ཟིན་ཚོམས་ཆ་འཕྲིན།
  • ཟིན་ཚོམས་མིང་།:ཁྲ་ཁྲ
ཟིན་ཚོམས་མཚམས་སྦྱོར།:

ཟིན་ཚོམས་སུ་ཕེབས་ཤོག།

  • བསྐྲུན་མཁན།:ladeshensui
  • བསྐྲུན་དུས།:2014-6-19 23:42:42
  • ཁོངས་མི་བསྡོམས་གྲངས།:2
  • བརྗོད་གཞི་བསྡོམས་གྲངས།:9
  • ལན་སློག་བསྡོམས་གྲངས།:3
ཁྲ་ཁྲ >མི་བཞི་གླེང་བ། (བལྟ་ཀློག་གྲངས།:2452)
སྤེལ་བའི་དུས་2016-3-13 23:04:33

                        མི་བཞི་གླེང་བ།

 

              ༼གླང་དར་མ༽

ལྟོ་འདུན་པ་ཁྲི་ཕྲག་མང་པོ་གཉའ་ནས་བཅག་མཐར།
དཔལ་རྡོར་ཁྲོས་བའི་གླེན་མདའ་ཡིས་བསད་སོང་།
དེ་དུས་ནས་བཟུང་།
མགོར་རྭ་ཡོད་ཚུལ་དང་བདུད་རྒྱལ་ཡིན་ལུགས་ཀྱི་འདྲེ་སྒྲུང་རིང་མོ་ཞིག།
ས་ཡིས་བཤད།གནམ་གྱིས་ཀྱང་གླེང་།

ཆོས་ལུགས་པའི་འགལ་ཟླ་ཞིག་ཡིན་ཡང་སྲིད།
ཕྱོགས་ཞེན་གྱི་ལྟ་བ་ཞིག་རེད་ཀྱང་ཟེར།
གང་ལྟར་ཡང་།བོན་རིག་པ་ལས།
གྲུབ་མཐའ་རིས་མེད་ཞིག་དང་།
རིག་པ་གསར་བ་ཞིག་དང་།
བདེན་དོན་ངོ་མ་ཞིག་གི་ཆེད་དུ་འཆི་སོང་ཟེར།
ད་དུང་ཁྲིམས་ལུགས་པ་ཞིག་ཀྱང་ཡིན་ནོ་གླེང་།

བྲང་ལ་མདའ་མོ་འཕོགས་རྗེས།
ང་འཆི་སྔ་སོང་ཟེར།

བཙན་པོ་འདིའི་མིང་ལ་གླང་དར་ཟེར།
གླང་དར་མ་འདྲེ་རུ་གྱུར་བ་ནས།
རིག་པ་ཡང་ཉམས་སོང་།
ལྷ་ལུང་གིས་ལྷ་བ་དང་མོ་བ་བོས་པས།
འཇིག་རྟེན་འདིར་ལྷ་བ་དང་མོ་བས་ཁེངས།

 
              ༼དགེ་འདུན་ཆོས་འཕེལ༽


དུས་རབས་ནས་དཀྱོགས་མཚམས་ཞིག་ནས།
བུ་སྐྱེས་དྲགས་སོང་།
ཁྱིམ་ལ་མ་ཤོང་བའི་དཔེ་ཆོས་མང་པོ་བྲིས་ཏེ།
གནམ་ས་ལ་ཀ་བ་བཙུགས།
རིག་པ་ཡི་ཆེད་དུ་རང་ལུས་དུམ་བུར་བཅད་ཀྱང་དཔའ་མ་ཞུམ།
ལོ་རྒྱུས་པ།ཚན་རིག་པ།འདོད་སྤྱོད་པ།ཆོས་ལུགས་པ།
ད་དུང་ལོ་ཙཱ་བའི་ཆོ་ལོ་ཡང་གནང་སོང་།
འཇིག་རྟེན་ཆུང་ཆུང་འདི་ན།
ཁྱེད་ལས་ལྷག་པ་ཞིག་ཡོད་མི་སྲིད།
ཁྱོད་མཁས་པ་ངོ་མ་ཞིག་ཡིན་སྲིད།
ངས་ཀྱང་ཆོ་ལོ་ཞིག་གནམ་ལ་བཏེགས་ནས་ཁྱོད་ལ་འབུལ།
དེ་ནི་མཁས་པ་སྨྱོན་པ་ཞིག་དང་།རིག་པ་ལྷག་མ་ཞིག།ལྟ་བ་གསར་བ་ཞིག་ཀྱང་ཡིན་ངེས།

ད་ལྟ།ཁྱེད་ལུས་ཐོར་ནས་རྡུལ་དུ་སོང་།
གནམ་བདག་མོའི་མངའ་འོག་དང་།
ས་ཆེན་པོའི་ཡང་སྟེང་ན།
ཁྱོད་ད་དུང་གསོན་བཞིན་ཡོད།
མཛད་རྗེས་དག་ཀྱང་བསྣུབས་མི་སྲིད།

        
              ༼རང་གྲོལ༽


རིག་པ་གསར་བ་ཞིག་དང་།
གསར་གཏོད་གསར་བ་ཞིག།
ལྟ་བ་གསར་བ་ཞིག།
ལམ་ཁ་གསར་བ་ཞིག་གནང་རྗེས།
མི་ཡུལ་དང་རིང་དུ་གྱེས་སོང་ཟེར།


སྙན་ངག་པ།ལོ་རྒྱུས་པ།བསམ་བློ་པ།གསར་གཏོད་པའང་ཡིན།
འོན་ཏེ།སྐུ་ཉིད་ཆས་སྔ་དྲགས་སོང་།
མི་ལོ་སུམ་ཅུའི་ཡང་སྟེང་ནས།
ས་ཆེན་པོ་དང་ཁ་བྲལ་ནས་སོང་།

ད་ལྟ་གནམ་གོར་མོའི་གཤམ་འོག་ན།
ལང་ཚོ་རྦབ་ཆུ་ལ་ཉམས་པ་མེད་ལ།
ད་ལྟ་ས་ཆེན་པོའི་ཡང་སྟེང་དུ།
སྙིང་གསོན་པོ་དེ་ཡང་དྲག་ཏུ་ལྡིང་བཞིན་འདུག།

ཁྱོད་ཀྱི་འབྲོང་སྟག་ཐང་གི་ལས་འགན་ལྕི་མོ་དེ་སུ་ཞིག་ལ་སྤྲད་ཡོད།

སད་ཀྱིས་བཅོམ་པའི་མེ་ཏོག་དང་།
རྐང་ལམ་ཕྲ་མོའི་གཞི་མདོར་འཚོ་བའི་གནའ་མི་རྒན་པ་དག་གིས།
དུས་ཐུང་གི་གསར་གཏོད་ཀྱི་ལོ་རྒྱུས་གླེང་གིན།
སྐྱེས་ཆེན་ཁྱོད་བཞུད་སྔ་སོང་ཟེར།
ཁྱོད་བཞུད་སྔ་སོང་བས།
གངས་དཀར་པོ་སྤྱན་ཆབ་ཤོར།


              ༼ལྕགས་ཐར་རྒྱལ༽


ཁོྱད་ལ་བསམ་བློ་གསར་བ་ཞིག་ཡོད།
ཁྱོད་ལ་ལྟ་བ་ཡང་དག་ཅིག་ཀྱང་ཡོད།
གནའ་ནས་ད།ད་ནས་མ་འོང་བ་ཡང་།
ཁྱོད་ལས་ལྷག་པ་ཞིག་འབྱུང་མི་སྲིད།
ཁྱེད་ཀྱིས་སློབ་དཔོན་ཐོན་མི་ཡི་བསམ་བློ་ངོ་མ་ཁྱེར་ནས།
འཇིག་རྟེན་མི་ཡི་གཉེན་སྲོལ་གླེང་།
ཡི་གེའི་སྲོག་གི་རྩ་བ་བཤད།

གལ་སྲིད་ཐོན་མི་བཞུགས་སྲིད་ན།
སུམ་རྟགས་ཀྱི་ཆོ་ལོ་ཁྱོད་ལ་གནང་ངེས།
གལ་སྲིད་སུམ་རྟགས་སོགས་མཁོ་བའི་བསྟན་བཅོས་བརྒྱད་ཉམས་མེད་ན།
ཁྱེད་ལ་ལུང་རིག་གི་ཚད་མ་ཡོད་ངེས་ཡིན།
གཉེན་གྱི་སྡེབས་ལུགས་ནང་ལྟར་ཡི་གེའི་ཕོ་མོའི་དབྱེ་ཚུལ་ལ་ཡང་བདེན་ཁ་སྟེར་ངེས།

ང་ནི་ཁྱེད་ལ་གསལ་ཆ་མེད་ནའང་།
ཁྱོད་ཀྱི་ཡང་དག་པའི་ལྟ་བ་ལ་ཡིད་སྨོན་ཤོར་མྱོང་།
བོད་ཡིག་བོད་མིའི་ཡུལ་སྲོལ་ལས་བྱུང་ཚུལ་ལབ་པ་དེར་ཡང་ཧ་ཅང་འཐད།





གཞིས་བདག(ladeshensui)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情