མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།

amdotibet

ཟིན་རྩོམ་འོས་སྦྱོར།

homeschool  2011-1-29 16:58:00

འབྱུང་འགྱུར་བོད་ཀྱི་ལམ་སྟོན་གྱི་སྒྲོན་མེ་ཆེན་པོ་རིས་མེད་ཀྱི་དགེ་རྒན་ རྣམ་པ། སྤྱི་འཚོགས་འཚོ་བའི་ཁྲོད་ཉམས་མྱོང་དང་བསླབ་བྱས་ཐུགས་རྒྱུད་ཕྱུར་བུར་གཏམས་པའི་རྒན་རབས་ཤེས་ལྡན་རྣམ་པ། མི་རིགས་ཤིག་ལ་ལྷག་བསམ་རི་ལས་ལྕི་ཞིང་ལ་རྒྱའི་སྙིང་སྟོབས་སེམས་ཁུངས་ནས་འབར་བའི་རྒྱ་ ཆེའི་སློབ་མ་རྣམ་པ།

ངེད་གངས་ལྗོངས་རོགས་སྐྱོར་ཚོགས་པའི་ཚོགས་གཙོ་རྣམ་རྒྱལ་ལགས་ ཀྱིས་ཐུགས་ཁུར་འོག་གངས་ལྗོངས་རོགས་སྐྱོར་ཚོགས་པའི་རང་མོས་བགྲོ་ གླེང་ད་ལྟ་དངོས་སུ་འགོ་ཚུགས་ཡོད། དེ་ཡང་རྟག་པར་རེས་གཟའ་ཉི་མ་ ཉིན་གྱི་ཕྱི་དྲོ་དུས་ཚོད་གསུམ་ནས་ལྔ་བར་འཚོགས་རྒྱུ་ཡིན་པས། ནང་ཆེན་རྫོང་གློག་ཁང་གཞུང་སྣུམ་སྣོན་གསར་པའི་རྒྱབ་ཕྱོགས་གངས་ལྗོངས་རོགས་ སྐྱོར་ཚོགས་པའི་གངས་ལྗོངས་དྭ་དབུལ་ཁྱིམ་སློབ་ཏུ་ཕེབས་ཐུབ་པར་སྙིང་ ནས་ཐུགས་རྗེ་ཆེ་ཞུ། །

ད་ཐེངས་བོད་ཟླ་༡༡པའི་ཚེས་༢༧སྤྱི་ལོ་2011ལོའི་ཟླ་1པོའི་ཚེས་30ཉིན་མཁན་ཨོ་རྒྱན་ཚེ་རིང་ལགས་ཀྱིས་གཙོ་སྐྱོང་དང་འཆད་ཁྲིད་འོག་དགེ་རྒན་གྱིས་སློབ་སྟོན་གནང་ཚུལ་སྐོར་བགྲོ་གླེང་བྱ་རྒྱུ་ཡིན་པས་དེ་ལྟར་ངེས་འཚལ།

ཞེས་གངས་ལྗོངས་རོགས་སྐྱོར་ཚོགས་པ་ནས།

འབྲེལ་གཏུགས་བྱ་ཡུལ།

 

གཞུང་དོན་ཁང་གི་ཁ་པར།  8873040

ལག་འཕྲིན། 18935667399

homeschool  2011-1-25 0:57:00

 

སྤྱི་ལོ་༢༠༡༠ལོའི་སྐབས་སུ་གངས་ལྗོངས་དྭ་དབུལ་ཁྱིམ་སློབ་ཀྱི་རྣམ་པ།

མ་འོངས་སོན་རྩ་གསར་སྐྱེས་སློབ་བུ་རྣམ་པའི་ཕན་ཚུན་མཐུན་འབྲེལ་གྱི་སྣང་བརྙན།

རང་མི་རིགས་ཀྱི་ངོ་བོ་མཚོན་བྱེད་དང་ཆོས་དང་རིག་གཞུང་གི་བརྟེན་གཞི་བོད་ཀྱི་

སྐད་ཡིག་གི་སློབ་ཁྲིད་ལ་ཉན་བཞིན་པའི་རྣམ་པ།

རྒན་སྒྲོལ་མ་ལགས་ཀྱིས་སློབ་ཁྲིད་གནང་བཞིན་པ།

སློབ་ཕྲུག་རྣམ་པས་ཡ་རབས་སྤྱོད་བཟང་དང་གནའ་དེང་གི་ཤེས་རིག་ལ་བརྩོན་བཞིན་པ།

རང་ཉིད་ཀྱི་མདུན་ལམ་དང་སྤྱི་ཚོགས་ཀྱི་ཞབས་ཞུའི་ཆེད་རིག་གནས་སློབ་བཞིན་པ།

འཛིན་གྲྭའི་སློབ་ཕྲུག་ཡོངས་ཀྱིས་དགེ་རྒན་གྱི་སློབ་ཁྲིད་ལེགས་པར་ཉན་པ།

སློབ་ཕྲུག་འགའ་ཞིག་གིས་མཛའ་བརྩེའི་ངང་ལྷན་དུ་ཉིན་གུང་གི་ཟ་མ་ཟ་བའི་རྣམ་པ།

སློབ་ཐུན་གྲོལ་སྐབས་སུ་སློབ་རྭའི་ནང་མཛའ་བརྩེའི་གླེང་མོལ་གནང་བཞིན་པ།

སློབ་རྭའི་ནང་དུ་སློབ་ཕྲུག་རྣམ་པ་ངལ་གསོ་གནང་བཞིན་པ།

སློབ་ཕྲུག་རྣམ་པས་འདྲ་པར་རྒྱག་བཞིན་པའི་རྣམ་པ།

བྱ་བ་ཀུན་གྱི་སྒྲུབ་བྱེད་ལུས་སེམས་བདེ་གནས་ཆེད་ངལ་གསོ་གནང་བཞིན་པའི་རྣམ་པ།

བློ་གསལ་གཞོན་སྐྱེས་སློབ་ཕྲུག་རྣམ་པས་དུས་ཚོད་ལ་དམ་འཛིན་དང་དཀའ་ངལ་ལ་ གདོང་ལེན་གྱིས་ལེགས་ཆ་ལྡན་པའི་གནའ་དེང་གི་ཤེས་རིག་ལ་འབད་བརྩོན་ལྷོད་

མེད་ཀྱིས་སློབ་ཁྲིད་འཚོགས་བཞིན་པའི་རྣམ་པ།

homeschool  2011-1-24 21:29:00

འགན་འཛིན་རྣམ་རྒྱལ་ལགས་ཀྱིས་སློབ་ཕྲུག་རྣམ་པར་བསླབ་བྱ་གནང་བཞིན་པ།

མི་རབས་གསར་པའི་སློབ་ཕྲུག་ཆུང་ཆུང་རྣམ་པས་དགའ་སྤྲོའི་ངང་འདྲ་པར་སྐྱོན་པ།

མཛེས་སྡུག་ལང་ཚོ་སྨིན་བཞིན་པའི་སློབ་ཕྲུག་ཁག་ཅིག་གི་རྣམ་པ།

སློབ་ཁྲིད་ཀྱི་བར་མཚམས་སུ་ངལ་གསོ་གནང་བཞིན་པའི་རྣམ་པ།

དགེ་རྒན་རྣམ་གཉིས་ཀྱིས་ཡིག་ཚད་གྲུབ་འབྲས་གསར་བསྒྲགས་གནང་བཞིན་པ།

སློབ་ཕྲུག་རྣམ་པས་སྲོལ་རྒྱུན་གྱི་རྩེད་མོར་རོལ་བཞིན་པ།

དགའ་དགའ་སྤྲོ་སྤྲོའི་ངང་ནས་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་པའི་རྣམ་པ།

དབྱངས་གསལ་སོ་བཞི་སྦྱོང་བཞིན་པའི་སློབ་ཆུང་རྣམ་པའི་འཛིན་གྲྭའི་རྣམ་པ།

འཚོགས་གཙོ་དང་རྒན་འཇམ་ཆོས་སློབ་ཕྲུག་རྣམ་པ་ལྷན་དུ་བསྐྱོན་པའི་འདྲ་པར།

དགེ་སློབ་རྣམ་པ་ལྷན་དུ་རྫ་མོ་དགོན་དུ་གནས་མཇལ་སོང་པའི་དྲན་རྟེན།

༢༠༠༩ལོར་དགེ་སློབ་རྣམ་པ་ལྷན་དུ་རྫ་མོ་དགོན་དུ་གནས་མཇལ་དུ་སོང་པའི་དྲན་རྟེན།

ཚོགས་གཙོ་མཆོག་གིས་སློབ་ཕྲུག་རྣམས་ལ་དགུན་གོས་གནང་བཞིན་པ།

homeschool  2011-1-24 18:47:00

སྤྱི་ལོ་༢༠༠༨ལོའི་ན་ཆུང་སློབ་ཕྲུག་རྣམ་པའི་དྲན་རྟེན་འདྲ་པར།

སློབ་ཕྲུག་རྣམ་པ་རྩེད་མོའི་རིགས་ལ་རོལ་བཞིན་པའི་རྣམ་པ།

བློ་གསལ་སློབ་ཕྲུག་རྣམས་ཀྱིས་དབྱིན་ཡིག་སློབ་སྦྱོང་བྱེད་བཞིན་པའི་འདྲ་པར།

འདི་ནི་སློབ་གྲྭ་གྲོལ་སྐབས་པོ་ལོའི་རྩེད་མོའི་འགྲན་སྡུར་གནང་བཞིན་སྣང་བརྙན།

ཚོགས་གཙོ་རྣམ་རྒྱལ་དང་དགེ་སློབ་ཁག་ཅིག་གི་འདྲ་པར།

ཚོགས་གཙོ་མཆོག་དང་དགེ་སློབ་རྣམ་པ་སྤྲོ་སིང་དུ་གནས་བསྐོར་དང་ཆོས་མཇལ་

དུ་འགྲོ་བའི་སྐབས་སུ་ལམ་བར་ངལ་གསོ་གནང་བའི་སྐབས་ཀྱི་དྲན་རྟེན་འདྲ་པར།

homeschool  2011-1-24 2:28:00

ཞོགས་པར་སློབ་གྲྭའི་ཞལ་འདོན་གསུང་བཞིན་པ།

སློབ་ཕྲུག་རྣམ་པས་ཞོགས་ཟས་གསོལ་བ།

སློབ་གྲྭའི་ཉལ་ཁང་།

སློབ་ཕྲུག་རྣམ་པས་སྤྲོ་སེམས་རབ་ཏུ་ཁོལ་བའི་ངང་ནས་པར་ལེན་བྱེད་བཞིན་པ།

སློབ་ཕྲུག་རྣམ་པས་རྒྱ་ཡིག་གི་སློབ་ཚན་ལ་ཉན་པ།

homeschool  2011-1-24 1:24:00

སྤྱི་ལོ་ཉིས་སྟོང་དྲུག་ལོའི་སློབ་གྲྭའི་རྣམས་པ།

རྣམ་རྒྱལ་ལགས་ཀྱིས་སློབ་ཁྲིད་དང་སློབ་ཕྲུག་རྣམ་པར་གཟིགས་ཞིབ་གནང་བཞིན་པ།

སློབ་ཕྲུག་རྣམ་པར་དགེ་རྒན་གྱིས་དབྱིན་ཡིག་གི་སློབ་ཁྲིད་གནང་བཞིན་པའི་འདྲ་པར།

འགན་འཛིན་པ་རྣམ་རྒྱལ་མཆོག་གིས་སློབ་ཕྲུག་རྣམ་པར་ལུགས་གཉིས་ཀྱི་བསླབ་བྱ་གནང་བཞིན་པའི་རྣམ་པ།

རེས་གཟའ་ཉི་མའི་ཉིན་སློབ་ཕྲུག་རྣམས་སྤྲོ་གསེང་ལ་རོལ་བའི་རྣམ་པ།

homeschool  2011-1-23 22:42:00

 ནང་ཆེན་རྫོང་དྭ་དབུལ་སློབ་གསོའི་རོགས་སྐྱོར་ཚོགས་པ་དང་ཚོགས་པ་འདིའི་སློབ་གྲྭ་གངས་ལྗོངས་དྭ་དབུལ་ཁྱིམ་སློབ་བཅས་ནི། སྤྱི་ལོ་༢༠༠༦ལོའི་ཟླ་བ་༣པའི་ཚེས་༡༠ཉིན་རྣམ་རྒྱལ་གྱིས་བཙུགས་པ་ཞིག་ཡིན། ཁོང་གིས་ཟོལ་མེད་ཀྱི་ལྷག་བསམ་དང་གཞན་ཕན་གྱི་ཐུགས་ཁུར་ཆེས་བསྐྱེད་ཀྱིས་ཉམས་ཐག་གི་འགྲོ་བ་སྤྱི་དང་བྱེ་བྲག་ཏུ་ཤེས་རིག་སློབ་སྦྱོང་གི་གོ་སྐབས་དང་བྲལ་བའི་དྭ་ཕྲུག་དང་དབུལ་པའི་བུ་ཕྲུག་རྣམས་ལ་ཟས་གོས་དང་། གནས་མལ་ལོངས་སྤྱོད་སོགས་ཕྱོགས་གང་ཐད་ནས་རོགས་སྐྱོར་གནང་པ་ལ་བརྟེན་ནས་ཉམས་ཐག་གི་ཁྱིམ་ཚང་དང་སློབ་ཕྲུག་ཁོང་རྣམ་པའི་ཀུན་སྤྱོད་དང་ཤེས་རིག་ཟས་གོས་གནས་མལ་བཅས་ཀྱི་མཐུན་རྐྱེན་སོགས་སྒོ་ཀུན་ནས་ཡར་རྒྱས་འགྲོ་བཞིན་ཡོད།

Powered by Oblog.