སྙན་ངག་ཐ་ཐོར།བརྩེ་བ་ཤབ་ཤུབ། >སྲིན་པོ (བལྟ་ཀློག་གྲངས།:139)
སྤེལ་བའི་དུས་2018-10-7 14:43:45

                   སྲིན་པོ།

         ཨ.  བཀྲ་ཤིས་དོན་འགྲུབ

 གོ་ཐོས་སུ་རུ་ཡོང་ཞིག་གི་ངག་རྒྱུན་དུ་ཡོད།

དོན་དངོས་སུ་དེ་ལྟར་ཡིན་པ་འདྲ།

རུ་ཡོང་ཚང་ཕྱུག་པོར་བཏང་བའི་དན་རྟགས་ལས་གོ་ཡོང་། 

གོ་ཐོས་སུ་བུ་དགུ་འཁྲུངས་པའི་ལོ་རྒྱུས་གླེགས་བམ་དུ་ཡོད།

དོན་དངོས་སུ་དེ་ལྟར་ཡིན་པ་འདྲ།

མི་མིང་ས་ལ་ཐོགས་པའི་དན་རྟགས་ལས་རྟོགས་ཡོང་། 

ཅི་བདེར་རོལ་པའི་དན་རྟགས་ལས་ཤེས་ཡོང་།

གཞིས་བདག(yang3)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情