དོ་དམ་པའི་ཆ་འཕྲིན།
དོ་དམ་པའི་ཆ་འཕྲིན།
གསེར་ཁབ། >ལྷ་སའི་ནག་མ་ཁང་གི་ཟིན་ཐོ་སྣ་རིང་མ། (བལྟ་ཀློག་གྲངས།:1800)
སྤེལ་བའི་དུས་2016-2-26 13:44:50

               

                     ནག་མ་ཁང་གི་ཟིན་ཐོ་སྣ་རིང་མ།

                                                གསེར་ཁབ། ༼ལྷ་ས།༽

     མཚན་མོ་དེར་ང་གྲོགས་པོའི་རེ་བ་ལྟར། ང་ལྷ་སའི་ནག་མ་ཁང་དུ་སླེབས་ཡོད། ངའི་ཉེ་ཁོར་གྱི་མི་བུ་དག་གིས་ད་གཟོད་འདོད་གཞས་སྐྱུར་སིལ་སིལ་ཞིག་བླངས་བྱུང་། སེམས་པ་བདེ་དྲགས་པས་ཡིན་ནམ།  ཡང་ན་སྡུག་བསྔལ་ཆེ་དྲགས་པས་ཡིན། སྦི་རག་གི་ཚོན་མདོག་རིམ་བཞིན་འགྱུར་སོང་། ཨ་མའི་ཨོ་ལོའི་གདོང་པ་ཤེལ་ཕོར་ནང་ལྕེབས་འདུག ངས་ཁས་ལེན་ཐུབ་པ་ནི་ནམ་མཁའི་ཁ་ཕྱོཊ་མིན། མུན་ནག་འོག་ལྷུང་གཟེད་ཐོགས་པའི་བོད་ཀྱི་གཞོན་ནུ་རྣམས་ཀྱི་ལང་ཚོའི་ཁ་ཕྱོགས་ཡིན།  

       ཝེ།  བཀྲ་ཤིས་བདེ་ལེགས། དུས་ཚོད་རིང་པོ་ངོ་ཐུག་མ་བྱུང་།    བར་ཐག་ཇི་ཙམ་རིང་ཡང་ནམ་མཁའ་སྔོན་པོ་མཐོང་རྒྱུ་ཡོད་པ་འདྲ།  ཧ་ཧ།   བདེ་ལེགས་ཡིན།     ཉེ་ལམ་བདེ་ཅོག་ཅོག་གི་ལོ་ཟླར་ཁྱེད་རང་ཡང་བདེ་ལེགས་ཡིན་གྱི་རེད།ཡིན་ཡིན། རང་ཤ་སྐམ་པོ་ཆགས་འདུག ལས་ཀར་དཀའ་ངལ་འདུག་གམ་ཡང་ན་གང་བྱས་པ་རེད། སྐུ་ཞབས་ལགས། ང་ནི་བཟས་ནས་སྐམ་པ་ཡིན།    ལས་ཀར་དཀའ་ངལ་མི་འདུག ཁྱེད་རང་སྐྱིད་ཅིང་རྒྱགས་པ་ཞིག་བྱུང་ཡོད་ཚོད་རེད།   གང་འདྲ་འདུག    མི་ཚེ་འདིར་སོ་སོས་སྐྱིད་པོས་མ་བྱས་ན་བདེ་སྐྱིད་ཡོད་མ་རེད། ལྟོས་དང་།   ངའི་འགྲམ་གྱི་གཞོན་ནུ་འདི་ཚོ་དོ་ནུབ་མིན་ན་སང་ནུབ་གང་ལྟར་ཉིན་མཚན་ལྟོས་མེད་ཀྱིས་སྐྱིད་སྐྱིད་རང་བཏང་ནས་འདུག་གི་ཡོད། ཡག་པོ་རེད། མངོན་པར་བསྟོད། ཡ་ཡ། གྲོགས་པོ། སྐྱིད་པོར་འདུག་རོགས། ཁྱེད་རང་ཚོ་དངོས་གནས་བསོད་ནམས་རེད།    ཧ་ཧ། འཐུང་དང་།    ལྷ་སའི་སྦི་རག་འཐུང་གིན། ང་ཚོ་མཉམ་དུ་གཡས་ལྟ་གཡོན་ལྟ་བྱེད།   ལྟོས་དང་།   ང་ཚོའི་རྒྱབ་མདུན་གཡས་གཡོན་གང་སར་རྒྱ་རིགས་དང་ཧུའུ་རིགས་ད་དུང་ཕྱི་གླིང་པའི་ཡུལ་བསྐོར་བ་དག་ཅིག་ཀྱང་ཕེབས་མེད་པ་འདྲ་ཞེས་ཆོབ་དང་སྦྲགས་བཤད་པ་ཡིན། རྒྱ་རིགས་དང་ཧུའུ་རིགས་ཚོས་སྐྱིད་པོ་བྱེད་ཤེས་ཀྱི་མ་རེད།  ཁོ་ཚོ་མི་ཚེ་འདིར་དཀའ་ལས་རང་རྒྱབ་སྟེ་འདུག་པ་ལས་གཞན་གང་ཡང་བྱེད་མི་ཤེས་ཅེས་སྨྲ་བཞིན་ངའི་གཏེར་ཆུ་ཡར་བཀྱག་སྟེ་ཁྱེད་རང་ཡང་ཁོ་ཚོ་དང་གཅིག་པ་གཅིག་རྐྱང་རེད། ནག་མ་ལྷ་ཡུལ་འདྲ་བའི་གནས་འདིར་རང་མ་གཏོགས་ཆུ་འཐུང་མཁན་ཨེ་ཡོད། རེད་རེད། ཧ་ཧ། གྲོགས་པོ། སྐད་ཆ་སྙན་པོ་བྱུང་། མུ་མཐུད་ཡིན་གདའ། ཕྱི་གླིང་དེ་ཚོས་དཔར་རང་པར་བརྒྱབ་སྟེ། ཡར་རྒྱུགས་མར་རྒྱུགས་བྱས་ནས་འདུག་པ་ལས་དེང་རབས་

བོད་གངས་ཅན་གྱི་གཞོན་ནུ་རྣམས་ལ་མིག་དཔེ་བལྟས་ན་དགའ། ཧ་ཧ།

         གྲོགས་པོ་ཅུང་བཟི་སོང་།  སྒོར་བྲོ་འཁྲབ་པར་འགྲོ་གི་ཡིན་ཟེར། སྡིངས་ཆ་འདི། དུས་རབས་གསར་བའི་བོད་གངས་ཅན་གྱི་གཞོན་ནུ་རྣམས་ཀྱི་འདོད་པའི་ལེའུ་བརྩམས་སའི་གར་སྟེགས་རེད།   རང་ལ་རྒྱུ་དང་དཔལ་འབྱོར་ཡོད་ན།ནག་མ་ཁང་དུ་སློབ་ཆེན་གྱི་གཞོན་ནུ་མ་དང་མཐོ་འབྲིང་གི་རྫབ་ཅན་ད་དུང་ཕྲུ་གུའི་ཨ་མ་སོགས་གང་འདོད་དུ་བེད་སྤྱོད་བྱེད་ཆོག་པས། ཁྱེད་རང་ཐེ་ཚོམ་དང་ཉམས་ཆུང་མི་དགོས། ཤོག ངས་འཁྲབ་མི་ཤེས། དེ་ལས་ཁྱེད་རང་བྲོ་བརྡུང་བར་ཕེབས་གནང་། ཡ་ཡ། ང་འགྲོ་གི་ཡིན། ངས་གར་སྟེགས་འགྲམ་དུ་ཀྲོང་ངེར་འགྲེང་སྟེ། ཧ་ཅང་ལྷོད་པའི་སྒོ་ནས་ཞིབ་ལྟ་ཞིག་བྱས་པས། གནས་འདི་ན་དེང་རབས་ཀྱི་མིས་དེང་རབས་ཀྱི་གླུ་གཞས་ཁོ་ན་གཏོང་གིན་འདུག ནག་མ་ཁང་དེའི་ཁྱད་ཆོས་ཤིག་ལ་སྐུ་མགྲོན་ཚོར་ཡག་བཙོག་དང་ཆེ་ཆུང་དགར་གྱི་མི་འདུག    ཕལ་ཆེར་མགྲོན་པོ་ཚང་མ་སྐྱིད་པོ་ཡོད་ཚོད་འདུག  སྒོར་བྲོ་འཁྲབ་ཟིན། གྲོགས་པོ་སླེབས་བྱུང་། བཟི་ཐོམ་ཐོམ་ངང་ངའི་ལག་པ་ནས་འཇུས་ཏེ། ཧ་ཅང་གཟབ་ནན་གྱིས་དེ་ལྟར་བཤད་བྱུང་།  གྲོགས་པོ། ནག་མ་ཁང་ལས་ད་དུང་སྐྱིད་པའི་ས་ཆ་མང་པོ་ཡོད། ཁྱེད་རང་ལྐུགས་པ་རང་རེད། དཔེར་ན། དེང་སྐབས་ཨར་ཁང་དང་སྦག་ཁང་དེ་བཞིན་འདོད་རྩེད་ཁང་སོགས་ཧ་ཅང་མང་པོ་ཡོད།      ཁྱེད་རང་སང་དགོང་འགྲོའམ།  ཡ་ཡ། དེ་ལྟར་ཡིན། ཧ་ཧ། གྲོགས་པོ། སང་ཉིན་དགོང་དྲོ་ཨར་ཁང་འཛོམས་ཡོང་། དོ་ནུབ་ཕྱི་པོ་ཆགས་འདུག་ང་སྔོན་ལ་ཁྱིམ་དུ་ལོག་རྒྱུ་ཡིན། ཡ་ཡ། སང་དགོང་ཨར་ཁང་ནང་མཇལ་ཡོང་།  

 

    ནང་མ་ཁང་།   དེང་སྐབས་༼ ནང་༽དེའི་རྗེས་འཇུག་ང་དེ་ག་རུ་བསྒྱུར་ན་ཡག་པོ་ཡོད་ཚོད་འདུག

                                                                        མུ་འགོད་བྱ་རྒྱུ་ཡིན།

གཞིས་བདག(qigayixi)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情