་དྲིན་དུ་བསམ་པ་ཡོད་ལགས།།

 

དྲིན་གཟོའི་རྟེན་དུ་རིན་ཆེན་དངོས་པོ།།

ཕུལ་བའི་ནུས་པ་བུ་མོར་མེད་ཀྱང་།།

བུ་མོའི་སེམས་གཞས་དར་དཀར་ཡུག་ཅིག།

དྲིན་ཆེན་ཁྱེད་ཀྱི་སྙན་དུ་བསྒྲོན་ནོ།།

                                 ༢༠༡༡་ལོའི་ཟླ་༡༠བའི་ཚེས་༡༡ཉིན།

lemaoji | རྩོམ་ཡོངས་ཀློག་པ།(1028) | ལན་སློག(4)
གློག་ཀླད་ཀྱིས་མིའི་ལུས་ཁམས་ལ་ཐེབས་པའི་གནོད་པ།
2011-10-3 16:53:41

       སྤྱིར་གློག་ཀླད་ཀྱིས་མིའི་རིགས་ལ་ལས་ཀ་དང་སློབ་སྦྱོང་སོགས་ཕྱོགས་མང་པོར་སྟབས་བདེ་ཆེན་པོ་སྐྲུན་ཡོད་མོད།དེ་དང་མཉམ་དུ་མིའི་ལུས་ཁམས་དང་སྤྱོད་པའི་ཕྱོགས་ལ་ཞོར་སྐྱོན་ཆེན་པོ་ཐེབས་ཀྱི་ཡོད།

   ༡ གློག་ཀླད་ཀྱི་འཆར་ཤེལ་དེར་གློག་ཁབ་ལེན་གྱི་རླབས་ཕྲན་འགྱེད་འཕྲོ་ཡོད་པ་ཡིན། དེ་ཡུན་རིང་བོར་བཀོལ་ཚེ་མིག་ནད་ཁ་ཤས་སློང་གི་ཡོད་པ་མ་ཟད།   མཐེབ་གཞོང་ཡུན་རིང་སྒུལ་ཚེ་དེ་མགྱོགས་མྱུར་དང་

གཅིག་རྐྱང་།   བསྐྱར་ཟློས་ཀྱི་ཉམས་འགྱུར་ཞིག་ཡིན་སྟབས་མཛུབ་མོ་དང་ལག་པར་ཡང་གནོད་ཀྱིན་ཡོད་ལ།ལུས་པོའི་སྡོད་སྟངས་གཅིག་སྲུང་འཛིན་བྱེད་པའི་དུས་ཡུན་ཀྱང་རིང་དྲག་པས་མཇིང་བ་དང་། རྐེད་པ། ཕྲག་པ།  གྲུ་ཚིགས།  མཁྲིག་ཚིགས་བཅས་ཀྱི་ཤ་གྲིམ་དང་རུས་པ་བཅས་ལ་གནོད་ཀྱིན་ཡོད།

  ༢ནམ་རྒྱུན་གློག་ཀླད་ཀྱི་ནུས་ཚད་དམའ་བའི་འཕྲོ་སྐུད་དང་རླབས་དམའི་ཁབ་ལེན་འགྱེད་འཕྲོས་མིའི་དབང་རྩའི་ལྟེ་བ་འཁྲུགས་པར་གཏོང་གི་ཡོད་སྟབས་བརྙན་ཤེལ་ལས་ཁྱབ་འགྱེད་ཡོང་བའི་རླབས་དམའི་འགྱེད་འཕྲོ་དང་ཁབ་ལེན་ར་བས་མིག་ལ་ཟ་འཕྲུག་སློང་བ་དང་།  སྲོག་རྩ་ན་བ། བརྗེད་ངེས་ཆེ་བ།   སྤྲོ་བ་ཐུང་ཞིང་ཡིད་མུག་པ།   བུད་མེད་ཀྱི་ཟླ་མཚན་འཁྲུགས་པ།  སྦྲུམ་མར་མངལ་ཤོར་བ།  སྦྲུམ་བུ་གཟུགས་མི་སྡུག་པར་འགྱུར་ཚད་སོགས་ཧ་ཅང་མཐོ།

    ༣གློག་ཀླད་བཀོལ་བའི་བརྒྱུད་རིམ་ཁྲོད་བློ་རྩེ་གཅིག་ཏུ་སྒྲིམ་པ་དང་མིག་དང་མཛུབ་མོའི་འགུལ་སྐྱོད་ཚད་ལས་ཐལ་བས་སྐྱེ་ལུགས་དང་སེམས་ཁམས་ཀྱི་ཁུར་བོ་ཇེ་ཆེར་གྱུར་བས།   དབང་རྩའི་ནུས་པ་ཉམས་ཞན་དུ་འགྲོ་བ་ཡིན། དེའི་རྟགས་སུ་གཉིད་མི་བདེ་བ་དང་།   རྨི་ལམ་མང་བ། མགོ་ན་བ། ཡིད་མུག་པ།  སེམས་འཚབ་པ། སུན་སྣང་སྐྱེས་བ་སོགས་རྒྱུན་དུ་སེམས་ཁྲལ་ཡིད་ངལ་བྱས་མཐར་ལུས་སེམས་ངལ་དུབ་ཀྱིས་མནར་བ་དང་སྔོན་འགོག་ནུས་པ་མར་ཆགས་ཏེ་ལུས་ཁམས་ཕྱོགས་ཀྱི་ནད་རིགས་སྣ་ཚོགས་ཤིག་སློང་གི་ཡོད་པ་རེད།

  གཞན།  གློག་ཀླད་དང་སྐུལ་འོད་དཔར་ཆས་ལས་བཏོན་པའི་དྲི་ངན་ལ་དུག་འདུས་པས། དྲི་ངན་གྱི་འདུས་ཚད་ཅུང་མཐོ་བའི་གནས་སུ་དུས་ཡུན་རིང་བོར་བསྡད་ཚེ་གློ་བར་ནད་འབྱུང་སླ་བ་ཡིན།

    མདོར་ན།དུས་ཡུན་རིང་བོར་ཚད་བཀག་མེད་པར་དུས་ཚོད་དང་སེམས་ཤུགས་ཡོད་ཚད་བཏོན་ནས་གློག་ཀླད་ལས་གླེང་མོལ་བྱེད་པའམ་བལྟ་ཀློག་བྱས་ཚེ་ཚོར་ལས་དབང་རྩའི་ནུས་པ་ཁག་ཅིག་འཁྲུགས་ཏེ་སེམས་ཤུགས་དང་སྤྲོ་སྣང་ཉམས་པ།    གཉིད་མི་བདེ་བ།ཁམས་འཁྲུགས་པ།ཡི་ག་མེད་པ།  ལུས་ཀྱི་ལྗིད་ཚད་ཆགས་པ།  སྙིང་རུས་མེད་པ ། བློ་རིག་བུལ་བ།  སྤྱི་ཚོགས་ཀྱི་བྱ་འགུལ་སྣ་ཚོགས་ལ་ཞུགས་འདོད་མེད་པ། མི་གཞན་པར་སེམས་ཁུར་མི་བྱེད་པ་དང་དུ་ཆང་ལ་ཞེན་པ་སོགས་སེམས་ཁམས་དང་བྱ་སྤྱོད་རྒྱུན་ལྡན་མིན་པའི་སྣང་ཚུལ་ཚབས་ཆེན་འབྱུང་སྲིད་པ་ཡིན་ནོ།།

                                                                               ༢༠༡༡ལོའི་ཟླ་༡༠བའི་ཚེས་༣ཉིན།

lemaoji | རྩོམ་ཡོངས་ཀློག་པ།(1358) | ལན་སློག(10)
འབྲེལ་ཡོད་ནང་དོན་ 44 ཡོད།<<<12345>>>
 
Powered by Oblog.