དོ་དམ་པའི་ཆ་འཕྲིན།
སྙན་ངག་པའི་འདུ་འཛོམས་ཁང་། >གནའ་རྩོམ༼སྙན་ངག་མེ་ལོང་མ།༽སྦྱོང་བ། (བལྟ་ཀློག་གྲངས།:99)
སྤེལ་བའི་དུས་2018-9-19 17:27:12

གནའ་རྩོམ༼སྙན་ངག་མེ་ལོང་མ།༽སྦྱོང་བ།

 

མི་ངན་སྡིག་པ་ཅན་གྱི་ཚོགས།།

བྱམས་བྲལ་སྲིན་འབུར་ཡང་དག་མཚུངས།།

གཞན་རྣམས་སྡུག་ལ་འབྱོར་བ་ཡང་།།

ཆེམ་ཆེམ་མི་ཤ་བཟའ་དང་མཚུངས།།

 

མཐོན་པོར་བཞུགས་པའི་དབུ་ཁྲིད་ཀྱིས།།

གཞན་སེམས་མི་རྟོགས་འཚེ་བ་བཞིན།།

ཟླ་བྲལ་ཀློང་གི་གཡང་གཟར་དུ།།

རྔུལ་ཆུ་ཤམ་ཤམ་རྒྱུ་བའི་མིའུ།།

 

ཡིད་འོང་བདག་གི་དགའ་མའི་གསུང་།།

ངག་དབང་དབྱངས་ཅན་ལྷ་མོ་བཞིན།།

ཚངས་སྲས་བུ་མོའི་མགྲིན་གླུ་ལྟར།།

བདག་གི་མཛའ་མོའི་སྐད་འདི་སྙན།།

 

ངག་དབང་ཚངས་སྲས་ལྷ་མོ་ཡི།།

ཞལ་རས་དཀར་བཞིན་གསལ་བ་འདི།།

ཆ་རྫོགས་ཟླ་བ་ཤར་བ་ཡི།།

དཔེར་བཀོད་གཞན་ནི་ཡོད་པ་མིན།།

གཞིས་བདག(drqdcr)
སྦྱར་ལན་སློག་པ།
粗体 斜体 下划线 插入引用 插入表情