མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།

amdotibet

ཟིན་རྩོམ་འོས་སྦྱོར།

གངས་ལྗོངས་དྭ་དབུལ་ཁྱིམ་སློབ་ཀྱི་ལོ་རྒྱུས་མདོར་བསྡུས།
homeschool  2011-1-23 22:42:00

 ནང་ཆེན་རྫོང་དྭ་དབུལ་སློབ་གསོའི་རོགས་སྐྱོར་ཚོགས་པ་དང་ཚོགས་པ་འདིའི་སློབ་གྲྭ་གངས་ལྗོངས་དྭ་དབུལ་ཁྱིམ་སློབ་བཅས་ནི། སྤྱི་ལོ་༢༠༠༦ལོའི་ཟླ་བ་༣པའི་ཚེས་༡༠ཉིན་རྣམ་རྒྱལ་གྱིས་བཙུགས་པ་ཞིག་ཡིན། ཁོང་གིས་ཟོལ་མེད་ཀྱི་ལྷག་བསམ་དང་གཞན་ཕན་གྱི་ཐུགས་ཁུར་ཆེས་བསྐྱེད་ཀྱིས་ཉམས་ཐག་གི་འགྲོ་བ་སྤྱི་དང་བྱེ་བྲག་ཏུ་ཤེས་རིག་སློབ་སྦྱོང་གི་གོ་སྐབས་དང་བྲལ་བའི་དྭ་ཕྲུག་དང་དབུལ་པའི་བུ་ཕྲུག་རྣམས་ལ་ཟས་གོས་དང་། གནས་མལ་ལོངས་སྤྱོད་སོགས་ཕྱོགས་གང་ཐད་ནས་རོགས་སྐྱོར་གནང་པ་ལ་བརྟེན་ནས་ཉམས་ཐག་གི་ཁྱིམ་ཚང་དང་སློབ་ཕྲུག་ཁོང་རྣམ་པའི་ཀུན་སྤྱོད་དང་ཤེས་རིག་ཟས་གོས་གནས་མལ་བཅས་ཀྱི་མཐུན་རྐྱེན་སོགས་སྒོ་ཀུན་ནས་ཡར་རྒྱས་འགྲོ་བཞིན་ཡོད།

Re:གངས་ལྗོངས་དྭ་དབུལ་ཁྱིམ་སློབ་ཀྱི་ལོ་རྒྱུས་མདོར་བསྡུས།
སྐུ་མགྲོན་G3Bn16(མགྲོན་པོ།)  2011-2-6 18:11:00
ལྷག་བསམ་གངས་ལས་དཀར་བའི་དགེ་རྒན་དང་རྒན་རབས་རྩིས་བསྐུར་ཅན་གྱི་སློབ་ཕྲུག་བཅས་ཡོངས་ལ་མཚམས་འདྲ་བཀྲ་ཤིས་བདེ་ལེགས་དང་མི་རིགས་དང་རིག་གཞུང་རྒྱུན་འཛིན་དང་གོང་འཕེལ་བཏང་བར་ངས་རྗེས་སུ་ཡི་རང་དང་སླར་ཡང་མུ་འཐུད་གནོངས་བའི་སྨོན་འདུན་ཞུ། བཙན་གཟའི་བུ་ཆུང་ནས།
RE:གངས་ལྗོངས་དྭ་དབུལ་ཁྱིམ་སློབ་ཀྱི་ལོ་རྒྱུས་མདོར་བསྡུས།
longzhi  2012-4-21 16:38:50
སློབ་གསོ་པ་རྒན་རྣམ་རྒྱལ་ལགས་ཀྱི་ཐུགས་སྨོན་ཅི་བསམ་དུ་འགྲུབ་པ་དང་ལྷག་པར་བོད་པའི་སློབ་གསོའི་ལས་དོན་ལ་ཐུགས་ཁུར་འདི་ལྟ་བུ་གནང་བཞིན་པ་ལ་སྙིང་ཐག་པ་ནས་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ནམ་ཡང་ཡོད།།     སོ་ནག་པས།།
粗体 斜体 下划线 插入引用 插入表情
Powered by Oblog.