མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
གཅན ་རྡོ་བཀྲ
 
 
སེམས་ཁམས་ལོ་ཐོ།
ཟིན་བྲིས་བརྡ་ཁྱབ།

   

 

 

 

 

ཉིན་མོ ་བདེ་ལེགས་མཚན ་བདེ་ལེགས། །  

 ཉིན ་མའི ་གུང་ཡང་བདེ་ལེགས་ཤིང་། །

 ཉིན ་མཚན ་རྟག ་ཏུ ་བདེ་ལེགས་པའི། །     

 དཀོན་མཆོག ་གསུམ ་གྱི་བཀྲ་ཤིས་ཤོག །

དཔྱད་བརྗོད་གསར་བ།
ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
སྐད་གསར་བཞག
འཚོལ་བཤེར།
ཆ་འཕྲིན།
མཛའ་འབྲེལ།
 
 
སློབ་མ་སློབ་བཤོལ་
[ 2012-4-22 16:09:06 | By: jianmenghu ]
 
 

སློབ་མ་སློབ་བཤོལ་བྱས་པའི་རྒྱུ་རྐྱེན་དང་དེའི་སྔོན་འགོག་

  ཐད་ཀྱི་བསམ་གཞིགས་ཐོར་བུ

ཁོར་ཡུག་གི་ཆ་རྐྱེན་ཞན་པའི་རོང་འབྲོག་ཁུལ་གྱི་སློབ་གྲྭ་མང་ཆེ་བར་སློབ་མ་

སློབ་བཤོལ་བྱེད་པའི་གནས་ཚུལ་དུས་རབས་གསར་བའི་ནང་དུའང་བྱུང་དང་

འབྱུང་བཞིན་ཡོད་ལ།      སློབ་མ་དེ་དག་སློབ་བྱོལ་བྱས་པའི་རྒྱུ་རྐྱེན་དང་དེའི་སྔོན་འགོག་

ཐད་ལ་བསམ་གཞིགས་ཀྱི་གཤོག་པ་བརྐྱངས་པའི་རྒོད་པོ་ད་སྔ་མ་མཐོང་པས།             

བྱེའུ་ཆུང་ཞིག་གིས་བསམ་གཞིགས་ཀྱི་རྒུན་བུ་འཐུ་བར་འདོད །

 

  སློབ་གྲྭའི་ཁོར་ཡུག་ལས་བྱུང་བ

 དེ་ནི་རང་དང་སློབ་གྲྭའི་བར་ཐག་རིང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བ།   

ལམ་བར་དུ་བདེ་འཇགས་མིན་པའི་ས་གནས་མང་པོ་ཉིན་བཞིན་བརྒྱུད་དགོས་པ་དང་།   

 སློབ་གྲྭའི་ནང་དུའང་ཚུལ་ལྡན་མིན་པའི་དགེ་རྒན་རེ་འགས་འཕྱ་དམོད་དང་གཅེར་རྡུང་གི་

འོག་ནས་འཚོ་དགོས་རྐྱེན།       རིམ་བཞིན་སློབ་གྲྭར་འགྲོ་འདོད་ཀྱི་ཀུན་སློང་རྣམ་དག་དེ་

དགུན་ཁའི་ཉི་ཟེར་འོག་གི་བ་མོ་བཞིན་དུ་གྱུར།       དེ་ལ་གོང་རིམ་གྱི་འབྲེལ་ཡོད་སྡེ་ཁག་དང་

མི་སྣས་ཕྱོགས་ཞེན་གྱི་བལྟ་བ་སྤངས་ནས་སློབ་གྲྭ་གསར་འཛུགས་གནང་སྐབས་ཁོར་ཡུག་གི་

ཆ་རྐྱེན་ལེགས་ཤིང་ཕྱོགས་གང་ལའང་འགྲིག་པའི་ས་གནས་ཤིག་འདེམ་རྒྱུ་མ་ཟད།       

སློབ་གྲྭའི་ནང་དུའང་སྤུས་ཚད་ཞན་པའི་དགེ་རྒན་རེ་འགར་ཁྲིམས་མཐུན་མིན་པའི་

བྱ་སྤྱོད་དག་གཏན་འགོག་བྱེད་པའི་ལམ་ལུགས་འཛུགས་དགོས་ཤིང་ཆགས་པར་བྱེད་དགོས།

 

༢ ཕ་མའི་རིག་གནས་ཀྱི་ཆུ་ཚད་ལས་བྱུང་བ

སློབ་བཤོལ་བྱས་པའི་སློབ་མ་མང་ཆེ་བའི་ཕ་མ་ནི་རིག་གནས་ཀྱི་བྱང་ཚད་དམའ་ཞིང་

བསམ་བློའི་གོ་རྟོགས་དམན་པ།       རིག་གནས་ཤེས་བྱའི་དགོས་གལ་རང་བཞིན་མ་རྟོགས་པས་

རང་གི་བུ་དང་བུ་མོ་ལ་དུས་རྒྱུན་གྱི་འབྲེལ་འདྲིས་ཁྲོད་རིག་གནས་ཤེས་བྱ་སྦྱང་བའི་དགེ་མཚན་དང་།       

   མ་སྦྱང་བའི་ཉེས་དམིགས་སོགས་ཀྱི་སློབ་གསོ་དང་བསླབ་བྱ་མེད་པར།       གནས་སྐབས་དང་

མིག་ལམ་གྱི་ཁེ་ཕན་ཁོ་ན་བསམ་ནས།       སློབ་མ་སློབ་བཤོལ་བྱས་པའི་གནས་ཚུལ་བྱུང་ན་ཁ་ཏ་

སློབ་གསོ་གཏོང་རྒྱུར་ཕར་ཞོག        ད་རུང་རང་ལ་ལས་ཀ་ཕྲན་ཚགས་བསྒྲུབ་རོགས་བྱེད་ཐུབ་

སྙམ་ནས་དགའ་བའི་ཚོད་དུ་སྣང་།      དེ་ལྟར་བསྒྲུབ་ན་བྱིས་པའི་འབྱུང་འགྱུར་གྱི་འཚོ་བ་

ཤིན་ཏུ་ཉག་ཕྲ་བས་བྱིས་པའི་འབྱུང་འགྱུར་གྱི་འཚོ་བ་ཅི་འདྲ་ཞིག་རོལ་རྒྱུ་ནི་ད་བར་གྱི་

སློབ་བཤོལ་བྱེད་མིན་ལ་རགས་ལས་པས་།       བྱམས་ལྡན་གྱི་ཕ་མ་དག་གིས་བྱིས་པའི་མདུན་ལམ་

ལེགས་པོ་ཞིག་བསྐྲུན་འདོད་ན་ཤེས་བྱའི་གླིང་ནས་སློབ་བཤོལ་བྱེད་དུ་མི་འཇོག་པར་མཁྱེན།

 

  སློབ་མའི་སྐྱེས་སྦྱངས་ཀྱི་ཡོན་ཏན་ལས་བྱུང་བ

སློབ་མ་རེརེའི་སྐྱེས་སྟོབས་ཀྱི་ཤེས་རབ་དང་སྦྱངས་སྟོབས་ཀྱི་ཡོན་ཏན་སོགས་ལ་བར་ཁྱད་ 

ཆེན་པོ་ཡོད་སྲིད་ཅིང་།   སྐྱེས་སྦྱངས་ཀྱི་ཡོན་ཏན་ཅུང་ཞན་པའི་སློབ་མར་མཚོན་ན།   སློབ་གྲྭའི་

ནང་གི་སྦྱང་བྱ་རྣམས་དུས་ཐོག་ཏུ་བསྡུ་ལེན་བྱེད་མ་ཐུབ་པས་།          དགེ་སློབ་གཉིས་ཀྱིས་

འཕྱ་དམོད་དང་ཟུར་ཟའི་ཁྲོད་མགོ་བོ་ཡར་དགྱེ་མ་ཐུབ་ལ།      རང་ལ་ཡིད་ཆེས་བྱེད་པའི་

བསམ་བློའི་འདུ་ཤེས་དེ་གཞི་ནས་ཉམས་སུ་བཅུག        དེ་ལྟར་ཉིན་ཞག་གི་འཁོར་ལོ་དལ་གྱིས་

མདུན་ནས་མདུན་དུ་འཁོར་ནའང་ཁོ་དང་ཁོ་མོ་ནི་ཡར་བསྐྱེད་ཀྱི་གོམ་ཁ་དལ་ཞིང ་།  

སྔར་ལྟར་སྤྲོ་སྣང་གི་ཁོར་ཡུག་དབེན་པའི་གནས་འདི་ནས་མུ་མཐུད་དུ་བརྩེ་སེམས་བྲལ་བའི

སློབ་མའི་ཚོགས་དང་ལྷན་དུ་སྣ་ཚོགས་ཤེས་བྱའི་མེ་ཏོག་འཐུ་འདོད་མ་སྐྱེས་བར་སློབ་བཤོལ་

བྱེད་འདོད་ཀྱི་འདུན་པ་སྐྱེས་པ་རེད།    དེ་ལྟར་གྱུར་དོན་གཙོ་བོ་ནི་མཐར་གཏུགས་ན་དགེ་རྒན་གྱིས་

བཟོས་པའི་ཆེས་ཚབས་ཆེ་བའི་ནག་ཉེས་ཞིག་རེད།    དགེ་རྒན་གྱིས་དུས་རྒྱུན་གྱི་སློབ་གྲྭའི་

སློབ་གསོ་དང་སློབ་ཁང་སློབ་ཁྲིད་ཁྲོད་ནས་སློབ་མ་དེ་དག་ལ་གཞན་ལས་ལྷག་པའི་ཡང་དག་པའི་

བལྟ་ཚུལ་བཟུང་སྟེ།      ཁོ་ཚོར་སྙིང་ཉེ་ཞིང་ཤ་ཚ་བའི་སྒོ་ནས་ཟུར་ཁྲིད་དང་གསབ་ཁྲིད་གང་

གང་མང་བྱེད་པ་དང་།       སློབ་གྲོགས་གཞན་གྱིས་ཟུར་ཟ་དང་འཕྱ་དམོད་ཀྱི་རྣམ་པ་གཏན་འགོག་

བྱས་ནས་སློབ་གྲྭ་ནི་ཤེས་བྱ་སྣ་གཅིག་སྦྱོང་ས་མ་ཡིན་པར་ཀུན་སྤྱོད་དང་ །   ཤེས་རིག   གཟུགས་པོ་སོགས་

ཕྱོགས་ཡོངས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས་ཚུལ་གྱི་སློབ་གསོ་གནད་དུ་ཐིངས་པ་ཞིག་བཏང་ན།  

 སློབ་བཤོལ་བྱེད་པའི་ཉེན་ཁ་དེ་ལས་སྐྱོབ་ནུས་པས་སྣང་མེད་དུ་མ་བཏང་བར་མཐོང་ཆེན་

བྱེད་དགོས་པར་འདོད

 

  སློབ་སྔོན་སློབ་གསོའི་གོ་སྐབས་མ་འཐོབ་པ་ལས་བྱུང་བ།

དེང་སྐབས་ལག་ལེན་དངོས་ལས་ར་སྤྲོད་བྱུང་བ་ནི་སློབ་སྔོན་སློབ་གསོ་མྱང་མ་མྱང་གྱི་ཁྱད་པར་ལས་

རྗེས་ཕྱོགས་ཀྱི་སློབ་སྦྱོང་བྱ་བའི་ཁྲོད་ཀྱི་འབྲས་བུའི་ཁུར་གྱིས་དུད་ཚུལ་ལའང་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད།       ཁོར་ཡུག་དང་ཕྱོགས་གང་ཅིའི་ཐད་ནས་ཅུང་ཟད་དཀའ་ཁེག་དང་རྗེས་ལུས་ཡིན་པའི་སློབ་གྲྭ་ཞིག་ལ་མཚོན་ན་རྒྱུ་རྐྱེན་སྣ་ཚོགས་ཞིག་གིས་སློབ་སྔོན་སློབ་གསོ་བསྒྲུབ་ཐུབ་གྱིན་མི་འདུག       དེས་སློབ་མའི་རྨང་གཞིའི་ཤེས་བྱ་བརྟན་པོ་ཞིག་འདིང་བར་ཤུགས་རྐྱེན་ངན་པ་ཐེབས་པས་།      རྗེས་ཕྱོགས་སློབ་སྦྱོང་གི་གོ་རིམ་ཧྲིལ་བོའི་ཁྲོད་དུ་སློབ་མར་དཀའ་ཁེག་མི་ཉུང་བ་ཤིག་དང་འཕྲད་ནས་སྣ་ཚོགས་ཤེས་བྱའི་ཀློང་དུ་ཉུལ་བའི་བཀག་རྡོ་ཆེན་པོ་ཞིག ་ཏུགྱུར་ནས་མུ་མཐུད་མདུན་སྐྱོད་ཀྱི་གོམ་ཁ་འཁྱོལ་ནས་ཕྱི་བཤོལ་གྱི་ལམ་བུར་ཉུལ་འགོ་བརྩམས།   

 དེའི་ཕྱིར་བྱམས་བརྩེའི་དྲོད་ཀྱིས་འཁྱུད་བའི་ཕ་མས་རང་གི་བུ་དང་བུ་མོ་ལོ་ན་ཕྲ་བའི་དུས་ནས་

སློབ་སྔོན་སློབ་གསོ་མྱང་དུ་བཅུག་ནས་གོང་གི་གནས་ཚུལ་ཏེ།       སློབ་བཤོལ་ལ་འབྲེལ་བ་ཡོད་ཅིང་

དོན་དག་ཆུང་ཆུང་དེ་རང་གིས་བསྒྲུབ་ནུས་པ་ཞིག་ཡིན་རྐྱེན།       དོན་ཆུང་ཞིག་ཏུ་མི་བསམ་པར་

བློ་ཞིབ་མོས་བརྟག་ཏེ་བྱིས་པའི་འགྱུང་འགྱུར་གྱི་འཚོ་བའི་ཆེད་དུ་སློབ་སྔོན་སློབ་གསོ་མྱང་དུ་བཅུག་ན་

སློབ་བཤོལ་བྱེད་པའི་ཆེས་ཚབས་ཆེས་པའི་གནད་དོན་གཅིག་ལས་བཟློག་ཐུབ་པས་སྣང་མེད་དུ་བཏང་ན་

མི་རུང་བ་དང་།     ལྷག་བསམ་ཟེར་བརྒྱས་འཁྱུགས་པའི་དགེ་རྒན་རྣམས་ཀྱིས་ཀྱང་བྱིས་པ་དེ་དག་ལ་

སུན་སྣང་མེད་པར་དུས་རྒྱུན་སྐད་ཆ་གྲལ་དག་ཞིག་དང་།       ཡི་གེ་རན་པ་ཞིག་འཁྲིད་ནས་ལོ་རིམ་དང་པོའི་རྨང་གཞི་ལེགས་པོ་ཞིག་བསྐྲུན་ན་ཆོས་དགེ་བའི་རྩ་བ་དང་རང་ཉིད་ལ་དགེ་རྒན་ཞེས་པའི་མིང་དོན་དང་མཐུན་པར་འདོད་པས་འབད་པར་འོས  །

                                            ༢༠༠༩       

 
རྩོམ་ཡོངས་ཀློག་པ།(177) | ལན་སློག(1)
 
གནད་ཚིག:སློབ་མ་སློབ་བཤོལ་
ནང་འཇུག་བྱས་རྗེས་ ཁྱེད་ཉིད་ཀྱི་ཆ་འཕྲིན་འདིར་འཆར་ངེས།
 
RE:སློབ་མ་སློབ་བཤོལ་
[ 2012-4-23 16:17:21 | By: HUA123 ]
 
 
 
粗体 斜体 下划线 插入引用 插入表情
 
   པར་གཞི་བཟོ་མཁན།:ཁ་ཁ།
 
Powered by Oblog.