མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
     
 

ཨ་རིག་དགེ་མཐོང་ཚང་།

 
     
 
      ཟིན་བྲིས་བརྡ་ཁྱབ།


རང་ལ་བརྟགས་དགོས།

གཞན་ལ་བསྟུན་དགོས།

QQ  1182013136

གློག་སྒམ་ཡིག་ཟམ།

arikgethong@yahoo.in

arikgethong@gmail.com

      སེམས་ཁམས་ལོ་ཐོ།
      ཆེད་དོན་རིགས་དབྱེ།
      དཔྱད་བརྗོད་གསར་བ།
      ཟིན་ཐོ་གསར་བ།
      སྐད་གསར་བཞག
      འཚོལ་བཤེར།

 

      ནང་འཇུག
      མཛའ་འབྲེལ།
      ཟིན་བྲིས་ཆ་འཕྲིན།
 
 
   
 
 
སྒྲོལ་མ་སྐྱབས་ལ་སྤྲིངས་པ།
[ 2013-11-2 11:57:07 | By: gethong ]
 
སྒྲོལ་མ་སྐྱབས་ལ་སྤྲིངས་པ།
 
 
 
༼སེང་རྡོར་གྱི་ལེགས་ཆ་གླེང་ན།
[ 2013-10-31 22:40:03 | By: gethong ]
 
འདི་རིག་ན་མི་དགའ་ནི་མང་ན་ཐང་།
 
 
 
གལ་གནད་ཆེ་བའི་དྲྭ་རྒྱ་གསར་ཐོན།
[ 2013-10-30 15:37:27 | By: gethong ]
 
གལ་གནད་ཆེ་བའི་དྲྭ་རྒྱ་གསར་ཐོན།
 
 
 
དྲན་སྣང་དགུ་བརྩེགས་མ།
[ 2013-10-30 0:35:24 | By: gethong ]
 
དྲན་སྣང་དགུ་བརྩེགས་མ།
 
 
 
སྙན་དེབ་གཉིས་ཀྱི་སྔོན་གླེང་དུ་བྲིས་པ།
[ 2013-10-27 23:26:03 | By: gethong ]
 
སྙན་དེབ་གཉིས་ཀྱི་སྔོན་གླེང་དུ་བྲིས་པ།
 
 
 
ཁ་སང་ངས་རྐུན་མ་བཟུང་ཡིན།
[ 2013-10-26 0:52:40 | By: gethong ]
 
ཁ་སང་ངས་རྐུན་མ་བཟུང་ཡིན།
 
 
 
མཛའ་གྲོགས་ཟེར་ན་འདི་ལྟར་གླེང་ཆོག་གམ།
[ 2013-10-21 15:35:48 | By: gethong ]
 
མཛའ་གྲོགས་ཟེར་ན་འདི་ལྟར་གླེང་ཆོག་གམ།
 
 
 
གྱེས་ཁའི་ཇ་མངར་མོ།
[ 2013-10-19 20:02:52 | By: gethong ]
 
གྱེས་ཁའི་ཇ་མངར་མོ།
 
 
 
སླར་ཡང་ཟིན་བྲིས་སུ་ཡོང་དོན།
[ 2013-10-18 3:28:04 | By: gethong ]
 
སླར་ཡང་ཟིན་བྲིས་སུ་ཡོང་དོན།
 
 
 
རྩོམ་པ་མོ་མཚོ་ལ་བཅར་འདྲི།
[ 2013-6-20 11:01:55 | By: gethong ]
 
རྩོམ་པ་མོ་མཚོ་ལ་བཅར་འདྲི།
 
 
 
བོད་ཀྱི་རྩོམ་པ་མོ་ཞིག་གི་སྐྱོ་གར།
[ 2013-6-14 0:28:21 | By: gethong ]
 
བོད་ཀྱི་རྩོམ་པ་མོ་ཞིག་གི་སྐྱོ་གར།
 
 
 
རབ་གསལ་གྱི་དྲག་རྩལ།༼རྒད་པོ་དང་རྒྱ་མཚོ༽བཀླགས་བྱང་།
[ 2013-5-8 19:23:07 | By: gethong ]
 
རབ་གསལ་གྱི་དྲག་རྩལ།༼རྒད་པོ་དང་རྒྱ་མཚོ༽བཀླགས་བྱང་།
 
 
 
རྗེས་དྲན་ཕྱག་གཉིས་མ།
[ 2013-4-16 21:11:12 | By: gethong ]
 
རྗེས་དྲན་ཕྱག་གཉིས་མ།
 
 
 
རྩོམ་རྐུ་མཁན་ཇེ་མང་རེད།
[ 2013-4-7 19:33:27 | By: gethong ]
 
རྩོམ་རྐུ་མཁན་ཇེ་མང་རེད།
 
 
 
སྐད་འཕྲིན་དང་དཀའ་ངལ།
[ 2013-3-31 12:52:40 | By: gethong ]
 
སྐད་འཕྲིན་དང་དཀའ་ངལ།
 
 
 
རྩོམ་རིག་དགའ་ཚལ་གླིང་དུ་སྤྲིངས་པ།
[ 2013-2-15 18:02:42 | By: gethong ]
 
རྩོམ་རིག་དགའ་ཚལ་གླིང་དུ་སྤྲིངས་པ།
 
 
 
དེ་རིང་ཁ་བརྡ་འདི་འདྲ་བྱས།
[ 2013-2-5 19:39:24 | By: gethong ]
 
དེ་རིང་ཁ་བརྡ་འདི་འདྲ་བྱས།
 
 
 
ཝཱར་ཎའི་དཔེ་མཛོད་ཁང་ངོ་སྤྲོད།
[ 2013-1-29 8:59:01 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
ཨ་ཕས་གནང་བའི་སློབ་སྦྱོང་གི་ཐབས་ལམ། 3-4།
[ 2013-1-28 9:04:15 | By: gethong ]
 
ཨ་ཕས་གནང་བའི་སློབ་སྦྱོང་གི་ཐབས་ལམ། 3-4།
 
 
 
ཨ་ཕས་གནང་བའི་སློབ་སྦྱོང་གི་ཐབས་ལམ།
[ 2013-1-25 12:33:44 | By: gethong ]
 
ཨ་ཕས་གནང་བའི་སློབ་སྦྱོང་གི་ཐབས་ལམ།
 
 
 
རྩྭ་ཐང་གི་སྐྱག་པ།
[ 2013-1-7 8:51:29 | By: gethong ]
 
རྩྭ་ཐང་གི་སྐྱག་པ།
 
 
 
རང་གིས་རང་ཉིད་གླེང་བ།
[ 2013-1-2 9:13:50 | By: gethong ]
 
རང་གིས་རང་ཉིད་གླེང་བ།
 
 
 
བྱིས་པའི་མྱིག་ནང་གི་ཚེར་མ་འདི་རེད།
[ 2012-12-26 16:01:16 | By: gethong ]
 
བྱིས་པའི་མྱིག་ནང་གི་ཚེར་མ་འདི་རེད།
 
 
 
རྒྱང་རིང་ནས་རྒྱ་བླ་གླེང་བ།
[ 2012-12-19 11:53:48 | By: gethong ]
 
རྒྱང་རིང་ནས་རྒྱ་བླ་གླེང་བ།
 
 
 
བོང་རྫི་གཡའ་སེལ་མེ་ལོང་།
[ 2012-12-3 10:59:12 | By: gethong ]
 
བོང་རྫི་གཡའ་སེལ་མེ་ལོང་།
 
 
 
རིང་བསྲེལ་མཇལ་ཁའི་སྐོར། པར་རིས།
[ 2012-11-30 13:24:23 | By: gethong ]
 
རིང་བསྲེལ་མཇལ་ཁའི་སྐོར། པར་རིས།
 
 
 
སྒོམ་སྡེ་ལྷ་རམས་པ་དང་ལྷན་དུ།
[ 2012-11-28 13:53:17 | By: gethong ]
 
སྒོམ་སྡེ་ལྷ་རམས་པ་དང་ལྷན་དུ།
 
 
 
བོད་བསྐྱོད་ཟིན་ཐོ། 1
[ 2012-11-22 13:38:04 | By: gethong ]
 
བོད་བསྐྱོད་ཟིན་ཐོ། 1
 
 
 
རྩོམ་པ་པོ་ངོ་སྤྲོད་ལས་འཕྲོས་པའི་ཁ་བརྡ།
[ 2012-11-19 15:51:32 | By: gethong ]
 
རྩོམ་པ་པོ་ངོ་སྤྲོད་ལས་འཕྲོས་པའི་ཁ་བརྡ།
 
 
 
གྲྭ་བཙུན་ཟུང་ལ་སྤྲིངས་པའི་ཀ་ཕྲེང་།
[ 2012-11-15 14:23:14 | By: gethong ]
 
གྲྭ་བཙུན་ཟུང་ལ་སྤྲིངས་པའི་ཀ་ཕྲེང་།
 
 
 
ཀུ་ཤུ་ཁ་པར་ཐོན་ལྔ་བ་དངོས་སུ་ལག་ལ་རག་སོང་།
[ 2012-11-5 13:46:55 | By: gethong ]
 
ཀུ་ཤུ་ཁ་པར་ཐོན་ལྔ་བ་དངོས་སུ་ལག་ལ་རག་སོང་།
 
 
 
སཱ་ར་ཎཱ་ཐའི་ཟིན་ཐོ། པར་རིས། 2
[ 2012-11-2 11:52:30 | By: gethong ]
 
སཱ་ར་ཎཱ་ཐའི་ཟིན་ཐོ། པར་རིས། 2
 
 
 
ངོ་མཚར་འདོད་དགུ་མ།
[ 2012-11-1 11:50:17 | By: gethong ]
 
ངོ་མཚར་འདོད་དགུ་མ།
 
 
 
དྲིས་ལན་ཟུར་གསུམ་མ།
[ 2012-10-25 14:28:26 | By: gethong ]
 
དྲིས་ལན་ཟུར་གསུམ་མ།
 
 
 
མཱ་ལཱ་ལཱ་སྲོག་ཉེན་ལས་ཐར་འདུག
[ 2012-10-23 11:03:10 | By: gethong ]
 
མཱ་ལཱ་ལཱ་སྲོག་ཉེན་ལས་ཐར་འདུག
 
 
 
སཱ་ར་ཎཱ་ཐའི་ཟིན་ཐོ།
[ 2012-10-17 1:34:26 | By: gethong ]
 
སཱ་ར་ཎཱ་ཐའི་ཟིན་ཐོ།
 
 
 
ངས་གཏམ་འདི་འདྲ་བཤད།
[ 2012-10-16 10:54:27 | By: gethong ]
 
བདག་གི་གཏམ་བཤད་ཅིག
 
 
 
(ཅང་ཤེས་རྨིག་སྒྲ)འི་རྩོམ་བརྡ།
[ 2012-10-5 8:59:14 | By: gethong ]
 
(ཅང་ཤེས་རྨིག་སྒྲ)འི་རྩོམ་བརྡ།
 
 
 
མཚན་མོའི་རང་མོས་བགྲོ་གླེང་ཞིག
[ 2012-10-1 10:47:24 | By: gethong ]
 
མཚན་མོའི་རང་མོས་བགྲོ་གླེང་ཞིག
 
 
 
དགེ་རྒན་དུས་ཆེན་དང་དགེ་མཐོང་གི་འཆར་སྣང་།
[ 2012-9-10 13:36:36 | By: gethong ]
 
དགེ་རྒན་དུས་ཆེན་དང་དགེ་མཐོང་གི་འཆར་སྣང་།
 
 
 
ད་ཐེངས་ང་ལ་དེ་བེད་སྤྱོད་མི་འདུག
[ 2012-9-4 12:07:38 | By: gethong ]
 
ང་ལ་དེ་བེད་སྤྱོད་མི་འདུག
 
 
 
ཕྲན་ཕ་ཡུལ་དུ་སོང་ཤུལ་གྱི་རྙོག་གཏམ།
[ 2012-8-30 11:28:27 | By: gethong ]
 
ཕྲན་ཕ་ཡུལ་དུ་སོང་ཤུལ་གྱི་རྙོག་གཏམ།
 
 
 
ངས་རྫུན་བཤད་པར་འགྱོད་བཤགས་ཞུ།
[ 2012-6-6 20:19:09 | By: gethong ]
 
ངས་རྫུན་བཤད་པར་འགྱོད་བཤགས་ཞུ།
 
 
 
འདི་ཚོ་དགོན་པའི་གད་སྙིགས་རེད།
[ 2012-6-2 14:59:42 | By: gethong ]
 
འདི་ཚོ་དགོན་པའི་གད་སྙིགས་རེད།
 
 
 
གནམ་ཐང་གི་ཚོར་འདུ།
[ 2012-6-1 14:05:08 | By: gethong ]
 
གནམ་ཐང་གི་ཚོར་འདུ།
 
 
 
གངས་འཚོའི་རྐང་རྗེས།
[ 2012-5-28 22:58:42 | By: gethong ]
 
གངས་འཚོ།
 
 
 
སིག་མོང་སྒྲུ་ཧྥུ་རོའི་སྒྲུ།
[ 2012-5-27 2:04:54 | By: gethong ]
 
སིག་མོང་སྒྲུ་ཧྥུ་རོའི་སྒྲུ།
 
 
 
འཐུས་སྒོ་མི་ཚང་བའི་ཤེས་ཡོན།
[ 2012-5-26 1:25:03 | By: gethong ]
 
འཐུས་སྒོ་མི་ཚང་བའི་ཤེས་ཡོན།
 
 
 
རང་རིགས་སྤུན་ཟླ་ཀློའུ་རིགས།
[ 2012-5-19 10:25:26 | By: gethong ]
 
རང་རིགས་སྤུན་ཟླ་ཀློའུ་རིགས།
 
 
 
གཞན་སྐྱོན་འཚོལ་བའི་རྟོག་གེ་པ།
[ 2012-5-12 4:56:03 | By: gethong ]
 
གཞན་སྐྱོན་འཚོལ་བའི་རྟོག་གེ་པ།
 
 
 
ཨ་རིག་གླེན་པས་བེ་རུའི་རྒྱལ་བོར་བཀའ་སྩལ་བ།
[ 2012-5-5 5:13:55 | By: gethong ]
 
ཨ་རིག་གླེན་པས་བེ་རུའི་རྒྱལ་བོར་བཀའ་སྩལ་བ།
 
 
 
བོད་ཀྱི་སྐད་དང་ཡི་གེ་ལ་རགས་ཙམ་བལྟས་པ།
[ 2012-4-30 16:04:23 | By: gethong ]
 
བོད་ཀྱི་སྐད་དང་ཡི་གེ་ལ་རགས་ཙམ་བལྟས་པ།
 
 
 
(ཞོགས་དུང་སྙིང་སྟོབས)་ལ་ཕུལ་བ།
[ 2012-4-23 3:31:25 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
རྗེས་དྲན་ཞིག་འབྲི་རྒྱུ་ལས་ཐབས་གཞན་མ་རྙེད།
[ 2012-4-11 13:34:36 | By: gethong ]
 
བྱང་ཆུབ་ཤིང་དྲུང་གི་ཚོར་ཤུགས།
 
 
 
ཚན་རིག་ཤེས་བྱ་ཀུན་བཏུས་སྐོར་གྱི་དྲི་ལན།
[ 2012-4-10 13:03:23 | By: gethong ]
 
ཚན་རིག་ཤེས་བྱ་ཀུན་བཏུས་སྐོར་གྱི་དྲི་ལན།
 
 
 
མཚོ་སྔོན་པོ་དང་ཉ་གསེར་མིག
[ 2012-4-5 3:49:56 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
ཉིན་ཐོ་ནང་གི་སྐད་ཆ་འགའ།
[ 2012-1-25 2:08:38 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
རྡོ་གདན་གྱི་ཚགས་པར་དང་དེབ།
[ 2012-1-16 5:16:59 | By: gethong ]
 
རྡོ་གདན་གྱི་ཚགས་པར་དང་དེབ།
 
 
 
༼ཅང་ཤེས་རྨིག་སྒྲ༽་ཐོན་ཡོད།
[ 2011-12-23 4:51:32 | By: gethong ]
 
༼ཅང་ཤེས་རྨིག་སྒྲ༽་ཐོན་ཡོད། པར།
 
 
 
ཡིག་ནོར་དྲུག་ཅུ་ཅན་གྱི་གཞས་ཚིག
[ 2011-12-22 3:06:10 | By: gethong ]
 
ཡིག་ནོར་དྲུག་ཅུ་ཅན་གྱི་གཞས་ཚིག
 
 
 
དྲི་ལན་འདི་འགའ་རེའི་སྙིང་ནད་དུ་འགྱུར་སྲིད།
[ 2011-12-20 4:38:36 | By: gethong ]
 
དྲི་ལན་འདི་འགའ་རེའི་སྙིང་ནད་དུ་འགྱུར་སྲིད།
 
 
 
རེབ་རྐང་གླིང་གི་དྲི་བ་ལ་ཆ་ཤས་བླངས་པ།
[ 2011-12-16 5:57:55 | By: gethong ]
 
རེབ་རྐང་གླིང་གི་དྲི་བ་ལ་ཆ་ཤས་བླངས་པ།
 
 
 
རང་གྲོལ་མ་གཏོཌ་མི་རིག་ནི་ཚོ་ལ།
[ 2011-12-15 4:11:06 | By: gethong ]
 
རང་གྲོལ་མ་གཏོཌ་མི་རིག་ནི་ཚོ་ལ།
 
 
 
སེང་རྡོར་གྱི་རྐང་རྗེས་འདི་ཆེ་ག
[ 2011-12-13 2:37:03 | By: gethong ]
 
སེང་རྡོར་གྱི་རྐང་རྗེས་འདི་ཆེ་ག
 
 
 
ཞི་བདེ་སྒྲོལ་མའི་སྐྱེས་སྐར་བསུ།
[ 2011-12-11 2:36:24 | By: gethong ]
 
ཚ་མོ་ཞི་བདེ་སྒྲོལ་མ་ལ་སྨྲས་པ།
 
 
 
སྙན་ངག་པ།
[ 2011-12-10 1:14:14 | By: gethong ]
 
སྙན་ངག་པ།
 
 
 
ཆོས་ཕྱོགས་ཀྱི་ལྟད་མོ། པར།
[ 2011-11-29 5:46:56 | By: gethong ]
 
ལྟད་མོ།
 
 
 
དགོན་སྡེའི་སློབ་གསོ་བཅོས་བསྒྱུར།
[ 2011-11-27 2:46:09 | By: gethong ]
 
དགོན་སྡེའི་སློབ་གསོ་བཅོས་བསྒྱུར།
 
 
 
གདན་སའི་འཇང་དགུན་ཆོས་ཆེན་མོ།
[ 2011-11-23 0:22:16 | By: gethong ]
 
གདན་སའི་འཇང་དགུན་ཆོས་ཆེན་མོ།
 
 
 
ཤྭ་ཡུ་མོའི་སྡེ་གསོད་རྒྱུ་རེད།
[ 2011-11-14 5:26:50 | By: gethong ]
 
ཤྭ་ཡུ་མོའི་སྡེ་གསོད་རྒྱུ་རེད།
 
 
 
ཀ་ཕྲེང་ཀ་མད་སུམ་ཅུ།
[ 2011-11-9 2:22:37 | By: gethong ]
 
ཀ་ཕྲེང་ཀ་མད་སུམ་ཅུ།
 
 
 
འབྱུང་ཁམས་སྦག་བཙོག་མི་བྱེད་པ།
[ 2011-11-7 3:39:53 | By: gethong ]
 
འབྱུང་ཁམས་སྦག་བཙོག་མི་བྱེད་པ།
 
 
 
ཡིག་ནོར་དང་ཨུ་ཚུགས།
[ 2011-11-6 5:13:16 | By: gethong ]
 
ཡིག་ནོར་དང་ཨུ་ཚུགས།
 
 
 
བོད་ཡིག་འདི་བཙོང་རྒྱུ་ཡིན།
[ 2011-11-3 14:58:19 | By: gethong ]
 
བོད་ཡིག་འདི་བཙོང་རྒྱུ་ཡིན།
 
 
 
<<ཅང་ཤེས་རྨིག་སྒྲ >> དུས་དེབ་ཀྱི་རྩོམ་བརྡ།
[ 2011-11-2 1:49:10 | By: gethong ]
 
<<ཅང་ཤེས་རྨིག་སྒྲ >> དུས་དེབ་ཀྱི་རྩོམ་བརྡ།
 
 
 
གད་སྙིགས་གང་སར་མི་འཕེན་པ།
[ 2011-10-31 2:41:38 | By: gethong ]
 
ཁོར་ཡུག་སྲུང་སྐྱོབ་ཀྱི་ཀུན་སྤྱོད་རྣམ་གྲངས།
 
 
 
དེ་རིང་ནས་བཟུང་སྟེ་འགོ་བརྩམ་པ་ཡིན།
[ 2011-10-29 4:30:08 | By: gethong ]
 
དེ་རིང་ནས་བཟུང་སྟེ་ཡང་བསྐྱར་འགོ་བརྩམ་པ་ཡིན།
 
 
 
སྒོར་མོ་དང་དགོན་པ། 2
[ 2011-10-4 11:07:55 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
སྒོར་མོ་དང་དགོན་པ།
[ 2011-10-2 20:56:24 | By: gethong ]
 
སྒོར་མོ་དང་དགོན་པ།
 
 
 
སྙིང་ཤ་འདར་བའི་བསླུ་བྲིད།
[ 2011-9-21 3:59:54 | By: gethong ]
 
སྙིང་ཤ་འདར་བའི་བསླུ་བྲིད།
 
 
 
ཨིན་དྷ་ར་གྰདྷཱིའི་ལོ་རྒྱུས་སྙིང་བསྡུས།
[ 2011-9-16 10:58:36 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
ངས་ཁྱེད་ཚོ་འདི་ལྟར་གླེང་ཡོད།
[ 2011-9-7 5:55:51 | By: gethong ]
 
ངས་ཁྱེད་ཚོ་གླེང་གི་ཡོད།
 
 
 
བོད་པ་ཚང་འདི་ལྟར་ཚར་རྒྱུ་རེད།
[ 2011-8-28 16:49:31 | By: gethong ]
 
བོད་པ་ཚང་འདི་ལྟར་ཚར་རྒྱུ་རེད།
 
 
 
འདང་རྒྱག་སྟངས་ཤིག
[ 2011-8-27 15:59:01 | By: gethong ]
 
འདང་རྒྱག་སྟངས་ཤིག
 
 
 
ཁྱི་འཚོང་ཚང་།
[ 2011-8-26 4:13:45 | By: gethong ]
 
ཁྱི་འཚོང་ཚང་།རྟ་བཤའ་ཚང་། མྱི་འཚོང་ཚང་། ད་ལྟའི་བོད་པ་ཚད་ཡིན།
 
 
 
མགུར འདི་འདྲ་བྲིས་ཡོད།
[ 2011-8-22 4:00:57 | By: gethong ]
 
ཐོལ་བྱུང་གྱི་མགུར།
 
 
 
སྙན་ངག་གྱེར་འདོན་འགྲན་བསྡུར་ཅིག
[ 2011-8-17 2:06:55 | By: gethong ]
 
ཕ་ཡུལ་གྱི་<ངའི་ཕ་ས་ཕ་ཡུལ་གྱི་སྙན་ངག་གྱེར་འདོན་འགྲན་བསྡུར>སྐོར་ལ་བཅར་འདྲི།
 
 
 
ལྷ་ཆབ་སྔུན་གྱི་འཕགས་མ་འཚོ།
[ 2011-8-16 13:25:47 | By: gethong ]
 
ཀ་རྩོམ་ལྷ་ཆབ་སྔུན་གྱི་འཕགས་མ་འཚོ།།
 
 
 
ཁྱེད་ཀྱིས་མཐོང་ན་འགྲིག
[ 2011-8-14 16:35:31 | By: gethong ]
 
ངས་ཁྱེད་ཁོ་ན་ལ་ཕུལ་བ་ཡིན
 
 
 
བོད་མོ་ལ་ཐུབ་ཚོད་བཏང་ན་ཆོག་གམ།
[ 2011-8-12 2:39:21 | By: gethong ]
 
ངོ་མ་སྙིང་ལངས་ཀི
 
 
 
དོགས་གཞི།
[ 2011-8-9 13:27:13 | By: gethong ]
 
དོགས་གཞི།
 
 
 
མ་ཡུམ་དྲ་བར་ཕུལ་བ།
[ 2011-8-7 2:29:56 | By: gethong ]
 
མ་ཡུམ་དྲ་ཚིགས་ལ་རྟེན་འབྲེལ་འདི་ལྟར་ཞུ།
 
 
 
ཐག་རིང་ཐུང་གི་གྲོགས་པོ།
[ 2011-8-6 3:45:52 | By: gethong ]
 
ཐག་རིང་ཐུང་གི་གྲོགས་པོ།
 
 
 
ངའི་འཁྲུལ་སྣང་།
[ 2011-8-5 10:52:33 | By: gethong ]
 
རྟོག་གེ་པ་ངའི་འཁྲུལ་སྣང་།
 
 
 
ཟིན་བྲིས་པའི་བསམ་བློ།
[ 2011-8-4 4:54:04 | By: gethong ]
 
ཟིན་བྲིས་པའི་བསམ་བློ།
 
 
 
ཟིན་བྲིས་པ་ཚོས་ཀློགས།
[ 2011-8-3 6:51:49 | By: gethong ]
 
ཟིན་བྲིས་པ་ཚོས་ཀློགས།
 
 
 
རྟ་ནག་པའི་ཕྱོགས་སུ།
[ 2011-7-28 20:56:33 | By: gethong ]
 
ཁྱེད་ཀྱི་འཁྲུལ་སྣང་དེ་མཐོང་བྱུང་།
 
 
 
བོད་ཀྱི་བདེ་སྐྱིད།
[ 2011-7-6 4:21:57 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
བསམ་ཚུལ་མང་བོ་བཤད་ཁོམ་མེད།
[ 2011-7-5 2:55:44 | By: gethong ]
 
བསམ་ཚུལ་མང་བོ་བཤད་ཁོམ་མེད།
 
 
 
ངའི་སྡོམ་པ་ཤོར་མེད། ཉེས་པ་ཡོད་རྒྱུ་རེད།
[ 2011-7-4 3:13:11 | By: gethong ]
 
གྲྭ་བ་རྣམ་དག་ཟེར་ན་འདི་འདྲ་རེད།
 
 
 
ཁ་བ། ཚན་པ་གསུམ།
[ 2011-6-30 5:20:06 | By: gethong ]
 
ཁ་བ།
 
 
 
གྲྭ་བའི་སྙན་ངག
[ 2011-6-25 19:19:34 | By: gethong ]
 

གྲྭ་བའི་སྙན་ངག

ཁ་བྱང་འདི་ནི་བརྗོད་བྱ་དང་རྗོད་བྱེད་གཉིས་ཀྱི་ཆ་ནས་བཏགས་པ་ཡིན།

ཟླ་མེད་སྟོན་པ་མཆོག་གི་སྐུའི་རང་བཞིན་གྱི་ཆ་ཤས་ཙམ་བརྗོད་པ།

དྭངས་གཙང་རང་བཞིན་མ་བསླད་འོད་མདངས་དེ་རྒྱས་ཤིང་། །

རྟེན་འབྱུང་ཨ་མའི་ཐུགས་ཡིད་བདུད་རྩི་ཡིས་གཏམས་ཡོད། །

སྣ་ཚོགས་ཀུན་རྫོབ་སྒྱུ་མའི་ངོ་གདོང་དེ་བཤུས་ནས། །

མཐར་ཐུག་སྐུ་བཞིའི་ལམ་ཡིག་ཕྱག་ཟུང་དུ་འབྱོར་ཡོད། །

 

མི་བརྟན་འཁོར་བའི་ཟང་ཟིང་ལྟག་རྒྱབ་ཏུ་གཡུགས་ནས། །

གཏན་གྱི་བདེ་བའི་རོ་བཅུད་མངར་མོ་དེ་མྱངས་ཡོད། །

མ་བརྟག་མིང་ཙམ་འཛིན་པའི་རྨོངས་ཞེན་དེ་དོར་ནས། །

རྟོན་བཞིའི་འོད་ཟེར་དཀར་པོ་ཕྱོགས་ཀུན་ཏུ་འཕྲོས་ཡོད། །

 

རྒྱུ་འབྲས་མན་ངག་བདུན་གྱི་འཕྲུལ་འཁོར་དེ་བསྐོར་ནས། །

མ་གྱུར་སེམས་ཅན་ཡོངས་ལ་ཕྱག་ཟུང་དེ་བརྐྱངས་ཡོད། །

མཉམ་གཞག་རྩེ་གཅིག་གཞུ་མོ་ནང་རོལ་ཏུ་བཀུགས་ནས། །

མཚན་འཛིན་དགྲ་བོའི་མགོ་སྐེ་ཅིག་ཅར་ཏུ་བྲེགས་ཡོད། །

 

ཞི་ལྷག་ཟུང་འབྲེལ་ལྷ་མོའི་ཞལ་རས་དེ་བསྒོམས་ནས། །

འདུ་འཛི་དྲན་ཤེས་རྟ་ཕོ་ལྕགས་ཐག་གིས་བསྒྲོགས་ཡོད། །

ཐབས་ཤེས་བུ་སྤུན་མཐུན་སྒྲིལ་གསེར་སྐུད་ལ་བརྒྱུས་ནས། །

སྒྲིབ་གཉིས་རལ་བའི་གྱོན་ཆས་ཕྱོགས་ཡོངས་ནས་བཙེམས་ཡོད། །

 

བསྐལ་ཆེན་གྲངས་མེད་གསུམ་གྱི་ཚོགས་གཉིས་དེ་རྫོགས་ནས། །

མཚན་དང་དཔེ་བྱེད་བརྒྱད་ཅུའི་མགུལ་རྒྱན་དེ་བཏགས་ཡོད། །

མ་དག་འཁོར་བའི་གདུལ་བྱའི་འཚང་ཁ་དེ་རྒོད་ཀྱང་། །

ཕན་པའི་ཆོས་འཁོར་བསྐོར་ལ་ངལ་བ་ནི་མེད་དོ། །

 
 
 
ལྟོས་ར། ཟླ་བ་གཟའ་ཡིས་བཟུང་འདུག
[ 2011-6-16 3:33:54 | By: gethong ]
 

ལྟོས་ར། ཟླ་བ་གཟའ་ཡིས་བཟུང་འདུག 

གྲོག་མ་སྐེ་ཉག་དང་ས་འབུ་ཐག་ནར་རོགས་པ་བྱོས། ཟླ་བ་གཟའ་ཡིས་བཟུང་འདུག

ངག་རྒྱུན་དང་འབྲེལ་བའི་བརྗོད་བྱ་མདོར་བསྡུས་ནས་བཤད་ན།

དེ་རིང་ད་ལྟ་ས་འདིའི་མཚན་ཆུ་ཚོད་བཅུ་གཉིས་དང་སྐར་མ་སོ་གསུམ་རེད། མཐའ་འཁོར་གྱི་ཁྱི་སྡོམ་ཚོས་ངུ་ཟིག་བྱེད་ཀྱིན་འདུག་ལ་སྐབས་དེར་ཤག་མཚེས་གྲོགས་ཀྱིས་ཟླ་བ་བཟའ་ཡིས་བཟུང་འདུག་ལྟོས་དང་ཟེར།  ཕར་ཕྱོགས་ཀྱི་ཤག་མཚེས་དགེ་འདུན་པ་ཁག་ཅིག་གིས་གཞུང་ཆེན་མོ་བློ་ལ་བསྐྱོར་ཏེ་མྱ་ངན་ལྟ་བུ་བྱེད་ཀྱིན་འདུག

 ང་ སྔོན་མ་ཕ་ཡུལ་དུ་ཡོད་དུས། ཨ་ཕ་དང་ཨ་མ་གཉིས་ཀྱིས་ཟླ་བ་གཟའ་ཡིས་བཟུང་འདུག་མ་ནི་ཐོན་དང་བྱིས་པ་ཚོ་ཟེར། ད་དུང་ས་ཡི་མགོ་ནག་སྐེ་ཉག་དང་ས་འབུ་ཐག་ནར་ང་ལ་རོགས་རྒྱོབས་ཟེར་བ་རེད་ཅེས་ཁ་རྒྱུན་དུ་གྲགས་པས། ང་ཚོ་བྱིས་པ་དང་གསར་བུ་སྐོར་ཞིག་གིས་ཟང་ཆག་དང་ལྕགས་སོགས་ལ་བརྡུངས་ཏེ་མྱ་ངན་ལྟ་བུ་བྱེད་མྱོང་། ཀི་བཏབས་པ་དང་མེ་མདའ་རྒྱག་པ་སོགས་ཀྱང་བྱེད།

 

དེ་རིང་ཟླ་བ་གཟའ་ཡིས་བཟུང་འདུག་པ་དང་ཡར་མར་གྱི་གྲོགས་པོ་ཚོས་ཁ་པར་ཡོང་ནས་ལྟོས་དང་ཟེར། འོན་ཀྱང་ང་ལ་མཚོན་ན་ཐོག་མར་ཅང་དྲན་རྒྱུ་མེད་ལ་ཧང་སང་རྒྱུ་ཡང་མི་འདུག   བསམ་བློ་བཏང་གིན་བཏང་གིན་སྔོན་གྱི་འདས་དོན་རྣམས་དྲན་པ་དང་སེམས་པ་བློང་བློང་བོར་གྱུར།

 

དེ་ནས་བསམ་གཞིག་ཁྲོད་ནས་ཁ་འདོན་ཞིག་བྱེད་སྐབས་ཡང་བསྐྱར་གྲོགས་པོ་ཁག་ཅིག་གིས་ས་ཐག་རིང་ནས་ཁ་པར་བསླེབས་སོང་། ཁ་པར་ལམ་ནས་སྔོན་གྱི་འདས་དོན་དག་བསྐྱར་གླེང་བྱེད་བཞིན་ཡུན་རིང་འགོར། ཁ་ཤས་ཀྱིས་ཟེར་ན་ལོ་བརྒྱའི་ནང་དུ་དེ་རིང་ཟླ་བ་གཟའ་ཡིས་བཟུང་བ་རིང་ཤོས་རེད་ཅེས་ཟེར། ཁག་ཅིག་གིས་བཤད་ན་དུས་ཚོད་གཉིས་རིང་རེད་ཅེས་ཟེར།

དེ་ལྟར་གླེང་མཚམས་བཞག་ནས་ཕྱིར་འདང་བརྒྱབས་དུས། བརྡ་འཕྲིན་བརྒྱུད་ལམ་ནི་ཧ་ཅང་དར་ཁྱབ་ཆེ་བས་བོད་རིགས་སྤུན་ཟླ་ཚོ་ལ་ཚོར་བ་ག་འདྲ་བྱུང་སོང་ཞེས་འདྲི་རྒྱུ་དྲན་། རྒྱུ་མཚན་དེས་ན་ཁྱེད་ཅག་གིས་མ་གསང་དྲང་མོར་ཤོད། མཆན་བུ་ཐོབས། ངོ་དེབ་དང་ཟིན་བྲིས་ནང་གི་དྲ་གྲོགས་ཚོ། ཟླ་བ་གཟའ་ཡིས་བཟུང་བའི་སེམས་ཀྱི་ཚོར་སྣང་དང་སྔོན་མའི་བྱིས་དུས་ཀྱི་འཆར་སྣང་སོགས་ཕྲིས།

ཁ་ཐུག་བྲིས་པ་ཡིན་པས་ཡིག་ནོར་དང་གཏགས་ནོར་ཡོད་ན་དགོངས་སེལ་ཞུ། ད་ལྟ་ས་འདིའི་དུས་ཚོད་དང་པོར་བསླེབས་འདུག ཁོ་བོ་སང་ཉིན་ཞོགས་ཀ་ཆུ་ཚོད་བཞི་དང་ཕྱེད་ཀྱི་སྟེང་དགོན་པའི་ལས་ཀ་ལ་འགྲོ་དགོས་པས་འབྲི་མཚམས་བཞག་པ་ཡིན།

 
 
 
རང་གཞན་གཉི་ག་ལ་བརྟགས་པ།
[ 2011-6-14 5:21:51 | By: gethong ]
 
རང་གཞན་གཉི་ག་ལ་བརྟགས་པ།
 
 
 
ཟུར་གསུམ།
[ 2011-6-8 3:14:50 | By: gethong ]
 

རི་བོ་དེའི་སྐེད་ལམ་དོར་ནས

ཆུ་བོའི་གཏིང་ལ་ལྟ་འདོད

ཡི་དཱགས་ཤིག་རེད་མ་ཟེར

 

 

རྐང་ལམ་དོག་མོ་དེ་བསྐྱུར་ནས

ཁོད་ཡངས་པའི་ལམ་ཆེན་དུ་ཞུགས་

གྲོག་མ་ཞིག་རེད་མ་བསམ

 

 

རང་ཚོད་ཀྱིས་ནམ་འཕང་བསྟད་

གླེན་པ་དེའི་རྐང་ལག་བཅད་དེ

ཡ་ང་མེད་པར་གསོད་རྒྱུ་མ་དྲན

 
 
 
དགེ་བསྐོས་ལ་ཁ་ལན་སློག་པ།
[ 2011-6-4 2:10:52 | By: gethong ]
 

དགེ་བསྐོས་ལ་ཁ་ལན་སློག་པ།

ཁ་སང་སེང་རྡོར་དྲ་བར་གནས་ཚུལ་བཀོད་པ་ལྟར་ན་དགོན་པ་ཞིག་ལ་རྙོག་དྲ་འདུག་ཅེས་ཟེར། གསར་འགྱུར་མཁོ་སྤྲོད་བྱེད་མཁན་གཉན་བུ་ཟེར་བ་ཞིག་རེད་འདུག་ལ། གསར་འགྱུར་དེའི་ཁ་བྱང་ལ་གྲྭ་ལྡོམ་དགོན་པའི་གསར་འགྱུར་ཞེས་བཀོད་འདུག  དངོས་གནས་གསར་འགྱུར་ནི་གསར་འགྱུར་རང་རེད། དུས་ཚོད་སྐར་ཆ་འགའ་རེའི་ནང་དུ་བོད་ཕྱི་ནང་གཉིས་སུ་ཁྱབས་སོང་། ཚང་མས་དོ་སྣང་བྱས་ཏེ་གསར་འགྱུར་དེའི་ནང་གི་དགོན་པའི་རྙོག་དྲ་ལ་བསམ་བློ་བཏང་།    སྤྱིར་བཏང་གསར་འགོད་པ་ཞིག་ཡིན་ན་རང་ཉིད་གསར་འགྱུར་གྱི་ནང་དུ་ཚུལ་མི་ཉན་པ་དང་། གསར་འགྱུར་འབྲི་དུས་དྲང་བདེན་དགོས་པ་སྒྲིག་ཁྲིམས་རེད་མོད། གཉན་བུ་ནི་གྲྭ་ལྡོམ་དགོན་པའི་གྲྭ་བ་མ་ལོག་པའི་གོང་མ་ཞིག་ཡིན་པ་དང་། རང་ཉིད་གྲྭ་ལྡོམ་དགོན་པའི་གསར་འགོད་པར་རང་ཉིད་ཀྱིས་བཞག་པ་ལས་ཅིག་གིས་ཁྱེད་རང་གསར་འགོད་པ་ཡིན་དང་ལག་རྟགས་དང་ལག་ཁྱེར་དེ་འདྲ་སྤྲད་པ་ཞིག་མིན། གསར་འགྱུར་མཁོ་སྤྲོད་བྱས་པ་ཐེངས་དང་པོ་ཡིན་ལ། གསར་འགྱུར་ཐོག་མར་འགོད་དུས་སྐད་གྲགས་ཤིག་འཇོག་དགོས་ཀྱིན་འདུག་བསམ་སྟེ་གསར་འགྱུར་འདི་ལྟར་སྤེལ་བ་དང་། གསར་འགྱུར་འདིའི་རྒྱུ་ཆ་འཚོལ་སྒྲུབ་ཀྱི་སླད་དུ་ཨ་རིག་དགེ་མཐོང་གི་ཟིན་བྲིས་སུ་སོང་བ་རེད།

 ཐོག་མར་ཅི་བཤད་དགོས་མ་ཤེས་ནས་ཨ་རིག་དགེ་མཐོང་ལགས། ཁྱེད་རང་གི་ཟིན་བྲིས་དག་ཧ་ཅང་ལེགས་པས་ཁྱེད་ཀྱི་ཟིན་བྲིས་སུ་མི་ཡོང་ཐབས་མེད་ཅེས་ཁ་ཡག་ངོ་བསྟོད་ཅིག་བྱས་ཏེ་ཕྱིར་དགོན་པར་སོང་། ཕྱིར་ཉིན་གྲྭ་ལྡོམ་དགོན་པའི་གྲྭ་བ་གསར་ཞུགས་པ་འགའ་རེས་ཚོགས་འདུ་ཞིག་སྐོང། དེར་ཡོད་ཚང་མས་ང་ཚོའི་དགོན་པའི་དགེ་བསྐོས་དང་དབུ་མཛད་གཉིས་ཀྱིས་གོ་ས་དང་ཐོབ་ཐང་ཡོད་ཚད་སྒེར་བདག་བྱས་འདུག   ང་ཚོས་ད་བར་དུ་སློབ་གཉེར་བྱས་རེད། ང་ཚོ་ལ་རིག་གནས་དང་ཡོན་ཏན་མེད་པ་མ་རེད། འདི་ལྟར་བསྡད་ན་དགོན་པ་འདི་ལབ་ན་དགེ་བསྐོས་ཨ་རིག་དགེ་མཐོང་དང་དབུ་མཛད་ལྷམ་ཀོག་གཉིས་ཀྱི་མཚན་སྙན་གྲགས་རྒྱས་སྤྱད་ཅིག་ལས་ང་ཚོས་ནང་ཆོས་ཤེས་པ་དང་། དཔེ་ཆ་ཤེས་པ།་རིག་གནས་སྦྱངས་པ་ཚང་མ་ཁོང་གཉིས་ཀྱིས་མོག་མོག་བཟོས་འདུག  ལྷག་པར་སྡེ་དཔོན་དང་ཨ་ལགས་གཙོས་གནད་ཡོད་ཚང་མས་དགེ་བསྐོས་ཨ་རིག་དགེ་མཐོང་དང་དབུ་མཛད་ལྷམ་ཀོག་གཉིས་ཀྱི་པར་དགོན་པའི་འདུ་ཁང་གི་གྲ་མགོར་བཤམས་འདུག་པས་ཀུན་གྱིས་མཐོང་གི  ང་ཚོས་ད་བར་དུ་དགོན་པ་འདིའི་ཆེད་དུ་དཀའ་ལས་མྱོང་བ་སྡུག་གྱོང་རེད་ཅེས་འུར་རྒྱག་བཞིན་པའི་སྐབས་སུ།  

 གྲྭ་ཕྲུག་གླེན་པས་ང་ཚོས་དགོན་པའི་ལས་སྣེ་ཚོ་ལ་ཁ་ལན་སློག་ན་ཡག་པོ་ཡོད་རྒྱུ་མ་རེད། དགེ་བསྐོས་ཨ་རིག་དགེ་མཐོང་དང་དབུ་མཛད་ལྷམ་ཀོག་གཉིས་དགོན་པ་འདིའི་བླ་སྤྲུལ་དང་སྡེ་དཔོན། ཁ་བ་འགོ་བ་ཚོ་འཚོགས་ནས་བསྐོས་པ་ལས་ཁོང་གཉིས་ཀྱིས་སྒོར་མོ་སྤྲད་ནས་ཉོས་བ་མ་རེད། དེའི་ཕྱིར་ང་ཚོས་ངོ་རྒོལ་བྱས་ན་དགོན་པའི་མཐུན་སྒྲིལ་ལ་གནོད་པ་དང་། རི་སྡེ་བ་དང་ཨ་ལགས་ཚང་དང་དགེ་བཤེས་བློ་གྲོས་ཚང་སོགས་ཀྱི་ཐུགས་མ་དཀྲུགས་ན་བཟང་གི འདི་ངའི་བསམ་འཆར་ཡིན་ཞེས་བཤད་མ་ཐག

 གྲ་སྔ་ནས་གཉན་བུ་འབོད་པའི་གཟན་མར་ལ་གཡུགས་ཏེ་ཀླད་རྙིང་ཁྱོའི་ཁྱི་ཁ་ཚུམས།  དུས་རབས་ཉེར་གཅིག་པའི་ནང་དུ་སོ་སོའི་ཤེས་ཡོན་དེ་སོ་སོས་མི་མང་ལ་སྟོན་དགོས་པ་རེད། ང་ཚོ་འདི་ལྟར་བསྡད་ན་ང་ཚོས་གང་བྲིས་པ་དང་གང་སྦྱངས་པ་ཚང་མ་གཞན་གྱིས་མཐོང་གི་མེད་ནོ་དི་རེད། དབུ་མཛད་དང་དགེ་བསྐོས་གཉིས་ལ་དགོན་བདག་དང་སྡེ་དཔོན་སོགས་ཀྱིས་མཐོང་ག་འདྲ་འཇོག་གི་འདུག  ང་ཚོའི་པར་ཡང་འདུ་ཁང་གི་གྲ་མགོར་འཇོག་མི་ཆོག་པ་ཡོད་ནི་མ་རེད། ང་ཚོའི་པར་དགོན་པའི་འདུ་ཁང་གི་གྲ་མགོར་བཞག་ན་ང་ཚོ་ཡང་ཤེས་ནི་མང་རྒྱུ་རེད་ལ་དེའི་ཚོད་ཀྱི་སྐད་གྲགས་ཤིག་ཏན་ཏན་འགྲོ་གི་རེད།   དེ་མིན་ང་ཚོ་ནམ་རྒྱུན་གསར་ཞུགས་པ་བྱས་ནས་བསྡད་ན་ང་ཚོ་ལ་དགོན་པའི་ཁྱུ་མཆོག་གྲྭ་བ་དང་དགོན་པའི་རྐང་འཛིན་གྲྭ་བའི་མིང་ནམ་ཡང་ཐོབ་མི་སྲིད། དེ་ལྟར་བྱས་ན་མི་ཚེ་དགོན་པ་ནས་སློབ་སྦྱོང་བྱས་པ་འབྲས་མེད་རེད་ལ། མཐའ་ན་རང་གི་ཕ་མ་དང་གཉེན་ཉེ་སོགས་ལ་ངོ་ཚ་དགོས་པ་རེད།  དེའི་ཕྱིར་ངས་ཐོག་མར་དགོན་པའི་སྒྲིག་བདག་ཚོའི་ནོར་འཁྲུལ་ཐེར་འདོན་དང་དེ་ནས་སྡེ་དཔོན་ཚོ་ལ་འཇིགས་སྐུལ་བྱེད་རྒྱུ། ད་དུང་དགེ་བསྐོས་ཨ་རིག་དགེ་མཐོང་དང་དབུ་མཛད་ལྷམ་ཀོག་གཉིས་གཙོས་དགོན་པ་འདིའི་ཆོས་སྲིད་གཉི་ག་འཛིན་མཁན་ཚོ་ངོ་རྒོལ་བྱེད་རྒྱུ་ཞེས་ཨུ་ཤུ་ཞིག་འཐེན་ནས་བསྡད།

དེ་མ་ཐག་ཏུ་སད་ཅེས་པའི་གྲྭ་ཕྲུག་ཅིག་ཡར་ལངས་ཏེ་ངས་ཀྱང་དེ་ལྟར་འདོད་ནས་བསྡད་ཡོད། གཉན་བུ་ལ་རྒྱབ་སྐྱོར་ཡོད་ལ་སང་ཉིན་སོང་ནས་དགེ་བསྐོས་ཨ་རིག་དགེ་མཐོང་ལ་བསྙད་བསྐོ་ངེས་ཡིན། དེ་ལྟར་གྲྭ་གསར་ཚོ་ཁ་མ་མཐུན་པར་ཚོགས་འདུ་གྲོལ་སོང་།

གཉན་བུ་དང་སད་ཅེས་པ་གཉིས་ཁ་མཐུན་ནས་དགེ་བསྐོས་ཨ་རིག་དགེ་མཐོང་གི་གྲྭ་ཤག་ཏུ་སོང་སྟེ་རྡོ་འཐེན་རྒྱུ་དང་རབ་ཡིན་ན་དགོན་པས་གནང་བའི་གྲྭ་ཤག་དེ་མེད་པ་བཟོས་རྒྱུའི་ཁ་དན་བཞག  རེ་རེ་བཞིན་སོང་སྟེ་དགོན་པའི་འདུ་ཁང་ནང་གི་ཨ་རིག་དགེ་མཐོང་གི་པར་དེ་མི་ཡག་ཚུལ་དང་ཁོ་ཁྲི་ཐོག་ནས་འདུག་སྟངས་མི་ལེགས་ཚུལ། ད་དུང་ཨ་རིག་དགེ་མཐོང་གིས་སྟོན་པ་ཉེས་ཅན་དུ་བལྟ་བུའི་བཙུན་གཟུགས་ཚོ་ཞེས་པ་དང་ཚྭ་བ་མདའ་སྨྱུག་ལས་ལྡོག་སྟེ་སྨྲ་བ་གཉིས་ལ་ནོར་འཁྲུལ་མང་རབས་དང་ཀླད་རྙིང་ཡིན་རབས་ཞེས་ག་ས་གང་དུ་བསྒྲགས་ཁུལ་བྱས་ཀྱང་དོན་འབྲས་ཀྱིས་དབེན།  སྤྱིར་བཏང་དགོན་པའི་གྲྭ་བའི་ཁྱུ་མཆོག་དང་རྐང་འཛིན་གྲྭ་བ་སུ་ཡིན་ན་ང་རྒྱལ་ཆེ་གི  རང་རང་གི་པར་ལ་བལྟས་ན་ར་ཤེས་ཀྱིན་འདུག་ཅེས་སྦྱར་ཡིག་ཅིག་དགོན་པའི་ཕྱི་ནང་ཀུན་ཏུ་བཀྲམས་པ་དང་སྦྱར་བ་སོགས་བྱས།  

དགོན་པའི་ལས་སྣེ་ཚོས་ཤེས་པ་དང་ལྷག་པར་དགེ་བསྐོས་ཨ་རིག་དགེ་མཐོང་གིས་ཁོ་ཚོ་ལ་ཨེ་ཕན་གྱི་ཕྱིར་ཏུ་དེང་སང་དགོན་པ་ན་དེ་འདྲའི་སྤྱོད་པ་ངན་པ་ཅན་འདུག་ཅེས་ཡིག་ཆ་ཞིག་དགོན་པ་དང་སྡེ་བ་གཉིས་ཀྱི་ནང་དུ་བཀྲམས། དེ་ལ་དགོན་པའི་མཁན་པོ་དང་ཨ་ལགས། དགེ་བཤེས་བློ་གྲོས། སྡེ་དཔོན་སོགས་ཀྱིས་བདེན་པ་རེད་ཅེས་བསྟོད་ར་འཐེན། ད་དུང་དགོན་པའི་བཅའ་ཁྲིམས་ལེགས་ཤོས་སུ་འདེམས་པ་རེད།

དེ་ནས་གཉན་བུ་ཁོང་ཁྲོ་ལངས་ཏེ་མངོན་སུམ་འཛེམ་མེད་དུ་སོང་སྟེ་སྒྲིག་བདག་ཚོ་ལ་ཁ་ལན་སློག་པ་དང་ཁྱེད་ཚོ་ལ་ངོ་ཆེན་ངོ་ནོར་ཡོད་ཚད། ང་ཚོའི་ཡིག་ཆ་དག་བཅའ་ཁྲིམས་ལེགས་ཤོས་སུ་མི་འདེམས་དོན་ཅི་ཡིན། ཨ་རིག་དགེ་མཐོང་གི་ཡིག་ཆ་གང་མང་ཞིག་བཅའ་ཁྲིམས་ལེགས་ཤོས་སུ་འདེམས་འདུག་ག  ད་དུང་ཉེ་ཆར་ཨ་རིག་དགེ་མཐོང་གིས་རྒྱང་འཐེན་པ་དཀར་འདོན་བྱེད་རྒྱུ་ཡོད་དམ་ཞེས་པའི་ཡིག་ཆ་དེ་ཡང་བཅའ་ཁྲིམས་ལེགས་ཤོས་སུ་བཞག་འདུག    དེང་གི་དུས་སུ་རྒྱང་འཕེན་པ་སོགས་ཀྱི་སྙིང་སྟོབས་ལས་སྟོན་པའི་གསུང་དེ་ཚོ་རྙིང་བ་ཆགས་ཡོད་ནི་རེད། ང་ཚོའི་དགོན་པ་འདི་ལྟར་སོང་ན་དུས་རབས་ཀྱི་རྗེས་ཟིན་རྒྱུ་མ་རེད་ཅེས་ཤ་ཚ་མདོག་དང་མཁས་མདོག་བསྟན་ཏེ་བཤད། འོན་ཀྱང་། དགོན་པ་དང་སྡེ་པ་སུ་ཞིག་གིས་ཁོ་ཚོའི་སྐད་ཆ་ལ་ཆ་འཇོག་མ་བྱས་པས་དེ་རིང་གི་གསར་འགྱུར་རྫུན་མ་ཞིག་བསྒྲིགས་ཏེ་སེང་རྡོར་དྲ་བར་བཀོད་པ་རེད། གསར་འགྱུར་རྫུན་མ་འདིའི་མཇུག་འབྲས་རྗེས་སུ་གླེང་རྒྱུ་ལས་དེ་རིང་ལས་བྲེལ་གྱི་དབང་གིས་མཚམས་འཇོག་དགོས་བྱུང་། ཀློག་པ་ཚོ་དང་དྲ་གྲོགས་གཉན་བུ་དང་སད་ཅེས་ཚང་མས་ཐུགས་སྤྲོ་བོའི་ངང་གཟིགས་རྒྱུ་ལས། སེམས་ཁམས་མི་སྐྱིད་པ་མི་བཟོ་རྒྱུའི་རེ་བ་ཆེ། འདི་ནི་དྲ་གྲོགས་སྒོ་ཡོན་གྱི་མཆན་བུ་ཞིག་མཐོང་རྗེས་ཤར་མར་བྲིས་པས་ཡིག་སྐྱོན་དང་དོན་སྐྱོན་ཡོད་ཚེ་དགོངས་དག་ཞུ་ཞེས་ཨ་རིག་དགེ་མཐོང་འབོད་པའི་གླེན་པ་དེས།

འདི་འབྲི་དགོས་པའི་རྒྱུ་མཚན། བཤམས་ཀྱི་ཁ་བྱང་ལ་ལྟོས། http://www.sangdhor.com/blog_c.asp?id=3723&a=qiaokeli

 
 
 
ལན་སྟབས་བདེ་ཞིག་བྲིས་ན་འདི་འདྲ་རེད།
[ 2011-5-30 4:14:50 | By: gethong ]
 

འཇིགས་མེད་འོད་བཟང་རྒྱ་མཚོའམ་གངས་ཤར་མཆོག་གི་སྐུ་པར།

བསིལ་ལྡན་ཁ་བའི་ལྗོངས་ན་རྩོམ་རིག་དང་མདོ་སྔགས་ཟུང་ལ་སྦྱང་བརྩོན་གནང་

བཞིན་པའི་གྲོགས་གངས་ཤར་ལ་འཕྲིན་ལན་དུ་སྤྲིངས་པ་གླེན་པའི་གཏམ་དམར་རྗེན་མ།

 

འཇིགས་མེད་དཔའ་སྐད་འཐེན་པའི་གྲོགས་མཆོག་གི 

འོད་ཟེར་གཏམ་གྱིས་གང་བའི་འཕྲིན་དེ་འབྱོར། །

བཟང་བོའི་ཚིག་རྒྱན་སྟོང་གིས་རབ་སྤྲས་པས །

རྒྱ་མཚོ་ལྟ་བུའི་ཚོར་བའི་ཀློང་དུ་ལྷུང་། །

 

གངས་རིའི་མགོན་པོའི་སྐུ་ཚེ་ཞོགས་ཉི་ལྟར། །

ཤར་ཕྱོགས་རི་བོའི་རྩེ་ན་མངོན་པར་འཕགས། །

གངས་ལྗོངས་ཡུལ་གྱི་གྲོགས་མཆོག་གངས་ཤར་ལ། །

ཀུན་དགའ་གཏམ་འདི་ཨ་བུ་བདག་གིས་སྤྲིངས། །

 

མདོ་རྒྱན་གཞུང་ལུགས་མེ་ཏོག་ལྟར་བཞད་པའི། །

མདོ་སྨད་ཡུལ་དུ་ཁྱེད་རང་བདེ་ལེགས་སམ། །

མདོ་སྔགས་གཞུང་ལ་སྦྱོང་མཐར་མ་ཕྱིན་ཀྱང་། །

མདོ་ཕྱོགས་དབུ་ཕར་རྫོགས་པའི་ང་རང་བདེ། །

 

ས་ཆ་ལག་མཐིལ་ཙམ་ཞིག་མེད་ན་ཡང་། །

སེམས་པ་སྐྱིད་ལ་བསྐུར་བ་ཐེངས་ཤིག་མིན། །

ས་མཐའི་ཡུལ་གྱི་སེམས་གཏམ་དམར་པོ་ཞིག །

ས་ལའི་སྨན་ལྗོངས་ཨ་མདོའི་ཕྱོགས་སུ་ཕུལ། །

 

གངས་ཅན་རྨ་རྒྱལ་སྤོམ་རིའི་ཉེ་འདབ་ནས། །

གངས་ཤར་གྲོགས་ཀྱི་སེམས་པ་གངས་ལྟར་དཀར། །

གངས་རིའི་མགོན་པོ་འཁོར་བཅས་སྤུན་ཟླའི་ཚོགས། །

གངས་ལྗོངས་ཡུལ་ནས་གྲོགས་ཁྱོས་དྲན་པ་ཚོར། །

 

བདེ་ལྡན་ཞིང་གི་བདེ་བ་མ་ཐོབ་པར། །

སྡུག་བསྔལ་སྟོང་གིས་གཟེར་བ་ཆོས་ཉིད་ཅིག །

མི་རིགས་སྐད་ཡིག་སྐམ་ནས་ང་ཤི་ན། །

ལྷན་འཛོམས་བསྐལ་བ་བཟང་བོ་ཡོད་པར་ངེས། །

 

 
 
 
མཆན་བུ་འདེབས་མཁན་འགའ་ལ་སྨྲས་པ།
[ 2011-5-29 2:47:00 | By: gethong ]
 

ཁོ་བོས་ཁ་སང་སྟོན་པ་ཉེས་ཅན་དུ་བལྟ་བའི་བཙུན་གཟུགས་ཚོ་ཞེས་པའི་ཟིན་བྲིས་ཤིག་སྤེལ་ཡིན། དེའི་སྔོན་ཚྭ་བ་མདའ་སྨྱུག་ལས་ལྡོག་སྟེ་སྨྲས་པ་ཟེར་བ་དེ་་སྤེལ་ཡིན། དེ་ལ་ དྲ་གྲོགས་གང་མང་ཞིག་ཕེབས་ནས་དགོངས་ཚུལ་གསུངས་པ་དགའ་ཡོད། ནམ་རྒྱུན་ངའི་སེམས་ནང་དུ་སོ་སོའི་ཟིན་བྲིས་ལ་བལྟ་ཀློག་བྱེད་མཁན་ཚོ་ལ་གདེངས་འཇོག་དང་བརྩི་མཐོང་ངམ་དགའ་བསུ་ཚད་མེད་ཞུ་གི་ཡོད་ལ། ཞུ་སྟངས་དེ་ནི་ངག་ཐོག་དང་ཡིག་ཐོག་ནས་མངོན་སུམ་འཛེམ་མེད་དང་ཁ་ཞེ་གཉིས་མེད་ཀྱིས་བཤད་ཀྱིན་ཡོད། དངོས་གནས་ཀློག་མཁན་དག་ནི་ཟིན་བྲིས་པ་ཞིག་དང་རྩོམ་པ་པོ་ཞིག་ཡིན་ན་སྐད་ཆ་བཤད་རོགས་ཡིན་པས་འདང་ལོས་ཆེ།

སྟོན་པ་ཉེས་ཅན་དུ་བལྟ་བའི་བཙུན་གཟུགས་ཚོ་ཞེས་པའི་འོག་ཏུ་བཏབ་པའི་མཆན་བུ་འགའ་རེ་ལན་ཐུང་རེ་འབུལ་དགོས་བྱུང་། སྤྱིར་ན་དེང་སང་ཁོ་བོ་ལ་དུས་ཚོད་ཁྱོན་ནས་མེད། ཡིན་ནའང་ཀློག་པ་པོ་ཚོ་དང་ངེད་ཀྱི་དབར་འབྲལ་མི་ཐུབ་པའི་བརྩེ་དུང་ཞིག་ཡོད་པས་ཡིན།

 

 

སྟོན་པ་ཉེས་ཅན་དུ་བལྟ་བའི་བཙུན་གཟུགས་ཚོ་ལ། ཟིན་བྲིས་འདིའི་འོག་གི་མཆན་བུ་འགའ་དང་དེ་ལ་ལན།

 

རྐུན་མ་ཆེས་ཚབ་ཆེན་དེ་ནི་རང་ཉིད་ཀྱི་རྐུ་བཞིན་རྐུན་མ་གཞན་ལ་སྐྱོན་རྗོད་བྱེད་མཁན་དེ་རེད་དོ། །མགྲོན་པོ་ཟེར་བའི་མིང་ཐོག་ནས་བྲིས་འདུག  དེ་ལ་ལན་དུ་སྨྲས་པ། ཉིད་ཀྱིས་རང་མིང་སྨོས་མ་ཐུབ་པ་དེ་ནི་རྐུན་མ་དོན་གྱི་ཁྱེད་རང་ཡིན་པའི་རྟགས་རེད།

མདའ་འཕེན་ན་འབེན་ལ་ཕོག་རྒྱུ་དེ་དམིགས་ཡུལ་ཡིན་ན། གཡག་ཞར་གྱིས་རྩྭ་ཟས་པ་འདྲ་བའི་བཤད་སྟངས་འདིའི་རིགས་བློར་བབ་མ་སོང་།   གཉན་བུས། དེ་ལ་ལན་དུ་སྨྲས་པ། གཉན་བུ་ལགས། ཁྱེད་རང་རྩོམ་པ་པོ་ཞིག་དང་དུས་རྒྱུན་ཁོ་བོའི་ཟིན་བྲིས་སུ་ཕེབས་པ། ད་དུང་རང་མིང་དང་རང་གི་ངོ་གདོང་སྟོན་མཁན་ཞིག་ཡིན་པས་གདེངས་འཇོག་ཅིག་ཡོད་ལ་བརྩི་བཀུར་ལྟ་བུ་ཞིག་ཀྱང་ཡོད། ཡིན་ནའང་། ངས་ཟིན་བྲིས་གང་སྤེལ་ཚང་མ་ཉིད་ཀྱི་ཆེད་དུ་དང་ཁྱེད་ཀྱི་ཐུགས་ཡིད་ཨེ་ཚིམས་ཀྱི་ཕྱིར་ཏུ་མ་ཡིན་པས་ཁྱོའི་འདོད་བློ་དང་མཐུན་མི་སྲིད།

 

ཨ་རིག་དགེ་མཐོང་།ཁྱོད་ཀྱིས་རྩོམ་ཕྲན་རེ་ནམ་སྤེལ་ཀྱང་གཟིགས་པ་པོས་ཞབས་མཆན་དུ་མི་འཛངས་པ་མེད་པ་ནི།ངས་བལྟས་ན་ཁྱོད་ཀྱི་འདྲ་པར་ལན་ཡོད་ཀི་འདོད།ཚང་མས་ཟིན་བྲིས་སུ་པར་བཞག་ཡོད་ཀྱང་ཁྱོད་ཀྱི་འདུག་སྟངས་འདྲ་དེ་འདྲ་ཨེ་ཡོད་ཀི།ད་ནི་པར་རྗེས་ན་བཟང་ཀི་འདོད་ཀི།དེ་ལས་ཞན་ཆ་ཞིག་འདུག་པ་རང་ཚིག་བསྲུང།ཁ་མ་འབར།མཚམས་རེ་གུ་ཡངས་ཡོད་པར་ལབ།མཚམས་རེ་འགྲམ་ལྕག་གཞུ་བར་ལབ།ད་ནི་སེམས་ཅན་འགྲོ་སྟངས་ལ་བལྟས་ཏེ་སོང་ར་འགྲིག་གི།ང་ཤ་ཚ་ནི་ཡིན་།དེ་འདྲ་མ་བྱས་ཚེ་ཟིན་བྲིས་པ་དག་གིས་ཁྱོད་ལ་ལག་རབ་བྱས་ཏེ་གཡག་ཤོར་ཀི།ཀུ་རེ་མིན་ངོ་མ་ཡིན།ཤ་ཚ་བའི་གཏམ་ལ་སྙན་མོ་མེད།ཤེས་སོང་ངམ། མདོ་བ་བློ་བསྟན་ནམ་ཏཱ་ནི་མུན་སེལ་འབོད་པ་དེས།

 

དེ་ལ་ལན་དུ་སྨྲས་པ། སྤྱིར་བཏང་ཁྱེད་ཀྱིས་གྲྭ་བའི་མནའ་བཟའ་གྱོན་ནས་དྲ་ཐོག་ཏུ་ཡོང་བར་དགའ་བསུ་ཡོད། འོན་ཀྱང་། ངའི་པར་དང་ངའི་འགྲོ་འདུག་གི་སྤྱོད་ལམ་དེ་ཁྱེད་ལ་མ་བབ་ནི་ཞིག་དང་མི་མཛའ་ནི་ཞིག་རེད་འདུག་པས་ཁྱི་ཁ་ཚུམས། ཟིན་བྲིས་པ་ཚོས་ལག་རབ་བྱེད་རབས་ཤིག་བྲིས་འདུག ང་དགོད་རྒྱུ་གཏིང་ནས་ཡོང་གི ཟིན་བྲིས་པ་ཚོ་རྒྱ་ཁ་ཆེ་ལྟ་བུ་མ་རེད་ལ། ཡོང་ནས་ང་གསོད་ག་ལ་ཐུབ། དེའི་ཐད་ནས་སེམས་རྒྱ་ཆེ་མདོག་མ་སྟོན་རོགས།

ཨ་ཁུ་ཚང་གི་མི་གཞི་ལ་དོགས་པ་ཡོད།ཅེས་གཞི་བདག་གི་བླ་རི་ཟེར་བའི་ཟིན་བྲིས་བདག་པོས། དེ་ལ་ལན་དུ་སྨྲས་པ། རང་མིང་བོད་ཡིག་ཏུ་བསྒྱུར་མི་ཤེས་པའི་གླེན་པ་ཁ་ནག་ཁྱོའི་ཉོན། ངའི་མི་གཞི་ལ་དོགས་པ་ཆེ་བ་ཁྱོའི་འདོད་ཐོག་ཏུ་མ་སོང་བས་ཨེ་རེད། དེ་མིན་ན་ཁྱོད་ནི་སེར་མོའི་ནང་གི་མར་ལོག་ཅིག་དང་སེམས་པ་བསྐོར་ལོག་ཅིག་ཡིན་པས་སྙིང་ལ་ཕོག་སོང་བ་འདྲ། སྐད་ཆ་གང་བཤད་ན་གཞི་རྩ་ཡོད་ནི་ཤོད་ལོ། །

 

གྱི་ན་ངས་ཁྱེད་ལ་གུ་ཡངས་པའི་བསམ་བློ་ཞིག་ཡོད་པར་བསམ་ནས་དུས་རྒྱུན་དགའ་བ་ཡོད། ཉེ་ཆར་ཉིད་ཀྱིས་ཆུང་ཆུང་བྱིས་པ་ཞིག་གིས་ངང་ཚུལ་སྤྱད་ནས་ཅི་འདྲའི་སྡུག་ཐུགས་ཀྱི་ཟིན་བྲིས་རེ་སྤེལ་གྱིན་མཐོང་ན་སེམས་སྐྱོ་ཀི ཡིན་ཡང་སྙིང་གཏམ་རེ་གླེང་ན་ཉིད་ཀྱིས་དུས་རྒྱུན་བསམ་ཚུལ་ནི་བསམ་ཚུལ་རང་ཡིན་པས་མཐུན་དགོས་པའི་ངེས་པ་མེད། ཅེས་འགན་མི་ཁུར་བའི་སྐད་ཆ་སྐྱིད་པོ་ལབ་ནས་བུད་འགྲོ་གི  རྗེས་ནས་གཞན་ལ་བཤད་ན་དེ་ལ་དཔྱད་པ་དང་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་བར་འདོད། ཧོར་གཙང་བསོད་ནམས་སམ་སྡུག་མྱོང་མཁན་དེས། དེ་ལ་ལན་དུ་སྨྲས་པ། སྤྱིར་བཏང་ཁྱེད་རང་ངའི་ཟིན་བྲིས་སུ་ཡོང་བར་དགའ་བསུ་ཞུ། གཞན་ང་ལ་གུ་ཡངས་པའི་བསམ་བློ་ཡོད་མེད་ཐག་གཅོད་དགོས་པའི་འགན་ཁྲི་ལྕི་མོ་དེ་སུ་ཞིག་གིས་ཁྱེད་ལ་གཏད་སོང་། ཁྱེད་ཀྱིས་བཤད་པ་ལྟར་སྐད་ཆ་བཤད་དུས་སྔ་གཞུག་མཐུན་ནི་ཤོད། ཁ་སང་སྔོན་མ་ཞིག་ལ་ཁོ་བོའི་ཟིན་བྲིས་སུ་ཡོང་སྟེ་ཁྱེད་ཀྱི་ཟིན་བྲིས་སུ་མ་ཡོང་ཐབས་མེད་རེད། རྩོམ་ཡིག་དེ་ཚོ་ལེགས་མདོག་མདོག་གི་སྐད་ཆ་རྫུན་མ་ཞིག་བཤད་འདུག 

 

ཨ་ཁུའི་པར་ལ་བལྟས་ན་རང་ཉིད་གཞན་ལ་ངོམ་མཁན་ཞིག་ལས་རང་ཉིད་གཞན་ལ་འགྲན་སྣང་ཅན་ཞིག་མིན་པ་སྤྱི་བསྡོམས་བྱས་འདུག་སྙམ།གཞན་ཨ་ཁུ་རང་ཡང་མཚམས་ལན་རེར་སྟབས་དང་བསྟུན་ནས་སེང་རྡོར་སོགས་ཀྱི་འོད་ལ་བརྟེན་ནས་མི་ཆོས་ཀྱི་སྲང་ལམ་ཉུལ་མཁན་ཞིག་ཡིན་པ་འདྲ།   དེས་ན་སྐད་ཆ་འདང་བརྒྱབ་རྗེས་བཤད་ན་དགའ་ཡི་རེད་སྙམ།/>རྒྱུ་མཚན་ཨ་ཁུའི་མི་གཤིས་དང་སྦྲགས་ཡོད་པའི་རྩོམ་མམ་ཟིན་བྲིས་ལ་སྔོན་ཆད་ལྟར་གདེངས་འཇོག་བྱེད་རྒྱུའི་ཡི་ཀ་ཇེ་ཞན་རེད་ཕྱིར་སད་མིང་བས་སེམས་གཏམ་འདི་བྲིས་ནས་བུད་སོང་། དེ་ལ་ལན་དུ་སྨྲས་པ། ཅི་རེད། ངའི་པར་དེ་ཁྱེད་ཅག་གི་མིག་ལམ་ན་མི་མཛའ་བ་གཟན་ཤམ་གཙང་མ་ཞིག་གྱོན་པས་ཨེ་རེད། དེ་མིན་ན་ངའི་པར་དེ་ཁྱེད་ཚོ་ལ་གནོད་དགོས་མེད་ག གཞན།་སྔོན་མ་ངའི་ཟིན་བྲིས་ལ་དགའ་བ་དང་ད་ལྟ་ངའི་ཟིན་བྲིས་ལ་སུན་སྣང་སྐྱེས་པ་དེ་ནི་ཁྱོའི་སྐྱོན་ལས་ངའི་སྐྱོན་མ་རེད། མ་གཞིའི་ཁྱོད་ཚོའི་འདོད་ཐོག་ཏུ་སོང་སྟེ་ནང་བསྟན་རིག་གཞུང་ལ་ཁ་གཏོང་དགོས་པ་དང་གྲྭ་བཙུན་དང་སྟོན་པ་ཉེས་ཅན་རེད་ཅེས་ཟེར་དགོས་པ་འདྲ། འོན་ཀྱང་ཁོ་བོའི་ཟིན་བྲིས་ཀློག་མཁན་མི་གཅིག་ཀྱང་མ་བྱུང་ཡང་དེ་འདྲའི་སྐད་ཆ་སྐྱུགས་བྲོ་བ་ནམཡང་་ལབ་མི་སྲིད། དུས་རྟག་པར་བདེན་པ་གཞི་བཅོལ་གྱི་སྐད་ཆ་རེ་ཨེ་ཤོད་བལྟ་རྒྱུ་ཡིན། ཁྱེད་རང་ངའི་ཟིན་བྲིས་སུ་ཡོང་བར་དགའ་བསུ་ཞུ། དེའི་སྔོན་གྱི་ཚྭ་བ་མདའ་སྨྱུག་ལས་ལྡོག་སྟེ་སྨྲས་པ་ཟེར་བའི་ཟིན་བྲིས་ཀྱི་འོག་གི་མཆན་བུ་འགའ་ལ་རྗེས་སུ་ལན་ཡོད།

 
 
 
སྟོན་པ་ཉེས་ཅན་དུ་བལྟ་བའི་བཙུན་གཟུགས་ཚོ་ལ།
[ 2011-5-22 4:10:42 | By: gethong ]
 

སྟོན་པ་ཉེས་ཅན་དུ་བལྟ་བའི་བཙུན་གཟུགས་ཚོ་ལ།

ཉེ་ཆར་ནས་བཟུང་བཙུན་གཟུགས་འགའ་རེས་ནང་ཆོས་ལ་ནོར་འཁྲུལ་མང་རབས་དང་། སྟོན་པ་སྣོག་རྒྱུ་ཡོད་རབས་ཟེར་ནས་ཡིག་རྙོག་ཁག་ཅིག་སྒེར་དེབ་མགོ་རྡོ་རའི་སྟེང་དུ་བཀོད་རྗེས། ཅི་ཞིག་འཇོན་སོང་བ་དང་། གང་ཞིག་དགག་ཡོད་མདོག་མདོག་གིས་ཇ་ཁང་དང་ཟ་ཁང་རེའི་ནང་དུ། ཁ་ཤོམ་འཐེན་མཁན་གྱི་བཙུན་པའི་གཟུགས་བརྙན་འཆང་བ་འགའ་རིག་རྗེས་བྲིས་པ་ཡིན། འདི་ནི་སྒྱུ་རྩལ་རྩོམ་ཡིག་ཅིག་མིན་པར་ཀློག་པ་པོ་ཚོར་ངོ་སྤྲོད་ལྟ་བུའི་བསམ་ཚུལ་ཞིག་གོ །

 

སྟོན་པའི་ལྟ་གྲུབ་ལ་སྡང་བའི་བཙུན་གཟུགས་འགས། །

གྲྭ་བའི་ཐ་སྙད་ཅིག་མིང་ལ་བཏགས་བཞིན་དུ། 

སྡོམ་པ་སྡུག་རབས་ཤིག་གླེང་ཁུལ་བྱེད་པ་འདི། །

རང་གི་རང་མཚང་དེ་ཕྱི་ལ་དམར་རྗེན་བཏོན། །

 

བསམ་བློ་ཆེ་མདོག་གིས་ཆོས་ལ་བསྐུར་བ་བཏབ། །

རྣམ་དཔྱོད་ཡོད་མདོག་གིས་བཀའ་བསྟན་ལོག་འགྲེལ་བྱས། །

སུམ་རྟགས་དག་གསུམ་དེ་སེམས་ངོར་མི་འཆར་ཡང་། །

ཚྭ་བའི་མདའ་སྨྱུག་གི་རྗེས་སུ་བརྒྱུག་རྒྱུ་ཟེར། །

 

དགག་སྒྲུབ་བློ་འབྱེད་ཀྱི་ནུས་པ་མེད་ན་ཡང་། །

ཞོགས་དུང་བཞུད་ལམ་དེ་ང་ཡང་འགྲོ་རྒྱུ་ཟེར། །

སྟོན་པའི་བཀའ་གསུང་དེའི་ནང་དོན་མ་རྟོགས་ཀྱང་། །

བསྒྱར་བཅོས་དགོས་རབས་ཀྱི་ཁ་ཤོམ་འཐེན་པར་བྲེལ། །

 

སེང་རྡོར་བཅད་གསར་གྱི་ཉེ་སར་མི་ཐོན་ཡང་། །

རྡོ་ཆགས་བཙན་བསྒྲིགས་རེ་བྱས་ནས་རང་རློམ་ཆེ། །

བཛྲ་ཚུལ་ཁྲིམས་ཀྱི་སློབ་གསོ་མི་འགྲན་ཡང་། །

རང་རྒྱུད་ཚུལ་ཁྲིམས་ཀྱི་ནག་ཉེས་གླེང་ཁུལ་བྱེད། །

 

 

གཟན་ཤམ་དམར་པོ་དེ་རྒྱབ་ལ་གྱོན་བཞིན་དུ། །

མཛེས་མའི་རྩོམ་ཡིག་ལ་གདེངས་འཇོག་ཆེན་པོ་བྱེད། །

འབྲོག་མོ་འགྲོགས་འདོད་ཀྱི་འདུན་པ་མེ་ལྟར་འབར། །

རོང་མོ་བསླུ་འདོད་ཀྱི་རིག་པའི་རྟ་མཆོག་རྒོད། །

 

གང་ན་སྐོར་ལོག་ཅིག་ཡོད་ན་དེ་རུ་འགྲོ། །

ནང་ཆོས་སྡུག་རབས་དེ་ཟེར་ན་སྡུན་དུ་འབུད། །

བླ་མ་དག་མ་རེ་རིག་ན་དགག་པ་རྒྱག །

སྒོར་མོ་རྫུན་མ་རེ་མཐོང་ཡང་སྲེད་པ་སྐྱེ། །

 

དེང་དུས་བཙུན་གཟུགས་འགའི་བྱ་སྤྱོད་སྡུག་དྲགས་པས།

དགེ་འདུན་འདུས་སྡེ་ཡི་ཚོགས་ལ་བསྐུར་བ་འདེབས། །

སྟོན་པའི་མནའ་བཟའ་དེ་གྱོན་པའི་ཁྱི་སྤྱང་ཚོ། །

རང་བྱུང་འབྱུང་བ་བཞིའི་འཇིག་པ་སྟོན་ན་འོས། །

 
 
 
ཚྭ་བ་མདའ་སྨྱུག་ལས་ལྡོག་སྟེ་སྨྲས་པ།
[ 2011-5-16 20:48:02 | By: gethong ]
 

སྡོམ་པ་ནི་འདི་འདྲ་ཞིག་ཡིན།

 ཚྭ་བ་མདའ་སྨྱུག་འབོད་པ་དེས་སྡོམ་པ་ནི་ཅི་ཞིག་ཡིན་ཞེས་པ་ལས་ལྡོག་སྟེ་སྨྲས་པ་ཡིན། ཁོ་རང་གི་ཡི་གེ་རེ་ཟུང་ལྡོག་བསྒྱུར་བྱས་ཏེ་བྲིས་ཡོད།

འདི་ནི་ཨ་རིག་དགེ་མཐོང་གིས་བྱིས་པ་ལྟ་བུའི་ཀླད་མེད་འགའ་ལ་རྩེད་ཞོར་དགོད་ཞོར་ཏུ་སྡོམ་པའི་དགེ་ཕན་གླེང་བ་ཙམ་ཡིན།

སྤྱིར་བཏང་ཚྭ་བ་མདའ་སྨྱུག་གི་ནང་ཆོས་ཐད་ཀྱི་དཔྱད་རྩོམ་འགའ་རེ་ཁོ་བོའི་བློར་ཧ་ཅང་འབབ་ཀི། དེའི་ཐད་ནས་ཁོང་ལ་གུས་བཀུར་ཡོད་ཀྱང་། རྩེད་མོའི་ཚུལ་དུ་སྡོམ་པ་དང་གསང་སྔགས་ལ་མཐོང་ཆུང་དམའ་འབབ་ལྟ་བུར་བྱས་པ་ཡག་རྟགས་ཤིག་མིན་པར།སྨྱོ་རྟགས་ཤིག་རེད་འདུག་པས་ལན་དུ་སྨྲས་པ་ཡིན།

སྡོམ་པ་ནི་སྡོམ་པ་སྟེ་སྒོ་གསུམ་གྱི་མི་དགེ་བ་འགོག་བྱེད་ཡིན།

སྡོམ་པ་ལ་དབྱེ་ན་ལུས་སྡོམ་ངག་སྡོམ་ཡིད་སྡོམ་གསུམ་ཡོད།

ལུས་སྡོམ་དེ་སྲུང་ན་རང་གཞན་གྱི་སེམས་ཁམས་བདེ་བར་གནས། ངག་སྡོམ་གྱིས་དོན་མེད་ཚིག་རྙོག་དག་འགོག་པར་བྱེད།

ཡིད་སྡོམ་གྱིས་བསམ་བློ་རྩེ་གཅིག་ཏུ་གནས་པར་བྱེད།

གང་ལ་སྡོམ་པ་ཡོད་ན་དེ་ལ་བདེ་སྐྱིད་ལྡན་ཡོད།

གང་ལ་རང་དབང་ལྡན་ན་དེ་ནས་སྡོམ་པ་འཚོལ་ཆོག

སྡོམ་པ་ནི་རང་རང་གི་འདོད་མོས་ཡིན།

རྒྱུད་ལ་སྡོམ་པ་ལེན་པ་ནི། རང་གཞན་ཀུན་གྱི་ཆེད་ཡིན།

སྡོམ་པ་ལ་གུས་པ་ནི་བྱམས་བརྩེ་ལ་དུང་བ་ཡིན།

སྡོམ་པ་གཏོང་བ་ནི་དམྱལ་བར་སྐྱེ་འདོད་པ་ཡིན།

སྡོམ་པ་ལ་དགའ་ནས་སྐྲ་ལོ་གཏུབ་མཁན་མང་།

སྡོམ་པ་ལ་བརྟེན་ནས་མཐར་ཐུག་གི་བདེ་བ་རྙེད།

སྡོམ་པ་འདི་བདེ་སྐྱིད་ཀྱི་རྩ་བ་ཡིན།

འདི་ཇི་ལྟར་བསྲུང་ན་དེ་ལྟར་རང་སེམས་སྐྱིད། །

སྡོམ་པ་འདི་གང་ཡིན་གྱིས་བསྲུང་བར་མི་ནུས། །

སྡོམ་པ་ལེན་མཁན་ནི་མི་བུ་བརྟན་མོ་ཞིག

སྡོམ་པ་ནི་བསམ་གྱི་མི་ཁྱབ་པའི་གསང་བ་ཞིག

 

སྡོམ་པ་ལ་དོན་དངོས་ཀྱི་བྱུང་རིམ་ཡོད། །

སྡོམ་པ་ནི་ལུང་རིགས་ཀྱིས་གཏན་ལ་ཕབས། །

སྡོམ་པ་ནི་ནང་བསྟན་གྱི་སྙིང་ནོར་ཡིན། །

སྡོམ་པ་ནི་སྐྱེས་བུ་གསུམ་གྱི་ཉམས་ལེན་ཡིན། །

སྡོམ་པ་ནི་མདོ་སྔགས་ཟུང་གི་བཅུད་ཡིན། །

སྡོམ་པ་ནི་འགྲོ་དྲུག་འདྲེན་པའི་ཐབས་མཆོག་ཡིན། །

སྡོམ་པ་ནི་ཉམ་ཐག་སྐྱོབ་པའི་སེམས་དཔའ་ཡིན། །

སྡོམ་པ་ནི་ཚེ་སྲོག་གི་བདག་པོ་ཡིན། །

སྡོམ་པ་ནི་འཚོ་གནས་ཀྱི་ཐོན་ཁུངས་ཡིན། 

སྡོམ་པ་བོད་ལ་དར་ནས་བཟུང༌། བོད་ལ་སྐྱེས་ཆེན་གང་མང་འཁྲུངས།

སྡོམ་པ་ནི་རྟེན་འབྲེལ་གྱི་ཐོག་མ་ཡིན།

སྡོམ་པ་ཡོད་པའི་མི་རྣམས་ལ་སྙིང་སྟོབས་ཡོད།

སྡོམ་པ་ནི་བརྩོན་འགྲུས་ཅན་གྱིས་བསྲུང་།

སྡོམ་པ་བླངས་པའི་མི་རྣམས་ལ་དགའ་སྡུག་མེད།

སྡོམ་པ་ནི་རྙོག་འཛིང་དག་ཞི་བྱེད་ཀྱི་སྨན་མཆོག་ཡིན།

སྡོམ་པ་ནི་ཆོས་ལུགས་ཀྱི་ནུས་ཤུགས་འདྲེན་པའི་ཕོ་ཉ་ཡིན།

སྡོམ་པ་ལ་ཉམས་ལེན་བྱེད་སྟངས་མང་བོ་ཡོད།

སྡོམ་པས་རྒྱུ་ཆེན་ཚོའི་ངོ་སོ་མི་བལྟ།

སྡོམ་པས་བཙན་པོ་ཚོར་གུ་ཡངས་མི་གཏོང་།

སྡོམ་པས་འབྱོར་མེད་དག་ཁྲི་ལ་བཀུར་ངེས།

སྡོམ་པས་མཁས་པ་ཚོ་རྒྱབ་རྟེན་བྱེད་ངེས།

སྡོམ་པ་ནི་འཁྱོག་གཟུགས་མེད་པའི་རྩ་དོན་ཞིག་ཡིན།

སྡོམ་པས་མི་རིགས་ལ་མན་ངག་རྩལ་ཡོད།

སྡོམ་པས་སྐྱེས་ཆེན་ཚོ་དཀར་འདོན་བྱས་ཡོད།

སྡོམ་པས་ཕོ་མོ་གཉིས་ཁྱད་མེད་དུ་བཟུང་ཡོད།

སྡོམ་པ་འདི་ལོ་རྒྱུས་ཀྱི་རྡོ་རིང་དཀར་པོ།

སྡོམ་པས་བེ་རོ་ཙ་ན་ཁ་ཕྱོགས་བསྟན་ཡོད།

སྡོམ་པས་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་བརྩམས་ཡོད།

སྡོམ་པས་མཚན་ཞབས་མཁན་པོར་བསླབ་བྱ་གནང་ཡོད།

སྡོམ་པས་དགེ་འདུན་ཆོས་འཕེལ་མཁས་པར་བསྒྲགས་ཡོད།

སྡོམ་པས་སྲིད་སྐྱོང་ར་སྒྲེང་སྙན་གྲགས་རྒྱས་ཡོད།

སྡོམ་པས་སྐྱེས་པ་ཚོ་འདམ་ག་ཕྱིན་ཡོད།

སྡོམ་པས་བུད་མེད་ཚོ་ཐབས་ལམ་རྩལ་ཡོད།

སྡོམ་པས་མི་རེ་ལ་མཐར་ཐུག་གི་གོ་འཕང་བསྟན།

སྡོམ་པས་སྐྱེས་པ་ཚོར་གཅིན་གཏོང་སྟངས་སྟབས་བདེ་བཟོས་ཡོད།

སྡོམ་པས་བུད་མེད་ཚོ་ངོ་ཚ་ཤེས་པར་བཟོས་ཡོད།

སྡོམ་པས་གྲྭ་པ་ཚོར་འདོད་ཆུང་ཆོག་ཤེས་ཞིག་བཟོས་ཡོད།

སྡོམ་པས་ཇོ་མོ་ཚོར་འཁྲིག་སྤྱོད་ཀྱི་སྡུག་བསྔལ་ལས་སྐྱབས་ཡོད།

གང་ཞིག་མཐར་ཐུག་གི་བདེ་བ་འདོད་པ་དང༌། སུ་ཞིག་གིས་རང་ལ་གཅེས་ན།

 

སྡོམ་པ་འདི་བདུད་རྩི་བཞིན་ཉར་ནས་འདུག་དགོས།

སྡོམ་པ་འདོ་གནའ་རྫས་བཞིན་མི་གཞན་ལ་སྟོན་མི་ཉན།

སྡོམ་པ་འདི་བསྲུང་བའི་དྲི་ཞིམ་ཕྱོགས་ཀུན་ལ་ཁྱབ་དགོས།

ཇི་སྲིད་སྡོམ་པ་འདི་ཡོད་པ་དེ་སྲིད་དུ།

ང་ཚོ་ལ་བདེ་སྐྱིད་ཡོད།

ཐོབ་ཐང་འདེམས་ཆོག

རང་དབང་འཚོལ་ཆོག 

སྟོབས་ཤུགས་ཡོད།

ཡོན་ཏན་གོང་འཕེལ་དུ་འགྲོ་ངེས།

མ་འོངས་པའི་མདུན་ལམ་འོད་ཀྱིས་གང་ཡོད།

རེ་བ་ཆེ། ངོ་མཚར་ཆེ། སྡོམ་པ་རིན་པོ་ཆེ།

 
 
 
རྨ་ཆུའི་བསམ་གཏན་གྱི་དེབ་བཀླགས་རྗེས།
[ 2011-5-13 5:05:48 | By: gethong ]
 

ཉེ་ཆར་ཁོ་བོ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དང་ཧི་མ་ཅལ་མངའ་སྡེའི་བྱང་ཕྱོགས་ངྷ་རམ་ས་སོགས་ལ་ལས་དོན་ཞིག་གི་ཆེད་དུ་སོང་ཡིན། སྐབས་དེར་རྩོམ་གྲོགས་དང་དྲ་གྲོགས། བློས་ཐུབ་གྲོགས་པོ་དང་ཤ་ཉེ། ས་ཕྱོགས་གཅིག་པའི་ཡུལ་མི་གང་མང་ཞིག་ལ་ཐུག་འཕྲད་བྱུང་བ་དང་། ཕན་ཚུན་ལ་བདེ་སྡུག་བརྗོད་ནས་སྐྱིད་པོ་ལྟ་བུ་བྱུང་། ཕྲན་གྱི་ས་མཐའི་སྤུན་གྲོགས་ཤིག་གི་ནང་དུ་རྨ་ཆུའི་བསམ་གཏན་གྱི་དཔྱད་རྩོམ་དེབ་༼ བོད་ལ་ལྟ་བ༽་ཞེས་པ་དེ་འདུག ངས་ཁོ་ལ་འདི་ང་ལ་སྤྲད་ན་ཆོག་གམ་ཞེས་ལབ་ཡིན། ཁོས་འགྲིག་གི་རེད་ཟེར། ང་ལ་མཚོན་ན་དེབ་དེ་ཀློག་འདོད་ཀྱི་འདུན་པ་དྲག་ཏུ་འཕྱུར་ན་ཡང་། གནས་སྐབས་རྒྱབ་ཁུག་ནང་དུ་བཅུགས་ནས་བལྟས་མེད། རྒྱུ་མཚན། མེ་འཁོར་བརྒྱུད་ནས་ས་ཐག་རིང་དུ་འགྲོ་དགོས་པ་དང་སྐབས་དེར་ཀློག་ན་རང་གཅིག་བུ་ཡིན་པས་འགྲོ་རོགས་འདུག་རོགས་ལྟ་བུ་ཉན་ས་རེད་བསམ། སྤྱིར་བཏང་རྨ་ཆུའི་རྩོམ་པ་པོའམ་རྡུང་ལེན་པ་བསམ་གཏན་ནི་བོད་ཀྱི་རྡུང་ལེན་པ་དང་རྩོམ་པ་པོ་མིང་གྲགས་ཡོད་མཁན་ཡིན་པས་ཕལ་ཆེ་བས་ཤེས་རྒྱུ་རེད་བསམ།  ཁོ་བོ་ཕ་ཡུལ་གཙང་དགོན་ན་ཡོད་དུས་སུ། རྨ་ཆུའི་བསམ་གཏན་གྱི་འཁོར་ཐག་ཆེད་སྒྲིག་ཅིག་ལག་ཏུ་རག་མྱོང་ལ། སྐབས་དེ་ནས་བཟུང་སེམས་ཀྱི་ངོ་ཤེས་རྙིང་བ་ལྟ་བུར་གྱུར། ཡིན་ནའང་། སྐབས་དེར་ཁོང་ནི་སློབ་ཕྲུག་གཅེས་སྐྱོང་བྱེད་པའི་དགེ་རྒན་ཞིག་དང་། སྤྱི་ཚོགས་དཔྱད་བརྗོད་འབྲི་བའི་རྩོམ་པ་པོ་ཞིག་ཡིན་པ་ཡིད་དུ་དྲན་མ་མྱོང་ལ་རྣ་བས་ཀྱང་ཐོས་མ་བྱུང་། རྗེས་སུ་ཁོ་བོ་ས་མཐར་འཁྱམས་ཤིང་དེ་ནས་བོད་ཀྱི་སྐད་ཡིག་དང་ལྷག་པར་རྩོམ་རིག་ལ་དོ་སྣང་བྱུང་། དེ་དུས་རྣ་ལམ་དུ་རྨ་ཆུའི་བསམ་གཏན་གྱིས་ཨ་ལགས་དོར་ཞི་ཚང་ལ་ཕུལ་བའི་རྩོམ་ཡིག་ཅིག་གི་ནང་དོན་གོ་ཐོས་བྱུང་། ད་དུང་མཚོ་སྔོན་པོའི་ཟིན་བྲིས་སུ་ཁོང་གིས་རྩོམ་ཡིག་བདེ་མོ་རྐྱང་རྐྱང་འབྲི་གིན་འདུག་པ་སོགས་ཀྱིས་དོ་སྣང་བྱ་ཡུལ་དང་། སོ་སོའི་ངོ་ཤེས་ལྟ་བུར་གྱུར་ཡོད། རྒྱུ་རྐྱེན་དེ་འདྲ་ཞིག་གི་དབང་གིས་ཁོང་གི་རྩོམ་དེབ་ཀློག་རྒྱུ་དགའ་བ་དཔག་མེད་ཅིག་སྐྱེས་པ་རེད། 

དཔེ་དེབ་ཀྱི་ཁ་ཕྱེ་མ་ཐག་ཏུ་མིག་ལམ་དུ་མངོན་ཡོང་བ་ནི། མིག་ཟུང་ཟུམ་ལ་ཁད་ཀྱི་གསར་བུ་གདོང་ལ་འཛུམ་མདངས་ཅན་དེ་རེད། ཁོང་ནི་རྨ་ཆུའི་བསམ་གཏན་དང་པིར་མིང་ལ་རྡོ་རང་སྐྱེད་ཅེས་པ་དེ་ཡིན་པ་ཤེས། རང་ལོ་བཅུ་བདུན་ནས་བཟུང་རྩོམ་རིག་ལ་འཐམ་འཛིང་དང་བྱིས་པ་ཚོའི་དྭངས་གཙང་སེམས་ཁམས་སུ་ཤེས་རིག་གི་འོ་ཆུ་བླུག་པ་དང་། རང་གི་དགའ་ཕྱོགས་དེ་མཚམས་བཞག་མ་མྱོང་པ་མ་ཟད་དགའ་ཕྱོགས་ལ་འབད་པས་རང་གི་མི་ཚེ་སྟོང་ཟད་དུ་བཏང་མེད་ཅེས་པའི་ཚིག་དེ་མཐོང་བྱུང་། ཇི་འདྲའི་སྐད་ཆ་བསོར་མོ་ཞིག་དང་གཏན་ཚིགས་བདེ་མོ་ཞིག་རེད་ཨང་སྙམ།

 

དེ་ནས་ཀློག་མཁན་ལ་ཕུལ་བའི་སྙིང་གཏམ་ཞེས་པའི་ཡིག་འབྲི་འགའ་མིག་ལམ་དུ་ཤར་སོང་། བྲེལ་འཚུབ་དང་བཅས་ཀློག་དུས་སྐད་ཆ་འདི་ལྟ་བུ་འདུག  “བདག་གིས་གནས་ལུགས་དེའི་ཡུལ་ལྗོངས་ནས་རང་ཉིད་ལ་མཁོ་བའི་མི་ཡུལ་ཞིག་ཡོད་པར་ངང་སྒུག་བྱས་མོད། རེ་བ་དེ་ནི་ཆང་ཁང་གི་མི་སྐྱ་བསྟན་འཛིན་ཞིག་དང་། གྲྭ་ཁང་གི་དགེ་སློང་ཆབ་སྲིད་པ་གཉིས་ཀྱིས་བཙིར་ནས་སྐེ་རྩར་བསྒགས་ཟིན་པས། བདག་གི་ཤེས་རབ་ཀྱི་མིག་ཟུང་ཐང་དུ་འགྲིལ་ལ་ཁད། བདག་གིས་དེ་ནས་བཟུང་ཀློག་མཁན་ལ་སེམས་ཀྱི་སྡུག་ཡུས་ཁོ་ན་བཤད་དགོས་བྱུང་། ’’དེ་འདྲའི་ཚིག་དེ་མཐོང་དུས་རྩོམ་པ་པོའི་དགའ་ཕྱོགས་སམ་ཡང་ན་སྡང་ཕྱོགས་དེ་ཏོག་ཙམ་ཕྲན་གྱིས་ཤེས་སོང་། ད་དུང་རྩོམ་པ་པོ་ཞིག་གི་རང་ཚུགས་འདི་ལྟར་མངོན་ཡོད་དེ། མཐར་དེད་ན་བདག་ལ་ཀློག་མཁན་ཞིག་ཡོད་པའི་རེ་བའི་མེ་སྟག་དེ་ནི་ང་མི་འཆི་བའི་སྲོག་རླུང་ཕྲ་མོ་དེ་ཡིན་པ་འདྲ། ཞེས་དང་། དེབ་ཆུང་འདི་རུ་བཤད་པའི་སྐད་ཆ་རེ་རེ་ལ་གཡོ་ཟོལ་རྫུན་ཁེབས་ཀྱི་ཆ་རྡུལ་ཙམ་ཡང་མེད་ཅེས་བཤད་མི་ཕོད་དེ། ངས་ཀློག་མཁན་ལ་འགན་འཁུར་དགོས་ཤིང་། བདེན་པའི་ཆོས་ཉིད་ཀྱི་ལྟ་བ་བརྩི་འཇོག་བྱ་དགོས་ལུགས་བརྗོད་པ་དོན་ལ་གནས་པ་དང་ཀུན་གྱིས་ཡིད་ལ་འཛིན་དགོས་པའི་བསླབ་བྱ་ཞིག་གོ ། མདོར་བསྡུས་ན་རྩོམ་པ་པོ་ཞིག་ལ་མཚོན་ན་ཀློག་པ་པོ་ལས་བཀའ་དྲིན་ཆེ་བ་དང་རེ་ལྟོས་བྱེད་ས་མེད་པ་དེ་རེད། ད་དུང་རྩོམ་པ་པོས་ཀྱང་རང་གི་རྩོམ་ཡིག་ཀློག་མཁན་ལ་གདེང་འཇོག་དང་མགོ་བསྐོར་གཏོང་མི་ཉན་པ་དེ་ནི་དངོས་གནས་གལ་ཆེའི་བསླབ་བྱ་ཞིག་རེད། དེ་མིན་དེང་སང་དྲ་རྩོམ་དར་བ་བཟུང་ཁ་བྱང་དང་རྩོམ་ཡིག་གཉིས་ཤར་ནུབ་དང་། ནང་དོན་ནི་ཀློག་པ་པོའི་སེམས་ངོགས་སུ་འཆར་རྒྱུ་ཅི་ཡང་མེད་པར། ཚིག་གང་རྫིག་རྫིག་དང་ཐ་སྙད་མཐོ་པོ་དང་བརྡ་རྙིང་རེ་འབྲི་སྲོལ་ཡོད་པ་དེ་རེད། འདི་ནི་ད་ལྟའི་ན་གཞོན་ཚོ་ལ་རྒྱུན་འབྱམས་སུ་འབྱོར་བའི་ན་ཚ་སྡུག་ཤོས་ཤིག་རེད།

 

རྩོམ་ཡིག་ཀུན་གྱི་ཐོག་མ་ནི་གངས་སེང་བོར་བའི་གཏམ་ཞེས་པ་དེ་རེད། ངས་མཐོང་མ་ཐག་ཆབ་སྲིད་ཅིག་གླེང་གིན་ཡོད་པ་འདྲ་བསམ།བརྗོད་བྱ་དངོས་ལ་ཐུག་དུས་དངོས་ཡོད་ཀྱི་བདེན་པ་ར་སྤྲོད་ཅིག་དང་། རང་གི་བསམ་བློའི་ནུས་རྩལ་ཡོད་རྒུ་བཏོན་ཏེ་དཔྱད་པ་བཏང་འདུག ལྷག་པར་དགེ་ཆོས་ཀྱིས་ཅི་བཤད་ན་བདེན་པར་འཛིན་པའི་དེང་སང་གི་ནད་ཡམས་དེ་དོར་སྟེ། རང་གི་མཐོང་ཐོས་མྱོང་གསུམ་དང་། ལོ་རྒྱུས་ཞིབ་ཀློག་བྱས་ཏེ་གངས་སེང་ཡོད་པའི་ཏན་རྟགས་དུམ་ཚིག་ཁག་ཅིག་བགྲངས་འདུག་པ་དེའོ། ། ཁོང་གིས་གངས་སེང་ངོས་འཛིན་འདི་ལྟར་བྱས་འདུག གངས་སེང་ནི་བྱང་མདོའི་འཁྱག་གླིང་གི་དོམ་དཀར་ལྟ་བུའི་སྲོག་ཆགས་ཤིག་ཡིན། ཞེས་དང་། དགེ་ཆོས་ལྟར་ན་བོད་མི་ལ་གངས་མི་ཞེས་མི་འབོད་པ་ཅི་ཡིན། ཞེས་པའི་དྲི་བ་ནག་པོ་ཞིག་ཀྱང་ཞོར་ནས་བཏང་འདུག  གངས་སེང་ཡོད་མེད་ཀྱི་ཐད་དུ་བོད་ཕྱི་ནང་གི་རྩོམ་པ་པོར་རློམ་མཁན་དང་མཁས་པར་འཛིན་པ་ཚོས་མང་བོ་ཞིག་བྲིས་པ་རེད། ཡིན་ནའང་། གངས་སེང་ནི་དངོས་གནས་བྱས་ན་ཡོད་པ་འདྲ། ལོ་རྒྱུས་ལས་སྐྱེས་ཆེན་ཞིག་གིས་དངོས་སུ་མཐོང་བ་བཤད་མྱོང་ལ། དེང་གི་དུས་སུ་གངས་སེང་མཐོང་རྒྱུ་མེད་པ་ཙམ་གྱིས་མེད་པར་བསྒྲུབ་མི་ནུས་སོ། ། དཔེར་ན། ད་ནས་བཟུང་ལོ་འགའི་རྗེས་སུ་བོད་ཁུལ་ན་གཡག་ལབ་ན་ཡང་ཕལ་ཆེར་མཐོང་རྒྱུ་དཀོན་པ་དང་། སྔོན་གྱི་དུས་སུ་གནམ་གྲུ་དང་རླངས་འཁོར་སོགས་མཐོང་རྒྱུ་མེད་པས་མེད་པར་འཇོག་མི་ནུས་པ་ལྟར་རོ། །

 

ཀླུ་སྒྲུབ་དགོངས་རྒྱན་འགྲེལ་སྟངས་ཐད་ནས་ཁོ་བོ་དང་བསམ་ཚུལ་མི་མཐུན་པ་མང་བོ་ཞིག་འདུག ཡིན་ནའང་། ང་དང་བསམ་ཚུལ་མི་མཐུན་པ་ཙམ་གྱིས་ཁོང་གིས་ནོར་སོང་བ་དང་འཆུག་ཡོད་པ་དེ་འདྲ་མ་རེད། རྩོམ་ཡིག་དེའི་ཐད་ནས་ཀྱང་ཁོ་ལ་གདེང་འཇོག་བྱེད་དགོས་ས་ཡོད་དེ། མི་སྐྱ་ཞིག་གིས་གྲུབ་མཐའི་དཀའ་གནད་དམ་ལྟ་བའི་སྐོར་ལ་འགྲེལ་བཤད་དེ་ཙམ་བྱས་པ་ཕྲན་གྱིས་གུས་བརྩི་་དང་འདེང་འཇོག་བྱེད་ཀྱིན་ཡོད་ལ། དེའི་ནང་གི་མ་རེད་བསམ་སྐྱིད་མང་བོ་དེ་ཚོ་ལ་ཁོ་བོས་དམིགས་བསལ་གྱིས་དགག་བྱ་ཅང་མ་མཐོང་ངོ་། །རྒྱུ་མཚན། མི་ཚེ་གྲུབ་མཐའ་དང་ལྟ་གྲུབ་ལ་འབད་པའི་གྲྭ་བ་ཕལ་ཆེ་བས་དེ་འདྲ་མི་འཁྱོངས་པས་ན་མི་སྐྱ་ཞིག་ལ་ཁག་ཅི་ཡོད་སྙམ་ནས་བཏང་སྙོམས་སུ་བཞག་ཡོད།

 

ཡང་ཁོང་གིས་བདག་དང་་བརྡུང་ལེན་གྱི་གསང་གཏམ་ཞེས་པའི་ནང་དུ། “དམངས་ཁྲོད་བཤད་རྒྱུན་ལས། ཟས་ཀྱིས་ལུས་གསོ་ཞིང་། གླུ་ཡིས་སེམས་གསོ་’’ཞེས་པ་ནང་ལྟར། གླུ་ནི་འཚོ་བ་དང་བར་ཐག་ཆེས་ཉེ་བའི་ “སྙན་ངག་’’རེད་ཅེས་བཤད་ཆོག་ལ། གླུ་ནི་མིའི་གཤིས་རྒྱུད་ཀྱི་མཛེས་པ་མཚོན་ཐབས་དགའ་ཤོས་རེད་ཅེས་བཤད་མི་ཆོག་གམ། “ བདག་གི་འཚོ་བ་ནི་གླུ་དང་འབྲེལ་བ་དམ་པོ་ཡོད་དེ།  སྐྱིད་དུས་སྐྱི་གླུ་དང་སྡུག་དུས་སྐྱོ་གླུ་ལེན་ངེས་ཡིན’’ཞེས་ཁོང་གིས་རྡུང་ལེན་སྒྱུ་རྩལ་འདི་ལ་འདེང་འཇོག་དང་འཚོ་བ་དངོས་དང་འབྲེལ་བའི་འགྲེལ་བཤད་ལེགས་པོ་ཞིག་བཀྱོན་འདུག་པ་དེ་རེད།  གཞན། བོད་དུ་རྡུང་ལེན་པ་ཇེ་མང་དུ་སོང་བ་ནི་དགའ་བའི་དོན་ཞིག་དང་། དབྱངས་ཀྱི་སྦྱོར་བའི་ལས་འཛོལ་དང་། ཚིག་གི་སྦྱོར་བའི་ལུས་འཛོལ་སོགས་ཉན་མཁན་ལ་བག་ཆགས་ངན་པ་བཞག་ཡོད་པ་ནི་སེམས་སྐྱོ་དགོས་པ་ཞིག་དང་རེ་ཐག་ཆད་དགོས་པ་ཞིག་རེད་ཅེས་པ་ཅི་མ་བདེན། ལོ་རེ་ནས་ལོ་རེར་ཚིག་དབྱངས་རྐུ་མ་བརྒྱབས་པ་མ་ཟད་རང་གི་ཡིན་མདོག་བྱས་ཏེ་ལེན་པ་དང་། ལྷག་པར་མཚོ་སྔོན་རླུང་བརྙན་འཕྲིན་གྱི་གར་སྟེགས་སྟེང་དུ་ཡང་ང་ཚ་རྒྱབ་ལ་གཡུགས་ཏེ་རང་ངོ་མ་ཟིན་པར་ཡོང་མཁན་ཇེ་མང་རེད། འདི་ལྟར་བལྟས་ཡོང་ན་དེའི་ཕྱོགས་ནས་འཐུས་ཤོར་ཞིག་ཏན་ཏན་ཡོད་རྒྱུ་རེད།  དེ་མིན་ཁོང་གིས་གསུངས་པ་ལྟར། རྡུང་ལེན་འདི་དར་ཞིང་ཆེད་ལས་ཀྱི་ཕྱོགས་སུ་སོང་སྟེ་མ་འོངས་པ་ན་རྒྱལ་སྤྱིའི་རྡུང་ལེན་རིག་པ་ཞེས་པ་ཞིག་བྱུང་ཡང་སྲིད། ཅེས་པ་དང་། རྡུང་ལེན་པ་ཚོ་ནི་ཡིག་རྨོངས་པར་བརྩི་མཁན་གྱི་ཡི་གེ་འབྲི་བ་ཚོ་ལ་ཞོར་ནས་ཟུར་མདའ་ཞིག་ཀྱང་འཕངས་འདུག

 

བདག་གིས་རིག་གནས་ཀུན་སྤྱོད་ནས་བཤད་པ་ཞེས་པའི་ནང་དུ་གནས་ལུགས་མང་བོ་ཞིག་བགྲངས་འདུག་ཀྱང་རེ་རེ་བཞིན་དྲངས་ན་ཡིག་ཚོགས་མང་བར་དོགས་ནས་གནད་འགག་ཅན་རེ་བཏོན་ན། མདུན་ལམ་ནི་རང་ཉིད་ཀྱིས་གསར་བཏོད་བྱ་དགོས་པ་ཞིག་རེད་ཅེས་པ་དང་། དཔོན་པོའི་བུ་ཕྲུག་ལ་ལག་རྟགས་རྫུན་མ་མང་བ། རྒྱུགས་ཚད་རྐུ་བཤུ་མཁན་དག་ལ་སྐར་གྲངས་མཐོ་པ་ཞེས་དང་། བོད་ཀྱི་སྤྱི་ཚོགས་ནང་དུ་ཡིག་རྨོངས་པ་བརྒྱ་ཆའི་བདུན་ཅུ་ཟིན་པ་དང་། གསར་འགྱུར་དང་རྩོམ་རིག་ལ་དོ་སྣང་བྱེད་མཁན་དེ་ལས་ཉུང་བ་ཞེས་སོགས་ལོས་བདེན་བསམ་སྐྱིད་མང་བོ་བྲིས་འདུག འདི་ལྟར་བལྟས་ཡོང་ན་རྨ་ཆུའི་བསམ་གཏན་གྱིས་བོད་ཀྱི་སྤྱི་ཚོགས་ལ་རྒྱུས་ལོན་ཟབ་མོ་བྱས་འདུག་པ་བདེན་དཔང་བྱེད་ཐུབ་ཀི།

 

 བདག་གིས་ཕྱོགས་ཞེན་གླེང་བ་ཞེས་པའི་ནང་དུ། ཁྱོད་ཤི་ང་གསོན་ཞེས་པའི་ཁ་དཔེ་དེ་ནི་ཆབ་སྲིད་ཅེས་པའི་སྤྱི་སྡོམ་ལྟ་བུ་ཞིག་རེད། གཡོ་སྒྱུ་སུ་ལ་ཆེན་ན་རྒྱལ་ཁ་ཡོད་ཅིང་། ཞེས་གཏན་ཚིགས་ལྟ་བུའི་སྐད་ཆ་མང་བོ་འདུག ད་དུང་། ཆབ་སྲིད་ཅེས་པའི་གཡོ་སྒྱུ་ཡོད་ཚད་ལ་རིན་ཐང་འཇོག་པ་དང་། ཆོས་ལུགས་ཞེས་པའི་ཁྱིམ་ཚང་གཞན་ཞིག་གི་འབོད་སྲོལ་ཆགས་ཡོད་པ་དེ་ནི་མི་རིགས་ཀྱི་འཆི་མལ་རེད། ཆོས་ལུགས་ཀྱིས་ང་ཚོ་གང་ལའང་ཁྱི་བཞིན་སྐེ་ཐག་བཅོས་ནས་འཁྲིད་བཞིན་ཡོད་ཅེས་རང་གི་བསམ་ཚུལ་དང་འཇིག་རྟེན་འདིའི་དར་རྒུད་ལ་ཞིབ་འཇུག་ལྟ་བུར་བྱས་ཏེ་མཐའ་མའི་རང་གི་བསམ་ཚུལ་དངོས་དེ་བྲིས་ཡོད་པ་འདྲ། དེའི་འོག་ཏུ་གསལ་བོར་བཤད་ན་ང་ཚོ་དབང་བོ་ལྔའི་རྒྱལ་བོ་ཡིན་པ་ལས་བྲན་གཡོག་ཏུ་མི་དུད་པར་ཐུགས་རྗེ་ཆེ་ཞུ་ཞེས་པའོ། །འདི་ལྟར་ཁོང་གིས་རྩོམ་ཡིག་དེ་མཇུག་བསྡུས་འདུག

 

རྨ་ཆུ་བའི་ཁྱི་བཤད་ཅེས་པའི་ནང་དུ་འབྲོག་ཁྱིའི་སྐོར་དང་འབྲོག་བུ་གཅིག་ཆུང་མ་དགུ་ལ་འཐོར་བ་དང་ཁོས་རྒྱུན་དུ་མི་རིགས་ཀྱི་ལ་རྒྱ་གླེང་བ། དེ་མིན་ངོ་མ་བློས་ཐུབ་ཟེར་བའི་མྱི་སྣ་ཞིག་གིས་གང་ན་བསྒུག་ཡོད།

ང་ཚོས་རང་ཉིད་རྫུན་དུ་འགྱུར་ངེས་པའི་སྐད་ཆ་གང་མང་མང་བཤད་ཀྱིན་འདུག་ཅེས་པ་ལྟ་བུའི་སྟེང་ནས་ཀྱང་བསམ་བློ་ལ་ངེས་པ་འདྲེན་སྟངས་མ་འདྲ་བ་རེ་རྙེད་ཀྱང་། དེ་དག་རེ་རེ་ནི་གླེང་ནས་རྫོགས་མཐའ་མ་མཆིས་སོ། །

 

དཔྱོད་ཤེས་རྒྱང་འབོད་ལ་ལྟ་བ་ཞེས་པའི་ནང་དུ་སྐུ་ཞབས་ཞོགས་དུང་དང་ཁོང་གཉིས་ཀྱི་འབྲེལ་ལམ་དང་ཞོགས་དུང་དཀར་འདོན་ལྟ་བུ་དང་། གནས་ལུགས་དང་བདེན་པ་ངོ་སྤྲོད་ལྟ་བུའི་སྐད་ཆ་མང་པོ་མང་བོ་ཞིག་སྤུངས་འདུག  

 རྩོམ་ཡིག་འབྲི་མཁན་ལ་ཕུལ་བའི་ནང་གཏམ་ཞེས་པའི་ནང་གི་གནད་ཚིག་འགའ་བགྲངས་ན། རྩོམ་ཡིག་གི་ཆེད་དུ་དུས་ཚོད་མང་ཤོས་གཏོང་བ་དང་རྩོམ་ཡིག་ལ་འབད་བརྩོན་བྱེད་མཁན་ཞིག་ཡིན་ན། ཁྱེད་ཀྱིས་མི་གཞན་ལ་ངོམ་སོ་བྱེད་རྒྱུ་ཞིག་ཡོད་པ་ནི། རྩོམ་ཡིག་ལས་མེད་ལ། དེའི་ཆེད་དུ་རང་ཉིད་ཀྱིས་ཡོད་ཚད་བློས་གཏོང་ཐུབ་པ་སོགས་ནི་རྒྱུན་ལྡན་གྱི་རྩོམ་པ་པོ་ཚོའི་རང་གཤིས་ལྟ་བུ་དང་། ང་རྒྱལ་ནི་རང་ཉིད་མཚོན་ཚུལ་དགའ་ཤོས་རེད་ཅེས་བཤད་འདུག་ལ། དེ་འདྲའི་ང་རྒྱལ་ནི་རང་རྒྱལ་གཞན་ཕམ་ལྟ་བུ་མིན་པར་ཁོང་གིས་བདེ་ཐང་གི་ང་རྒྱལ་ཞེས་ཐ་སྙད་གསར་བ་ཞིག་བེད་སྤྱོད་གཏོང་བཞིན་འདུག རེད་དེ་ཡང་ནང་ཆོས་དང་སྤྱི་ཚོགས་ཁྱོན་ཡོངས་ནས་བལྟས་ན་དགག་བྱ་མེད་ལ་དགོས་པ་ཆེ་བའི་གཏམ་ཞིག་རེད། མདོར་དྲིལ་ན། དེའི་ནང་དོན་གཙོ་བོ་རང་གིས་རང་ལ་ཡིད་རྟོན་ཞེས་ཟེར་བ་དང་འདྲའོ། །

 

བོད་ཀྱི་ཡང་སྤྲུལ་རིག་གནས་ལས་འཕྲོས་པའི་གཏམ་ཞེས་པའི་ནང་དུ།་སྔོན་གྱི་མཁས་པ་དང་ད་ལྟའི་བསམ་བློ་པ་མང་བོ་ཞིག་གི་གསུང་དྲངས་འདུག་པ་ལས་ཁོང་གི་ལྟ་ཚུལ་ཉུང་བས་ན་ཁོ་བོ་ལ་དམིགས་བསལ་གྱིས་སྐད་ཆ་འདྲ་བཤད་རྒྱུ་མེད།

 

མཇུག་ཏུ་གསལ་བཤད་ཅིག་ལ། ཁོ་བོས་ད་ཐེངས་དེབ་དེའི་ནང་གི་བོད་ལ་ལྟ་བ་ཞེས་པའི་སྐོར་བྲིས་མེད། རྒྱུ་མཚན་དེ་ནི་ཁོང་གི་རྩོམ་དེབ་ཀྱི་སྙིང་བཅུད་ལྟ་བུ་དང་འོ་མའི་ནང་གི་མར་ལོ་ལྟ་བུ་རེད་འདུག་པས་རྗེས་སུ་གླེང་རྒྱུ་ལས། ཐེངས་འདིར་བྲིས་ན་ཡིག་ཚོགས་མང་ངེས་རེད།།

 
 
 
ཞོགས་དུང་ལ་འདིའི་མི་ཚད།
[ 2011-5-12 12:18:38 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
ཤི་སྐད་ཐོས་དུས།
[ 2011-5-10 5:04:54 | By: gethong ]
 

ཤི་སྐད་ཐོས་དུས།

འཇིག་རྟེན་གྲུ་ཟུར་བརྒྱུད་པའི་གླིང་ཁ་ན། །

བདེ་བར་འདོད་ཀྱང་བཙན་གྱིས་སྐྱོ་རུ་འཇུག །

སྐྱིད་ལ་བདེ་སྣང་ཤར་ཡང་སྡུག་གི་གཞི། །

བཙལ་ན་ཡོད་ཚད་མི་བརྟན་འགྱུར་ནས་ཡོད། །

 

བློས་ཐུབ་གྲོགས་པོ་གློ་བུར་བཞུད་པ་ན། །

སྙིང་ལ་ཚག་ཤད་དམར་པོ་ཚ་བེར་བརྒྱུགས། །

མ་ནི་ཡིག་དྲུག་ཡིད་ལ་འཆར་རྒྱུ་ལས། །

གྲོགས་ལ་མྱ་ངན་བྱེད་སྟངས་མ་ཤེས་སོ། །

 

གཞིས་བྱེས་གཉིས་ནས་འགྲོགས་པའི་གཏམ་རྒྱུད་དེ། །

དེ་རིང་གླེང་ན་སྐྱོ་བའི་གཞི་རུ་འགྱུར། །

ཁ་རོག་མིག་ཆུ་འགའ་རེ་འཐོར་བ་ལས། །

བརྩེ་བ་ཟེར་བའི་རིན་ཐང་མ་རྟོགས་ཐལ། །

 

ཤོག་དངུལ་བཅུ་ལོ་བགོས་པ་གྲངས་མ་མཆིས། །

ཟ་འཐུང་མགྲོན་འབོད་བྱས་པ་རྒྱུན་སྲོལ་ཞིག །

ཀྱག་ཀྱོག་རྐང་ལམ་དེད་ནས་ས་མཐའ་འགྲིམས། །

སྐྱིད་སྡུག་མཉམ་གཤིབ་བྱས་པ་ཀུན་གྱིས་སྨོན། །

 

ངུར་སྨྲིག་དགའ་ཚལ་གླིང་ནས་མདུན་ལམ་བཙལ། །

དཔྱིད་ཀའི་ཉིན་ནག་ཅིག་ལ་ཁ་ཁར་གྱེས། །

བསིལ་ལྡན་ཁ་བའི་ལྗོངས་སུ་ཁྱེད་ཉིད་ཕེབས། །

འཕགས་ཡུལ་ས་མཐའི་གནས་འདིར་ང་རང་ལྷག །

 

དེང་དུས་བརྡ་འཕྲིན་བརྒྱུད་ནས་སེམས་གཏམ་གླེང་། །

སྐབས་དེའི་སྤྲོ་སྣང་དེ་ནི་སྐྱིད་པ་ལ། །

ཙི་ནིའི་ཤོག་དངུལ་གཅིག་གསོག་གཉིས་གསོག་གིས། །

ང་ལ་བསྐུར་བའི་དུས་ཚིགས་བརྗེད་ཐབས་བྲལ། །

 

འཆི་བདག་བདུད་ཀྱིས་ཞགས་པ་ཁྱེད་ལ་བསྐོན། །

ཐར་བའི་སྐལ་བ་མེད་པར་ཁྲིད་སོང་ཞེས། །

མི་སྙན་གཏམ་ངན་རླུང་དང་འགྲོགས་ནས་ཐོས། །

ང་ཡི་ཡོད་ཚད་སྐྱོ་བས་སྦྲིད་དུ་བཅུགས། །

 

གདན་ས་སེ་འབྲས་དགའ་གསུམ་དག་པའི་ཞིང་། །

བསྔོ་རྟེན་ཟེར་ནས་ཤོག་དངུལ་འགའ་རེ་ཕུལ། །

སྡུག་ན་ཆོས་ལས་གཞན་ཞིག་མ་རྙེད་པས། །

འདི་འདྲ་ཞིག་གིས་འགྲོ་ཐབས་འདུག་ཐབས་བྱས། །

 

ཕྱི་མའི་ཡུལ་ནས་ཆོས་སྐད་ཐོས་མིན་དེ། །

ང་ལ་མཚོན་ན་ཤིན་ཏུ་ལྐོག་གྱུར་ཅིག །

བོད་ཀྱི་ལུགས་སྲོལ་དེད་ནས་འགྲོ་རྒྱུ་ལས། །

གསར་བཏོད་མྱ་ངན་བྱེད་སྟངས་མ་རྙེད་ཐལ། །

 

ཕྱི་མའི་ཡུལ་ནས་ཕྱིར་ལ་འཁྲུངས་སོང་ན། །

བརྩེ་བའི་དབང་གིས་མྱི་ངོ་ཟིན་པར་སྨོན། །

ཁ་གཡང་འདི་ལྟར་སྒྲོག་ནས་འདུག་རྒྱུ་ལས། །

འཇིག་རྟེན་འཚོ་བར་སྙིང་བོ་མ་ལོན་ཐལ། །

 

 

རང་ཉིད་དང་དུས་རྒྱུན་འགྲོགས་ཤིང་འཇིག་རྟེན་གྱི་གྲུ་ཟུར་འདི་ནས་སྐྱིད་སྡུག་གི་འཚོ་བ་མཉམ་གཤིབ་བྱེད་རོགས་དང་། ས་མཐའ་འཁྱམས་རོགས་གྲོགས་སྐུ་གསུམ་རྒྱལ་མཚན་འདས་གྲོངས་སུ་ཕྱིན་པའི་གཏམ་ངན་ཐོས་རྗེས་རང་སེམས་གསོ་ཐབས་སུ་འདི་ཉིད་བྲིས་པའོ། །

 
 
 
ད་ཐེངས་ཀྱི་ཚོར་སྣང་ཐན་ཐུན།
[ 2011-5-9 5:48:13 | By: gethong ]
 

ད་ཐེངས་ཀྱི་ཚོར་སྣང་ཐན་ཐུན།

ཞོགས་ཀའི་གནམ་གཤིས་དེ་དྭངས་ཤིང་གཙང་བ་དང་། །

གྲོགས་པོའི་ཁ་ངོ་དེ་སྔར་ལས་ལེགས་པ་དང་། །

སྤྱི་སྤྱོད་རླངས་འཁོར་དེ་ཡག་རྒྱུ་མེད་ན་ཡང་། །

གྲོས་མོལ་བདེ་མོ་ཞིག་བྱས་ནས་ལམ་དུ་ཆས། །

སྦེལ་ཀོབ་གཞིས་ཆགས་ཀྱི་ཞིང་ཁ་གཞོན་ནས་བསྐྱར། །

གདན་ས་སེ་ར་དེ་སེམས་ཀྱིས་གཡས་ནས་བསྐྱར། །

ད་ཐེངས་འགྲུལ་བཞུད་དེ་འདི་ལྟར་བྱེད་མགོ་བརྩམས། །

མེ་སོར་གྲོང་ཁྱེར་དེར་སྐད་ཅིག་ཉིད་ལ་བསླེབས། །

མེ་འཁོར་འཛིན་བྱང་དེ་ཡོད་པས་སེམས་ཁྲལ་མེད། །

མི་རིགས་མི་གཅིག་དེ་སྐད་ཡིག་མི་མཚུངས་པའི། །

མི་ལྡང་ཁག་ཅིག་དང་ལྷན་དུ་འགྲོགས་ནས་སོང་། །

ཁ་ཆེའི་བུ་མོ་དེའི་ཁ་ངོ་གོས་ཀྱིས་གཡོགས། །

ཁ་ལ་ཟ་དུས་ད་ལུགས་སྲོལ་ཁ་ཁ་རེད། །

ལག་པས་ཡོད་ཚད་དེ་ཟ་བ་འགྲོ་སྟངས་ཤིག །

རྐུབ་ཀྱི་སྐྱག་པ་དེ་ལག་པས་བཀྲུ་བ་སོགས། །

བོད་ཀྱི་ལུགས་སྲོལ་དང་མི་མཐུན་མང་བོ་ཞིག །

རྒྱ་གར་ནག་རིལ་ད་འདི་ཚོ་གོམས་ནས་འདུག །

ཚ་བ་ཆེ་ནས་ད་གསོད་ལ་ཁད་བྱས་ཀྱང་། །

མེ་འཁོར་ནང་དུ་ད་འཁྱག་སྒམ་ཡོད་པས་ན། །

བླ་རྒན་ངེད་གཉི་ག་སྐྱོན་གྱིས་མ་མཆིས་སོ། །

ཞ་བོ་ཞར་རེའི་ད་ཚོགས་ཀྱིས་འཚང་ཁ་རྒོད། །

ལྕགས་ལོ་གཅིག་རེ་ད་སློང་མཁན་ཇེ་མང་རེད། །

འབྲས་དང་ལྡི་ལི་དེ་མ་གཏོགས་མེད་པས་ན། །

ཧ་ཅང་ཟ་འདོད་ཀྱི་ཡི་ག་མེད་ན་ཡང་། །

གྲོད་ཁོག་བདག་མེད་དེས་འདུག་གི་མ་བཅུག་པས། །

ཧིན་སྒོར་བརྒྱ་རེའི་ད་འགྲོ་སོང་བཏང་ནི་ཡིན། །

ཞིམ་མོ་མངར་མོ་ད་མང་བོ་ཟོས་ན་ད། །

སོ་དང་མགོ་བོ་ད་ན་ནས་ཤི་བྲབས་བྱས། །

ཕོ་གཞོན་མོ་གཞོན་ད་ཁག་ཅིག་མྱི་བསོར་རེད། །

འཁྲིག་སྤྱོད་དམར་པོ་ད་ཕལ་ཆེར་བྱེད་ལ་ཁད། །

ཕན་ཚུན་འཐམ་ནས་ད་འོ་བསྐྱལ་ལྕེ་ལྡག་བྱེད། །

རྒྱ་གར་འདི་ཚོ་ད་མཚོན་ན་རྒྱུན་ལྡན་ཞིག །

བོད་ཀྱི་འབྲོག་པ་ཚོས་རིག་ན་རྣམ་རྟོག་ཟ། །

ཉིན་ཞག་གསུམ་རིང་ད་འདི་འདྲ་བྱས་ནས་སོང་། །

ཉིན་ཐོ་ཁག་དང་པོ། མུ་འགོད་བྱ་རྒྱུ་ཡིན།

 
 
 
མི་ཚེའི་འགྲུལ་བཞུད།
[ 2011-4-20 11:59:05 | By: gethong ]
 

མི་ཚེའི་འགྲུལ་བཞུད།

རང་གིས་རང་ཉིད་ཀྱི་མི་ཚེའི་བཞུད་ལམ་ཏོག་ཙམ་གླེང་བ།

བརྩེ་ཆེན་ཕ་མ་ཟུང་གི་བྱམས་བརྩེའི་ཟླ་འོད་ངོགས་ན་ཁྱོད་ཀྱི་སྣང་བ་རི་ལས་མཐོ། །

ཤེས་རིག་སློབ་གྲྭའི་དགའ་ཚལ་མ་མཐོང་ནོར་ལུག་རྗེས་ན་ཁྱོད་ཀྱི་ལོ་རྒྱུས་ནག་པོ་བཞུར། །

དམར་སེར་དགེ་འདུན་ལི་ཁྲིའི་ཆུ་གཏེར་བརྡོལ་བའི་དཀྱིལ་ན་ཁྱོད་ཉིད་གྲྭ་བཙུན་རྣམ་དག་ཅིག །

ཟླ་མེད་སྟོན་པ་མཆོག་གིས་གནང་བའི་མནབ་བཟའི་གསེབ་ན་ཁྱོད་ཀྱིས་ཡོད་ཚད་ལྐོག་ཏུ་སྦས། །

 

རྟ་བདུན་དབང་པོ་ལྷོ་མཐར་བཞུད་པའི་བཤུལ་ལམ་དེ་ན་ཁྱོད་ཀྱིས་མིག་ཟུང་རྒྱང་དུ་ཅེར། །

ཁ་བ་ནག་པོས་སུན་སྣང་བསྐུར་བའི་གངས་ལྗོངས་ཡུལ་ན་ཁྱོད་ཀྱི་སེམས་པ་འཁྱགས་ལ་འབྱར། །

ཆོལ་གསུམ་བོད་མིའི་བདེ་སྡུག་གླེང་བཞིན་ལྷོ་མཐའ་ཞིག་ན་ཁྱོད་ཀྱི་རིགས་ཞེན་མཚོ་མོ་འཕྱུར། །

མེ་ཏོག་སྣ་བརྒྱའི་མགོ་ལྕོག་ལྡེམ་པའི་ཁ་བ་ཅན་ན་ཁྱོད་ཀྱི་རྐང་རྗེས་མོག་མོག་ཅིག །

 

ཀུན་གྱིས་ལྷ་ཡུལ་གཉིས་པར་འབོད་པའི་འཕགས་ཡུལ་འདི་ན་ཁྱོད་ཀྱིས་ཡོད་ཚད་རྫུན་པར་མཐོང་། །

སེར་མོའི་ཚོགས་ལ་སུན་སྣང་སྐྱེས་པའི་སྡེ་གྲོང་འདི་ན་ཁྱོད་ཀྱི་སེམས་པ་ཨ་ཐང་ཆད། །

རྒྱལ་དང་རྒྱལ་བའི་སྲས་པོ་ཀུན་གྱི་གསུང་རབ་ཁྲོད་ན་ཉིན་མཚན་མེད་པར་ཅི་ཞིག་འཚོལ། །

ལུང་རིགས་མེ་ཏོག་ས་ལ་འཐོར་བའི་ཆོས་སྡེ་འདི་ན་ཁྱོད་ཀྱིས་རྣམ་དཀར་དགེ་ལ་བརྩོན། །

 

ཟུངས་ཁྲག་འཇིབ་པའི་དུག་སྦྲང་མང་བོའི་གླུ་དབྱངས་རེ་ན་ཁྱོད་ཀྱི་ལུས་པོ་ཁྲག་གིས་བརྫིས། །

སུན་སྣང་ལྕི་མོའི་བཙན་འཛུལ་བྱས་པའི་ཕྱི་མིག་ཀློང་ན་ཁྱོད་ཀྱི་སེམས་པ་སྐྱོ་ལྷང་ལྷང་། །

རྒྱལ་བའི་བཀའ་གསུང་བདུད་རྩི་མྱོང་བའི་ཚོར་སྣང་རེ་ན་ཁྱོད་ཀྱིས་རང་སེམས་ཆོས་ལ་བསྒྱུར། །

རང་བྱུང་གར་དང་གླུ་ལ་མཁས་པའི་མཛེས་མའི་གདོང་ན་ཁྱོད་ཀྱི་རྣམ་ཤེས་གཉིད་ལ་ཤོར། །

 

 

 

 
 
 
བྱིས་པ་དེ་ཚོ་གླེན་པ་ལ།
[ 2011-4-18 4:11:01 | By: gethong ]
 

བྱིས་པ་དེ་ཚོ་གླེན་པ་ལ།

ཉི་མའི་འོད་ཟེར་ཀུན་དུ་འཕྲོས་ཏེ

འཇིག་རྟེན་གྱི་མུན་པ་སེལ་བར་བྱས

ཉི་མ་རི་རྩེར་སླེབས་དུས

བྱིས་པ་ཚོས་ཨ་ཕ་དང་ཨ་

ཉི་མ་ལག་པས་འཛིན་དགོས་ཟེར

ཨ་ཕ་དང་ཨ་མས་གཏམ་རྒྱུད་བཤད

བྱིས་པ་ཚོ་རེ་རེ་བཞིན་གཉིད

འོན་ཀྱང་། ཉི་མ་རི་རྩེ་ནས་ཕག་ཏུ་ཡིབ

བྱིས་པ་ཚོས་རྩམ་ལོག་ཅིག་བརྩད་དེ

ཕན་ཚུན་ལ་ཕོག་ཐུག་བཏང་

དེ་ནས་བཟུང་ཉི་མའི་འོད་ཟེར་དེ

གངས་ལྗོངས་སུ་འཆར་རྒྱུ་རེ་སྒུག་ཙམ

 
 
 
ངའི་གྲོགས་པོས་ང་ལ་འདི་བསྐུར་འདུག
[ 2011-4-17 1:38:59 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
སྐད་འདི་ཁོ་ཚོ་ལ་་སུས་གོ་ན་ཤོད།
[ 2011-4-15 1:37:12 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
ཁྱི་ཕྲུག་དེ་བཙན་པ་ལ།
[ 2011-4-8 3:12:16 | By: gethong ]
 

ཁྱི་ཕྲུག་དེ་བཙན་པ་ལ།

ལམ་ཁ་དེར་ཞུགས་ན་ཚེར་མ་མང་

ཉལ་ས་དེར་བསྡད་ན་སྐྱག་དྲི་བྲོ།

 

གཡས་ནས་ཁྱི་ཕྲུག་དེ་བཙན་པ་ལ།

གཞོན་ནས་བྱིས་པ་དེ་གླེན་པ་ལ།

 

མཐོང་མི་འདོད་པའི་ངོ་གདོང་དེ་དག

ཉན་མི་སྤྲོ་བའི་སྐད་ཆ་དེའི་རིགས།

 

ངའི་གཟན་ཤམ་འདི་ཚུ་དྲེག་མིན་ཡང་

ཁྱོའི་སྣ་ལམ་དུ་དྲི་ངན་བྲོ་སྲིད།

 

ཁྱེད་དང་ང་ཞེས་དུས་རྒྱུན་གླེང་ན།

ངས་ཀྱང་བསམ་གཞིག་རེ་གཏོང་དགོས་བྱུང་

 

ཁྱོད་མེད་ན་ངའི་སེམས་སྡུག་ངེས་རེད།

ང་མེད་ན་ཁྱོས་ཀྱང་དངན་པ་འཐེན་ཚོད་རེད།

 
 
 
བདེ་ཆེན་སྒྲོལ་མ་ལ་སྤྲིངས་པ།
[ 2011-4-3 2:41:05 | By: gethong ]
 

བདག་མོ་བདེ་ཆེན་སྒྲོལ་མ་ལ་སྤྲིངས་པ།

གདོང་དམར་རུས་རྒྱུད་གཅིག་པ་ཙམ་ཞིག་ལས།།

སྤུན་སྲིང་གཉེན་ཉེའི་འབྲེལ་བ་གང་ཡང་མེད།།

རྩོམ་གྱི་སྒྱུ་རྩལ་བཟི་ཁ་འཐུང་བ་ལས།།

གདོང་གི་ཤ་མདོག་ཙམ་ཡང་མཐོང་མྱོང་མེད།།

 

སྤྱི་ཚོགས་བདེ་སྡུག་ཡོད་ཚད་སྙུག་རྩེར་དྲངས།།

སྙིང་སྟོབས་གོ་ཆ་བགོས་ནས་གླུ་རུ་བླངས།།

ཐོལ་གྱིས་བཞུར་བའི་ངག་ཕྲེང་བདུད་རྩི་ལས།།

སྐོམ་པ་ཆུ་སྦྱིན་ལྟ་བུའི་བདེ་སྣང་སྤྲད།།

 

ན་ནིང་དོ་ཚིགས་རྩོམ་གྱི་དོ་ར་ན།།

བདེ་ཆེན་སྒྲོལ་མའི་སྙན་ངག་ལྷོག་ལྷོག་འཕྱུར།།

རང་སེམས་སྐྱིད་ལ་དུང་བའི་གླུ་བ་ཞིག།།

གཞན་སེམས་ཐབས་ཀྱིས་འགུགས་པའི་སེམས་དཔའ་ཞིག།།

 

སྤྱི་ཚོགས་དཔྱད་བརྗོད་བཙན་པོ་འབྲི་བ་དང་།།

དགག་བཞག་སྙིང་སྟོབས་བསམ་ན་སྟག་ཤར་འདྲ།།

ཚིག་སྦྱོར་དམ་ལྷོད་འདྲེས་མའི་འཛུམ་མདངས་དེས།།

སྨན་ཆུང་བུ་མོ་ཞིག་གི་རང་གཤིས་སྟེར།།

 

ཕ་ཡུལ་གང་ཡིན་ཚོད་དཔག་ཙམ་ཞིག་ལས།།

བུ་མོ་ཡིན་པའི་གདེངས་ཚོད་ཅི་ཡང་མེད།།

སྟག་ཤར་ཡིན་པའི་རྟགས་ཤིག་སྟོན་རྒྱུ་མེད།།

རང་སེམས་མཐུན་པའི་དྲ་གྲོགས་ཡག་པོ་ཞིག།

 

རྒྱལ་རབས་ལོ་རྒྱུས་བློ་ལ་ངེས་པ་ཞིག།།

རྒྱུན་དུ་རྩོམ་ཡིག་ཀློག་ནས་ཕྲན་གྱིས་ཚོར།།

རྒྱང་ནས་བརྟགས་ན་གཤིས་ཀ་འཇམ་པོ་ཞིག།

ཉེ་སར་བཅར་ན་འཇམ་མིན་སུ་ཡིས་ཤེས།།

 

བདེ་ཆེན་སྒྲོལ་མ་ཟེར་བའི་བདག་མོ་འདི།།

ཨ་ཅེ་སྲིང་མོ་ཞིག་གི་འདུ་ཤེས་ལས།།

དགའ་རོགས་བསྒྲིགས་ནས་འཁྲིག་པ་འདོད་ཅིག།

དགེ་སྦྱོང་དགེ་མཐོང་བདག་ལ་ཡོད་མ་ཡིན།།

 

བུ་མོ་ཁྱེད་ལ་ཁ་སང་དྲ་ཐོག་ནས།།

དུག་གྲི་ཟེར་བའི་དྲ་འབུ་ཁོག་བཙོག་དེས།།

སྡུག་ལ་སྦྱར་བ་ཐེངས་ཤིག་ག་ལ་ཡིན།།

འོན་ཀྱང་ཁྱེད་ཀྱིས་བཟོད་བསྲན་བྱས་པ་བཟང་།།

 

གྲོགས་མོ་ཁྱེད་ལ་ཁྱོ་ག་མ་མཆིས་ན།།

ཨ་རིའི་གནས་བཞུགས་ཁ་བ་དཀར་པོ་དང་།།

རེབ་གོང་ཡུལ་གྱི་བཙན་རྒོལ་རིན་པོ་ཆེ།།

སུ་ཞིག་མག་པ་དགོས་ན་ངས་སྟེར་ཆོག།།

 

མཐའ་དོན་ཁྱེད་ལ་ཁ་ཏ་བསླབ་བྱ་ཞིག།།

ཨ་ཁུ་རྒྱ་བོས་བརྒྱབ་ན་ཅི་འདྲ་རེད།།

དྲ་ཐོག་འགྲིམས་ནས་གླེང་མོལ་བྱེད་དུས་སུ།།

ཧ་ཅང་གཟབ་དགོས་གྲོགས་པོ་ཁ་ཤས་ཡོད།།

 

ཡིག་ནོར་ཤོར་ན་མེ་ཡིས་བསྲེག་ཉེན་ཆེ།།

ཁ་སྐད་བྲིས་ན་བོན་རྒྱས་སྡིགས་ཉེན་ཆེ།།

ཁ་རོག་བསྡད་ན་ཧོར་གཙང་འཇིགས་མེད་ལྟར།།

ཕ་ལ་གཡུགས་རྒྱུའི་ཉེན་ཁ་དེ་ལས་ཆེ།།



བུ་བཟང་དགོས་ན་ཤ་ཁྲག་རུས་གསུམ་ཡོད།།

ཕ་བཟང་དགོས་ན་ལྷ་ཆབ་སྦྱིན་པ་ཡོད།།

མ་བཟང་དགོས་ན་ཆུ་སྐྱེས་སྒྲོལ་མ་ཡོད།།

དགེ་སློང་ཡག་པོ་ཨ་རིག་དགེ་མཐོང་བཞུགས།།

 

སྣང་བ་སྐྱིད་པོ་ཟ་ལེ་རྒྱལ་ལ་ཡོད།།

སྐད་ཆ་སྐྱིད་པོ་སྟག་སྨྱོན་བུ་ལ་ཡོད།།

ཁོག་རྒྱ་ཆེ་བ་ལྕགས་རྒྱ་འགྲམ་ནག་ཡོད།།

ཅི་ཡང་མེད་པ་གཡག་སྡོམ་ཁེར་ཉལ་ཡོད།།

 

བྲོས་བྱོལ་འགྲོ་མཁན་བསྟན་འཛིན་ཚེ་དཔག་ཡོད།།

གློའུ་བཤད་རྒྱག་མཁན་ཨ་ཚོགས་ཀླུ་མཁར་ཡོད།།

ཕྱོགས་ཞེན་ཅན་གྱི་ཚོགས་ལ་གྲངས་ཀ་མེད།།

ཁ་ཡག་ཁོག་བཙོག་འགའ་ཡང་ཡོད་པ་ཡིན།།

 

ཨ་ཅེ་སྒྲོལ་མར་བྲིས་པའི་ཀུ་རེ་འདི།།

ཨ་རོགས་དྲ་གྲོགས་ཚོ་ལ་གནོད་མི་ཉན།།

ཨ་རིག་གླེན་པ་ཞིག་གི་མཚར་གཏམ་ལས།།

ཨ་ལ་ཆ་འཇོག་གང་ཡང་མ་མཆིས་སོ།།

 

 
 
 
ལྗང་བུ་དང་_ གྲོགས་མོ་ M. L་།
[ 2011-4-1 1:56:09 | By: gethong ]
 
སྙན་ངག་འོས་སྦྱོར།
 
 
 
ཁ་གདེང་ན་ཁོག་རིག་ཡོང་།
[ 2011-3-31 3:49:00 | By: gethong ]
 

ཁ་གདང་ན་ཁོག་རིག་ཡོང་

ཁ་གདང་ན་ཁོག་རིག་ཡོང་

 

 དུས་རབས་ཉེར་གཅིག་རྟ་ཕོ་བང་གིས་རྒྱུག །

ཚན་རྩལ་ཤེས་རིག་དཔལ་ཡོན་འགྲན་པར་བྲེལ། །

རྗེས་ལུས་ཞྭ་མོ་རྒྱང་རིང་ཡུལ་དུ་དོར། །

དེང་རབས་བརྡ་འཕྲིན་བདུད་རྩི་ཧུབ་ཀྱིས་འཐུངས། །

 

བླ་སྤྲུལ་རྫུན་མའི་རླུང་རྟ་ཉམས་མགོ་བརྩམ། །

སྐྱེས་ཆེན་དམ་པའི་ངོ་སོ་མཐོ་རུ་ཕྱིན། །

ཧོལ་བརྒྱུགས་ལྷམ་ཀོག་རྙིང་རིལ་མར་ལ་གཡུགས། །

དཔྱོད་པའི་བློ་མིག་ཟབ་མོ་ཚུར་ལ་བསུས། །

 

བཅད་རྩོམ་རྙིང་བར་བཅིངས་འགྲོལ་ལན་བརྒྱར་བཏངས། །

དེང་གི་བཅད་གསར་དགའ་མ་དང་པོར་བལྟ། །

རང་གྲོལ་གསར་བཏོད་རང་མོས་སྙན་ངག་དེ། །

རྒན་གཞོན་མེད་པར་དགའ་བ་འབུམ་གྱིས་བསུ། །

 

དོགས་སློང་སྙིང་སྟོབས་དོན་གྱི་གནད་དུ་ཁེལ། །

འཚོལ་རྟོགས་སྙིང་སྟོབས་འཚོ་བའི་གྲུབ་ཆ་རེད། །

མི་གཞིའི་སྙིང་སྟོབས་མི་རབས་གསར་བར་མཁོ། །

ལོག་རྟོག་སྙིང་སྟོབས་བློ་ངོར་འཕྲོད་ནི་མང་། །

 

 

དཔེ་ཚོགས་ལེགས་པོ་ཁག་ཅིག་བཏོན་པ་དེས། །

དཔེ་རྟགས་མེད་པའི་སྒེར་དེབ་མགོ་རྡོའི་ཚོགས། །

ཁ་ལས་རླུང་རྟ་དར་དུ་མ་བཅུགས་པས། །

མ་རྩ་བརྡིབས་པའི་མི་བུ་གྲངས་ལས་འདས། །

 

བག་ཆགས་དོང་སྦྲུག་ད་ལོ་དཀར་པོར་ཆགས། །

འཕག་ཚག་ང་རོ་སྔར་ནས་སྐད་གྲགས་ཆེ། །

རིགས་ཤེས་ཀུན་གྲོལ་ལྕགས་དྲའི་གསེབ་ནས་ཐར། །

གནམ་ས་གོ་འབྱེད་གོ་ལའི་སྟེང་དུ་འཕུར། །

 

སེང་རྡོར་རྟུལ་ཕོད་ཁ་ཚ་དགོས་གཏུགས་དང་། །

སོ་སྐྱེས་སྐད་སྒྲ་སྐར་མ་འོད་ཆེན་རེད། །

གྲུ་ཟུར་བསལ་སྒྲིབ་བསང་གསོལ་བདེ་མོ་དང་། །

སེང་རྡོར་ཞིབ་འཇུག་ཞོར་ནས་རྩོད་གཞིར་གྱུར། །

 

ཚྭ་བའི་མདའ་སྨྱུག་མདའ་མོ་རྣོ་པོ་དེ། །

སུ་ཡི་སྙིང་ལ་ཕོག་མིན་མི་ཤེས་ཀྱང་། །

སེར་མོའི་ཚོགས་ལ་ཟུར་ནས་བསྣུན་པ་འདྲ། །

བཟོད་སྒོམ་ལྟ་བུར་མ་གནང་དགེ་བཤེས་ཚོགས། །

 

ཀླད་པ་གསར་རྒྱུ་ཟེར་ནི་མང་ན་ཡང་། །

ཤེས་བྱའི་རྣམ་གྲངས་མི་ཤེས་ཇི་ལྟར་གསར། །

དགག་སྒྲུབ་བསྟན་བཅོས་བསྟན་པ་དར་ན་ཡང་

འབྲི་བའི་ཆ་རྐྱེན་འཛོམས་ནི་སྲིད་པ་ཙམ། །

 

དྲ་ཚིགས་ཟིན་བྲིས་སྲིན་འབུ་བཞིན་དུ་མང་། །

གྲུབ་འབྲས་བཟང་བོ་ཉིན་མོའི་སྐར་མའི་ཟླ། །

རྩོམ་སྒྲིག་ལག་པས་ཐག་གཅོད་མེད་ས་ནས། །

བོད་ཀྱི་རྩོམ་རིག་རྩེད་མོ་ལྟ་བུར་གྱུར། །

 

ལེགས་འདེམས་ཀློག་གྲངས་ཕྱོགས་སུ་འབད་པ་ལས། །

ཡར་རྒྱས་གོང་འཕེལ་ཡིད་དུ་དོར་བས་སྐྱོ། །

ངོ་ཤེས་ངོ་བསྟོད་སོགས་ཀྱི་ཁ་ཡག་ལས། །

དཔྱད་བརྗོད་དགག་སྒྲུབ་ཕྱོགས་ཀྱི་དགག་གཞི་ཉིད། །

 

 

 བྲིས་པའི་རྩོམ་ཡིག་དྲ་རྒྱ་གྲངས་མེད་དུ། །

ཉིན་མ་འགའ་རེའི་ནང་དུ་སྤེལ་བ་འོ། །

ཡར་མར་སྐྱེལ་འདྲེན་བྱེད་རྒྱུའི་འདུན་པ་ལས། །

གསར་སྤེལ་མེད་པ་མཁས་བླུན་ཀུན་གྱི་སྐྱོན། །

 

མཇུག་མཐའི་ཚིགས་བཅད་གཉིས་ཀྱི་བརྗོད་བྱའི་ནང་དུ་ང་རང་ཐེ་བའི་ཟིན་བྲིས་པ་ཚོ་ལ་དྲང་ཐད་ནས་བྲིས་པའོ།།

 
 
 
དྲ་བདག་ལ།
[ 2011-3-30 3:03:45 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
འགུལ་འདོད་པའི་ལྕེ།
[ 2011-3-27 19:42:35 | By: gethong ]
 

<<འགུལ་འདོད་པའི་ལྕེ།>> རྩོམ་པ་པོ་ཤིས་ཚང་ལྗང་མྱུག

མདུན་ངོས།

 

མདུན་ངོས་ཀྱི་ནང་ལོག་གི་པར།

 

 

སྔོན་གླེང་གཏམ་ལས་ཁག་ཅིག་ཀློག་པ་པོ་ཚོའི་སྤྱན་ལམ་དུ་བསྟར་ན་དགེ་མཚོན་ཆེ་བར་མཐོང་

ངས་དེ་རིང་ངོ་སྤྲོད་འདིའི་ནང་དུ་ནོར་འཆུགས་མང་སྲིད་པས་ཀློག་པ་པོ་ཚོས་ཁ་ཐུག་བཤད་ན་སྐྱོན་ངོས་ལེན་བྱེད་ངེས་ཡིན། ལོ་གསར་གུང་གསེང་ཡིན་པས་ཁོ་བོ་ཡང་རྣམ་གཡེང་གི་དབང་དུ་ཕྱིན་ཡོད་པ་ནི་སྨོས་ཅི་དགོས། འོན་ཀྱང་། གྲོགས་ཀྱི་དེབ་གསར་འཁྲུངས་ལ་ཉེ་བས་ཀློག་པ་པོ་ཚོ་ལ་བརྡ་ཙམ་བརྒྱབས་པ་ཡིན།

ཁོང་གིས་འདི་ལྟར་ཤ་ཚ་ལྷག་བསམ་དང་གནས་ལུགས་རྒྱུ་མཚན་ཅི་ཞིག་གིས་བསྙད་ཀྱང་རུང་  ཁྱོད་ཀྱིས་ཅི་བཤད་ལ་བབ་ཅོལ་དུ་’’ཡ་’’དང་’’ལགས་’’ཟེར་མི་འདོད་པ་ནི་ཁོ་བོའི་རང་གཤིས་ཡིན་ལ།  རང་ལྟ་མཆོག་རློམ་གྱིས་སེམས་ལ་གང་ཤར་ཨ་འཐས་སུ་འཛིན་མི་བསམ་པའང་ཁོ་བོའི་རང་གཤིས་ཡིན།  ལམ་གང་ཞིག་ལ་མི་འཁྱོངས་བཞིན་དུ་མགོ་བོ་འཚིར་མི་འདོད་པ་དང་  འཁྱོངས་པའི་ལམ་གང་ཞིག་སྙེག་པ་དེར་གཞན་གྱིས་ཅི་ཟེར་ལ་མགོ་བོ་དུད་མི་བསམ་པའང་ཁོ་བོའི་རང་གཤིས་ཡིན། སུས་ཀྱང་སྒུལ་དང་བསྒྱུར་དུ་མི་བཏུབ་པའི་ལྷན་སྐྱེས་ཀྱི་གཉུག་མའི་རང་གཤིས་འདི་བསྐྱངས་ནས་ཁོ་བོས་ཕོ་ལོ་ཉེར་ལྔའི་སྒོ་ཐེམ་རིམ་གྱིས་བརྒལ་ཏེ།  རང་ལོ་སུམ་ཅུའི་རྒྱ་སྒོ་བསྙེགས་ཏེ་འགྲོ་གིན་ཡོད།  

 

ལོ་ངོ་འདི་དག་གི་རིང་གཡས་ཀྱི་མི་ཁ་དང་གཡོན་གྱི་ཕྲག་དོག་ལ་མ་འཛེམ་པར།  སྟེང་གི་གནོན་ཤུགས་དང་འོག་གི་འཕྱ་སྨོད་ལ་མ་ཐོགས་པར་མིག་སྔའི་རང་གི་མི་རིགས་དང་སྤྱི་ཚོགས་ཀྱི་དོན་གནད་གླེང་བ་གཙོར་བཟུང་སྟེ་དབྱངས་གསལ་སོ་བཞིའི་སྦྱོར་བའི་སྡེབ་ལ་ཕྱི་ཐག་ངང་རིང་གིས་ཞུགས་དང་འཇུག་པ་ནི་སུ་ཞིག་གི་གཞན་དབང་དུ་སོང་བ་མ་ཡིན་ལ།  གང་ཞིག་གི་བསླུ་བྲིད་ཀྱིས་ཐེན་པའང་མ་ཡིན་པར།  མི་རིགས་ཉམས་རྒུད་ཀྱི་གནས་བབ་ལ་མ་བཟོད་མ་ནུས་པའི་ན་ཟུག་གིས་དེད་དེ།   སྐད་ཡིག་འཇིག་ཉེན་གྱི་སྔ་ལྟས་ལ་མ་སྲོན་མ་བཏུབ་པའི་སེམས་ཁྲལ་གྱིས་དྲུད་དེ་འོང་བས་ཡིན་ལ།  ཅི་ཞིག་ལ་ཡིད་ཆེས་ངེས་ཤེས་རྙེད་པའི་གོང་བརྗོད་བསམ་བློའི་ཉམས་ལེན་ལ་གཞོལ་ཅིང་བསྙེགས་པའི་ཁུལ་ཡང་ཡིན།

  དྲིན་ཅན་ཨ་མས་གནང་བའི་སྨྲ་ལྕེ་དྲོན་མོ་འདི་ད་དུང་སུ་ཞིག་གི་ཆེད་དུ་འགུལ་གྱིན་པ་དང་འགུལ་འདོད་པ་དེ་ལན་ཅིག་འགྲེལ་སྙམ་པ་ཡིན།  ཞར་དུ་’’མཚང་ལ་ཕོག་ན་འཕུང་ལ་སྦྱོར་’’ཞིང།  ‘’སྐྱོན་ལ་ཐོགས་ན་སྐེ་རྩ་སྒོག་’’པའི་ཞེ་གྱོང་སྙིང་རུལ་ཅན་ཚོར་ཡང་ཆེད་དུ་བདེན་པའི་རྟ་ལྕག་གི་རྔམ་ཟིལ་ལན་ཅིག་གཡུགས་པ་ཡིན་པས།  ཟ་དང་ཟུར་ནས་སུ་ཞིག་གི་མིག་དང་སྙིང་ལ་ཕོག་ན་ཆེད་དུ་དེ་ལ་གཟས་པ་ཡིན། 

            མཚམས་འདིར་གསལ་བཤད་ཀྱི་ཚུལ་དུ་ཞུ་འདོད་པ་ཞིག་ནི།   དེབ་འདི་རྩོམ་སྒྲིག་བྱེད་པའི་གོ་རིམ་ཧྲིལ་བོར་བརྗོད་བྱ་དོན་གྱི་གནད་ལ་སུ་ཞིག་གི་བསམ་བློའི་བཀོད་འདོམས་དང་ཇུས་འཁྲི་མེད་ལ།  རྗོད་བྱེད་ཚིག་གི་སྡེབ་ལའང་སུ་གང་གི་བཅོས་སྒྲིག་ཞུ་དག་དང་མཛུབ་སྟོན་མེད་པར་འགོ་མཇུག་བར་གསུམ་དུ་རང་གི་བསམ་བློའི་དཔྱོད་རྩལ་དང་སྨྱུ་གུའི་འཁྱུག་རྩལ།   ཤེས་བྱའི་སྦྱངས་སྟོབས་བཅས་ཡ་མ་བྲལ་བར་པར་ངོས་སྒྲིག་སྦྱོར་དང་  རྒྱབ་ཤའི་ཇུས་འགོད་བཅས་ཀྱི་ཐད་རང་འགན་རང་གིས་ཁུར་བ་ཡིན་པས།  ང་ལ་མཚོན་ན་དེབ་འདི་དཔར་སྐྲུན་ཐུབ་པ་ནི་ཨ་རི་རྨི་ལམ་དུ་བསྒོམས་ཏེ་ཡུན་རིང་རེ་སྒུག་བྱས་པའི་བོད་པ་ཚོར་ཨ་རིའི་ཐོངས་མཆན་རེག་པ་དང་ཅི་ཡང་འདྲ་བའི་དགའ་སྣང་དང་སྤྲོ་བ་འཕར་མ་ཞིག་མྱོང་གིན་ཡོད།   དེ་ལྟ་ནའང།  ད་དུང་བརྗོད་བྱ་རྗོད་བྱེད་གང་ཞིག་ལ་མ་འགྲིག་མ་རན་པ་དང།  མ་འདང་མ་འཐུས་པའི་ཞན་སྐྱོན་རེ་ཟ་ཟུར་ཕྱོགས་ངོས་གང་དུའང་ཅིས་ཀྱང་ཡོད་ངེས་པས་མཁྱེན་ཡངས་དཔྱོད་ལྡན་རྣམ་པས་ཐུགས་བསམ་དཀྱེལ་ཡངས་པའི་དགོངས་འཆར་དང་བསམ་བློའི་མཛུབ་སྟོན་ཡང་ཡང་གནང་བའི་རེ་བ་སྙིང་ནས་འབོད། 

 

ཅེས་ཕྱི་ལོ་ ༢༠༡༡ ལོའི་ཟླ་  ཚེས་  ༡༧  ཉིན་དེབ་འདིའི་རྩོམ་པ་བོས། 

 

མཇུག་ཏུ་ངས་འདི་ལྟར་བཤད་འདོད་བྱུང་། རྩོམ་པ་པོ་ཁོང་ནི་བཙན་བྱོལ་རང་ནས་རྩོམ་རིག་གི་སྨྱུ་གུ་གསར་དུ་མགོ་འབུས་ཤིང་གྲུབ་འབྲས་མིག་མཐོང་ལག་ཟིན་དུ་སྟོན་རྒྱུ་ཡོད་པ་ཞིག་དང་  གྲྭ་གཞོན་རྩོམ་རིག་ལ་རྒྱུན་རིང་འཐབས་འཛིང་བྱེད་མཁན་ཞིག་དང་། སྤྱི་ཚོགས་ཀྱི་གནོད་ཤུགས་ལ་མགོ་མ་སྒུར་བའི་གཤིས་གྱོང་ལྟ་བུ་ཞིག་དངོས་གནས་རེད།  བོད་ཕྱི་ནང་གི་དྲ་རྒྱའི་ཟིན་བྲིས་སུ་ཐོག་མར་ཞུགས་མཁན་གྱི་གྲས་དང་ཀློག་པ་པོའི་གདེང་འཇོག་ཀྱང་གང་ལ་གང་འཚམས་ཤིག་ཐོབ་ཡོད།  ང་རང་ལ་མཚོན་ན་དུས་རྒྱུན་བོད་ཕྱི་ནང་གི་ཟིན་བྲིས་སུ་ཉུལ་བ་དང་བལྟ་རྒྱུ་དགའ་མཁན་ཞིག་ཡིན་པས། ཟིན་བྲིས་ཐད་ནས་ང་ལ་རྒྱུས་ཡོད། མང་ཆེ་བས་ཡིག་ནོར་དང་གཏགས་ནོར་དང་ཚིག་ནོར་དང་དོན་ནོར་སྤེལ་ནས་ཀློག་པ་པོ་ཚོ་སེམས་ཤུགས་ཆགས་བཅུགས་ཡོད་ཚོད་ཡིན། ཁོང་ལ་མཚོན་ན་ཟིན་བྲིས་གང་སྤེལ་ན་གཟབ་ནན་དང་དག་སྦྱོར་སོགས་ལེགས་པས་ཀློག་པ་པོ་ཚོའི་ཡིད་དབང་འཕྲོག་ཡོད་ཁོ་ཐག་ཡིན།  འོན་ཀྱང་། ངེད་གཉིས་ལ་མཚོན་ན་སྔོན་མ་ནས་ངོ་ཤེས་ཤིང་ཕན་ཚུན་ལ་དེབ་ཀྱིས་ལེགས་སྐྱེས་འབུལ་རེས་བྱེད་མཁན་ཞིག་ཏུ་གྱུར་ཡོད། སྐབས་འགར་ཟིན་བྲིས་ནས་བསམ་ཚུལ་ལམ་ལྟ་ཚུལ་མ་མཐུན་ནས་ཚིག་མདུང་གིས་འཛེར་བ་སོགས་ནི་ཀུན་གྱིས་མཁྱེན་གསལ་རེད། ཡིན་ནའང་། ངས་ཁོང་ནི་རྩོམ་རིག་འབྲི་བ་ཙམ་དང་དགའ་བ་ཙམ་མིན་པར། ཡི་གེའི་དག་ཆ་དང་ཚིག་སྦྱོར་ལེགས་པའི་ཕྱོགས་ལ་གདེང་འཇོག་བྱེད་ཀྱིན་ཡོད། རྩོམ་ཡིག་གི་བརྗོད་བྱའི་ཐད་ནས་མི་མཐུན་ས་མང་བས་ཁ་འཛང་དང་ལག་འཛང་བྱས་པ་མང་  སྡོམ་བརྒྱབ་ནས་ཞུས་ན། ཁོང་ནི་ད་ལྟའི་བཙན་བྱོལ་གྲྭ་རིགས་རྩོམ་པ་པོའི་ནང་གི་ལེགས་ཤོས་ཀྱི་གྲས་དང་བཙན་བྱོལ་རང་ནས་  བོད་ནས་སྐྱེས་ན་ཡང་རྩོམ་རིག་གི་ཕྱོགས་ནས་མཚར་ལོངས་བྱུང་བའི་རྩོམ་པ་པོ་ཚད་ལྡན་དུ་བགྲང་ཆོག་ཆོག་ཡིན།  སུམ་རྟགས་དང་མིང་ཚིག་ལ་མགོ་མ་རྨོངས་ཤིང་དེབ་སྦྱོར་སྒྲིག་སོགས་ཀྱི་ཐད་ཀྱི་གྲྭ་ས་ནས་ཨང་དང་པོའི་གྲས་སུ་ངས་མ་བརྩིས་ན་ཡང

རང་བཞིན་གྱིས་སླེབས་ངེས་རེད། དེ་མིན་དེང་སང་གི་དུས་སུ་བཏོན་པའི་དེབ་འགའ་རེ་ནི་དངོས་སུ་ཁྱིའི་རྔ་མ་ལ་མ་གཏགས་ཀྱང་དོན་གྱིས་བཏགས་ཡོད་ནི་གང་མང་ཡིན་པ་ངས་མ་བཤད་ཀྱང་ཀློག་པ་པོ་ཚོའི་སེམས་ན་ཁྲེག་སེ་ཡོད།

ཁོང་གི་དེབ་འདི་རྣམ་པ་གསར་ཞིང་སྤྱི་ཚོགས་ཀྱི་ངོ་གདོང་ལ་ཐད་ཀར་མཛུབ་མོ་བཙུགས་ནས་རང་སྐྱོན་ཁས་ལེན་རོགས་ཟེར་བ་ལྟ་བུའི་ཁྱད་ཆོས་དེ་ལ་གུས་བཀུར་ཞུ་བཞིན་ཡོད།  ལོ་གསར་བའི་ནང་དུ་རྩོམ་པ་པོ་ཁྱེད་ཀྱི་བསམ་དོན་འགྲུབ་པའི་ཁ་གཡང་འབོད་ཅེས་ཨ་རིག་དགེ་མཐོང་འབོད་པའི་གྲོགས་གླེན་པ་དེས།

 
 
 
གསེར་མདོག་གི་གངྷཱ་ཀློག་རྗེས་འཆར་སྣང་།
[ 2011-3-26 18:32:15 | By: gethong ]
 

གསེར་མདོག་གི་གངྷཱ་ཀློག་རྗེས་འཆར་སྣང་།

 

 

 

《གསེརམདོག་གི་གངྒཱ་ག་》ཞེས་པ་ཀློག་རྗེས་འཆར་སྣང་

འདི་ནི་བདེ་ཆེན་སྒྲོལ་མས་བྲིས་ཤིང་ཟིན་བྲིས་སློབ་ཆེན་གྱི་ལེའུ་ཞེས་པར་བཀོད་འདུག

སྤྱིར་བཏང་སྙན་ངག་འདི་ལ་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་རེ་ཟུང་གིས་ཕྲན་བཤད་ཅིག་བྲིས་འདུག་ཀྱང་། ངས་བལྟས་ན་མང་ཆེ་བས་རང་ཉིད་ཀྱི་ཚོར་སྣང་ཞིག་གསལ་འབྲི་བྱེད་པ་ལས། རྩོམ་རང་ཉིད་ཀྱི་བརྗོད་བྱའི་སྟེང་དུ་སྙུག་རྩེ་གཏད་མེད་པའི་དན་རྟགས་ཤིག་འདུག་སྙམ། ནུབ་ཕྱོགས་མཚན་ཉིད་རིག་པ་ཟེར་བའི་ལྟ་གྲུབ་ཤེས་ཀྱང་མི་ཤེས་ལ་འབྲི་འདོད་ཀྱང་མེད། རང་ཉིད་ཀྱིས་སྔོན་གྱི་མཁས་དབང་ཚོས་མདོ་དང་རྒྱ་གཞུང་འགྲེལ་ཚུལ་གཞིར་བཟུང་ནས་ཚིག་གི་ངོ་གདོང་ཐད་བསམ་འཆར་འགའ་བཤད་འདོད་བྱུང་། སྤྱིར་བཏང་སྙན་ངག་དང་རྩོམ་རིག་ཕལ་ཆེར་རྩོམ་པ་པོའི་སེམས་ཁམས་ལྟར་གཞན་གྱིས་འབྲི་མི་ནུས་པ་མྱོང་གྲུབ་དང་ཚད་དམིགས་ཡིན། ཞོགས་པའི་དྭངས་གཙང་གི་ཉི་ཟེར་གངྒཱར་ཕོག་དུས་ཞེས་རྩོམ་པ་པོའི་ཐོག་མའི་ཀུན་སློང་དེ་མཁའ་དབུགས་ཀྱི་དྲོ་གྲང་སྙོམས་པས་སེམས་ཚོར་སྐྱེན་པོ་ཞིག་དྲག་ཏུ་འཕྱུར་དུས། རྩོམ་པ་པོས་མདུན་དུ་བཞུར་གྱིན་པའི་གངྒཱ་ལ་ཁ་ཕྱོགས་ཏེ་མིག་གིས་ཅེར་ཐེངས་རེ་ནས་སྔོན་གྱི་དུས་སུ་གངྒཱ་ཞེེས་པའི་མིང་ཚིག་དེས་བཞག་པའི་བག་ཆགས་དེ་སླར་གསོས། བག་ཆགས་ནི་ཀུན་གཞི་རྣམ་ཤེས་ལས་མཆེད་དེ་དོན་ལྔ་སྣོད་དྲུག་ལ་འཐིམས་དུས་ཡོད་ཚད་ཆུ་བོ་གངྒཱའི་ཕྱོགས་སུ་དེད། སྐབས་དེར་ཆུ་བོ་གངྒཱ་ལ་ཞོགས་པའི་ཉི་ཟེར་ཕོག་པ་བྱིས་པ་བསམ་མེད་ཅིག་གི་སེམས་ཁམས་ལྟར་དྭངས་ཤིང་བསིལ། རྩོམ་པ་པོས་མདུན་གྱི་ཆུ་བོ་ལ་གཞིག་དུས་དགོང་ཁའི་ཉི་རྡུལ་དམར་པོ་ཞིག་དང་ལྷན་དུ་བཞུད་འགྲོ་བའི་སྐྱོ་སྣང་ཞིག་འགོག་མེད་དུ་སྐྱེས། སྐབས་དེར་གངྒཱ་ནི་རྩོམ་པ་པོའི་མིག་ལམ་ན་འཆི་བདག་གི་ཞགས་པ་ཐེབས་ལ་ཉེ་བའི་རྒས་འཁོགས་ཤིག་ལྟར་སྣང་། ཡང་རྩོམ་པ་པོས་སྙན་ངག་འདི་འབྲི་དུས་ཆུ་བོ་གངྒཱ་ལ་སྒྲོ་འདོགས་ཀྱི་ཚིག་རྒྱན་འགའ་བཏགས་ཏེ་ཀློག་པ་པོ་ཚོ་ལ་འཁྲུལ་སྣང་གི་མངར་སྐྱུར་ལྡག་བཅུགས་འདུག ཆུ་བོ་གངྒཱའི་རླབས་གཉེར་རེ་རེས་གསེར་ལྟར་མྱི་རྣམས་ཀྱི་སྙིང་ལ་སྡུག་པའི་ཉི་མའི་འོད་ཟེར་གྱི་ཁ་དོག་སེར་བོ་རྒྱང་རིང་རྒྱང་རིང་ཞིག་ཏུ་འཁུར་ནས་བཞུད་སོང་སྙམ་པའི་འཁྲུལ་སྣང་འབྱུང་། སྐབས་དེར་རྩོམ་པ་པོས་རང་ཉིད་ཀྱི་སེམས་པ་ཡང་དེ་དང་ལྷན་དུ་བཞུད་སོང་ན་སྙམ་ཡོད་པ་འདྲ། གང་ལྟར་ཡང་སྐབས་དེར་རྩོམ་པ་པོ་ནི་ཕ་མ་འདས་གྲོངས་སུ་ཕྱིན་པའི་དྲྭ་ཕྲུག་ཅིག་དང་མཚུངས་ཏེ། ས་མཐའི་འཚོ་བ་དང་ཕ་ཡུལ་གྱི་མཛེས་སྡུག རང་ཉིད་ཁེར་རྐྱང་དུ་ལྷག་པའི་སྐྱོ་སྣང་། ཁ་འཐོར་སྣ་འཐོར་སོང་བའི་མི་རིགས་ཤིག་གི་ལས་དབང་ནི། སྣུམ་ཚོན་གྱིས་བྲིས་པའི་རི་མོ་ལྟར་ནག་རོག་གེར་ཕར་ཕར་འགྲོ་བ་དང་ཚུར་ཚུར་འོང་བ་ལྟ་བུར་མངོན། རྩོམ་པ་པོས་ཆུ་བོ་གངྒཱའི་ལོ་རྒྱུས་ཀྱི་གཏིང་རིམ་བསྔོགས་དུས་མི་རྣམས་ཀྱིས་རང་བྱུང་ཁོར་ཡུག་གི་མཛེས་སྡུག་ལ་ཕོག་ཐུགས་བཏང་སྟེ། ལོ་རྒྱུས་ཡིག་ཚང་ན་གསེར་ལྟར་བཞད་པའི་གངྒཱའི་ཁ་མདོག་དང་གཟི་བརྗིད་ལ་བརྡབས་གསིགས་བཏང་བ་ཚོར། ད་ལྟ་ཆུ་བོ་གངྒཱ་ནི་སྙན་ངག་པ་ཚོའི་སྙུག་རྩེ་ན་འོད་དུ་འཚེར་བ་ལས། མདུན་དུ་བཅར་ནས་བལྟས་ན་བཙན་གཡབ་ཐེབས་པའི་མཛེས་མ་ལྟར་ངོ་གནོངས་པ་ཞིག་རེད། གང་ལྟར་ཡང་རྩོམ་པ་པོས་སྙན་ངག་འདི་འབྲི་དུས་ཞོགས་ཀ་དང་དུས་ཚིགས་ནི་བོད་ཀྱི་ལོ་གསར་ཚེས་གཉིས་ལ་ཁེལ་འདུག་པ་འདི་ཡང་སྙན་ངག་འདི་གྲུབ་པའི་རྒྱུ་རྐྱེན་གཙོ་བོར་སྣང་། དཔྱད་རྒྱུ་ལས་དྲང་མོ་བཤད་རྒྱུ་གལ་ཆེན་རེད་སྙམ། དེའི་ཕྱིར་ངས་དྲང་ཐད་ནས་བྲིས་པ་ལས་ལྟ་གྲུབ་དང་ལངས་ཕྱོགས་ཐད་ལག་པ་འཆང་མེད།།


 
 
 
བོན་རྒྱའི་བཤད་ཡམ་དེབ་ཆུང་།
[ 2011-3-25 23:05:17 | By: gethong ]
 

གྲོཌ་བོན་རྒྱའི་བཤད་ཡམ་དེབ་ཆུང་ཐད་ཀྱི་གསལ་བསྒྲགས།

མདུན་ངོས།

རྒྱབ་ངོས།

གོང་གི་མིང་འདི་ནི་ཁོ་བོས་ཟིན་བྲིས་སུ་སྤེལ་སྐབས་བཏགས་པ་ཡིན་པས་རྩོམ་པ་པོ་དང་ཀློག་པོ་ཚོའི

ཐུགས་མི་བདེ་བ་རེ་བཟོས་ན་དགོངས་སེལ་ཞུ་ན་མི་འདོད་ཀྱང་། ནག་ཉེས་ང་ལ་ཡོད་ཅེས་པའི་བརྡ་ཙམ་ཡིན།

 

 

ཁོང་གི་དེབ་ཀྱི་ཁ་བྱང་ལ་<<ཤལ་མ་ལིའི་ཁྲག་སྡོང་>>།ཞེས་བཏགས་འདུག

ལས་མ་དག་པར་བདག་གི་གྲོགས་པོ་རུ་གྱུར་བ་དང་རྒྱུད་མ་དག་པར་གདན་སའི་གདོན་རྫས་སུ་གྱུར་བའི་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱི་བཤད་ཡམ་དེབ་

ཆུང་དང་པོ་དེ་བདུན་ཕྲག་གཅིག་གི་རྗེས་ལ་དངོས་སུ་གདན་ས་འགྲིམ་རྒྱུ་རེད། དེབ་ཆུང་དེ་ལ་ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག་གིས་འགོ་བརྗོད་སྤེལ་ཤིང་ན་གཞོན་སྙན་ངག་པ་དགའ་དགའ་དང་

 

རས་པ། ལྷ་ཆབ་གསུམ་གྱིས་དཔྱད་གཏམ་སྤེལ་འདུག  ཁོང་གིས་དེ་ལ་ཤེད་དག་གི་བླ་རུས་དང་ཤེད་བུའི་གསོན་ཚུགས། ཤེད་ཅན་གྱི་འཁྱོར་འགྲོསཞེས་སྡེ་ཚན་གསུམ་དུ་དབྱེ་ཞིང་། སྡེ་ཚན་རེ་རེའི་ནང་དུ་འབེལ་རྩོམ་བཅུ་གྲངས་རེ་དང་། མང་པོ་ཞིག་ལ་ཕྲན་དཔྱད་དང་། ཕྲན་བཤད་ཀྱང་ལྷན་སྦྱར་གྱིས་བཀོད་འདུག  ད་དུང་ཁོང་གིས་སྤེལ་བའི་དེབ་དེའི་འགོ་བརྗོད་སྔོན་འགྲོའི་དྲག་དཀྲོལ་རོལ་མོའི་ཞེས་པ་འདི་ལྟར་དབུ་བསླངས་འདུག     གུས་ལུགས་ཀྱི་གོ་རིམ་འཆོལ་སོང་བ་དང་། ཡ་རབས་ཀྱི་མཆོད་རྟེན་ཞིག་སོང་བ་མིན་ནའང་། མི་མངོན་མི་གསལ་བའི་ཚེ་སྲོག་གི་རྒྱུ་བ་ལས་མངོན་གསལ་འབུར་གཟུགས་ཀྱི་རང་གི་མགོ་བོ་འདི་ཆེས་གལ་ཆེ་བར་འདོད་པས། ང་ལ་གནད་འགག་གི་དུས་ཚོད་གང་དུའང་རང་གི་མགོ་བོ་དེ་དགོས་པ་ཡིན། ལྷ་ཚོགས་ཟེར་བའི་འོད་ཆེན་ཞིག་དང་། ཆོས་ལུགས་ཟེར་བའི་འོད་ཟེར་ཞིག་མེད་པར་མི་འདོད་ནའང་གནས་ལུགས་ཀྱི་མདུན་དུ་དེ་ཚོས་ཀྱང་རང་ཚོད་བཟུང་ན་དགའ། རྒྱུ་འབྲས་ཀྱི་ལམ་ནས་དེ་ཚོས་ཀྱང་འགྲོ་ཤེས་བྱས་ན་བདེ།

ཞེས་དང་། འབེལ་རྩོམ་ཞེས་པ་འདི་ནི་རྩོམ་རིགས་ཀུན་ལས་རྩོམ་རིག་སྣང་བ་ཅན་ཞིག་དང་རྩོམ་རིག་ང་རྒྱལ་ཅན་ཞིག་ཡིན་པ་དང།  བདག་གིས་འབེལ་རྩོམ་འབྲི་བའི་སྐབས་གང་ཡིན་ལ་སྟོང་བསམ་དང་ཐོལ་རྒལ་གྱི་ཀློང་ལ་ཞུགས་ནས་ཐལ་ཆེ་བའི་རྣམ་རྟོག་གིས་དཔྱད་པ་རྒྱག་བཞིན་ཡོད་ལ། དོན་དངོས་ཀྱི་རྩ་བ་དང་ལོ་རྒྱུས་ཀྱི་བདེན་པ་བཙལ་ཞིང་གནད་དོན་གྱི་ཐོང་རྩ་ནས་བཟུང་སྟེ། དམར་རྗེན་རྗེན་དུ་སྨྲ་འདོད་པ་ཀུན་ན་ཟུག་གིས་རྗོད་བཞིན་ཡང་ཡོད་ཕྱིར། གཉོམ་ཆུང་བག་ཡོད་ཀྱི་འཁྲབ་སྟོན་ལ་བྱང་ཆ་རྒོད་པའི་ང་ཚོའི་སྤྱི་ཚོགས་དང་འཚམ་པོ་མིན་པས་རྣམ་པ་ཀུན་ཏུ་གདོན་གཟུགས་སུའང་ལྟ་སྲིད་པ་རེད་དེ། དོན་ངོ་མར་བཤད་ན། གཡོ་སྒྱུ་ཁྲམ་གསུམ་གྱིས་བསྡུས་པའི་མི་ཞིག་ལས་ཤེས་རྟོགས་བླ་གསུམ་ལ་བརྩེ་བའི་གདོན་ཞིག་ཡིན་ནའང་འགྲིག་པར་འདོད་པས་མི་དང་མི་མིན་གྱི་སྨྲ་བ་ཀུན་པོ་རྣ་བའི་རྒྱབ་ལ་གཡུགས་ནས། དྭངས་གཙང་ལྷད་མེད་ཀྱི་སེམས་པར་འབག་བཙོག་གི་ནོག་རིས་མ་སོང་བ་དང་། རྩོམ་རིག་ལ་བླ་ནས་བརྩེ་བའི་རང་གི་གྲོགས་པོ་ཚོར་སྙིང་དཀར་པོས་དྲང་གཏམ་ཁོ་ན་གླེང་བར་འབད་ཡོད།

ཅེས་འགོ་བརྗོད་སྤེལ་འདུག་ལ། མཇུག་གཏམ་གློ་བ་དཀར་པོ་ཞེས་པ་རུའང་    ཉེས་མེད་ལ་ཕམ་ཉེས་ཐེངས་ཤིག་གི་ཆག་སྒོ་བརྒྱུད་རྗེས།  གནས་ལུགས་ཅན་གྱི་ཉེས་པ་བརྒྱ་ཕྲག་ལ་གདོང་གཏོད་དགོས་ཀྱང་འགྱོད་མེད་ཀྱི་སྙིང་སྟོབས་ཤིག་རྒྱས་ཁར། དྲང་བདེན་ཞེས་ནམ་ཡང་རྡོག་རོལ་དུ་གཏོང་མི་རུང་བ་ཞིག་

 

དང་། གནས་ལུགས་ཞེས་ནམ་ཡང་ཚེ་སྲོག་གིས་སྲུང་དགོས་པ་ཞིག་ཡོད་པ་དེ་ར་འཕྲོད་པར་གྱུར་ཏེ། རང་ཉིད་ལ་གནས་ལུགས་ཀྱི་དཔུང་བ་དང་དྲང་བདེན་གྱི་རྒྱབ་རི་ཡོད་པ་ཙམ་གྱིས་ཕམ་ནའང་སྐྱོ་དགོས་དོན་མེད་ལ། འགྱེལ་ནའང་སེམས་བདེ་བའི་སྣང་བ་ཞིག་མྱོང་ཚོར་གཉིས་ཀྱིས་གྲུབ། དེ་ནས་བཟུང་ཕལ་ཆེར་ལབ་རྒྱག་པའི་འགོ་ཡང་བཙུགས་ཚར་བ་ཡིན།ཞེས་དང་། རྡོར་དབང་གིས། དེ་ཡང་བཀླགས་པས་ཁ་རུ་ལྷུང་ཡོང་བའི་ཚིག་རྩལ་གྱིས་བཀྱགས་ཚད་མཐོ་བ་འདིར། ནང་དོན་གྱི་གཟས་ཕྱོགས་དང་། ཚིག་གི་ལག་རྩལ་གཉིས་ཀ་འབུར་ཐོན་དུ་འདུག་ཅེས་སྨྲས་པ་ཡིན་ན། དེ་ནི་རྫུན་གྱིས་བཏང་བའི་བསྙད་སྟངས་དང་ལྟ་སྟངས་ཤིག་ཆགས་འདུག་པར་ངོས་འཛིན་ཞུ་ཡི་ཡོད་ལ། དེབ་འདིས་སླད་ནས་བཙན་ས་ཞིག་ཟིན་རྒྱུར་ཚོམ་པ་མི་དགོས་པར་མཐོང་སྣེའང་འདི་ན་འདུག

ཅེས་དང་། དགའ་དགའ་ཡིས།  ཞེ་འཁོན་གྱིས་ཁེངས་པའི་ཁོའི་གདོང་གཉེར་མ་ཅན་པོ་དྲན་ཐེངས་རེར་ང་ཁོང་ལ་སྙིང་རྗེ་ཡི་གྲང་འདར་ཞིག་ཀྱང་ངང་གིས་ཤོར་འགྲོ།

ཞེས་དང་ལྷ་ཆབ་ཀྱིས།  དེརིང་ཀློག་པ་པོ་ཁྱེད་ཀྱིས་ཅེར་བའི་འབེལ་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་ཆུང་འདི་ནི་རྩོམ་པ་པོ་ཁོའི་དཀའ་སྡུག་དང་ནུས་པ་མཚོན་པར་བྱེད་པའི་ཆེས་ཉེན་ཁའི་ཕྱོགས་གཅིག་དང་། ཡང་ན་གྲལ་རིམ་གྱི་འཐབ་རྩོད་ཅིག་བརྒྱུད་འོང་བའི་སྒྱུ་རྩལ་གྱི་ཚད་གཞི་ལོངས་པའི་ཟིན་ཐོ་ཞིག་རེད་ཅེས་བརྗོད་འོས།

ཅེས་དང་། རས་པ་ཡིས།   བདེན་དོན་སྲོག་ཏུ་བཞག་པའི་རྩོམ་རིག་ནི་ཆོས་ལུགས་ལས་དམན་པ་ཅི་ཡང་མིན་ཞིང་

ཞེས་དཔྱད་བརྗོད་སྤེལ་འདུགཅེས། _____ ཨ་རིག་དགེ་མཐོང་འབོད་པའི་བློས་ཐུབ་ཀྱི་གྲོགས་གླེན་པ་དེས་བསྒྲགས་པའོ།།

གཤམ་གྱི་འདི་ནི་ཁོང་གི་དེབ་ཀྱི་དཀར་ཆགས་སྐོར་རེད། ནམ་རྒྱུན་དཔེ་དེབ་ཁྱབ་བསྒྲགས་བྱེད་སྐབས་དཀར་ཆགས་ཟེར་ནས་ཀློག་པ་པོ་ཚོས་སྐད་ཅོར་རྒྱག་གིན་འདུག་པས་ངས་ངོ་སྤྲོད་ཙམ་བྱས་པ་ཡིན།

 

དྲ་ཚིགས་གཞན་དང་ས་གནས་ཁག་ཏུ་འཁྱེར་ཆོག་ཀྱང་ནང་དོན་ལ་བཟོ་བཅོས་རྒྱག་མི་རུང་། གསལ་བསྒྲགས་མཁན་གྱིས།

 
 
 
བརྩེ་འཕྲིན་མཐའ་མ།
[ 2011-3-23 18:42:32 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
བོད་ཀྱི་སྐད་ཡིག་ལ་ཐུབ་ཚོད་མ་གཏོང་།
[ 2011-3-18 1:11:01 | By: gethong ]
 

...
……

 
 
 
སྟག་ཤར་སུམ་ཅུའི་ཚེ་སྲོག་ཤོར་བ་དྲན།
[ 2011-3-17 5:21:45 | By: gethong ]
 

༼ ས་སྲོས་ཀྱི་སྨྲེ་སྔགས༽་ཞེས་པའི་བོད་སྐད་ཀྱི་གློག་བརྙན་ལ་བལྟས་རྗེས་ཀྱི་ཚོར་སྣང་

 

སྤྱིར་བཏང་ཁོ་བོ་ལ་མཚོན་ན་གློག་བརྙན་ལ་བལྟ་རྒྱུ་དགའ་བ་ཙམ་མིན་པར་དེའི་ཆེད་དུ་དུས་ཚོད་ཕངས་མེད་དུ་གཏོང་མཁན་ཞིག་ཡིན། འོན་ཀྱང་། ལོ་གཉིས་གསུམ་གྱི་སྔོན་ནས་བཟུང་གློག་བརྙན་ལེའུ་རིང་བོ་ཅན་ལ་མི་བལྟ་རྒྱུའི་དམ་བཅའ་བཞག་པ་དང་། དེའི་ཚབ་ཏུ་བོད་ཀྱི་དྲ་རྒྱ་ཁག་ཀློག་རྒྱུ་དང་དེ་ནས་ཟིན་བྲིས་སྤེལ་ཏེ་བོད་ཡིག་གི་ཆུ་ཚད་ཇེ་མཐོ་རུ་གཏོང་བསམ་ཡོད། ད་ལྟ་དུས་ཚོད་མང་ཆེ་བ་དྲ་རྒྱ་བལྟ་ཀློག་གི་ཕྱོགས་སུ་གཏོང་གིན་ཡོད་པ་དང་། དེ་ནས་སྤྱི་ཚོགས་ཀྱི་གནས་བབ་མང་བོ་མཐོང་ཡོང་། ལན་རེ་དགའ་ནས་དགོད་ཁ་འཆོར་བ་དང་མཚམས་རེ་སྡུག་ནས་མིག་ཆུ་གཏོང་རྒྱུ་ལྟ་བུ་སོགས་འབྱུང་དང་བྱུང་ཟིན་པ་རེད། ཁ་སང་དགོང་མོ་སེང་རྡོར་དྲ་བའི་ནང་དུ་དྲ་གྲོགས་གླིང་སྲས་འབོད་པས་༼ ས་སྲོས་ཀྱི་སྨྲེ་སྔགས་༽ཞེས་པའི་གློག་བརྙན་ཞིག་ཀློག་པ་པོའི་སླད་དུ་བཞག་འདུག སྤྱིར་བཏང་དེང་སང་གློག་བརྙན་རིན་ཐང་ཡོད་མེད་ཅི་རིགས་ཤིག་དྲ་ཐོག་ཏུ་སྤུངས་ཀྱིན་འདུག་པས་ཡོད་ཚད་ལ་བལྟ་འདོད་མེད་ལ་བལྟས་ན་རིན་ཐང་ཡང་ཡོད་མེད་ཀྱང་དོགས་པའི་གནས་རེད།  གླིང་སྲས་ཀྱིས་གློག་བརྙན་དེའི གཤམ་དུ་འདི་ལྟར་

   གོང་གི་གློག་བརྙན་འདི་ནི་རྩྭ་ཐང་དུ་བྱུང་བའི་གཏམ་རྒྱུད་ཅིག་ཡིན་ལ་མི་སྣ་གཙོ་བོའི་མིང་ལ་ཚེ་ལོ་ཞེས་འབོད།    ཁོ་ནི་ཆུང་དུས་ནས་དྭ་ཕྲུག་ཏུ་ལུས་ཤིང་དཀའ་སྡུག་གི་ལམ་བུ་མང་པོ་མང་པོ་ཞིག་བརྒྱུད་རྗེས་མཐར་རང་ཉིད་ལ་སྟོབས་ཤུགས་རྒྱས་ཏེ་རྩྭ་ཐང་དེའི་གསར་རྒོད་རྒྱ་སྟག་འདྲ་བ་ཞིག་ཏུ་གྱུར།   རིམ་གྱིས་ལག་ཆགས་པའི་གོ་རིམ་དང་བསྟུན་ཏེ་མཚོ་མོ་དང་བརྩེ་དུང་ཆགས་ཤིང་མོ་དང་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་གྱི་དམ་བཅའ་བཞག   འོན་ཀྱང་སྐྱིད་མི་རྟག་ནམ་མཁའི་སྤྲིན་དང་འདྲ་ཟེར་བ་བཞིན་ཉིན་ཞིག་སྡེ་བ་གཞན་ཞིག་དང་མི་བསད་ཀྱི་གྱོད་དོན་ཞིག་བྱུང་བས་ཚེ་ལོས་གྱོད་དོན་དེ་ཞི་མཐུན་ཡོང་བའི་ཆེད་དུ་རང་སྲོག་ཤོར་ཚུལ་སོགས་བཀོད་ཡོད་པས་ཕུལ་དུ་བྱུང་བའི་གློག་བརྙན་ཞིག་ཡིན། ཞེས་གསལ་བཤད་བྲིས་འདུག་པས་བལྟ་འདོད་བྱུང་། བལྟས་ཀྱིན་བལྟས་ཀྱིན་སྔོན་གྱི་ངའི་ཕ་ཡུལ་ཨ་རིག་སྡེ་བ་དང་དངུལ་རྭ་ཞེས་པའི་སྡེ་ཆེན་གཉིས་ཀྱིས་རྩྭ་ས་རྩོད་གླེང་དེ་དྲན་དུ་བཅུགས་སོང་། སྐབས་དེའི་སྤུན་ཟླ་སུམ་ཅུ་སོ་བཞི་ལྷག་ཅིག་གི་ཚེ་སྲོག་དོན་མེད་ངང་རྩྭ་ཤིང་འགའ་རེའི་ཆེད་དུ་ཤོར་བ་དང་། ལྷག་པར་ཡ་ང་བའི་གཏམ་རྒྱུད་དེ་བྱུང་ནས་དུས་ཚོད་མང་བོ་ཕྱིན་མེད་ལ། སྐྱུགས་བྲོ་བའི་རྩོད་གླེང་འདིའི་ཁྲོད་ནས་རང་གི་ཤ་ཉེ་ཁག་ཅིག་གི་ཚེ་སྲོག་ཀྱང་ཤོར་ཟིན་པས། དུས་ཚིགས་སྡིགས་རྩུབ་ཅན་དེ་ནམ་ཡང་ངའི་སེམས་ནས་ཡལ་ཐབས་མི་འདུག   དེ་ཡང་ཡིན་ཏེ་མི་ཞིག་གི་སེམས་ལ་བཞག་པའི་སྡུག་ལ་རྙིང་རྒྱུ་ཡོད་ཀྱང་བརྗེད་རྒྱུ་མེད་པ་འཇིག་རྟེན་ལ་གྲགས་ཡོད། ཨ་རིག་སྡེ་བ་དང་དངུལ་རྭ་སྡེ་བ་གཉིས་ཀྱིས་རྩྭ་ས་རྩོད་གླེང་བྱས་ནས་མི་ཤི་རྟ་འགྱེལ་གྱི་དོན་རྐྱེན་དེ་སྔོན་གྱི་ཕ་མས་ཡང་མས་གོང་མ་ཚོ་ནས་བརྒྱུད་དེ་ད་ལྟའི་ང་ཚོའི་བར་དུ་བསླེབས་ཤིང་། ང་ཚོའི་དུས་རབས་དེ་སྤྱི་ལོ་༡༩༩༢་ཡས་མས་ཤིག་ནས་ཡང་བསྐྱར་མི་བསད་རྟ་འཕྲོགས་ཀྱི་དོན་རྐྱེན་ངན་པ་དེ་བྱུང་  དུས་དེར་རྒྱལ་ཁབ་ཀྱི་མེ་མདའ་གོང་ཆེན་ཡོད་ན་ས་ཕྱོགས་དེ་གཉིས་སུ་བཙོང་ན་ཚོང་བརྒྱུགས་པ་མ་ཟད་རིན་གོང་མཐོ་བོ་སྤྲད་ངེས་དང་། སྡེ་བ་གཉིས་ཀྱི་སུ་ཞིག་ལ་མཚོན་ན་སྟག་ཤར་ཞིག་ལ་མེ་མདའ་ཞིག་མེད་ན་ཚེ་སྲོག་སྲུང་སྐྱོབ་བྱེད་སྤྱད་མེད་པ་དང་། ནང་ན་ཟླའི་ཁྲོད་ནས་ངོ་ཚ་ཉོ་དགོས་པ་འདྲ་བོ་རེད།  སྡེ་བ་དེ་གཉིས་ལ་མི་ཕྱུགས་རྒྱུ་འབྱོར་ཧ་ཅང་བཟང་བ་ཡོངས་གྲགས་ཡིན་པས་ངས་གླེང་དགོས་དོན་མེད། འོན་ཀྱང་། རྩྭ་ས་རྨིས་ཁ་ཤས་ཀྱི་དོན་དུ་སྤུན་ཟླ་ ༣༠ ་ཅུ་ལྷག་གི་ཚེ་སྲོག་ཤོར་བ་དང་ དཔའ་འབྱོར་གྱི་གྱོང་འགུལ་ཐེབས་ཤིང་། ཕྱོགས་གཉིས་ཀྱི་ཡུལ་མི་ཚང་མ་སེམས་སྡུག་གི་མིག་ཆུའི་ཁྲོད་དུ་བསྐྱལ་བ་རེད། དེ་ཡང་ཡིན་ཏེ་དེ་རིང་ཁྱེད་ཀྱི་གཉེན་ཉེ་ཞིག་དམག་ལ་ཆས་ན་སང་ཉིན་ཕྱིར་ཡོང་རྒྱུ་ཡོད་མེད་ཀྱི་གནད་དོན་ལྟ་བུ་རེད།   དེ་ལྟར་དམངས་སྒོར་ས་ཡ་ལྷག་གིགྱོང་འགུལ་དང་མི་བུ་སུམ་ཅུ་ལྷག་གི་ཚེ་སྲོག་ས་ལ་འཐིམས་པ་རེད། ཞིབ་ཚགས་བྱས་ནས་བྲིས་ན་དེབ་རྒན་ཞིག་གི་མི་ཚད་པ་ཡོད་ཀྱང་ངས་དེ་ཡོད་ཚད་ག་ལ་གླེང་ནུས། དྲན་གསོ་ཙམ་དང་སྤུན་ཟླ་ཚོ་ལ་ངོ་སྤྲོད་ཐུང་ངུ་ཞིག་ལས་གླེང་ཐབས་བྲལ།

སྐབས་དེར་མཚོན་ན་ཨ་རིག་སྡེ་བ་དང་དངུལ་རྭ་སྡེ་བ་གང་གི་སྟག་ཤར་ཞིག་ཡིན་ན། རྩྭ་ས་རྩོད་གླེང་གི་འཐབ་འཛིང་དེའི་ཁྲོད་ནས་ཕམ་སོང་ན་མི་ཚེའི་ཁ་ལས་རླུང་རྟ་ཐུར་ཏུ་ཟགས་པ་ལྟ་བུ་རེད།  དེ་འདྲའི་ཕམ་མ་ཕམ་ནི་རང་རིགས་སྤུན་ཟླའི་དབར་དུ་མེ་མདའ་བརྒྱབས་ནས་གསོད་ཐུབ་མི་ཐུབ་དང་གཡུལ་ས་ནས་ཕྱིར་བྲོས་མ་བྲོས་སོགས་ཀྱི་གནད་དོན་རེད། སྐབས་དེར་ང་ཚོའི་སྡེ་བའི་རྒད་པོ་ཞིག་གིས་འདི་ལྟར་བཤད་པ་ཀུན་ལ་གྲགས་ཡོད། གྲྭ་བ་དང་བུད་མེད་ཚོ་ལས་དཔའ་བོ་མི་འདུག འདི་ཚོ་དམག་ལ་འགྲོ་མི་དགོས་པས་ཁ་ཤོམ་ཆེ་གི་ལབ་པ་ངས་ཀྱང་རྣ་བས་ཐོས། དེའི་དོན་ནི་དམག་ལ་སོང་ནས་ཕྱིར་འབྲོ་བ་ལས་ཤི་ན་བཟང་རབས་བཤད་པ་དེ་རེད། དེ་ནི་ཨ་རིག་སྡེ་བའི་ཨ་ཁུ་དང་བུད་མེད་དེ་ཚོའི་སྐབས་དེའི་དཔའ་གཏམ་མམ་སེམས་གཏམ་རེད། དོན་དངོས་སུ་སྤུན་ཟླ་ནང་དམེ་བྱེད་མ་ཐུབ་ན་བུ་མ་རེད་ཅེས་བཤད་ཀྱིན་པ་དང་མཚུངས། ཡང་དེ་བས་ཀྱང་ཚབས་ཆེ་ས་ནས་གླེང་ན། བོད་ཀྱི་སྲོལ་རྒྱུན་གྱི་གཏིང་ཟབ་ས་ནས་འཛིན་མཁན་ནི་དད་པ་དམ་ཚིག་རེད། དེ་ནི་བླ་སློབ་བར་གྱི་མཐུན་སྒྲིལ་ལམ་ཁས་ལེན་རེད། སྐབས་དེར་རྩྭ་ས་ལག་མཐིལ་ཙམ་གྱི་ཕྱིར་ཏུ་བླ་མ་དང་སློབ་མའི་ཤེལ་གོང་ལྟ་བུའི་དམ་ཚིག་གཙང་མ་དེ་བཅག་ལ་ཁུལ་དང་འགའ་རེས་ཚིག་ཟུར་ནས་བཅགས་ཀྱང་ཡོད་སྲིད། འབྲོག་པ་མང་ཚོགས་ཀྱི་སེམས་ངོགས་ནས་ནམ་ཡང་ལྡོག་ཐབས་དང་ཁ་བྲལ་མི་རུང་བ་དང་ཁས་རྒྱག་མི་ཉན་པ་ནི་བླ་སྤྲུལ་ཚོ་ཡིན་མོད། དུས་དེར་དེ་ཚོ་ལ་ཡང་ཁ་བཏངས་ཁས་བརྒྱབས། གསུང་མ་བརྩིས་པ་ལྟ་བུ་བྱས་པ་རེད  བླ་སྤྲུལ་བདེན་རྫུན་གཉི་ག་ནང་དུ་འདུ། འོན་ཀྱང་། འབྲོག་པ་ཚོས་ས་རྩོད་བརྒྱབས་ན་བླ་སློབ་ཀྱི་དམ་ཚིག་མི་སྲུང་ལ་ནང་ཆོས་ཀྱི་དབང་ལུང་སོགས་ཀྱང་ཁས་མི་ལེན། དེ་མིན་དུས་རྒྱུན་བོད་མི་རིགས་ཀྱི་བདེ་སྡུག་བསམ་ནས་རྩོམ་པ་པོ་འགའ་རེས་སྙུག་རྩེ་ནས་བླ་སྤྲུལ་བདེན་རྫུན་ཚོའི་སྐྱོན་རེ་གླེང་ན། ལྟ་ལོག་དང་ལྟས་ངན་ཟེར་ནས་དམོད་མོ་གཏོང་། སྐབས་དེར་བརྗེད་པ་ནི་ཆེས་ཡ་མཚན་པ་ཞིག་མ་ཡིན་ནམ། འདི་ནི་འབྲོག་པ་མང་ཚོགས་ཀྱི་རྨོངས་དད་ལ་ཟུར་མདའ་ཙམ་བརྒྱབས་པ་ལས་ཅི་ཡང་མིན།

 ཞོར་གླེང་ཞིག་ལ།  ༼ ས་སྲོས་ཀྱི་སྨྲེ་སྔགས༽་ཞེས་པའི་བོད་སྐད་གློག་བརྙན་དེའི་ནང་གི་མི་སྣ་གཙོ་བོ་ཚེ་ལོའི་རྒྱ་ཆེ་བའི་བསམ་བློ་དང་གཏིང་ཟབ་པའི་ཕུགས་རྒྱང་དེ་འདྲ་ང་ཚོ་ལ་ཅིའི་ཕྱིར་མ་ཡོད་པ་རེད། སོམས་དང་ངའི་ཕ་ཡུལ་གྱི་ཨ་རིག་སྡེ་བའི་ཁ་འགོ་བ་ཚོ། སྤུན་ཟླ་དེ་ཚོའི་རྣམ་ཤེས་ཀྱིས་ཁྱོད་ཚོ་ལ་ཅེར་ནས་ཡོད་ཀྱང་སྲིད། ཁྱོད་ཚོས་འདི་ལྟར་ལ་རྒྱ་ཡོད་ཁུལ་དང་དཔའ་བོ་ཡིན་ཁུལ་གྱིས། ན་གཞོན་དེ་ཚོའི་གཤོག་འོག་ཏུ་གཡོ་སྒྱུའི་གཏམ་གྱི་རླུང་བརྒྱབས་ཏེ་ཚེ་སྲོག་ཤོར་བཅུགས་པ་མ་ཡིན་ནམ། ཁྱོད་ཚོ་མི་ཡུལ་ནས་འདི་ལྟར་འདུག་རྒྱུ་ངོ་མི་ཚ་བ་ནི་ཡ་མཚན་ནོ། །སྔོན་ཐོན་ཅན་དང་ཡར་རྒྱས་ཅན་གྱི་མི་རིགས་ཚོས་འཛམ་གླིང་གི་ཕྱིར་ཏུ་འབད་ཀྱིན་ཡོད་དུས། ང་ཚོས་མ་མཐའ་ཡང་བོད་མི་རིགས་ཀྱི་སླད་དུ་ཅིའི་ཕྱིར་བསམ་གཞིགས་ཞིག་མ་བཏང་བ་ཡིན། གཏམ་རྒྱུད་ལས་ཨ་རིག་གི་མྱི་ལ་དད་པ་ཡོད་ཅེས་པ་མ་ཡིན་ནམ། མེས་པོ་གོང་མའི་ཤུལ་བཞག་གྱི་གསེར་ལྟ་བུའི་གཏམ་རྒྱུད་དེ་ཚན་རྩལ་གྱི་དུས་རབས་འདིར་ཁྱོད་ཚོས་རླུང་ལ་བསྐུར་ཕོད་དམ།

ཟུར་ངོས་གཞན་ཞིག་གླེང་ན། ད་ལྟ་འཛམ་གླིང་འདིར་མི་གྲངས་ཉེར་ལྔ་ཅན་གྱི་རྒྱལ་ཁབ་ཅིག་ཡོད་པ་ཡོངས་ཁྱབ་གསལ་བསྒྲགས་ཟིན་པ་དེ་རེད། དེས་ན་ང་ཚོའི་སྡེ་བ་གཉིས་ཀྱིས་དོན་མེད་རྩྭ་ཤིང་འགའ་རེའི་སླད་དུ་རྒྱལ་ཁབ་ཆུང་ཆུང་ཞིག་སའི་གོ་ལའི་སྟེང་ནས་བསྣུབས་ཚར་བ་རེད།  ཡང་ཚེ་ལོས་སྡེ་བ་གཉིས་ཀྱི་བདེ་སྡུག་སླད་དུ་རང་སྲོག་བཏངས་བ་ལྟར་ང་ཚོས་ཀྱང་མི་བུ་སུམ་ཅུ་ལྷག་གི་ཚེ་སྲོག་དེ་བོད་དོན་དུ་ཕུལ་ཡོད་ན། ད་ལྟ་ང་ཚོ་ལ་ཡང་རེ་བ་དང་ཡིད་ཆེས་ཤིག་ཏན་ཏན་ཡོད་སྲིད། ཞིབ་འདང་རྒྱོབས་དང་རང་གི་ནོར་འཆུགས་ངོས་ཟིན་སླ། ད་ནི་སྦྲ་ནག་བསྡུ་གསོག་རྒྱག་བཞིན་ཡོད་པ་དང་། ནོར་ལུག་རྩ་མེད་གཏོང་བཞིན་ཡོད་པས་རྩྭ་ས་ལག་མཐིལ་ཙམ་བརྩད་ནས་ནོར་འཆུགས་རི་རབ་འདྲ་ཞིག་བཟོས་པ་ཧ་གོ་ཡོད་ཚོད་ཡིན། ད་ནི་འཕྱི་ཚར་བ་རེད། གཟབ་གཟབ་བྱོས་ཤིག་བོད་རིགས་སྤུན་ཟླ་ཚོ། ཨ་རིག་སྡེ་བ་དང་དངུལ་རྭ་སྡེ་བ་གཉིས་ནི་དཔེ་མཚོན་ཙམ་ལས་རོང་འབྲོག་ས་ཁུལ་གཞན་དག་ན་སྐྱུགས་བྲོ་བའི་རྩོད་གླེང་དེའི་རིགས་ཨི་ཙི་ན་ཚ་བཞིན་གང་སར་ཁྱབ་ནས་ཡོད། འདི་ནི ་༢༠༡༡་ལོའི་༠༣་ཚེས་༠༡་ཉིན་གྱི་དགོང་མོར་ཁ་ཐུག་བྲིས་པ་ཡིན་པས་ཞུ་དག་སོགས་སོང་མེད། ནོར་འཆུགས་ཡོད་ན་ཐད་ཀར་ཤོད་ཅེས་ཨ་རིག་དགེ་མཐོང་གིས།

 
 
 
ཚེ་ཏན་ཞབས་དྲུང་ཚང་གི་ཡི་གེ་ཞིག
[ 2011-2-21 3:14:00 | By: gethong ]
 

ཚེ་ཏན་ཞབས་དྲུང་ཚང་གི་ཡི་གེ་ཞིག


༄༅༎ ཀུན་གཟིགས་ཐམས་ཅད་མཁྱེན་པའི་སྙན་དྲུང་དུ།
གུས་ཞུ།
ཐམས་ཅད་མཁྱེན་པ་ཉིད་ནས་རང་རེ་བོད་གངས་ཅན་གྱི་མི་རིགས་སྤྱི་དང་། ཁྱད་པར་དུ་མཚོ་སྔོན་དང་། ཀན་སུའུ། ཟི་ཁྲོན་གསུམ་གྱི་ཞིང་ཆེན་ན་འཁོད་པའི་ཨ་མདོ་བོད་རིགས་རྣམས་སྔོན་ཐོན་མི་རིགས་རྣམས་དང་འདྲ་བར་རིག་གནས་ཡོན་ཚད་མཐོ་རུ་བཏེགས་ནས་ཚན་རིག་ལག་བསྟར་བྱེད་ཐུབ་པ་བྱ་དགོས་ན། བོད་རང་རྐྱང་གི་སློབ་གྲྭ་ཆེན་མོ་ཞིག་ངེས་པར་འཛུགས་དགོས། དེ་མིན་ནུབ་བྱང་མི་རིགས་སློབ་གྲྭ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ལྟ་བུ་ཡིན་ན། རྒྱ་རིགས་རྣམས་ཀྱིས་དབང་བཟུང་བའི་འོག་ཏུ་བོད་ཡིག་སློབ་ཚུལ་རྣམས་ནི་གཟུགས་བརྙན་ཁོ་ན་ལས་བོད་རང་གི་སྐད་ཡིག་གོང་འཕེལ་དུ་འགྲོ་ཐབས་མེད། དཔེར་ན་དགེ་རྒན་རྒྱ་མི་བོད་ཡིག་ཅུང་ཟད་ཤེས་ལ་བོད་སྐད་གདངས་མི་ཐོན་པ་དག་གིས་འབྲོག་ཕྲུག་ཚོར་ཀ་ཁ་དང་སུམ་རྟགས་སློབ་པ་ལྟ་བུ་སྟེ། དེ་ནི་ཚུལ་དང་མཐུན་པ་ཞིག་ག་ལ་ཡིན། འདི་འདྲའི་སྣང་ཚུལ་ཞིབ་པར་ཞུས་ན་ཚིག་ཉུང་ངུ་ཞིག་གིས་ཞུས་པས་མི་ཚར། དེ་དོན་ཐུག་ལ་ངེས་པར་བསྣམ་རྒྱུ། ཞེས་རང་རེ་བོད་གངས་ཅན་གྱི་རིག་གཞུང་ལ་ཤ་ཞེན་ཆེ་བའི་དགེ་སྦྱོང་རྒན་པོ་གུས་པ་ཚེ་ཏན་ཞབས་དྲུང་ནས་སྙིང་ལ་བརྣགས་པའི་ཞུ་ཚིག་སྤྱི་ལོ་བརྒྱད་ཅུ་ཐམ་པ་ལོའི་ཟླ་བ་བཅུ་གཅིག་པའི་ཚེས་ཉེར་གཅིག་ལ་ཕུལ༎

༼གུས་པས་ཚེ་ཏན་ཞབས་དྲུང་ཚང་གི་གསུམ་འབུམ་ཀློག་སྐབས།

གསུང་འབུམ་གླེགས་བམ་དང་པོའི་ཤོག་ངོས་ ༣༠༨ ཐོག་འདི་འདྲ་ཞིག་གསལ་འདུག་པ།

དིར་བཀོད་པ་ཡིན། བོད་ཀྱི་ཤེས་ཡོན་ནམ་སློབ་གསོའི་གནད་དོན་འདི་ཡང་ང་ཚོའི་ཁ་བརྡའི་ཁྲོད་དུ་ཡང་ཡང་དགོས་གལ་ཆེ་བར་མངོན་ནོ༎དགེ་འདུན་རབ་གསལ་གྱིས།

 
 
 
བོད་ཀྱི་གྲྭ་བཙུན་ཚོ་གླེང་སྟངས་ཤིག
[ 2011-2-20 7:18:00 | By: gethong ]
 

བོད་ཀྱི་གྲྭ་བཙུན་ཚོ་གླེང་སྟངས་ཤིག

 

པར་ཡོང་ཁུངས་དྲ་རྒྱ་ཡིན།

 

སད་མི་བདུན་པོ་དེ་རབ་ཏུ་བྱུང་དུས་སུ། །

བོད་ཀྱི་གྲྭ་བཙུན་དེ་ཀུན་གྱིས་བརྩི་བཀུར་བྱེད། །

གྲྭ་བའི་གྲངས་ཀ་དེ་མང་དུ་ཕྱིན་པ་ནས། །

བོད་ཀྱི་གྲྭ་བཙུན་དེ་སྐྱོན་ཅན་ཡིན་པར་བསྒྲགས། །

 

དུས་རབས་མ་རབས་དེ་ཟེར་ནས་ཟུར་ནས་སྡིགས། །

དགའ་རོགས་མང་རབས་ཏེ་ལབ་ནས་སྐུར་བ་བཏབས། །

གྲྭ་བཙུན་བརྗོད་བྱ་དེ་བཟུང་ནས་བྲིས་དང་ན། །

རྩོམ་རྩལ་བཟང་བོ་དེ་མི་དགོས་ཡག་གི་ཟེར། །

 

བླ་སྤྲུལ་འགའ་རེས་ད་རང་རིགས་སྐྱབས་ཡོད་ཀྱང་། །

དགེ་མཚན་དེ་ཚོ་ད་གླེང་མཁན་དཀོན་པོ་རེད། །

སློབ་གྲྭ་བཙུགས་པའི་ད་གྲྭ་བ་མང་ན་ཡང་། །

གྲུབ་འབྲས་དྲང་མོ་ད་གླེང་ནི་དཀའ་མོ་རེད། །

 

བོད་ཀྱི་སྐད་ཡིག་དེ་གྲྭ་བའི་གཟན་འོག་ན། །

ད་ལྟ་མ་ཤི་དེ་ཡོད་པ་གསལ་བོ་ཡིན། །

གངས་ཅན་བོད་པ་དེ་གཅིག་པུའི་ཁྱད་ཆོས་ཉིད། །

ནང་བསྟན་གཞུང་ལུགས་དེ་གྲྭ་བས་ཉར་ནས་ཡོད། །

 

ཆོས་སྲིད་ཟུང་འབྲེལ་གྱི་ནང་དོན་མ་རྟོགས་པར། །

རྨོངས་པའི་ངུ་ཟུག་དེ་སྒྲོག་མཁན་ཇེ་མང་རེད། །

རྒྱལ་རབས་ལོ་རྒྱུས་དེ་ཀློག་མྱོང་མེད་ན་ཡང་། །

ཧ་ཅང་མཁས་མདོག་དེ་སྟོན་པ་འགྲོ་སྟངས་ཤིག །

 

རྒྱལ་བའི་གསུང་རབ་དེ་ཟུར་དུ་གཡུགས་དང་ནས། །

རྒྱང་འཕེན་སྙིང་སྟོབས་དེ་སྲོག་གི་དཀྱིལ་དུ་འཛིན། །

རྒྱ་ཆེན་གཞུང་ལུགས་དེ་སྦྱངས་མྱོང་མེད་ན་ཡང་། །

རྣ་བས་ཐོས་ཚུལ་དེ་བྲིས་ནས་རྫིག་ཉམས་སྟོན། །

 

གྲྭ་བའི་གྲངས་ཀ་དེ་ད་ནི་ཇེ་ཉུང་རེད། །

མི་རིགས་འཕེལ་རྒྱས་དེ་གནོད་མིན་ཤེས་རྒྱུ་རེད། །

བླ་རྒན་མགོ་རིལ་དེ་ཚང་མ་རྫོགས་སོང་ན། །

མགོ་ནག་བོད་པ་དེ་ལྷག་མིན་དཀའ་མོ་རེད། །

 

རིག་གནས་ཆ་ཚང་དེ་སློབ་ན་དགོན་པར་སོང་། །

དབང་ལུང་མན་ངག་དེ་དགོས་ན་དགོན་པར་ཡོད། །

བྱམས་བརྩེའི་དགེ་མཚན་དེ་བླ་སྤྲུལ་གསུང་ན་མཆིས། །

དགོན་པ་གྲྭ་ཚང་དེ་མེད་ན་གང་ནས་རྙེད། །

 

གྲྭ་བའི་ཕྱོགས་ཞེན་གྱིས་བཟི་འདོད་ཁོ་བོ་མེད། །

དྲང་གཏམ་མདའ་མོ་འདི་བདག་གིས་འཕེན་ན་འདོད། །

བསྟན་པའི་ལ་རྒྱ་དེ་ཟེར་ནས་གླེན་རྟགས་མེད། །

དངོས་ཡོད་བདེན་པ་དེ་སྨྲས་ན་སུ་ཡིས་གནོད། །

 

གྲྭ་བཙུན་ཡོད་ཚད་དེ་ཡག་རྒྱུ་མེད་ན་ཡང་། །

བརྒྱ་ཆའི་དགུ་བརྒྱ་དེ་ཡིད་ཆེས་བྱས་ན་འོས། །

གཟན་ཤམ་གྱོན་མིན་དེ་གྲྭ་བའི་ཚད་ཤིང་མིན། །

རྩ་བ་བཞི་བོ་དེ་ཐག་གཅོད་ཚངས་ཐིགས་སོ། །

 

བླ་སྤྲུལ་རྫུན་མ་དེ་བོད་དུ་མང་ན་ཡང་། །

དད་པ་བྱེད་མིན་དེ་རང་གི་ལག་ན་ཡོད། །

བདེན་རྫུན་དབྱེ་འབྱེད་དེ་བྱེད་རྒྱུ་མི་དགའ་བར། །

མིག་གིས་མཐོང་ཚུལ་དེ་སྐྱོན་དུ་བརྩི་བར་བྲེལ། །

 

གྲྭ་བ་དྲ་ཐོག་དེ་ཞུགས་པའི་ཉིན་མོ་ནས། །

གྲྭ་ལོག་ལྟ་ལོག་དེ་ཟེར་བའི་ཆོ་ལོ་སྟེར། །

དེང་དུས་ཤེས་བྱ་དེ་བོད་ན་ཤི་རོ་རེད། །

ལུགས་སྲོལ་ངན་པ་དེ་བོད་དུ་དར་ཁྱབ་ཆེ། །

 

སྟོན་པ་ཐུགས་རྗེ་དེ་ཁམས་འདིར་བཞུགས་ཡོད་ན། །

ལྟ་བ་མཁྲེགས་འཛིན་དེ་མི་བྱེད་ཁོ་ཐག་ཡིན། །

བོད་ཀྱི་བླ་སྤྲུལ་དེ་ལབ་ན་མི་འོས་ཀྱང་། །

དགོན་སྡེ་ཁག་ཅིག་དེ་འདི་ལས་སྡུག་རེད་མོ། །

 

བསྟོད་ན་བསྟོད་རྒྱུ་དེ་ཡོད་པ་དངོས་པོའི་གཤིས། །

སྨད་ན་སྨད་རྒྱུ་དེ་མཆིས་པ་ཆོས་ཉིད་ཅིག །

བསྟོད་མིན་སྨད་མིན་དེ་ང་ཡིས་བྲིས་ཡོད་སྙམ། །

སེམས་ཀྱི་སྐད་ཆ་དེ་འདི་ལས་ང་ལ་མེད། །

ཞུ་དག་ཙམ་མ་བྱས་པར་ཟིན་བྲིས་སུ་སྤེལ་བ་ཡིན་པས་དྲ་གྲོགས་ཚོས་ནོར་འཁྲུལ་ཡོད་པ་དག་ལ་བསམ་འཆར་བཤད་རོགས་ཞུ།

 
 
 
དྲ་ཐོག་གི་དྲི་ལན་ཐུང་ངུ་ཞིག
[ 2011-2-19 17:11:00 | By: gethong ]
 

དྲ་ཐོག་གི་དྲི་ལན་ཐུང་ངུ་ཞིག

འདི་ནི་ཡོ་རོབ་གནས་བཞུགས་གྲོགས་ཇིང་སྲས་ཀྱིས་དྲི་བ་ལ་ཁ་ཐུག་ལན་བཏབས་པ་ཞིག

རྗེས་སུ་འདི་དང་འདི་ལྟ་བུའི་ནང་ཆོས་ཕྱོགས་ནས་དྲི་བ་འདྲི་མཁན་ཡོད་ན་ངས་ཤེས་ཚོད་ཀྱིས་ལན་འདེབས་ངེས་ཡིན།

 

སྤྱིར་བཏང་སངས་རྒྱས་ཀྱི་སྐུ་ལ་རང་དོན་གྱི་སྐུ་དང་གཞན་དོན་གྱི་སྐུ་གཉིས་སུ་གྲངས་ངེས།

རྒྱས་པར་དབྱེ་ན། ངོ་བོ་ཉིད་སྐུ། ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་སྐུ་བཅས་བཞི་ཡོད།

དག་པ་གཉིས་ལྡན་གྱི་དབྱིངས་མཐར་ཐུག་དེ། ངོ་བོ་ཉིད་སྐུའི་དོན་རེད།  དག་པ་གཉིས་ནི། རང་བཞིན་གྱི་དྲི་མ་དང་གློ་བུར་བའི་དྲི་མ་གཉིས་དག་པ་ལ་གོ་དགོས་ཀྱང་། མཐར་ཐུག་ཅེས་པ་དེའི་སྟེང་དུ་མ་བསྣན་ན་མཚན་ཉིད་པས་རིག་པའི་གནོད།   དཔེར་མཚོན། སངས་རྒྱས་འཕགས་པའི་རྒྱུད་ཀྱི་ཆོས་ཉིད་ལྟ་བུ་དང་པོ་དང་། དེའི་རྒྱུད་ཀྱི་འགོག་བདེན་ལྟ་བུ་གཉིས་པ་ཡིན།

 

ཡེ་ཤེས་ཆོས་སྐུ་ལབ་ན། ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་མཁྱེན་པ་མཐར་ཐུག་ཅིག་ལ་འདོད། ཡུལ་གྱི་སྒོ་ནས་གཉིས་ཡོད། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་ཡོད།  དཔེར་བརྗོད། སྟོང་ཉིད་དམ་ཆོས་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སངས་རྒྱས་ཀྱི་མཁྱེན་པ་དེ་དང་པོ་དང་།  ཤེས་བྱ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཀྱི་མཁྱེན་པ་དེ་གཉིས་པ་འདོད། 

 

 

ལོངས་སྤྱོད་ཀྱི་སྐུ་ལབ་ན། ངེས་པ་ལྔ་ལྡན་གྱི་གཟུགས་སྐུ་མཐར་ཐུག་དེ་འཇོག  ངེས་པ་ལྔ་ནི། གནས་ངེས་པ་འོག་མིན་ཁོ་ནར་བཞུགས་པ། འཁོར་ངེས་པ་བྱང་སེམས་ཤ་སྟག་གི་བསྐོར་བ། ཆོས་ངེས་པ་ཐེག་ཆེན་གྱི་ཆོས་ཁོ་ན་གསུང་བ། སྐུ་ངེས་པ་མཚན་དཔེ་གསལ་རྫོགས་ཀྱིས་སྤྲས་པ། དུས་ངེས་པ་འཁོར་བ་ཇི་སྲིད་མ་སྟོང་བར་བཞུགས་པ།  སྤྲུལ་སྐུ་ལབ་ན་ངེས་པ་ལྔ་དང་མི་ལྡན་པའི་གཟུགས་སྐུ་མཐར་ཐུག་ཅིག་ལ་འདོད། དེ་ལ་དབྱེ་ན། བཟོ་སྤྲུལ་སྐུ། སྐྱེ་བ་སྤྲུལ་སྐུ། མཆོག་གི་སྤྲུལ་སྐུ་བཅས་གསུམ་ཡོད།  བཟོ་བོ་སྤྲུལ་སྐུ་ལབ་ན་སངས་རྒྱས་ཀྱི་སྤྲུལ་པར་གྱུར་པའི་བཟོ་བོ་བི་ཤཱོ་ཀར་མ་དང་བདག་ཅག་གི་སྟོན་པས་དྲི་ཟའི་རྒྱལ་པོ་རབ་དགའ་གདུལ་བའི་ཕྱིར་དུ་དྲི་ཟའི་པི་ཝྦང་བརྡུང་བའི་གཟུགས་སུ་སྤྲུལ་པའི་སྤྲུལ་བ་དེ་འཇོག  སྐྱེ་བ་སྤྲུལ་སྐུ་ལབ་ན། སྟོན་པ་བྱ་རི་དྭགས་སོགས་སུ་སྤྲུལ་བའི་སྤྲུལ་བ་དང་། དགའ་ལྡན་གྱི་རྟེན་ཅན་གྱི་རྗེ་བཙུན་བྱམས་པ་ལ་འཇོག  མཆོག་གི་སྤྲུལ་སྐུ་ལབ་ན། སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་སོགས་འཇོག  ལན་རེ་འདིའི་མིང་ལ་བྱང་ཆུབ་སྤྲུལ་སྐུ་ཟེར་དུས་ཀྱང་ཡོད།

ཡུབ་རོབ་རྒྱལ་ཁབ་གནས་བཞུགས་པའི་གྲོགས་པོ་ཁྱེད་ལ་ཕན་པར་སྨོན

 
 
 
རྩོམ་བརྡ་ཞིག
[ 2011-2-17 1:54:00 | By: gethong ]
 

རྩོམ་བརྡ་ཞིག

༄༅། །བསམ་བཟང་དང་རྣམ་དཔྱོད་ཀྱི་མངའ་བདག་རྒྱ་ཆེའི་སྙུག་ཐོགས་པ་ཀུན་གྱི་སྙན་སར།

ངེད་གྲྭ་རྐྱང་སྐོར་ཞིག་གིས་ང་ཚོའི་འོས་བབ་ཀྱི་གནས་ལུགས་ལ་བལྟས་ཏེ་༼  དུས་ཀྱི་ངུར་སྨིག་༽ ཅེས་པའི་དུས་དེབ་ཅིག་འདོན་སྤེལ་བྱེད་རྒྱུ་ཡོད་པས།  བརྗོད་བྱའི་ཐད་ནས་རང་རེའི་གྲྭ་བ་དང་གྲྭ་བའི་རིག་གནས་གཙོས་གྲྭ་བའི་བྱེད་སྒོ་འམ་གྲྭ་བ་དང་འབྲེལ་བའི་སྐོར་ཡིན་དགོས་ལ། རྗོད་བྱེད་ཀྱི་ཐད་ནས་ཚིགས་ལྷུག་དང་འབོལ་རྩོམ། དཔྱད་རྩོམ། དྲི་བ་དྲིས་ལན་ལྟ་བུའི་རིགས་ཡིན་དགོས།  རྩོམ་སྐུར་མཁན་དག་གིས་ཐུགས་སྣང་དགོས་པ་ཞིག་ལ། སྤྱི་ལོ་༢༠༡༡་ཟླ་༥་བའི་ཚུན་ཆད་དུ་ངེས་འབྱོར་དགོས།  རྩོམ་ཡིག་རེའི་རམ་འདེགས་གནང་རྒྱུ་སྐུ་མཁྱེན།   རྩོམ་བསྐུར་ས།  གློག་སྒམ་ཡིག་ཟམ།

 tsomdikpa@ahoo.com  འབྲེལ་གཏུགས་ལག་འཕྲིན་ཁ་པར་ཨང་གྲངས། 9620931188 ཡིན།

གཞན་ཨ་རིག་དགེ་མཐོང་གི་ཟིན་བྲིས་སུ་འབྲེལ་བ་བྱས་ཀྱང་འཐུས། དུས་ཀྱི་ངུར་སྨིག་རྩོམ་སྒྲིག་པས།

 

འདི་ནི་རྩོམ་སྒྲིག་པས་ཁོ་བོའི་ཟིན་བྲིས་སུ་གསལ་བསྒྲགས་བྱེད་རྒྱུའི་རེ་སྐུལ་ཞུས་པ་ལྟར་སྤེལ་བའོ།། ཨ་ཚེ་འབར་གྱིས།

 
 
 
ཟུར་མདའ་དང་གསའ་རང་འབར་གླེང་བ།
[ 2011-2-16 6:08:00 | By: gethong ]
 

ཟུར་མདའ་དང་གསའ་རང་འབར་གླེང་བ།

དེང་སང་བརྡ་འཕྲིན་བརྒྱུད་ལམ་དར་ཁྱབ་ཆེ་རུ་ཕྱིན་པ་དང་གྲོགས་པོ་ཚོས་ཕན་ཚུན་ལ་འཕྲིན་ཡིག་སྐུར་བ་དང་བསྟོད་པ་འབྲི་བ། ཡང་གཅིག་གཅིག་གི་སྙན་ངག་དང་རྩོམ་དག་ལ་ཕྲན་དཔྱད་འབྲི་བ་ལྟ་བུ་སོགས་ཀྱི་ལེགས་ཆ་མང་བོ་མཆིས། དེ་ལས་ལྡོག་སྟེ་ཁེན་མཚར་ཞིག་ལ་སྔོན་མ་གྲོགས་པོ་ལ་བསྟོད་པ་ལས་དམད་པ་བྱེད་པའི་ལུགས་སྲོལ་དེ་མེད་མོད།  ད་ལྟ་ཁག་ཅིག་གིས་མི་རབས་གསར་བ་དང་ཀླད་པ་གསར་བ། ལྟ་བ་གསར་བ་ཡོད་མདོག་མདོག་གིས་གྲོགས་པོ་ལ་འཕྲིན་ཡིག་ཅིག་བསྐུར་ན་ཡང་ཁྱེད་ཀྱིས་མ་འཇོན་རབས་དང་། ངས་བལྟས་ན་ཁྱེད་རང་ལ་ནོར་འཁྲུལ་ཅིག་ཅིག་ཉིག་ཉིག་འདུག་ཅེས་ཟེར།  དོན་དངོས་སུ་རང་ཉིད་ཀླད་པ་གསར་བ་དང་ལྟ་བ་གསར་བ་དང་རང་ཚུགས་ཆེ་མདོག་ཡོད་ཁུལ་གྱིས་ཤུལ་དུ། རང་མཚང་ངན་པ་རང་ཉིད་གཞན་གྱིས་ངར་བ་རེད་ཅེས་དང་དྲང་མོ་རེད་ཅེས་དང་བཤད་ཕོད་པ་རེད་ཅེས་བསྟོད་ར་ལ་སྒུག་འདུག  ཕྱོགས་གཅིག་ནས་གྲོགས་པོ་ལ་ནོར་འཆུགས་མང་བ་དང་དེ་བཤད་དགོས་པ་བདེན་པའི་རིགས་སུ་བརྩིས་ཆོག  རེད་དེ་རང་གི་གྲོགས་པོ་ལ་ངེས་པར་མི་མང་གི་མཐོང་སར་བཤད་དགོས་པ་སུ་ཞིག་གིས་འགན་འཁྲི་ལྕི་མོ་དེ་སྤྲད་པ་རེད། དེ་ལྟར་ངོ་གཉིས་མ་ལྟ་བུའི་སྐད་ཆ་དེ་ཚོ་གད་སྙིགས་ཀྱི་ཁྲོད་དུ་གཡུགས་ཞེས་ཐ་ཚིག་བསྒྲགས་ན་འདོད། 

ད་དུང་དེང་སང་ཟིན་བྲིས་སུ་རྩོམ་པ་པོར་རློམ་མཁན་དང་བསམ་བློ་རང་དབང་མེད་མཁན་གྱི་ཟིན་བྲིས་པ་ཁག་ཅིག་གི་ཀུན་སློང་ངན་པ་ནི་འདི་ལྟར་ཡོད་དེ།  མཚོ་སྔོན་ཟིན་བྲིས་ལྟ་བུ་ཡིན་ན་ཟིན་བྲིས་སུ་མཛའ་འབྲེལ་མཐོ་རིམ་སྒྲིག་སྦྱོར་དང་ཁ་སྣོན་ཟེར་བའི་མཛའ་འབྲེལ་བྱེད་ས་ཞིག་ཡོད།  དེ་དག་ལ་ཞིབ་ཏུ་ལྟོས་དང་གང་ཟག་ག་གེ་མོ་དེའི་སྐྱུག་བྲོ་བའི་ངོ་གདོང་མཐོང་ཡོང་སྟེ།  མཛའ་འབྲེལ་ལ་མིང་གྲགས་ཡོད་ནི་ཞིག་ལས་འཇོག་མི་ཉན་པ་ཅི་བྱུང་། འདི་ཚོ་ད་ཤེས་ཡོན་པའི་རྐུབ་ལྡག་ཅེས་པའི་རིགས་སུ་གཏོགས་པ་རེད།  རང་གི་སྤུན་མཆེད་དང་ཤ་ཉེ། ཡང་ན་སེམས་དཀར་བའི་གྲོགས་པོ་སོགས་བཞག་ཆོག་མོད། མིང་གྲགས་མེད་ནི་ཚོ་མཛའ་འབྲེལ་ལ་འབྲེལ་བ་མེད་པ་ཅི་རེད་ཅེས་འདྲི་ན་འདོད།  ང་རང་ཉིད་ལ་མཚོན་ན་རྩོམ་པ་པོ་ལེགས་པོ་ཞིག་མིན་ཡང་རྩོམ་རིག་ལ་དུང་མཁན་དང་དྲ་གྲོགས་ཀྱི་བཟང་ངན་ལ་མི་ལྟོས་པར་ཟིན་བྲིས་བལྟ་ཀློག་བྱས་པས་ཟིན་བྲིས་མཛའ་འབྲེལ་ཕྱོགས་ནས་ཞུ་བ་འཐེན་དགོས་མེད་མོད། རང་ལ་མེད་པ་ཙམ་གྱིས་འགྲིགས་མི་འགྲོ་བ་དང་དྲ་གྲོགས་ཕན་ཚུན་ལ་བརྩེ་སེམས་དང་འགྲོགས་བདེ་བའི་སླད་དུ་འདི་ལྟར་གླེང་དུས་ཚིག་འདི་སུ་ལ་ཕོག་ན་དེ་ལ་གསས་ཡོད།

དེ་ལྟར་ལུགས་སྲོལ་མང་བོ་ཞིག་བཅོས་བསྒྱུར་གཏོང་བཞིན་པའི་སྐབས་འདིར་ངས་བསམ་བཞིན་དུ་དྲ་གྲོགས་ན་གཞོན་ཁག་ཅིག་ངོ་སྤྲོད་བྱེད་རྒྱུ་དང་ངོ་བསྟོད་དང་ལེགས་པའི་ཆ་གླེང་རྒྱུ་ལས་དམད་རྒྱུ་མིན།  ངས་ན་གཞོན་ཞེས་པ་ཡོངས་གྲགས་ཀྱི་ན་གཞོན་ལོ་ཚད་ལྟར་བྱས་པ་ལས་རྩོམ་ཡིག་གི་ཆ་ནས་ན་གཞོན་ཟེར་བ་ཞིག་ཨུ་ཚུགས་བརྒྱབས་ནས་འགྲེལ་མེད།  དེ་ནི་དེང་གི་དུས་སུ་སྙན་ངག་ཅིག་གི་ཕྲན་དཔྱད་ཡིན་ན་སྙན་ངག་གི་ངོ་གདོང་ནས་མི་འབྲི་བར་སྙན་ངག་འབྲི་མཁན་རྩོམ་པ་པོ་གྲགས་ཅན་ཞིག་གི་སྙན་ངག་འགྲེལ་དགོས།  དེ་ནི་ཁྱེད་ཀྱིས་གྲོགས་པོ་དེ་ངོ་སྤྲོད་བྱེད་འདོད་པ་དང་ངོ་དགའ་སྦྲེལ་ལད་འཁྲབ་འདོད་པ་ཁ་གཡོལ་ཏེ་སྙན་ངག་ལ་ལག་པ་འཆང་སྟེ་སྙན་ངག་མི་གླེང་བར་རྩོམ་པ་པོ་གླེང་འགྲོ་བ་དེ་རེད།  སྙན་ངག་གླེང་སྟངས་དང་རྩོམ་པ་པོ་གླེང་སྟངས་ཁ་ཁ་ཡིན་པས་ཁ་ཐུག་བྲིས་ན་ཅིའི་ཕྱིར་མ་ཆོག་པ་རེད། འོན་ཀྱང་། རྩོམ་པ་པོ་གླེང་དུས་བརྩམས་ཆོས་གླེང་ན་འབྲེལ་བ་ཡོད་ཀྱང་རྩོམ་ཡིག་གི་རྩོམ་པ་པོའི་མི་གཞི་སོགས་མཚོན་མི་ཐུབ་པས་དེ་ཙམ་གླེང་ན་འོས་འཚམ་མིན།   དཔེར་ན། ངས་ན་གཞོན་གསའ་རང་འབར་ངོ་སྤྲོད་བྱེད།  གསའ་རང་འབར་ནི་ཁོང་གི་དྲ་མིང་ངམ་པིར་མིང་ལས་དངོས་མིང་མ་ཡིན་པ་འདྲ། ངས་གསའ་རང་འབར་ཞེས་པའི་པིར་མིང་མ་གཏོགས་དངོས་མིང་དེ་མི་ཤེས།  ཁོང་ནི་ན་གཞོན་རྩོམ་དགའ་ཞིག་དང་ཉིན་རེའི་འཚོ་བའི་ཁྲོད་དུ་དུས་ཚོད་མང་ཤོས་དེའི་ཕྱོགས་སུ་གཏོང་གིན་འདུག་པས་ངས་ངོ་སྤྲོད་བྱེད་བསམ་པ་ཡིན།  གསའ་རང་འབར་གྱིས་བོད་ཁུལ་ཀྱི་དུས་དེབ་དང་ཚགས་པར་བཅས་སུ་རྩོམ་ཡིག་གང་མང་སྤེལ་བ་དང་། ད་དུང་དྲ་རྒྱ་བརྒྱུད་ནས་རྩོམ་ཡིག་དར་ཁྱབ་ཤུགས་ཆེ་རུ་བཏང་ཡོད་དེ། མཆོད་མེ་པོད་ཁུག་ཏུ་རང་སེམས་ཐན་ཐུན་དག་དམར་རྗེན་དུ་བཏོན་ཏེ་སྤེལ། དེ་བཞིན་སེང་རྡོར་ཟིན་བྲིས་རྐང་འཛིན་པའི་གྲས་སུ་གོ་ས་ཞིག་རག་པ་དང་རང་ཚོད་ཀྱིས་སྙན་ངག་སྙིང་རྗེ་བོ་ཁག་ཅིག་དང་འབོལ་རྩོམ་འབྱོར་མོ་རེ་དང་དཔྱད་རྩོམ་འབྲིང་ཙམ་རེ་སྤེལ་འདུག  མཚོ་སྔོན་པོའི་ཟིན་བྲིས་སུ་ཟིན་ཐོ་གྲངས་བརྒྱ་དང་བཅུ་དྲུག་སྤེལ་འདུག་པ་དང་།  དེའི་ནང་དུ་རང་ཉིད་རྩོམ་ཡིག་གི་ལམ་ཁུར་ཞུགས་དུས་སྤྱི་ཚོགས་ཀྱིས་གྲྭ་ལོག་དང་ལྟ་ལོག་ཅེས་པའི་མིང་ཚིག་བེད་སྤྱད་དེ་སེམས་ཁམས་དམར་གསོད་བཏང་བའི་སྐོར་གཙོ་བོར་གླེང་། 

 ད་དུང་མཚོ་སྔོན་ཟིན་བྲིས་མཁན་པོར་བསྐོས་པ་དང་དེ་ནས་ཀྱང་སྙན་གྲགས་རྒྱས་ཡོད། མཚོ་སྔོན་དྲ་བའི་དོ་དམ་པ་ལ་མཚོན་ན་གསའ་རང་འབར་སོགས་རྩོམ་ཡིག་ལ་དུང་མཁན་གསར་བ་ཁག་ཅིག་ལས་རྩོམ་པ་པོ་རྒན་རབས་པ་དང་ལེགས་ཤོས་དེ་འདྲ་མ་རག་ནི་མིན་ཡང་། གསའ་རང་འབར་སོགས་ཀྱི་བརྩོན་སེམས་དང་ཆོད་སེམས་བཅས་ལ་བརྩི་བཀུར་དང་མཐོང་ཆེན་བྱས་ཏེ་རྩོམ་ཡིག་གི་རྐང་པ་ཇེ་བརྟན་ལ་བསམ་བློ་བཏང་ཡོད་པར་བདག་འདོད།

དྲ་ཚིགས་ཁ་ཤས་ལྟར་ཟིན་བྲིས་མཁན་པོ་དང་ཟིན་བྲིས་རྐང་འཛིན་པ། ཟིན་བྲིས་ལེགས་ཤོས་སོགས་རང་གི་ཁ་མཐུན་དང་ས་ཕྱོགས་གཅིག་པ། ངོ་ཤེས་དང་རྒྱབ་སྐྱོར་བྱེད་མཁན་དག་ལ་ཕུལ་ན་དབང་ཚོད་ནི་ཡོད་ཡོད་པ་རེད། དེ་ལས་ལྡོག་སྟེ་ན་གཞོན་གསའ་རང་འབར་སོགས་གསར་དུ་མེ་ཏོག་ཁ་ཕྱེ་བ་དང་འདྲ་བོ་ཚོ་ལ་བདག་སྐྱོང་བྱས་པ་དེས་ཀྱང་མཚོན། གསའ་རང་འབར་ལྟ་བུའི་གསར་དུ་རྩོམ་རིག་གི་ལམ་ཁུར་ཞུགས་པ་དག་ལ་མ་འོངས་པ་ན་རེ་བ་ཡོད་དེ། ལོ་ཚོད་ལོ་ན་ཉི་ཤུ་ཟིན་མ་ཟིན་དང་། རྩོམ་ཡིག་ནི་མེ་ཏོག་ལྟར་བཞད་དེ་ཚུར་མངོན་ནས་བསླེབས་ཀྱིན་འདུག སློབ་ཆེན་སོགས་བརྒྱུད་མ་མྱོང་ཡང་རང་སྦྱོང་ལས་རང་རིགས་ཀྱི་སྐད་ཡིག་སྟེང་ནས་རྩོམ་ཡིག་འཁྱོངས་པའི་ཚོད་རེད། གྲྭ་བས་སྙན་ངག་འབྲི་ཆོག་མི་ཆོག་གི་གླེང་སློང་དང་དེ་ནི་རྩོམ་པ་པོ་ལེགས་ཤོས་འགའ་འཛོམས་ནས་གླེང་། ཐག་བཅད་ནི་ཆོག་ཅེས་པའི་ཁ་ཚིག་སྐམ་པོ་དེ་ལས་དེ་ལྟར་མི་ཆོག་ཟེར་ནས་ཐ་སྙད་ངན་པ་སྒྲོགས་མཁན་དག་ལ། ཉིན་མ་གཅིག་ལ་ཡང་བརྡ་ལན་ཞིག་སྤྲད་དེ་གསའ་འབར་སོགས་ལ་རྒྱབ་རོགས་ལྟ་བུ་དང་བདེན་དབང་ལྟ་བུ་སོགས་བྱས་མྱོང་མེད།  གྲྭ་བས་གྲུབ་མཐའ་སྦྱོང་ཆོག་ན་སྙན་ངག་ཅིའི་ཕྱིར་འབྲི་མ་ཆོག་པ་དང། ་གྲྭ་བ་ཞིག་གིས་རྩོམ་ཡིག་ཅིག་བྲིས་དུས་སྐྱ་སེར་ཟུང་འབྲེལ་བྱས་ཏེ་སྐྱོན་བརྗོད་ཀྱི་ཚིག་གི་འཁོར་ལོ་བསྐོར་པ་འདི། ལོ་རྒྱུས་ཀྱི་ངོས་དང་བདེན་དྲང་གི་ཐད་ནས་འགྲེལ་དཀའ་བའི་ཐ་སྙད་ཅིག་ཏུ་གྱུར་སོང་། དེའི་ཕྱིར་ལག་ཏུ་སྙུག་གུ་ཐོགས་པ་དག་གིས་འདི་ལ་བསམ་གཞིག་ཅེས་ངེས་པར་གནང་རོགས་ཞུ།

                                                       ཞེས་ཟླ་ཚེས་བཟང་བོ་ལ་མཇུག་བསྡུ་མཁན་ནི་ཨ་ཚེ་འབར་ཡིན། །

 

གསའ་རང་འབར་ངོ་སྤྲོད་བྱེད་དགོས་པའི་གསལ་བཤད་ལྟ་བུའི་ཁོང་གི་ཚབ་མཚོན་རྩོམ་ཡིག་ནི།  ༼ངས་བཤད་འདོད་པའི་སྐད་ཆ་འདི༽ ་ཞེས་པ་དང་༼  སྐད་ཡིག་དང་དེར་བཅངས་པའི་སེམས་ཚེག༽་ཅེས་པ། གཞན། སྙན་ངག་གི་ཕྱོགས་ནས་  གྲྭ་རྐྱང་གི་སེམས་གཞས༽་ དང་

  ང་ལ་གནང་བའི་ཆོ་ལོ༽་ཞེས་པ་སོགས་ཡིན། ད་དུང་མང་ཡང་ཡིག་ཚོགས་མང་བར་དོགས་ནས་བྲིས་མེད། དེ་མིན་གཞན་འགའ་རེས་གསའ་རང་འབར་ཟེར་བ་ཅིའི་ཕྱིར་ངོ་སྤྲོད་བྱས་པ་ཡིན་མིན་གྱི་མཆན་འབྲེལ་མེད་ལྟ་བུའི་རིགས་ཡོང་བར་ཚོད་འགེམ་བྱས་ནས་བཤད་ཡིན།

 
 
 
སྐྱ་སེར་དམར་གསུམ་ཚིག་གི་རྩེད་མོ།
[ 2011-2-15 1:34:00 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
སེམས་ཀྱི་མདུད་པ།
[ 2011-2-14 2:02:00 | By: gethong ]
 

སེམས་ཀྱི་མདུད་པ།

 

ན་ཆུང་ཕོ་མོ་ཡི་བརྩེ་དུངས།།

ལྷན་སྐྱེས་གཤིས་ཁམས་སུ་གྲུབ་ཡོད།།

ཆེ་ཆུང་དབྱེ་འབྱེད་དེ་མེད་པར།།

སེམས་ན་ལྷོག་ལྷོག་ཏུ་འཕྱུར་ཡོད།།

 

དང་པོ་བྱིས་པ་ཡི་དུས་སུ།།

ཅི་ཡིན་འདི་ཡིན་ཞིག་མེད་ཀྱང་།།

བཅོ་ལྔ་ཉི་ཤུ་ཡི་ནང་དུ།།

མེ་ལྕེ་འབར་བ་དང་མཚུངས་སོ།།

 

འཇིག་རྟེན་འཁོར་བ་ཡི་ནང་གི།

རང་མཐུན་ལྷད་མེད་ཀྱི་བརྩེ་སེམས།།

ཕ་མའི་བཙན་བཀའ་ཡིས་གཏོར་ན།།

ཚེ་གང་སྡུག་བསྔལ་གྱི་རྒྱུ་རེད།།

 

རྒྱུ་ནོར་ལོངས་སྤྱོད་ཀྱང་མ་བསམ།།

འགྱུར་མེད་བརྩེ་དུངས་ཤིག་བཙལ་མྱོང་།།

ཕྱི་མའི་བདེ་སྐྱིད་ཀྱང་མི་ཤེས།།

ཚེ་འདིའི་བརྩེ་དུངས་དེ་བསམ་མྱོང་།།

 

ས་སྟེང་སྲིན་འབུ་ནས་བཟུང་སྟེ།།

ས་སྐྱོང་རྒྱལ་བོ་ཡི་བར་གྱི།།

ཡོད་ཚད་བརྩེ་དུངས་ཀྱི་སླད་དུ།།

རང་སྲོག་ཕངས་མེད་དུ་ཕུལ་མྱོང་།།

 

བླ་ཆེན་ཁྲི་ཐོག་ནས་བཞེངས་ཏེ།།

ན་ཆུང་བུ་མོ་ལ་འཐམས་མྱོང་།།

གྲྭ་བ་གྲྭ་ས་ནས་བྲོས་ཏེ།།

འཇིག་རྟེན་འཁོར་བ་ལ་ལྕེབས་མྱོང་།།

 

དམའ་རིམ་སློབ་ཆུང་ནས་བཟུང་སྟེ།།

མཐོ་རིམ་སློབ་ཆེན་ཚོའི་བར་གྱིས།།

བརྩེ་དུངས་འཚོ་བ་དེའི་ཆེད་དུ།།

རང་གི་མདུན་ལམ་ཡང་བརླགས་མྱོང་།།

 

སྤྲང་བོས་ཉིན་ཟས་ཀྱང་མ་བསམ།།

བརྩེ་དུངས་མངར་མོ་དེ་དྲན་ཡོང་།།

དཔོན་པོའི་བརྩེ་དུངས་ཀྱི་ཕྱིར་ཏུ།།

མི་བསད་རྟ་འགྱེལ་དེ་བྱེད་མྱོང་།།

 

འཛམ་གླིང་སའི་གོལ་འདིའི་སྟེང་དུ།།

ཡོད་ཚད་བརྩེ་དུངས་ཀྱིས་བཏགས་ཡོད།།

བརྩེ་བ་རང་དབང་དེ་མེད་ན།།

གཉིས་སྦྱོར་བདེ་བ་ཞིག་མེད་དོ།།

 

ཐིགས་ལེ་ཡར་འདྲེན་དེ་དགོས་ན།།

གཉིས་སྦྱོར་བདེ་བ་དེ་ལོས་དགོས།།

བླ་མེད་གསང་སྔགས་ཀྱི་སྐབས་སུ།།

ཐབས་མཆོག་མན་ངག་དེ་འདི་ཡིན།།

ཅེས་པ་འདི་ནི་༢༠༡༡་་ཟླ་་༡་་ཚེས་༢༣་་ཉིན གྲོགས་པོ་ཞིག་གི་འདོད་མོས་དང་བསྟུན་ཏེ་བྲིས་པ་ཡིན

གྲྭ་རྒན་ཞིག་གིས་འདི་ལྟར་བྲིས་ན་བདེ་བོ་ཞིག་མིན་ཡང་གཙོ་བོ་རང་སེམས་ལ་རག་ལས་ཅི་སྐྱོན་སྙམ།།

 

 
 
 
སོག་ཕྲུག་དང་ཏཱ་ཕྲུག་གི་པར་ལ་བལྟས་རྗེས།
[ 2011-2-13 3:07:00 | By: gethong ]
 

སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་ཏཱ་ནི་ཅོང་ཆུང་ལྷན་གྱི་པར།

སོག་ཕྲུག་དང་ཏཱ་ཕྲུག་གི་པར་ལ་བལྟས་རྗེས།

 

བཀྲ་ཤིས་དོན་གྲུབ་དེ་དོ་དགོང་ཐོན་དང་དུས། །

ཁ་མིན་དོན་གྱིས་ད་ཁ་གཡང་ཁོག་ནས་འབོད། །

ཏཱ་ནི་ཅོང་ཆུང་དེ་ད་ལྟ་སྐད་གྲགས་འདུག །

སོག་ཕྲུག་བཀྲ་ཤིས་ནི་སྔོན་ནས་གྲགས་ཚར་རེད། །

 

ཁྱེད་གཉིས་ལྷན་འཛོམས་འདི་དངོས་གནས་སྐྱིད་པ་ལ། །

མ་འོངས་མི་རིགས་འདི་འདི་ལྟར་ལག་སྦྲེལ་ཏེ། །

ཚང་མའི་དམིགས་ཡུལ་དེ་སེམས་ནས་མི་བརྗེད་པར། །

ཡར་རྒྱས་སྔོན་ཐོན་དུ་འགྲོ་རྒྱུའི་རེ་བ་ཡོད། །

 

གྲགས་པའི་གྲགས་ཚོད་དེའི་ས་མཚམས་མ་ཟིན་ན། །

ལག་པ་ལྕགས་དྲཱ་རུ་ཚུད་རྒྱུ་སླ་མོ་རེད། །

རྒྱང་རིང་རྒྱ་བོ་ངས་རྒྱུན་དུ་བརྟགས་པ་ན། །

རྒྱུ་མཚན་འདི་འདྲ་ཞིག་གསལ་ལེར་ཤར་ཡོང་གི །

 

དྲ་རྒྱའི་ནང་ན་ད་དྲང་གཏམ་བཤད་མཁན་དཀོན། །

ཟིན་བྲིས་ལེགས་འདེམས་ནི་སེམས་ཀྱི་འཛིན་ཚུལ་ཙམ། །

སུ་དང་གང་གིས་ད་ཆ་འཇོག་མ་གནང་རོགས། །

མཆན་བུ་དེ་ཚོ་ད་སྙིང་བོ་ཅི་ཞིག་ཡོད། །

 

ཡིག་ནོར་དོན་ནོར་གྱིས་ཡིད་ག་འགག་འགྲོ་གི །

ཡོད་ཚད་དེ་འདྲ་ད་ཡིན་མིན་མི་ཤེས་ཀྱང་། །

འགའ་ཤས་དེ་མོ་ཞིག་ཆགས་ནོ་དངོས་ཡོད་ཡིན། །

 

མཚོ་སྔོན་ཟིན་བྲིས་འདི་སེམས་གཏམ་བཤད་ས་ཡིན། །

སུན་སྣང་ཡོད་དུས་ད་ཡོང་ན་སྐྱིད་པོ་ཡིན། །

མདོ་དབུས་ཁམས་གསུམ་གྱི་ཁ་འཐོར་འཛོམས་ནས་ཡོད། །

འདི་ལྟར་བསམ་དུས་ད་འདི་ར་བློས་མི་ཐོང་། །

 

ཏཱ་ནི་ཅོང་ཆུང་གི་ཟིན་བྲིས་སུ་སོག་ཕྲུག་བཀྲ་ཤིས་དོན་གྲུབ་དང་ཏཱ་ནི་ཅོལ་ཆུང་གཉིས་ཀྱི་འདྲ་པར་ཞིག་འདུག་པ་མཐོང་མ་ཐག་བྲིས་པའོ།།

 

 
 
 
རྐང་ཐང་དང་རྟ་ཞོན།
[ 2011-2-12 16:33:00 | By: gethong ]
 

རྐང་ཐང་དང་རྟ་ཞོན།

 

དྲ་གྲོགས་རྐང་ཐང་བ་ལ་ལན་དུ་སྨྲས་པ།

 

རྐང་ཐང་ཁྱེད་མིག་གིས་མཐོང་ཡོད་ན། །

ཨ་རིག་ངས་ཨ་ལན་སྟེར་ངེས་ཡིན། །

སྒོ་ཡོན་ནི་མཁས་པར་ངས་མི་འདོད། །

ཁྱེད་གཉིས་ལ་ཁྱད་པར་ཅི་ཡང་མེད། །

 

དྲ་གྲོགས་ཤིག་ཡིན་པ་ཙམ་ཞིག་ལས། །

ཤ་ཉེ་དང་མིང་སྲིང་ནི་མ་ཡིན། །

ས་མཐའ་ནས་སེམས་པ་ཕྱོགས་ས་དེ། །

ཟིན་བྲིས་ནི་སྤེལ་ལ་དགའ་ནི་ཚོ། །

 

དགོན་པ་ནས་ཁོམ་པ་ཡོད་དང་དུས། །

གྲྭ་རྒན་ང་བྲེལ་འཚུབ་ངང་ཡོང་སྟེ། །

དྲ་གྲོགས་ཚོ་སྙིང་གཏམ་གླེང་རྒྱུ་ལས། །

དམིགས་ཡུལ་ནི་ངན་པ་གང་ཡང་མེད། །

 

གྲུབ་མཐའ་དག་སྦྱངས་ནས་མི་ཚེ་རྫོགས། །

གྲུབ་འབྲས་ནི་མིག་གིས་མཐོང་དཀའ་འོ། །

གྲྭ་བ་དེ་མ་ལོག་བསྡད་དང་ན། །

ཕ་མ་དང་མིང་སྲིང་དགའ་ནི་རེད། །

 

གསེར་རྟ་བ་ཁྱེད་རང་རྐང་ཐང་རེད། །

ཨ་རིག་པ་ང་ནི་རྟ་ཞོན་རེད། །

འགྲོགས་རྒྱུ་དེ་དཀའ་ངལ་ཆེ་ན་ཡང་། །

ཁ་བརྡ་རེའི་ཕྱིར་ཏུ་སྒུག་ན་ཆོག །

 

ངེད་གཉི་ག་གྲྭ་བ་ནི་རྣམ་དག །

དྲ་རྒྱ་ནི་ཉུལ་ལ་དུང་བས་ན། །

གྲུབ་རྟགས་དེ་མང་བོ་མི་སྟོན་པར། །

དྲང་མོ་ཡི་ཕྱོགས་སུ་འབད་ཁུལ་བྱེད། །

 

ཉམས་ལེན་དང་སྒོམ་ནི་ཁག་ན་ཡང་། །

ནང་ཆོས་ནི་སེམས་ནས་བརྗེད་མི་ཉན། །

གཟན་ཤམ་དེ་གཙང་མ་གྱོན་པ་དང་། །

ཟ་མ་སོགས་ལྷག་མ་མི་ལེན་ནོ། །

 

འདྲ་པར་རེའི་ཕྱིར་ཏུ་ཁྱེད་འདུར་གི །

གསར་འགྱུར་རེ་བཙལ་ནས་ང་ཡོང་གི །

ཕ་ཡུལ་ནས་སྐྱིད་པོ་གཏོང་རྒྱུ་བྱོས། །

ས་མཐའ་ནས་སྡུག་གཏམ་ངས་མི་འདོན། །

 

ཨ་ཇོ་ཁོང་ད་ལྟ་བཞུགས་དུས་སུ། །

ཨ་ཁུ་ཁྱེད་མཇལ་ན་དགའ་བ་ལ། །

མི་རྟག་དང་སྐད་ཅིག་ཟེར་ཟེར་ནས། །

རྟག་འཛིན་དེ་ཇེ་ཆེ་མ་གཏོང་རོགས། །

 

བྲིས་དང་ན་རྫོགས་མཐའ་མ་མཆིས་ཀྱང་། །

དཔྱད་དང་ན་སྙིང་བོ་ཅང་མེད་པས། །

རང་ཉིད་ཡང་རང་ལ་ངོ་ཚ་གི །

སྐད་ཆ་དེ་བདེན་པ་ཨེ་རེད་ལགས། །

 

འདི་ནི་ཁ་སང་ངས་༼  སྒོ་ཡོན་འདི་དགོད་སྤྱད་ཅིག་རེད༽་ཅེས་པ་ལ། རྐང་ཐང་གིས་༼ཨ་རིག་དགེ་མཐོང་ཁྱོད་དགོད་སྤྱད་ཅིག་རེད༽་ཅེས་དྲ་གྲོགས་དེས་ཁེངས་ར་བྱས་པར་ཤར་མར་བྲིས་པ་ལས་སྒྱུ་རྩལ་དང་ཚིག་སྦྱོར་ལ་ཚུགས་ག་ནི་མ་མཆིས་སོ།། ༢༠༡༡་ལོའི་་༠༢་ཚེས་༡༡་ཉིན་བྲིས།

 

 

 

 
 
 
བཅར་འདྲི་བདེ་མོ་ཞིག
[ 2011-2-11 18:36:00 | By: gethong ]
 

མཐོ་ལས་ཕུན་ཚོགས་ཀྱི་སྐུ་པར/

ཕ་སྐད་གཙང་མ)་ཞེས་པའི་དེབ་ཆུང་རིམ་པ་གསུམ་རིན་མེད་དུ་བཀྲམས་པ་ཡིན།

ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཆེད་ཉར་གསར་ཤོག་སྟེང་བཀོད། 

དྲི་བ། ཐོག་མར་ཁྱེད་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གསུངས་རོགས།

ལན། ངའི་མིང་ལ་ཕུན་ཚོགས་རྒྱ་མཚོའམ་མཐོ་ལས་ཕུན་ཚོགས་ཟེར་ཞིང་། མདོ་སྨད་བྱ་མདོ་ཨྃ་སྐོར་སྡེ་བ་རུ་སྐྱེས།  ལོ་བདུན་གྱི་སྟེང་ནས་སྡེ་བའི་སློབ་ཆུང་དུ་ཨ་ཅེ་ཞིག་གི་ཚབ་ཏུ་སོང་བ་དེ་ནི།  ཤེས་རིག་གི་ཕྱོགས་སུ་གོམ་པ་ཐོག་མ་སྤོས་པ་ཡིན།  དེ་ནས་ལོ་དགུའི་སྟེང་རང་ཉིད་ཀྱི་མངོན་འདོད་ལ་ཕ་མས་གནང་བ་ཐོབ་པ་བཞིན་རབ་ཏུ་བྱུང་སྟེ་མཐོ་ལས་དགོན་རྣམ་རྒྱལ་ཕུན་ཚོགས་རྫོང་ཆོས་གླིང་དུ་ཞུགས།  རིམ་བཞིན་དགེ་རྒན་བཀའ་དྲིན་ཅན་༧རྗེ་ངག་དབང་རྒྱ་མཚོ་མཆོག་གི་དྲུང་དུ་ཐ་སྙད་རིག་གནས་དང་ལམ་ཁྲིད་སྐོར།  ད་དུང་བསྡུས་གྲྭ་ནས་མཛོད་ཀྱི་བར་དུ་དཔེ་ཁྲིད་ཙམ་ལ་སོང་བ་སོགས་རང་གི་མི་ཚེ་༧་ཁོང་གི་བཀའ་དྲིན་གསུམ་གྱིས་འཚོ་བར་བྱེད་པ་ཞིག་ཡིན། ད་ལྟ་སློབ་སྦྱོང་གི་བར་གསེང་དུ་རང་ཉིད་ཀྱིས་དངོས་སུ་བསྒྲུབས་པའི་༼ ཆོས་རིག་སློབ་སྟོན་ཚོགས་པའི༽་བྱ་བ་གཉེར་གྱིན་དགོན་པ་ན་བསྡད་ཡོད།

དྲི་བ།   ཁྱེད་ཀྱིས་སྤྱི་ཚོགས་ནང་དུ་རིན་མེད་ཐོག་བཀྲམ་པའི་(ཕ་སྐད་གཙང་མའི)་དཔེ་དེབ་ཅེས་པའི་སྐོར་མདོར་བསྡུས་ཤིག་ཤོད། ལན།  ངས་(ཕ ་སྐད་གཙང་མ)་ཞེས་པའི་དཔེ་དེབ་ཅིག་སྒྲིག་དགོས་དོན་ནི།  སྤྱིར་ད་སྐབས་བོད་ཕྱི་ནང་གང་ཡིན་ཡང་། བོད་མི་རིགས་རང་གི་ཕ་སྐད་ཡང་དག་ཅིག་སྨྲ་རྒྱུ་དཀའ་ཁག་གང་མང་ཞིག་ལ་ཕྲད་ཡོང་བ་དང་། རྐྱེན་དབང་གང་མང་ཞིག་གིས་རང་ལ་ཡོད་པའི་ཐ་སྙད་དག་ཀྱང་འཇིག་ཉམས་སུ་འགྱུར་བའི་སྐབས་འདིར། བོད་ཀྱི་མཁས་པ་ག་གེ་མོ་དང་བསམ་བློ་བ་ག་གེ་མོ་དག་གིས་ཀྱང་རང་ནུས་ཡོད་ཚད་བཏོན་ནས་དཔེ་དེབ་དང་ཚགས་ཤོག་མང་བོ་ཞིག་སྒྲིག་བཞིན་པའི་སྒང་རེད། དེས་ན། རང་གི་ཉེ་འཁོར་ན་ཕ་སྐད་དག་མའི་ལས་འགུལ་སྤེལ་གྱིན་མེད་པ་འདི་ཡིད་ཤིན་ཏུ་སྐྱོ་བའི་གནས་ཤིག་རེད་བསམ་སྟེ། ལས་གྲོགས་ཀྱི་དགེ་སྤུན་འགའ་བོས་ནས་དཔེ་དེབ་ཅིག་བསྒྲིག་རྒྱུར་གྲོས་བྱས། ༢༠༠༨་ དང་ ༢༠༠༩། ༢༠༡༠་ལོ་བཅས་ལ་རིམ་བཞིན་(ཕ་སྐད་གཙང་མ)་ཞེས་པའི་དེབ་ཆུང་རིམ་པ་གསུམ་རིན་མེད་དུ་བཀྲམས་པ་ཡིན་ལ། དེ་དག་གི་ནང་གི་ཐ་སྙད་རྣམས་ནི་སྤྱིར་བཏང་མང་ཚོགས་རང་བཞིན་གྱིས་བསྒྲགས་པའི་སྐད་ཆ་དང་ གྲོང་ཁྱེར་བས་འཚོ་བའི་སྐོར་བསྒྲགས་པ། ད་དུང་སློབ་མ་རྣམས་ཀྱིས་སློབ་གྲྭ་ནས་བསྒྲགས་པ་བཅས་བཏུས་ཏེ་བོད་རྒྱ་ཤན་སྦྱར་གྱི་རྣམ་པ་འདྲ་བོ་ཞིག་བཟོས་ཡོད། དེ་ལས་རྒྱའི་སྒྲ་གདངས་བོད་ཡིག་གིས་འདྲ་བཟོ་བྱས་ཡོད་པ་དེ་ལ་ད་ལྟ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད།

དྲི་བ། ཉེ་ཆར་གོ་ཐོས་ལྟར་ན། ཁྱེད་དང་ལས་གྲོགས་འགའ་རེས་སློབ་གྲྭའི་དགུན་གནང་གུང་གསེང་དང་བསྟུན་ཏེ་གསབ་སྦྱོང་གི་འཛིན་གྲྭ་ཞིག་ཚུགས་པ་འདྲ། དེའི་ཐད་ནས་ཁ་བརྡ་ཐུང་ཐུང་ཞིག་བྱས་ན། ལན།  ང་དང་ལས་གྲོགས་འགས་དགུན་གནང་གི་གུང་གསེང་དང་སྟབས་བསྟུན་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལྡན་པའི་འཛིན་གྲྭ་ཞིག་བསྡུས་པ་བདེན་པ་ཡིན། ད་ཐེངས་དེ་འདྲའི་འཛིན་གྲྭ་འཛུགས་དགོས་དོན་ནི། སྤྱིར་མི་རིགས་རང་གི་སྐད་ཡིག་ཉམས་དམས་སྣ་ཚོགས་ཤིག་འབྱུང་གིན་ཡོད་པ་དེ་སུས་ཀྱང་སྣང་ཐུབ་པ་ཞིག་ཡིན་ལ། སྐབས་འདིར་མི་གཅིག་གིས་ཀྱང་རིག་གནས་སྣ་གཅིག་ལ་ཕན་ཆུང་ངུ་ཞིག་ཀྱང་བསྒྲུབ་འེ་ཐུབ་བལྟ་རྒྱུ་བོད་མི་ཡོངས་ལ་འགན་ཁུར་ཡོད་པ་རེད། གཅིག་ནས་སློབ་ཕྲུག་རྣམས་ཀྱི་རྒྱུགས་འབྲས་བཟང་བོ་ཞིག་ལོན་པར་རམ་འདེགས་དང་། གཉིས་ནས་བོད་རང་གི་རིག་གནས་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་རྒྱུ་ཆ་ཆུང་ངུ་ཞིག་བསྒྲུབ་པའི་སྤོབས་པ་ཙམ་བསྐྱེད་པ་དེ་ཡིན། ཐེངས་འདིར་སློབ་མ་བརྒྱ་དང་ཉི་ཤུ་ལྷག་ལ་སྡོད་གནས་དང་ཟ་མ། དཔེ་དེབ་དང་བཅས་རིན་མེད་དུ་བྱིན་པ་ཡིན་ལ། ཁྲིད་བྱ་ལ། ལོ་རྒྱུས་དང་ཚད་མ།སྙན་ངག་དང་སུམ་རྟགས། གཞན་དབྱིན་ཡིག་བཅས་གོ་སྒྲིག་བྱས་པ་ཡིན།  དྲི་བ།  ཁྱེད་རང་ལ་ང་ཚོའི་གསར་ཤོག་འདི་བརྒྱུད་ནས་སྤྱི་ཚོགས་ལ་བཤད་འདོད་པའི་སྐད་ཆ་འདྲ་ཡོད་དམ། ལན། མ་འོངས་པར་མུ་མཐུད་དུ་ཆོས་དང་རིག་གནས་སློབ་སྟོན་བྱེད་པའི་བྱ་བ་འདི་དང་འབྲེལ་ཏེ། བསྒྲུབ་འོས་པའི་བྱ་བ་ཆུང་ཙག་ཚུན་ཆད་ལ་ནུས་ཚོད་ཀྱིས་ཧུར་བརྩོན་བྱེད་རྒྱུ་དེ་སྙིང་གི་དམ་བཅའ་ཡིན། ། ཁྱེད་ཀྱིས་ང་ཚོ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་བཅར་འདྲི་བྱས་པ་བཀའ་དྲིན་ཆེ་ཞུ།།

ངེད་ཅག་གི་བཅར་འདྲི་དྭང་ལེན་བྱས་པ་ཐུགས་རྗེ་ཆེ་ཞུ། བདེ་མོ།།

ས་གནས་གསར་འགོད་པ། ཨ་རིག་དགེ་མཐོང་གིས་དྲ་རྒྱ་བརྒྱུད་ནས་བཅར་འདྲི་བྱས།

 

 

 
 
 
སྒོ་ཡོན་འདི་དགོད་སྤྱད་ཅིག་རེད།
[ 2011-2-10 17:13:00 | By: gethong ]
 

སྒོ་ཡོན་འདི་དགོད་སྤྱད་ཅིག་རེད།

 

ཧི་གཟུགས་ཟིན་བྲིས་སྒེ་རྩ་བྲེག་ནས་གཞན་དུ་ཆས།།

དྲ་གྲོགས་སྒོ་ཡོན་སྒོ་ནས་ཐོན་ཏེ་ཁྲི་འདུར་ཕེབས།།

ཨ་རིག་དགེ་མཐོང་དྲ་བའི་ནང་ན་བཟི་ས་མེད།།

དེ་ལྟར་འདས་པའི་ལོ་ཟླ་འགའ་ལ་ཐུག་འཕྲད་མེད།།

 

ཁ་སང་ཁོ་བོ་ས་གནས་གཞན་དུ་འགྲོ་དགོས་བྱུང་།།

ཤུལ་དུ་སྒོ་ཡོན་རྒོད་པོ་ཐོན་ཏེ་དགོད་གཏམ་བྲིས།།

སེང་རྡོར་རྩོམ་ཡིག་རྐུས་བའི་ཉེས་པ་ཁྱེད་ལ་འགེལ།།

སེང་རྡོར་དོ་ཟླར་ད་ལྟའི་དུས་སུ་ཁྱེད་ལས་སུ།།

 

འགའ་རེའི་སེམས་ན་སྒོ་ཡོན་ཟེར་ན་དགོད་སྤྱད་ཅིག།

ཁ་ཅིག་ཁོག་ན་ཁྱེད་རང་སྙན་ངག་མཁན་དུ་འདོད།།

ང་ཡི་ཡ་ཆུང་གངས་དཀར་ངོས་ན་ཁྱེད་རང་མཛེས།།

བསྟོད་དམད་མང་བའི་འཚང་ཁའི་ཁྲོད་ན་ཁྱེད་ཉིད་མཚར།།

 

བསྟོད་པའི་ངོ་སོ་མ་འཚོལ་ཁམས་པའི་ཕོ་རྒོད་ལགས།།

དམད་པའི་རང་སེམས་མ་སྐྱོ་བྲག་མགོའི་གྲྭ་བ་ལགས།།

དྲང་གཏམ་ཡིད་ནས་མ་དོར་དྲ་རྩོམ་མཁན་པོ་ལགས།།

གྲྭ་བའི་རང་ལུགས་མ་བརྗེད་ཆོས་སྐད་སྨྲ་མཁན་ལགས།།

 

སེང་རྡོར་སེམས་ཀྱི་གྲོགས་པོ་ཁྱེད་རང་ཡིན་པ་རེད།།

ཨ་དགེའི་དྲན་པའི་ངོགས་སུ་སྒོ་ཡོན་སྒོམ་ནས་ཡོད།།

ཨམ་ཕྲུག་འགའ་རེས་ཚིག་མདའ་འཕངས་ན་བཟོད་སྒོམ་བྱོས།།

ཁམས་རྒན་འགའ་རེའི་ཁ་སྤོ་དེ་ཚོ་ཉན་རྒྱུ་མེད།།

 

དེ་རིང་སྐད་ཅིག་བཞག་པ་མཐོང་བས་འདི་ལྟར་བྲིས།།

འདི་ལ་སྙན་པའི་ཐ་སྙད་ཡོད་མེད་མི་ཤེས་ཀྱང་།།

བརྗེད་ཐུབ་བྲལ་བའི་གྲོགས་ལ་བརྡ་ལན་བྱིན་པ་ཙམ།།

ལེགས་འདེམས་ཀློག་གྲངས་སོགས་ལ་རེ་བ་མ་མཆིས་སོ།།

 

སྒོ་ཡོན་མཚོ་སྔོན་པོའི་ཟིན་བྲིས་སུ་ཡོང་བ་དགའ་བ་དང་། ལྷག་པར་ཁོ་བོ་ལ་སྐད་ཅིག་བཞག་འདུག་པས་ལན་ཙམ་ཡིན།

གཞན་དེང་སང་སྒོ་ཡོན་ནི་དྲ་ལམ་ནས་གླེང་སློང་བྱེད་ས་གཙོ་བོར་གྱུར་འདུག་ལ། འགའ་རེས་མགོ་གནོན་བྱེད་ཀྱི་ཚིག་ལྟ་བུ་མང་བོ་བེད་སྤྱོད་བཏང་བ་མཐོང་རྗེས་༢༠༡༡་ལོའི་ཟླ་༠༡་ཚེས་་༡༠་ཉིན་གྱི་ ཞོགས་ཀར་ཤར་མར་བྲིས།།

 

 
 
 
ཚོང་བ། ཁ་ཤགས། འཇམ་བློ།
[ 2011-1-29 16:31:00 | By: gethong ]
 

ཡོང་ཁུངས་ངའི་གླེན་བཤད་གླིང་། འཇམ་བློ་ལས་གཞན་སུ་ཞིག་གིས་ང་ལ་མ་དྲིས་པར་ཁྱེར་མི་ཆོག

 

ཁ་བྱང་ལ་ཚོང་བ།
འཁྲབ་གཞུང་བརྩམས་མཁན།

འཇམ་དབྱངས་བློ་གྲོས།

༢༠༠༩ལོའིཟླ༩པའི་ཚེས༡༣ལ།
ཁག་དང་པོ།

ཀ ཡ་དེ་རིང་གི་དགོང་ཚོགས་འདིར་གཟིགས་མོར་ཕེེབས་

ཡོད་པའི་འགོ་ཁྲིད་རྣམ་པ་དང་། མཁས་པ་རྣམ་པ།

སྐུ་མགྲོན་རྣམ་པ་ཁྱེད་ཚོ་བདེ་མོ་ཡིན་ནམ།

ཁ དེ་རིང་ཡང་སུ་ཞིག་ལ་ངོ་དགའ་བྱེད་བསམ་པ་ཡིན།

ཀ གར་ནག་རྒྱ་ལ་རྡོ་འཕེན་འཕེན་བྱེད་མཁན། གསེར་

དངུལ་གཉིས་ཀ་རི་སྤུང་སྤུང་བྱེད་མཁན། ཤོག་སྒོར་

མང་པོ་དོ་རྩིག་རྩིག་བྱེད་མཁན། བསམ་དོན་ཐམས་

ཅད་ཆར་འབབ་འབབ་བྱེད་མཁན། དངོས་གྲུབ་ཡོད་ཚད་

སྤྲིན་འཁྲིག་འཁྲིག་བྱེད་མཁན་གྱི་བོད་མདོ་དབུས་ཁམས་

གསུམ་གྱི་ཁེ་ལས་ཚོང་གཉེར་བ་དག་དེ་རིང་གནས་འདིར་

ཕེབས་པར་སྤྲོ་སེམས་རབ་དུ་འཁོར་བའི་ངང་ནས་དགའ་

བསུ་ཞུ།

ཁ ཡང་ཚོང་བ་ཚོར་ཁ་ཡག་ངོ་དགའ་བཤད་བསམ་ཡོད་

ཀ ཁ་ཡག་ངོ་དགའ་བཤད་བསམ་ནི་མིན་དང་།ང་ཚོ་བོད་ཀྱི་

ཚོང་བ་མང་ཤོས་ཀྱིས་ཚོང་གི་རྒྱག་ཕྱོགས་དྲང་མོ། བསམ་

བློའི་ཁ་ཕྱོགས་ཡག་པོ། སྐད་ཆ་བཤད་ཕྱོགས་དག་མོ།

ཀུན་སློང་བཟུང་ཚུལ་གཙང་མ། རྒྱུ་འབྲས་བསྲུང་ཚུལ་ལྷད་

མེད་བཅས་ཚང་བ་མ་ཟད། ཚོང་བརྒྱབ་ན་ཚོང་རྫས་ལྷད་

སྐྱོན་མེད་ནས།མནའ་བསྐྱལ་ན་ངོ་མ་ཟོས་བ་མེད་ནས།

ཚིག་བཤད་ན་དོན་དེ་འགྱུར་བ་མེད་ནས།སེམས་བསམ་པ་རང་དོན་ཁོ་ན་མིན་ནས། རྒྱུ་ལོངས་སྤྱོད་བཀོལ་ས་དོན་ཆེན་

ཡིན་ནས།

ཁ ངོ་མ་ཚོང་བ་དེའི་སྐོར་དེ་བཀའ་དྲིན་ཆེ།

ཀ ད་རུང་དེའི་གང་ལ་ཚད། འུ་ཚོས་བོད་ཀྱི་ཚོང་བ་བཟང་

ཤོས་སྐོར་དེས། ཅང་མེད་དབུལ་པོ་དབུལ་ཕོངས་ལས་

ཐར་གི་འཇོག་ནི་རེད། བདག་མེད་རྒན་ཁོག་རྒན་གསོ་

ཁང་བཙུག་ནི་རེད། སློབ་མ་བདག་མེད་སློབ་ཡོན་གྱིས་

རོགས་བྱས་ནི་རེད། སྤྱིར་སློབ་གསོས་ཕྱོགས་ལ་མ་དངུལ་

བཏོན་ནི་རེད། དགོས་རིག་གནས་པ་ལ་རོགས་རམ་བརྒྱབ་ ནི་རེད། མི་རིགས་ལ་དགོས་མཁོ་ཡོད་ན་རྒྱབ་སྐྱོར་བྱེད་ནི་ རེད། སྐད་ཡིག་ལ་ཤུགས་སྣོན་བྱུང་ན་ནུས་པ་བསྐྱེད་ནི་རེད། རིགས་རུས་ལ་ཕན་པ་ཡོད་ན་མཐུན་རྐྱེན་བསྐྲུན་ནི་རེད། འདི་མོས་ཡིན་ན་དེ་ངའི་ཁ་ཡག་ངོ་དགའ་རེ་བཤད་དགོས་

ན་གྲགས་

ཁ ཚོང་བ་དེ་མོས་ཡིན་ན་རང་དོན་གཞན་དོན་གཉིས་ཀ་ཐོན་

ནས། རང་བདེ་གཞན་སྐྱིད་ཚང་མ་ཡོང་ནས་ཚོང་བའི་

ནང་གི་ཚོང་བ་རེད། འོན་གྱང་། ཁྱོད་ཀྱིས་ད་སྔོན་ལ་

བཤད་ཚུལ་ནང་ལ་ཚོང་བ་བཟང་ཤོས་སྐོར་ཟེར་ན། ངན་

ཤོས་སྐོར་ཞིག་ལ་ཡོད་ནི་མ་ར།

ཀ མཚན་མོ་མེད་ན་ཉིན་མོ་མི་གྲུབ་པ། ཐུང་ངུ་མེད་ན་རིང་བོ

མི་གྲུབ་པ། དེ་བཞིན་དུ་ངན་པ་མེད་ན་བཟང་པོ་མི་གྲུབ་

ནས་མ་ཚད་བཟང་པོའི་ཁྱད་ཆོས་ཡང་ཤེས་དཀའ་ནི་རེད།

ཁ ཚིག་སྐོར་ནས་བཤད་ན་དྲང་མོ་མིན། ལམ་སྐོར་ནས་སོང་ན་

ཐོན་ནི་མིན། བཤད་བསམ་ནས་མིད་ཐག་འགུལ་གོད་གི་ ཤོད་ལ་ཐོང་

ཀ ད་ལོར་ང་ཚོས་བོད་ཁམས་ཡོངས་ལ་བོད་ཀྱི་ཚོང་བའི་

བསམ་བློའི་འདུ་ཤེས་དང་དེའི་ཚོང་དོན་གྱི་གནས་བབ་

ལ་སྔོག་བཤེར་རག་ཙམ་བྱེད་དུ་སོང་བའི་རྒྱུས་ལོན་ལྟར་

ན་འདི་མོས་ཤིག་རེད།

ཁ ཡ་གང་མོས་ཤིག་རེད། ཡང་ཅིག་གི་བླ་བཙག་རན།

ཀ ལོ་ལོན་བཟིག་གི་ང་ཕག་བཟིག་ལ་ཁྲིད་སོང་ནས་བཤད་

ཐལ།

ཁ ཅི་ཟེར་གི།

ཀ ཨ་རོགས་ཅང་གི་གོ་མི་ཉན་ར། ངེད་ཚོས་ཚོང་བ་དེ་ཚོ་ གཡར་རྩྭ་དགུན་འབུ་ཡིན་ཡ།

ཁ རེད་གཡར་རྩྭ་དགུན་འབུའི་ཚོང་བ་ཡིན་རྒྱུ་རེད་མོ།

ཀ མ་རེད། མ་རེད། ངེད་ཚོས་སྡེ་བའི་ཚོང་བ་དགུན་ཁ་

གྲྭ་ལ་ཡིན་ནི་རེད། གཡར་ཁ་སྐྱ་ལ་ཡིན་ནི་རེད། ཁོག་སྟོད་

སྤྱི་གོས་ཡིན་ནི་རེད། ཁོག་སྨད་སེར་གོས་ཡིན་ནི་རེད།

དགོན་པ་ཚོགས་དུས་གྲལ་འགོ་ཡིན་ནི་རེད། དམག་ཚོགས་ རྒྱག་དུས་སྡེ་འགོ་ཡིན་ནི་རེད། ལས་ངན་པོ་ལོ་ལོ་དེ་

གཡར་རྩྭ་དགུན་འབུ་རེད་དམ་མ་རེད་ཟེར།

ཁ ལ་ལ་ལ། མིང་དེ་འདོག་མཁན་ཞིག་གི་བཏགས་བཟིག

ཀ ད་དུང་གསར་བུ་ཚོས་ཚོང་ཙ་གི་ཙི་གེ་རེ་བརྒྱབ་ནས་སྡེ་

བ་འདི་འཇོམས་སོང་། འཇོམས་སོང་

ཁ དེ་ཅི་ཞིག་མ་ཉན་ནི་རེད།

ཀ ཚོང་མ་ཕོག་གོང་ནས་ཚོང་ཆེན་ལ་འགྲན་ནིི་རེད། རྒྱུ་མ་

ཡོད་གོང་ནས་རྒྱ་ཆེན་བཅས་ནི་རེད། འཕྲུལ་རྟ་ཞོན་ནས་

བྱ་འཕུར་འཕུར་བྱས་ནི་རེད། གཤོག་རྩལ་མ་ཡོད་རོ་

འདྲུད་འདྲུད་བྱས་ནི་རེད། རླངས་འཁོར་སྐོར་ནས་སྐྱ་ཤར་ ཤར་སེ་བཏང་ནི་རེད། ལམ་མ་མ་སོང་རྡུལ་ཤར་སེ་བཏང་

ནི་རེད། ས་གང་ས་ཡིན་རུང་ཐོན་འདུག་ཡོད་ནི་རེད། ཐོན་ས་དེ་ནས་དོན་འགྲུབ་ནི་མ་རེད། ཚོང་ཅི་ཞིག་རིག་ན་

ཉོས་འཇོག་ནི་རེད། ཕར་ལ་མི་ཚོང་དག་འཇོག་ནི་རེད། ཚོང་མ་རྒྱོབ་ན་རང་གི་ལས་རེད། ངའི་དེ་ལེ་བདའ་མི་ བྱེད་ར། གྱོད་ཁ་མཆུས་འོག་དེ་ནས་ངེད་ཚོ་ལོ་ལོན་ཚོ་ཐར་

བ་ཅིག་མེད་གི་གསར་བུ་ལོ་ལོ་འདི་སྡུག་ཆེན་པོས་རེད་ལ།

ཁ སྡུག་ཆེན་པོས་རེད་ཡ། དེ་ཟེར་མི་ཉན་

ཀ དེ་ནས་སྡེ་བ་གཞན་པ་ཞིག་གི་ནང་ལ་ཅིག་སོང་ར། དེ་ན་

ད་ངོ་མ་ཚོང་བ་ཅིག་ཅིག་ཆེ་ཤོས་དག་དག་ཡོད་གི། ཞིབ་

མོར་བྱས་རྒྱུས་ལོན་ཞིག་བྱས་ར།

ཁ ཡང་ཅིག་གི་ཁྱོད་ཚོང་ལས་སྐོར་ནས་རྒྱུ་མཚན་རེ་བཤད་

ཡོད་རྒྱུ་རེད་ལ།

ཀ དེང་མ་གི་ཚོང་བ་མིང་གྲགས་ཅན། དེས་བར་གི་རྒྱལ་སྐུག་མིང་གྲགས་ཅན། ད་བར་གི་བློ་རིག་མིང་གྲགས་ཅན། མདོར་ན་མིང་གྲགས་ཉམས་མ་མྱོང་བའི་གསར་བུ་གྲགས་རྒོད་རྡོ་རྗེ་རབ་འབར་ཟེར་ནི་ཟིག་ཡོངས་ནས་རང་གི གནས་ཚུལ་མདོར་བསྡུས་ཤིག་བཤད་གི།

ཁ མིང་གྲགས་ཅན་ལ་ཉན་རྒྱུ་ཡོད།

ཀ ད་ངའི་མིང་བཤད་མི་དགོས་གི་ཁྱེད་ཚོས་གོ་ཡོད་རྒྱུ་རེད། རྒྱུས་ལོན་བྱེད་གི་ཡོང་ནི་ཡིན་ན་བདག་པོ་རང་གི་གནས་ཚུལ་ཞིག་བཤད། ཉན་ཡག་བྱོས། མན་རྡོག་བོ།

ཁ ཉན་གི་ཡོད། འཇིགས་པོ་ཞིག་རེད་ལ།

ཀ ཚོང་བ་ཟེར་རྒྱུ་དེེ་རང་བཞིན་སེམས་ནས་དྲན་ཙམ་ཟིག་གི་ཚོང་བ་ལོག་འགྲོ་ནི་མ་རེད།

ཁ དེ་ཡིན་ན་ཚང་མ་ཕྱུག་པོ་ལོག་འགྲོ་རྒྱུ་རེད།

ཀ ཚོང་མ་རྒྱབ་གི་བསམ་པ་མེད། རྒྱུ་མ་བསོག་གི་བསམ་པ་མེད། མན་རྡོག་བོ།

ཁ རེད་གོ།

ཀ དེས་དོན་ན་མ་འབད་བསམ་པ་མེད། དེས་དོན་ན་མ་བསྒྲུབ་བསམ་པ་མེད། མན་རྡོག་བོ།

ཁ དེ་ལོས་ཡིན།

ཀ བསྒྲུབ་ནས་ཚར་རྒྱུ་ཞིག་མེད། བསག་ནས་གང་རྒྱུ་ཞིག་མེད། མན་རྡོག་བོ།

ཁ དཀའ་ལས་མང་པོ་མྱང་ཡོད་རྒྱུ་རེད།

ཀ སྤྱིར་སེམས་ཁ་གང་རྒྱུ་མེད། དགོས་འདོོད་པ་ཚིམ་རྒྱུ་མེད།མན་རྡོག་བོ།

ཁ ཅི་བཤད་རྒྱུ།

ཀ ངའི་བོད་ཀྱི་གཏམ་དཔེ་ཞིག་ཡིད་ལ་ཡོང་གི།

ཁ གང་རེད།

ཀ རྒྱུ་ཕྱུག་པོ་ཡོད་རུང་མེད་མུག་གི་ཤི་འགྲོ། བློ་རི་བོང་ཡོད་རུང་སེམས་འཁུམ་གི་ཤི་འགྲོ།

ཁ གཏམ་དཔེ་ཡག་པ་རེད།

ཀ དེས་ཚད་ནི་མ་རེད། རྒྱུ་མ་རབ་གི་བསོག་ན་བཀོལ་ཚུལ་མི་ཤེས། ཟས་ཤེས་མེད་གི་བསོག་ན་ཟ་ཚོད་མི་ཐིག ཅི་མ་བདེན། མན་རྡོག་བོ།

ཁ ད་ཅི་ཞིག་བྱས་ན་བཟང་

ཀ ངའི་རང་གི་ཤི་རེམ་བྱས་ནས།ཚོང་རྒྱབ་ནས་ཁེ་སྤོག་རག་བཏང་ཐལ།རྒྱུ་བསོག་ནས་ཕྱུག་པོ་ཉན་བཏང་ཐལ།

ཁ མན་རྡོག་བོ། ད་སྲ་སོང་ནི་རེད།

ཀ རྒྱུ་ཐོག་ལ་གཅིག་རྒྱབ་ཐལ་ར་ད་ང་འགྲིག་མེད་གི།

ཁ ད་ཅི་ཞིག་མ་བཟང་ནི་རེད།

ཀ ཟས་གང་ཞིམ་ཟོས་རུང་བྲོ་བ་མེད་གི། གོས་གང་འཇམ་གོན་རུང་ཡག་སྣང་མེད་གི། མི་སུ་ལ་ཐུག་རུང་དུངས་སེམས་མེད་གི། སྐྱིད་ཅི་བྱས་རྒྱབ་རུང་བྲོ་བ་མེད་གི། ལུས་བདེ་རུང་སེམས་ཁམས་མི་བདེ་གི། མན་རྡོག་བོ།

ཁ རྒྱུ་སྙིང་ལ་རྒྱབ་སོང་ནི་ཡིན་རྒྱུ་རེད་གོ།

ཀ ཐབས་བཟིག་མེད་གི། རྒྱལ་འཇོག་རྒྱུའི་འགོ་བརྩམས་མ།

ཁ སྐྱིད་གི་སྡུག་ཉོས། མར་གི་ཚིལ་ཉོས། ད་བཀོད་པ་མེད།

 

ཀ དང་མ་ཉིན་རེར་རྒྱལ་ཆུང་ཆུང་རེ་ཤོར་ན། འགྱོད་པ་སྐྱེ་གི། ཕངས་སེམས་ཆེ་གི། དེ་སྐྲག་ས་ཟིག་རེད། མན་རྡོག་བོ།

ཁ མཐའ་འགོ་རང་ཉིད་སོང་ནས། འཇིགས་སྐྲག་རང་གི་ཉོས་ནི་རེད། ཅི་ཞིག་བྱེད།

ཀ དྲག་གི་དྲག་གི། ཡུལ་ཟིག་ཤོར་ཐལ་ར་ད་ཅིག་དྲག་གི།

ཁ ཧུང་། ཡིན་ན་ཐང་

ཀ བར་ཟིག་ནས། ཚུར་ལ་ལོན་ན་དགའ་རྒྱུ་མེད་གི། ཕར་ལ་ཤོར་ན་སྡུག་རྒྱུ་མེད་གི། བྱ་བ་གཞན་པ་ཞིག་སྒྲུབ་འདོད་མེད་གི། དོན་དག་མ་ཡིས་ཤིག་དྲན་རྒྱུ་མེད་གི།ཉིན་གར་མངོན་སུམ་ལ་རྒྱལ་ཤོར་ནི་རེད།ནུབ་མོ་རྨི་ལམ་ལ་རྒྱལ་ཤོར་ནི་རེད། ལོ་དུ་མ་ཞིག་གི་རིང་ལ་ངོ་མ་ཉི་མ་ཅི་ཞིག་བྱས་སོང་ནོ་ཤེས་ཐལ་ན་མན་རྡོག་བོ།

ཁ སྡུག་ཐང་ན་ཡོད་ནོ་ཐོད་ལ་བླང་ནི་རེད།

ཀ རྒྱལ་བཞག་བཞག་གི་རྔ་མ། དོམ་བླང་བླང་གི་རྔ་མ། ད་ངའི་ཅིག་ཤེས་ཐལ། རྒྱལ་སྐུག་ཕྱུག་པོ་ལོག་རྒྱུ་ར།སྦལ་བ་མཁར་འགོ་བུད་རྒྱུ་མེད་ནི་ཤེས་ཐལ་ར། ཤེས་ན་ར་ཕྱི་མ་སོང་ཟིག་ན་མན་རྡོག་བོ།

ཁ ད་ཅི་ཞིག་ཤེས་ཐལ།

ཀ མི་ཕྱུག་ཐོག་ཡོད། དཔོན་དབང་ཐོག་ན་ཡོད་དུས།བོད་ཀྱི་ཚོང་བ་བཟང་བོ་ཚང་མའི་ལྟ་བྱས་ནས།མི་རིགས་ལ་ཕན་པའི་དོན་བཟང་ཞིག་སྒྲུབ་དགོས་ཟིག ཤི་རེམ་ཁོ།

ཁ ད་ངོ་མ་ཕྱི་སོང་ཟིག

ཀ ང་ད་རུང་མི་སྐྱོན། ང་གྲགས་རྒོད་རྡོ་རྗེ་རབ་འབར། རུལ་མ་རེ་ཐོགས་ནས་ལོག་སོང་ན། རྩི་ཐོག་རེ་འཐམ་ནས་ལང་ཡོང་ང་། ད་ནས་བཟུང་སྟེ། བྱ་བའི་འགོ་འཛིན་རྒྱུ་ཡིན། གཏོར་མའི་རྩེ་ཕུད་རྒྱུ་ཡིན། བརྩོན་སེམས་རང་ལ་ཡོད་ན། ལེགས་འགྲུབ་མདུན་ན་ཡོད་ཟེར་ནི་རེད། དེ་རིང་ནས་ཁྱབ་སྒྲོག་བྱོས་དང་ཆོག ང་ཚོ་བོད་ཀྱི་ཚོང་ལས་བ་མང་པོའི་སློབ་གསོས་སྐོར། རྒུད་སྐྱོབ་སྐོར། སྐད་ཡིག་སྐོར། གང་གི་ཕྱོགས་ནས་ཡིན་རུང་ཁྱེད་རྣམ་པ་བཀའ་དྲིན་ཆེ་གི། ང་ཁྱེད་ཚོས་རྗེས་ལ་ཡོང་རྒྱུ་མིན་ན་མན་རྡོག་བོ་ཟེར།

ཁ སྡེ་གི་བཤད་ཐལ། ཁྱོད་ཀྱི་ཅི་བཤད།

 
 
 
དགེ་བཤེས་རྟོག་གྲོལ་གྱི་འཕྲིན་ཡིག
[ 2011-1-28 3:11:00 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
འདི་ལོ་གསར་གོ་རེ་མིན། བརྩེ་སེམས་གོ་རེ་ཡིན།
[ 2011-1-27 16:35:00 | By: gethong ]
 

འདི་ལོ་གསར་གོ་རེ་མིན། བརྩེ་སེམས་གོ་རེ་ཡིན། 

ལོ་གསར་ཡོད་མེད་བློ་ཐག་མ་ཆོད་ཀྱང་།།

གོ་རེ་ཟ་རུ་ཡོང་ན་ལོས་ཆོག་སྙམ།།

གོ་རེ་འདི་ནི་རིན་གོང་ཆུང་ན་ཡང་།།

བརྩེ་སེམས་ཐད་ནས་གཞལ་མཐའ་མ་མཆིས་སོ།།

 

སྐྱེ་རྒུའི་མི་རྣམས་ཧ་ཅང་སྐྱོ་དུས་སུ།།

སྐྱིད་སྡུག་མཉམ་ཁུར་སླད་དུ་འདི་ཁྱེར་ཡོད།།

ལོ་གསར་ཡོད་ན་བླ་མ་འདི་འབུལ་ཆོག།

མགྲོན་པོ་ཕེབས་དུས་མགྲོན་བསུ་འདིའི་བྱེད་ཆོག།

 

འབྲོག་པའི་ས་ནས་འདི་ནི་རག་དཀའ་ཡང་།།

རེ་གོང་ལ་སོགས་རོང་བའི་ཡུལ་ན་མང་།།

རིན་གོང་སྤྲད་ན་བཙོང་ན་ལོས་ཆོག་སྙམ།།

འདི་ནི་མཐོང་མ་ཉིད་ནས་ཟ་འདོད་སྐྱེ།།

 

བོད་ཀྱི་ཡུལ་ན་འདི་ལས་ལྷག་ཅིག་ལ།།

རྩམ་པ་མ་གཏོགས་བརྩི་རྒྱུ་ཨེ་ཡོད་སྙམ།།

ལུག་ཤ་ཚོན་པོ་རིག་ཀྱང་ཧེབ་མི་ལང་།།

གོ་རེ་གོ་གོར་འདི་ལ་དགའ་ནས་ཡོད།།

 

ལྷམ་ཀོག་སོགས་ཀྱིས་དགའ་ནས་བཙན་ན་ཡང་།།

རེབ་གོང་གོ་རེ་ཁ་སང་མ་རྙེད་དོ།།

རྒྱང་རིང་རྒྱ་གར་ཡུལ་གྱི་རྒྱ་བོ་ངས།།

རེབ་གོང་རོང་བའི་གོ་རེ་ཉར་ནས་ཡོད།།

 

གོ་སྐབས་རེ་ནས་གོ་རེ་ཟོས་པ་དེ།།

ད་ནི་གོ་མྱོང་ཙམ་ལས་ཁག་པོ་རེད།།

ལམ་འགྲོ་བརྒྱུགས་ནས་བོད་དུ་སླེབས་སོང་ན།།

བླ་བྲང་རོང་བའི་གོ་རེ་ལོས་ཡོད་སྙམ།།

 

གོ་རེ་གླེང་བའི་གཏམ་རྒྱུད་མང་བོ་ཞིག།

གོ་ལ་ཧྲིལ་བོའི་སྟེང་དུ་ཁྱབ་པས་སོ།།

གོ་ན་སུན་སྣང་སྐྱེ་བའི་སྐད་ཆ་འདི།།

གོ་སྐབས་བརྒྱུད་ནས་འབྲི་མཁན་དགེ་མཐོང་ཉིད།།

སྐྱེ་རྒུ་མདོའི་གོད་ཆག་ལ་ཕུལ་བའི་གོ་རེ།

བརྩེ་སེམས་དང་གོ་རེ་སྒོར་མོ།

ཕན་ཚུན་ལ་དགའ་དུས་ལེགས་སྐྱེས་སུ་འཁྱེར་ལ་སྡུག་དུས་ཀྱང་འཁྱེར། རོང་ཕྱོགས་ནས་མ་གཏོགས་རག་ཁག་པོ་ཡིན

 

 
 
 
བོད་ཀྱི་དུས་དེབ་གསུམ་མ་གཏོགས་གླེང་རིན་མེད་དམ།
[ 2011-1-27 2:01:00 | By: gethong ]
 

རྒྱ་ནག་པེ་ཅིན་དུ་ཟླ་འདིའི་ཕྱི་ཚེས་ ༡༢ དང་ ༡༣ ཉིན་གཉིས་རིང་གྲངས་ཉུང་མི་རིགས་ཀྱི་རྩོམ་རིག་དུས་དེབ་སྐོར་གྱི་ཚོགས་འདུ་ཞིག་ཚོགས་ཡོད་ཅིང་། ཚོགས་འདུ་དེའི་སྟེང་རྒྱ་ནག་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཁག་གི་རྩོམ་རིག་དུས་དེབ་ཧ་ཅང་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་འདུག་ལ། བོད་པའི་རྩོམ་རིག་དུས་དེབ་༼ སྦྲང་ཆར ༽ གྱི་རྩོམ་སྒྲིག་པ་ཟླ་བ་བློ་གྲོས་དང་། ༼ བོད་ཀྱི་རྩོམ་རིག་སྒྱུ་རྩལ ༽ གྱི་རྩོམ་སྒྲིག་པ་དཔལ་ལྷ། ༼ སྤང་རྒྱན་མེ་ཏོག ༽ གི་རྩོམ་སྒྲིག་པ་གཞོན་པ་བཀྲ་ཤིས་གླིང་ཆུང་བདག་བཅས་དང་། གཞན། བོད་རིག་རྩོམ་པ་པོ་བསྟན་འཛིན་དང་ཡེ་ཤེས་ཚེ་རིང་སོགས་མཉམ་ཞུགས་བྱས་ཡོད་འདུག

ཚོགས་འདུ་དེའི་སྟེང་རྒྱ་ནག་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཁག་གི་དུས་དེབ་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་ཀྱང་། བོད་པའི་རྩོམ་རིག་དུས་དེབ་གོང་སྨོས་གསུམ་ལས་ཞུགས་ཐུབ་མེད་སྟབས། སོག་པོ་དང་ཡུ་གུར་སོགས་གྲངས་ཉུང་མི་རིགས་ཆེ་ཁག་གཞན་དང་བསྡུར་ན། བོད་པ་ཅུང་ཉམས་ཞན་ལྟ་བུའི་མཐོང་ཚུལ་བྱུང་ཡོད་འདུག ཚོགས་འདུ་དེའི་ཟུར་དུ་བསྡུས་པའི་(མི་རིགས་རྩོམ་རིག་དུས་དེབ་ཀྱི་རྒྱ་ཡིག་པར་མ་སྤེལ་ཏེ་ལོ་འཁོར་སུམ་ཅུ་ལོན་པའི་མཛད་སྒོ) ཞེས་འི་སྟེང་། བོད་རིག་ན་གཞོན་བརྩམས་སྒྲུང་རྩོམ་པ་པོ་དང་། གློག་བརྙན་འཁྲབ་གཞུང་རྩོམ་པ་པོ་པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་འཁྲབ་གཞུང་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་སོགས་གློག་བརྙན་འཁྲབ་གཞུང་སྐོར་ཞིག་ལ་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་གློག་བརྙན་འཁྲབ་གཞུང་གི་བྱ་དགའ་ཐོབ་ཡོད་འདུག་ལ། ལོ་ཙཱ་བ་རྡོ་རྗེ་མཁར་ལ་མི་རིགས་ཀྱི་རྩོམ་རིག་དུས་དེབ་ཀྱི ༢༠༡༠ ལོའི་བྱ་དགའ་ཐོབ།

 

ཡོང་ཁུངས་དྲ་རྒྱ་ལས་བཏུས་ཡིན།

 
 
 
ཆུང་ཆུང་སྐབས་ཀྱི་འབྲི་དེབ་དང་སྨྱུ་གུ
[ 2011-1-26 2:27:00 | By: gethong ]
 

ཆུང་ཆུང་སྐབས་ཀྱི་འབྲི་དེབ། ཆུང་ཆུང་སྐབས་ཀྱི་སྨྱུ་གུ།

spy-gadgetsཉིན་འདི་ཚོར། རང་ཉིད་ཆུང་ཆུང་སྐབས་ཀྱི་འདྲ་པར་ཞིག་ཡོད་ན་ཅི་མ་རུང་སྙམ་པ་དེ་སེམས་ནང་ཡང་ཡང་འཁོར་གི་འདུག གཞན་གང་ཡང་མ་རེད། སྐབས་དེའི་རང་ཉིད་ལ་བལྟ་འདོད་པ་དེ་ཙམ་ལས་གཞན་གྱི་དགོས་མཁོ་གང་ཡང་མེད་ནའང་། ཉིན་རྟག་པར་ཆུང་ཆུང་སྐབས་ཀྱི་འདྲ་པར་ཞིག་མེད་པ་དེར་སེམས་ནང་སྐྱོ་སྣང་ལྷང་ངེ་བ་ཞིག་འདུག
ཞིབ་ཏུ་བསམས་ན། དེ་དུས་ལབ་ནའང་འདྲ། ང་དང་ལོ་ཚོད་གཅིག་པའི་གྲོགས་པོ་གྲོགས་མོ་སུལའང་ཆུང་ཆུང་སྐབས་ཀྱི་པར་ཞིག་ཧ་ལམ་ཡོད་ཀྱི་མ་རེད། ང་རང་ལོ་ན་དགུ་ལ་སོན་སྐབས་ནི། ཕྱི་ལོ་
1980ལོ་རེད། དེ་དུས་ང་རང་གཞི་ནས་སློབ་གྲྭར་འགྲོ་རྒྱུ་བྱུང་། ང་ལ་སློབ་སྦྱོང་གི་མཁོ་ཆས་ཤིག་ཡོད་པ་ནི། བོད་ཡིག་དང་ཨང་རྩིས་ཀྱི་སློབ་དེབ་དེ་གཉིས་ལས། དེ་ལས་བརྒལ་ནས་ང་ལ་སྨྱུ་གུ་དང་འབྲི་དེབ་ཟེར་བ་ཞིག་མེད། ཕལ་ཆེར་འཛིན་གྲྭ་དང་པོ་ནས་གསུམ་པའི་བར་ལ་དེ་ལྟར་ཡིན།
མི་མང་པོ་ཞིག་གིས་སྨྱུ་གུ་དང་འབྲིོ་དེབ་མེད་པར་སློབ་སྦྱོང་ཇི་ལྟར་བྱེད་བསམ་སྲིད། ཡིན་ནའང་། ངས་ཉི་མ་རེ་རེའི་ནང་སྦྱོང་དེ་ཚོ་ཆད་ལུས་མེད་པར་བྲིས་པ་ཡིན། དཀའ་ངལ་ཆེ་ཤོས་ནི། དབྱར་ཀའི་གུང་སེང་དང་། དགུན་ཁའི་གུང་སེང་གི་ནང་ལས་དེ་ཚོ་རེད། དེ་འབྲི་བ་ནི་ང་ལ་མཚོན་ན་དཀའ་ངལ་ཆེ་ཤོས་དེ་རེད།
སློབ་གྲྭའི་ནང་སྡོད་སྐབས། དགེ་རྒན་ཚོས་སློབ་ཚན་འཁྲིད་ཚར་ནས་ནང་སྦྱོང་བཀོད་སྒྲིག་བྱས་པ་ཡིན་ན། ང་དང་ད་དུང་རོགས་པ་གཞན་གཉིས་བཅས་ང་ཚོ་གསུམ་འཛིན་ཁང་གི་ཕྱི་ལོགས་ལ་སོང་སྟེ། ཐང་གི་ས་རྡུལ་དག་ངོས་སྙོམ་པོ་ཞིག་བྱས་རྗེས། ས་རྡུལ་དེའི་སྟེང་ལ་ནང་སྦྱོང་འབྲི་དགོས། ས་རྡུལ་ངོས་སྙོམ་དེ་ནི་ངའི་འབྲི་དེབ་རེད། ལག་ཏུ་རྡོ་དཀར་ནར་དབྱིབས་ཤིག་ཡོད་པ་དེ་ནི་ངའི་སྨྱུ་གུ་ཡིན། འབྲི་དེབ་ཟེར་ནའང་འདྲ། སྨྱུ་གུ་ཟེར་ནའང་འདྲ། འཛིན་གྲྭ་དང་པོ་ནས་ཕལ་ཆེར་བཞི་པའི་བར་ལ་ངས་ནང་སྦྱོང་དེ་ལྟར་བྲིས་པ་ཡིན། དེ་དུས་ཀྱི་ང་ལ་མཚོན་ན། འབྲི་དེབ་སྟེང་ནང་སྦྱོང་འབྲི་བའི་སྐབས་ཤིག་ཤར་བ་ཡིན་ན། ཤོག་བུ་ཨེན་ཙམ་ཡང་འཕྲོ་བརླག་མ་བཏང་བར་ཁམས་གཙང་ངོས་གཙང་ཞིག་འབྲི་དགོས་སྙམ་པ་ཡང་ཡང་བྱུང་། ཡིན་ནའང་། ངའི་ནང་གི་མཐུན་རྐྱེན་ཧ་ཅང་ཞན་སྟབས། ང་ལ་འབྲི་དེབ་དང་སྨྱུ་གུ་ཞིག་གང་ནས་རག། སློབ་དེབ་དེ་ནི་སྒང་ཞིག་ནས་རིན་མེད་སྤྲོད་ཀྱི་ཡོད་མེད་ད་ལྟ་དྲན་གི་མི་འདུག་སྟེ། སློབ་དེབ་དེ་ནི་རག་གི་འདུག ས་ངོས་ལ་ནང་སྦྱོང་འབྲི་སྐབས་ཀྱི་དགའ་སྣང་ཆེ་ཤོས་ནི། ཆར་བ་བབས་ཤུལ་གྱི་ས་ངོས་དེ་ཡིན། དེ་ནི་རླུང་བུས་བསུབ་འགྲོ་གི་མ་རེད་ལ། ནག་ཤར་སེར་མཐོང་བ་ཞིག་ཡོད། དེ་མིན་དགུན་ཁ་དང་དཔྱིད་ཀའི་དུས་ལ་མཚོན་ན། རླུང་བུ་ལྡང་ཐེངས་རེས། ངའི་ནང་སྦྱོང་ཚང་མ་ཁྱུར་མིད་གཏོང་གི་ཡོད། དགེ་རྒན་ལ་མིག་སྟོན་མ་བྱས་གོང་ངའི་ནང་སྦྱོང་རླུང་གིས་བསུབ་འགྲོ་ཐེངས་རེར། སེམས་ནང་བཤད་མི་ཤེས་པའི་སྡུག་བསྔལ་མང་པོ་ཞིག་ཡོང་གི་ཡོད། ངས་ས་ངོས་ཀྱི་ནང་སྦྱོང་རེ་བྲིས་ཚར་བ་དང་། ལམ་སང་དགེ་རྒན་འབོད་དུ་འགྲོ་གི་ཡོད། དགེ་རྒན་ཚོའང་ལམ་སང་ཕེབས་འོང་གི་ཡོད། གཅིག་གཅིག་གཉིས་གཉིས་བྱས་ནས་དག་བཅོས་གནང་གི་ཡོད། ཡིད་ཕངས་པ་ཞིག་ལ། དགེ་རྒན་གྱིས་ངའི་ནང་སྦྱོང་དེ་ཚོའི་མཇུག་ལ་འགྲིག་རྟགས་ཟེར་ན།་ངའི་གཟུགས་པོའི་ཚད་འདྲ་པོ་རེ་རྒྱག་གི་རེད་དེ། འགྲིག་རྟགས་བརྒྱབ་ཚར་བ་དང་ངས་རང་གི་ནང་སྦྱོང་དེ་ཚོ་ས་ངོས་ནས་གཙང་བསུབ་བྱེད་དགོས་པ་དེར་ཕངས་པོ་ཞེ་དྲག་བྱུང་། ལོ་ཕྱེད་དམ་ཟླ་དྲུག་ཡིག་ཚད་དང་ལོ་འཁོར་གྱི་མཚམས་ཀྱི་ཡིག་རྒྱུགས་སྐབས་དེ་ནི། ང་ལ་མཚོན་ན། ཤོག་བུའི་སྟེང་ལ་ཡི་གེ་འབྲི་བའི་གོ་སྐབས་གཅིག་རང་ཡོད་པ་དེ་ཡིན། ཡིག་རྒྱུགས་ཐོན་ལ་ཉེ་སྐབས་ངས་ཀྱང་ཕ་མ་ལ་སྔ་ས་ནས་བཤད་དེ། ང་ལ་ཞ་སྨྱུག་རེ་གྲ་སྒྲིག་བྱེད་འཇུག་གི་ཡོད། དེ་མིན་ངའི་ཕ་མ་ནི་དཔལ་འབྱོར་ཡོང་ཁུངས་གང་ཡང་མེད་པ་ཡིན་སྟབས། ངས་ང་ལ་སྨྱུ་གུ་དང་འབྲི་དེབ་དགོས་ཞེས་སྐབས་གང་ལའང་ལབ་ཕོད་ཀྱི་མེད། སྟབས་ཡག་ག་ཞིག་ལ། ངའི་དགེ་རྒན་དེ་ཚོས་ངའི་གནས་སྟངས་ལ་གཟིགས་སྟངས་ཡག་པོ་བྱུང་། ཁོང་ཚོས་ངའི་ནང་སྦྱོང་དེ་ཚོ་ས་ངོས་ནས་བཀླགས། ས་ངོས་ནས་བཅོས་པ་དེ་བསམས་ན། དགེ་རྒན་དེ་ཚོས་ལྷག་བསམ་རྣམ་དག་ཟེར་ན་དཔེ་འདྲ་ཞིག་གནང་འདུག་པ་ཡང་ཡང་དྲན་གྱི་འདུག
a-hardback-notebook
སྐབས་རེར། སློབ་གྲོགས་ཚོས་སློབ་དེབ་སྟེང་ལ་ཚོན་ཁྲ་འདྲ་མིན་བྱུག་པ་མཐོང་སྐབས། ང་རང་སྨྱུ་གུ་མེད་མཁན་ཞིག་ལ་ཚོན་ཁྲ་ཞིག་གང་ནས་ཡོང་། དབྱར་ཁ་ཤར་མཚམས། སྡོང་ལོ་གསར་སྐྱེས་དང་། ལྡུམ་བུའི་ལོ་མ་དེ་ཚོ་བཀོག་ཡོང་ནས་དེབ་ཀྱི་སྟེང་ལ་ཚོན་ཁྲ་བྱུག་གི་ཡོད། ད་ལྟ་བསམས་ན། དེ་ཡང་ཐབས་ཤེས་དྲག་ག་ཞིག་བྱུང་འདུག
ད་ལྟའང་དྲན་བརྗེད་མེད་པ་ཞིག་ལ། ཉིན་ཞིག་ངའི་ཨ་མས་ང་ལ་འབྲི་དེབ་ཅིག་སྤྲད་སོང་བ་དེ་ཡིན། འབྲི་དེབ་དེ་ནི། ཤོག་བུ་མཁྲེགས་པོ། ངོས་མི་སྙོམས་པ་འབར་འབུར་ཅན། ཚོས་གཞི་སྨུག་སྐྱ་ཞིག་རེད། རྗེས་ལ་ཤེས་དུས། དེ་ནི་ཨར་འདམ་གྱི་རྡོ་ཕྱེ་བླུག་སྣོད་ཤོག་ཁུག་ཤོག་བུ་ཉིས་རྩེག་སུམ་རྩེག་ཅན་དེ་དྲས་གཏུབས་ཀྱིས་བཟོས་པ་ཞིག་རེད། ཨ་མས་ང་ལ་ཐེངས་དང་པོར་འབྲི་དེབ་ཅིག་རག་ཐབས་བྱས་པ་ནི་དེ་རེད། ཨ་མས་གང་ཞིག་ནས་ཤོག་ཁུག་དེ་གྲས་སྒྲུག་པ་དང་། དེ་ནས་ངའི་གཅེན་པོ་རྒན་པ་ལ་འདྲ་གཅོད་བྱེད་བཅུག་ནས་གསོ་མའི་སྐུད་པ་ཕྲ་པོ་ཞིག་གིས་མཁྲེགས་པོ་ཞིག་བཙེམ་བཅུག་པའང་རྗེས་སུ་རིམ་པས་ཤེས། གང་ལྟར་ད་ནི་ང་ལ་འབྲི་དེབ་ཅིག་ཡོད་པར་གྱུར་པས་སེམས་དགའ་བ་ལ་དཔེ་མི་སྲིད་པ་ཞིག་བྱུང་། ཡིན་ནའང་། དེ་དང་མཉམ་དུ་སེམས་ཁྲལ་གཞན་ཞིག་ཀྱང་བྱུང་། སེམས་ཁྲལ་དེ་ནི། ཨ་མས་ཁབ་གསོག་འབིག་གསོག་གིས་ཞ་སྨྱུག་གཉིས་ཉོས་འདུག་པ་དེ་གཉིས་རྫོགས་ཚར་བའི་རྗེས་ལ་ཡང་བསྐྱར་ཞ་སྨྱུག་རག་མི་རག་དེ་གཅིག་དང་། གཉིས་ནས་ཡང་བསྐྱར་འབྲི་དེབ་འདི་འདྲ་རག་མི་རག་དེ་རེད། ཤོག་བུ་མཁྲེགས་པོ་ཡིན་པ་དེ་བཟང་ཡང་། ངོས་མི་སྙོམས་པ་དེས་ངའི་ཞ་སྨྱུག་གཉིས་པོ་ལམ་སེང་རྫོགས་བཅུག་སོང་། དེ་ནས་ངས་གློག་སྨན་གྱི་ནང་སྙིང་ནག་པོ་མཁྲེགས་ཙམ་ཡོད་པ་དེ་འདྲ་ཞིག་གད་སྙིགས་ནས་རྙེད་པ་དེ་བརྡར་ནས་ཞ་སྨྱུག་གི་ཚབ་བྱེད་དགོས་བསམ་ནའང་། དེ་ནི་ཡོང་ཐབས་མེད་པར་གྱུར། སླར་ཡང་ངའི་ནང་སྦྱོང་དེ་ཚོ་ཐང་སྟེང་སྒང་ལ་བྲིས་པ་ཡིན། འཛིན་གྲྭ་བཞི་པ་བར་བྲིས་པ་ཡིན།
འཛིན་གྲྭ་བཞི་པ་སླེབས་སྐབས། ང་ལ་འབྲི་དེབ་མང་པོ་རག་བྱུང་། དེ་ནི་ནང་སྦྱོང་འབྲི་དེབ་ལ་བེད་སྤྱོད་བྱས་པ་ཡིན། ངའི་འབྲི་དེབ་ནི་དཔེ་དེབ་མཐུག་པོ་རྐྱང་ཡིན། སྟེང་ན་བོད་ཡིག་མང་པོ་འདུག ཐིག་ཕྲེང་རེའི་བར་སྟོང་ཨེན་ཙམ་གྱི་དཀར་ངོས་དེར། ངས་བོད་ཡིག་བྲིས། ངས་ཨང་རྩིས་བཀོད་ནས་ཕལ་ཆེར་སློབ་ཆུང་གི་དུས་ཚོད་རྫོགས་པར་བྱས། རྗེས་ལ་ཤེས་དུས། དེ་ནི་ལོ་མང་པོའི་རིང་ནང་ལ་ཉར་བའི་མའོ་ཙེ་ཏུང་གི་གསུང་རྩོམ་གྱི་རིགས་རེད་འདུག མའོ་ཙེ་ཏུང་གི་གསུང་རྩོམ་དེ་ཚོའི་སྟེང་ལ་ངས་ནང་སྦྱོང་ཇི་འདྲའི་མང་པོ་དང་། ཞིབ་ཚགས་པོ་བྲིས་མེད་ཨང་། སྐབས་དེར་མཚོན་ན། དེ་འདྲ་ཞིག་རེད།
སློབ་ཆུང་ཐོན་ཁ་ལ་མོར་གཞི་ནས་ཚད་ལྡན་གྱི་འབྲི་དེབ་ཐིག་ཅན་གྱི་སྟེང་ལ། ཞ་སྨྱུག་གིས་དད་ལྷོད་ངང་ནང་སྦྱོང་དེ་ཚོ་འབྲི་རྒྱུའི་སྐལ་བ་བྱུང་། དེ་ཡང་། གཟའ་ཉི་མ་སོགས་གུང་སེང་ལ་རི་ཀླུང་ཐང་གསུམ་མྱུལ་ནས་སེམས་ཅན་ཤི་རྗེས་ཀྱི་རུས་པ་སྒྲུག་པ་དང་། ཚེར་མགོར་གཡེང་བའི་ལུག་གི་བལ་དེ་ཚོ་སྒྲུག་ནས་བསགས། དེ་ཚོ་རྫོང་མཁར་ལ་སོང་ནས་བཙོང་བ་ཡིན་ན། མོ་ཙི་བརྒྱད་དགུ་རེ་དང་། མང་བ་རག་སྐབས་སྒོར་མོ་གཅིག་རེ་དང་དེའི་སྟེང་ལ་མོ་ཙི་འགའ་རེ་རག་གི་ཡོད། ལྕི་བ་སྐམ་པོ་དང་ལུག་གི་རིལ་མ། ད་དུང་འབུད་ཤིང་གི་རིགས་ཀྱང་བཙོང་ས་ཡོད་ནའང་། དེ་ཚོ་ནི་ངས་འཇོན་པ་ཞིག་མ་རེད། ངས་འཇོན་པ་ནི། རུས་པ་སྒྲུག་པ་ལྟ་བུ་རེད། དེ་དུས་ཀྱི་ངའི་འབྲི་དེབ་མང་ཆེ་བ་སྐར་མ་ལྔ་ཡི་གོང་ཚད་ཅན། འབྲི་དེབ་རེར་ཤོག་བུ་བཅོ་བརྒྱད་ཡོད་པ་དེ་འདྲ་ཡིན། གཟབ་ནན་གྱིས་བྲིས། ཡི་གེ་ཆུང་ཆུང་བྲིས་པ་ཡིན་ན། དུས་ཚོད་གང་འཚམ་ལ་འདང་བ་ཞིག་ཡོད། ད་ལྟ་བསམ་ན། དེ་དུས་ཤོག་བུ་རེའི་རྒྱབ་མདུན་གཉིས་ཀ་ལ་འབྲི་བ་ཨ་ཅང་ཅང་། དང་པོར་ཞ་སྨྱུག་གིས་བྲིས་ནས་རྫོགས་བཅུག དེའི་རྗེས་ལ་སྣག་ཚས་བྲིས་ནས་ཕལ་ཆེར་འབྲི་དེབ་གཅིག་བེད་སྤྱོད་ཐེངས་གཉིས་ལ་བཏང་བ་དེ་ད་དུང་ཡང་སེམས་ནས་བརྗེད་མི་ཐུབ་པ་ཞིག་རེད།
སློབ་འབྲིང་ལ་འགྲོ་སྐབས། རྩྭ་ཤོག་ཟེར་བ་ཞིག་ཉོ་རྒྱུ་འདུག དེ་དྲས་ནས་འབྲི་དེབ་ལ་བེད་སྤྱོད་བཏང་བའང་དྲན། རྩྭ་ཤོག་དེར་སྐྱོན་གཅིག་ཡོད། དེ་ནི་དེའི་སྟེང་ལ། ཞ་སྨྱུག་གིས་བྲིས་ན་ཡི་གེ་གསལ་པོ་ཕབ་དཀའ་ཙམ་ཡོད། སྣག་ཚས་བྲིས་ན་ལམ་སང་འདལ་འགྲོ་བ་ཞིག་ཡོད། ཤོག་བུ་ཁོ་རང་ཡང་སྐྱ་སྨུག་འདྲ་ཞིག་རེད། དེ་ཡང་དུས་ཚོད་གང་འཚམ་ལ་བེད་སྤྱོད་བཏང་།
སློབ་འབྲིང་སྐབས་ཀྱི་འཚོ་བ་ནི་སློབ་ཆུང་དང་བསྡུར་ས་མི་འགྲོ་བ་ཞིག་རེད། ལོ་གཅིག་གི་ནང་ལ་འབྲུ་རིགས་ཤིག་གང་ཞིག་ལ་སྤྲོད་འཇལ་བྱེད་དགོས་ཀྱི་འདུག འབྲུ་རིགས་སྤྲད་པའི་འཛིན་དེ་སློབ་གྲྭར་སྤྲད་པ་ཡིན་ན། དེ་ནས་སློབ་གྲྭའི་ངོས་ནས་ཟ་མའི་སྤ་སེ་ཟེར་བ་རིགས་གཉིས་སྤྲོད་ཀྱི་འདུག གཅིག་དེ་གྲོ་ཕྱེའི་རིགས་ཀྱི་ཟ་མའི་སྤ་སེ་དང་། གཅིག་དེ་ཚལ་རིགས་ཀྱི་ཟ་མའི་སྤ་སེ་རེད། དེ་ན་སློབ་གྲོགས་ཚོའི་བར་ཚོང་རྒྱག་རྒྱུའང་འདུག ཟ་འབྲུའི་སྤ་སེ་སྲང་འགའ་དང་ཚལ་གྱི་སྤ་སེ་བརྗེ་པོ་རྒྱག་སྲོལ་ཞིག་འདུག ད་དུང་སློབ་གྲྭའི་གཡས་གཡོན་གྱི་ཚོང་ཁང་དེ་ཚོའི་ནང་ལ་ཟ་མའི་སྤ་སེ་སྤྲད་ནས་ཅ་ལག་ཀྱང་ཉོས་ཆོག་གི་འདུག
ང་ནི་ད་དུང་ཡང་སློབ་སྦྱོང་གི་མཐུན་རྐྱེན་སྐྱོ་བོའི་གྲས་རེད། འབྲི་དེབ་དེ་སློབ་གྲྭ་ནས་ལོ་རེར་ཐེངས་གཉིས་རེ་སྤྲོད་ཀྱི་འདུག སྨྱུ་གུ་དང་སྣག་ཚ་སྒེར་ནས་ཉོ་དགོས་ཀྱི་འདུག་སྟབས། མཚམས་རེར། ཟ་མའི་སྤ་སེ་བེད་སྤྱོད་ཉུང་ཉུང་བཏང་ནས་སྨྱུ་གུ་དང་སྣག་ཚ་ཉོ་བ་དང་། མཚམས་རེར། གདོང་པར་བྱུག་སྣུམ་རེ་ཡང་ཉོ་ཐུབ་པ་བྱེད་ཀྱི་ཡོད། ང་ལ་མཚོན་ན། ཟ་མའི་སྤ་སེས་ཅ་ལག་ཉོ་ཐུབ་པ་འདི། སྟབས་བདེ་པོ་ཞིག་དང་ཕན་ཐོགས་པོ་ཞིག་རེད་དེ། དེ་ཉོ་བ་ལ་ཉུང་མཐར་ཡང་ཟླ་བ་གཅིག་གི་ནང་ལ་ཉི་མ་ཁ་ཤས་རིང་ལ་ཕོ་བ་ཏོག་ཙམ་ལྟོགས་བཅུག་ན་མ་གཏོགས་ཡོང་ཐབས་ཡོད་པ་མ་རེད།
དཀའ་ངལ་འདི་འདྲ་ཞིག་བརྒྱུད་ནས་སླེབས་སྟབས། ནམ་རྒྱུན་ཤོག་བུའི་རིགས་ལས་འབྲི་དེབ་ཀྱི་རིགས་ལ་དགའ་མོས་ཆེ་ཤོས་དང་། དེ་བེད་སྤྱོད་ཏག་ཏག་ཅིག་གཏོང་བའི་གོམས་གཤིས་དེ་འདོར་ཐབས་མེད་པ་ལྟ་བུ་ཞིག་འཇགས་བསྡད་འདུག
g-pen-f509སློབ་འབྲིང་སྐབས་ལ་སྤུན་མཆེད་དུ་འགྲོ་མཁན་ཇོ་ཇོ་ཞིག་ཡོད་པ་དེས། ང་ལ་བོད་ཡིག་གི་དེབ་ཅིག་སྤྲད་ནས། ང་ལ་འདི་འདྲ་གཉིས་རག་བྱུང་། གཅིག་འདི་ཁྱེད་རང་ལ་སྤྲད་པ་ཡིན། ཉར་ཚགས་ཡག་པོ་བྱོས་དང་ཡག་པོ་ཡོད་པ་རེད་ཟེར། ང་ནི་དེ་དུས་སློབ་འབྲིང་གི་འཛིན་གྲྭ་དང་པོ་རེད། རང་ལོ་ལོ་བཅོ་ལྔར་སོན་ཙམ་ཞིག་རེད། སློབ་དེབ་ལས་གཞན་གྱི་དེབ་ཚང་མ་ནི་མའོ་ཙེ་ཏུང་གི་གསུང་རྩོམ་ཡིན་ཤག་བྱས་པ་ཡིན། ཇོ་ཇོ་དེས་སྤྲད་པའི་དེབ་དེའི་སྟེང་ལ། སློབ་ཆུང་སྐབས་ལྟར་ཨང་རྩིས་ཀྱི་རྩིས་གཞི་དག་རྩིས་རྒྱག་བྱེད་བྱས་པ་ཡིན། རྗེས་ལ་ཤེས་དུས། དེ་ནི། ཨ་ལགས་ཚེ་ཏན་ཞབས་དྲུང་ཚང་གིས་བརྩམས་པའི་ཐོན་མིའི་ཞལ་ལུང་རེད་འདུག ཨ་ཁ་ཁ་ཉེས་པ་བསགས་འདུག་བསམ་པ་ཞིག་ཀྱང་བྱུང་། འགྱོད་སེམས་སྐྱེས་དུས་ནི་དེའི་རྗེས་ཤིག་ལ་རེད། ད་ལྟའང་ཐོན་མིའི་ཞལ་ལུང་བལྟ་ཀློག་བྱེད་ཐེངས་རེར། ངའི་ཨང་རྩིས་ཀྱི་རྩིས་གཞི་དེ་ཚོ་མིག་ལ་ཕྲ་ལམ་མེར་འཆར་འོང་བ་འདྲ་ཞིག་འདུག
སྔོན་གྱི་གནས་སྟངས་དང་ད་ལྟའི་གནས་སྟངས་ལ་བསམས་ན། འགྱུར་བ་ཆེན་པོ་བྱུང་འདུག དེ་དུས་ས་ངོས་ལ་ནང་སྦྱོང་བྲིས་པ་དེ་དང་། ད་ཆ་གློག་ཀླད་ནང་ཡི་གེ་གཏགས་དུས་གཉིས་བསྡུར་བ་ཡིན་ན། འཇིག་རྟེན་མ་འདྲ་བ་གཉིས་རེད། ད་ཞུ་མཚམས་འདིར་འཇོག་གི་ཡིན།
ངས་རྒྱ་ཡིག་སློབ་སྦྱོང་བྱས་སྟངས་བཤད་ན། ཀློག་མཁན་ཚོ་དགོད་ཁ་ཤོར་བ་ཞིག་ཡོད། དེ་ཚོའང་རིམ་པས་ཞུ་ཡག་ཡིན། ཡོང་ཁུངས་ཁ་བརྡ་དྲ་བ། རྩོམ་པ་པོ། མི་གསལ།

 
 
 
གྲྭ་བཙུན་ཡིན་མིན་ལ་དཔྱད་པ།
[ 2011-1-25 11:31:00 | By: gethong ]
 

 

གྲྭ་བཙུན་ཡིན་མིན་ལ་དཔྱད་པ།

 

སྤྱིར་བཏང་དེ་རིང་ཁོ་བོས་འབྲི་འདོད་པ་འདི་ནི་སྔོན་གྱི་མཁས་དབང་དག་གིས་གསུངས་ཟིིན་ན་ཡང་། ད་ལྟའི་དུས་སུ་མང་བོ་ཞིག་གིས་གསུང་རབ་རྣམས་ཀློག་རྒྱུ་དང་དོན་ལ་དཔྱད་རྒྱུའི་ཕྱོགས་སུ་མི་འབད་པར་གྲྭ་བཙུན་ཡིན་མིན་ཆ་ཚང་ལ་ནག་ཉེས་ཤིག་འགེལ་གྱིན་འདུག  དཔེར་ན། གྲྭ་བ་ཅིག་ཅིག་ཉིག་ཉིག་ལ་བུ་དང་ཆུང་མ་ཡོད་རབས་དང་། བཙུན་མ་ཅིག་ཅིག་ཉིག་ཉིག་ལ་དགའ་རོགས་མང་ཚུལ་གླེང་། དེ་ལབ་པ་ཙམ་གྱིས་ང་ཚོ་གྲྭ་བཙུན་དངོས་གནས་ཤིག་ལ་གནོད་འཇོག་རྒྱུ་ཅང་མེད་ཀྱང་། དེ་ལ་བརྟེན་ནས་ཁྱིམ་པ་སུན་འབྱིན་གྱི་ལས་དང་རང་གཞན་གཉིས་ཕོངས་ཀྱི་ལས་མང་དག་ཅིག་སྐྱེ་འགྱུར་དང་སྐྱེ་བཞིན་པ་ཡིན་པས་ན། དེའི་ཐད་ནས་གསལ་བཤད་ཅིག་བྱས་ན་ཕན་རྒྱུ་རེད་སྙམ་པའི་ཀུན་སློང་བཟང་བོ་ཡོད། འོན་ཀྱང་འགའ་རེས་ཕྲན་གྲྭ་པ་ཞིག་ཡིན་པས་གྲྭ་བཙུན་ལ་སྐད་ཆ་ཏོག་ཙམ་བཤད་ན་འཕར་འགྲོ་གི་ལབ་ཡང་སྲིད། ངས་ནི་དེ་ཚོ་ལ་ཁ་ཡ་མི་བྱེད།

ཐོག་མའི་གཏམ་ནི་འདི་ལྟར། དེང་སང་དྲ་རྒྱ་དང་དུས་དེབ། ཚགས་པར་བཅས་སུ་རྩོམ་པ་པོ་ཡིན་པར་རློམ་མཁན་ཕལ་ཆེ་བས་གྲྭ་བ་ཞིག་དང་ཇོ་མོ་ཞིག་ལྷན་དུ་བསྡད་ཡོད་རབས། ཡང་ན་ཨ་ནེ་ཞིག་ལ་བྱིས་པ་སྐྱེས་ཚུལ་དང་གྲྭ་བ་ཞིག་གིས་བུད་མེད་ཅིག་ལ་འཁྲིག་སྤྱོད་བྱེད་བཞིན་ཡོད་པའི་གནས་ཚུལ་ས་བསྒྲགས་གནམ་བསྒྲགས་བྱེད་ཁུལ་ལ་འབད།  བྱིས་པ་ཅན་གྱི་ཨ་ནེའམ་ཇོ་མོ་ཞིག་དང་བུད་མེད་ཅིག་ལ་འཁྲིག་པ་སྤྱོད་བཞིན་པའི་གྲྭ་བ་ཞིག་བོད་ལ་ད་སྔ་ཡན་མེད་ལ་མ་འོངས་པ་ན་ཡང་འབྱུང་མི་སྲིད་དེ། དེ་འདྲ་ཞིག་ཡོད་ན་དེ་ནི་ཇོ་ལོག་དང་གྲྭ་ལོག་ལས་གྲྭ་བ་དང་ཇོ་མོ་མ་ཡིན་པའི་གནས་སྟངས་ངོས་མ་ཟིན་པའི་སྐྱོན་རང་རེད།  ངས་ཁྱེད་ཚོ་ལ་གསལ་བཤད་ཅི་ཡོད་ཟེར་ན། རས་དམར་པོ་དང་སེར་པོ་གྱོན་པ་ཙམ་གྱིས་གྲྭ་བཙུན་ཆགས་མི་འགྲོ་བའི་དོན་ལ་ཁྱོད་ཚོས་སོམས་ཤིག གལ་སྲིད་གཟན་ཤམ་གྱོན་པ་ཙམ་གྱིས་གྲྭ་བཙུན་ཆགས་འགྲོ་བ་དང་། གཟན་ཤམ་མ་གྱོན་ཚེ་གྲྭ་བཙུན་ལས་ལོག་འགྲོ་ན། དེ་ནི་གླེང་རིན་མེད་པ་ཞིག་དང་ནང་ཆོས་དང་སྟོན་པའི་བསྟན་པ་ཟེར་ན་ཧང་སངས་དགོས་པའི་དོན་དག་ཅིག་མ་རེད། དེ་ལྟར་ཕྱིའི་གོས་དམར་སེར་གྱོན་པ་ཙམ་གྱིས་མི་འཇོག་པར་ནང་གི་སྲུང་སེམས་སམ་སྡོམ་པ་ཟེར་བ་དེའི་སྟེང་ནས་འབྱེད་དགོས་སོ། ། ཡང་སྡོམ་པ་ཟེར་བ་དེ་ག་འདྲ་རེད། དེང་སང་གི་གྲྭ་བཙུན་མགོ་རིལ་འདི་ཚོ་མང་ཆེ་བ་སྡོམ་པ་མེད་ཁུ་ཟེར་ནི་འདུག དེ་ནི་ཕྱོགས་གཅིག་ནས་ཁྱོད་རང་ཉིད་ཀྱི་སྐྱོན་ཡིན་ཏེ། སྡོམ་པ་ཡོད་མེད་མ་ཤེས་པས་སོ།། ཕྱོགས་གཉིས་ནས་གྲྭ་བཙུན་ཚོས་སྐྱོན་ཡིན་ཏེ། ཚུལ་ཁྲིམས་མིག་འབྲས་བཞིན་མ་སྲུང་བས་སོ། །གོང་དུ་བཤད་པ་ལྟར་ཨ་ནེ་བྱིས་པ་ཅན་ཞིག་དང་གྲྭ་བ་བུད་མེད་ལ་འཁྲིག་སྤྱོད་བྱེད་མཁན་ཞིག་མེད་པ་འདི་རང་རེའི་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་དང་གཡང་དྲུང་བོན་དང་བཅས་པས་ཁས་ལེན་ངེས་ཡིན།  ཡང་མང་བོ་ཞིག་གིས་གྲྭ་བཙུན་ལབ་དུས་ཡོད་ཚད་སངས་རྒྱས་ལྟ་བུ་ཞིག་དང་དགྲ་བཅོམ་པ་དང་བྱང་སེམས་ལྟ་བའི་རྨོངས་པའི་འདུ་ཤེས་འདིས་ཀྱང་སྐྱོན་འདི་ཡོང་གི་ཡོད་རེད། གྲྭ་བཙུན་ལབ་ན་སངས་རྒྱས་དང་བྱང་སེམས་དགྲ་བཅོམ་སོགས་ཡིན་མི་དགོས་པ་དང་། གྲྭ་བཙུན་ཡིན་མིན་ངས་ཁྱེད་ཅག་ལ་ངོ་སྤྲོད་མདོར་བསྡུས་ཤིག་བྱེད། གཅིག་ཐེངས་ན་ཕན་སྲིད།   གྲྭ་བཙུན་ལབ་ན་སྔོམ་པ་ཡོད་མེད་ཀྱི་སྟེང་ནས་འཇོག་དགོས་ལ། སྡོམ་པ་ཡོད་དང་མེད་ཅེས་པའི་ས་མཚམས་ནི། རྩ་བཞི་ཡོད་མེད་ཀྱི་ཆ་ནས་འབྱེད་དགོས། རྩ་བཞི་ལབ་ན་ཅི་འདྲ་རེད་ཅེས་པའི་དྲི་བ་ཞིག་རང་བཞིན་གྱིས་སླེབས་ངེས་རེད། རྩ་བཞི་ནི་འདི་ལྟར་ཏེ།  སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ། རྫུན་དུ་སྨྲ་བ་བཅས་བཞིའོ།། དང་པོ། སྲོག་གཅོད་པ་ཞེས་པའི་སྲོག་ནི་མིའམ་མིར་ཆགས་གསོད་པ་ལ་གོ་དགོས། དེ་མིན་བྱ་བྱེའུ་དང་སེམས་ཅན་གཞན་བསད་ན་ཉེས་པ་དང་སྡིགས་ཀ་ཡོད་ཀྱང་རྩ་བཞིའི་ནང་གི་སྲོག་བཅད་པའི་ཕམ་པ་མི་འབྱུང་། གཉིས་པ། མ་བྱིན་པར་ལེན་པ་ཞེས་པ་ཡང་གཞན་གྱི་ཅ་དངོས་སོགས་རིན་ཐང་ཚང་བའི་རིགས་མ་བྱིན་པར་རྐུ་བྱེད་པ། འདིའི་སྐབས་སུ་རིན་ཐང་ཚང་བའི་ཅ་དངོས་ཟེར་བ་འདུལ་བ་ལྟར་ན་དཀར་ཤ་བ་ནི་གཅིག་གི་ཡན་ལབ་ཡོད། རྒྱ་གར་གྱི་དཀར་ཤ་བ་ནི་ཟེར་བའི་རིན་ཐང་འཇོག་ཚུལ་ལམ་བརྩི་ཚུལ་ལ་བོད་ཀྱི་མཁས་པ་ཚོ་མི་མཐུན།   གསུམ་པ། མི་ཚངས་པར་སྤྱོད་པ་ནི་བུད་མེད་ལ་འཁྲིག་པ་སྤྱོད་མི་ཆོག་པའི་དོན་དང་། ལྷག་པར་ལམ་རིམ་ཆེན་མོ་ལྟར་ན་ཡན་ལག་ལྔ་བོ་གང་རུང་འཕྲད་ནས་བདེ་བ་མྱོང་ན་ཕམ་པ་འབྱུང་ཞེས་གསུངས་པ་ཁོ་བོས་མཐོང་མྱོང་།   གཙོ་བོ་བུད་མེད་རིགས་ལ་འཁྲིག་པ་སྤྱོད་མི་ཆོག་པ་རེད།  བཞི་བ། རྫུན་དུ་སྨྲ་བ་ཞེས་པའི་དོན་ནི་སྤྱིར་བཏང་འཇིག་རྟེན་གྲགས་ཚོད་ཀྱི་རྫུན་བཤད་པ་དང་ཨ་མདོའི་ཡུལ་ལུང་འགའི་གཞོབ་ལབ་ཅེས་པ་ཙམ་མིན་པར། དེང་སང་གི་དུས་སུ་བོད་ཁུལ་ན་མང་བའི་བླ་སྤྲུལ་རྫུན་མ་དང་དེ་ཚོས་ང་ལ་ནང་རྟོགས་པའི་ཡོན་ཏན་ཅིག་ཅིག་ཡོད་རབས་ཟེར་བ་དང་། དམངས་ཚོགས་ལ་ནང་ཆོས་སོགས་ཀྱིས་འགོར་བསྐོར་གཏོང་ཐུབ་བྱེད་པ། མདོར་བསྡུས་ན། རང་ལ་དེ་ལྟ་བུའི་ཡོན་ཏན་མེད་ཀྱང་ཡོད་ཁུལ་བྱས་ནས་གཞན་ལ་ལོག་ལམ་སྟོན་པ་སོགས་ལ་གོ

 དེ་རེ་རེ་ལ་ཞིབ་འཇུག་བྱེད་རྒྱུ་ཡོད་ཀྱང་།གཙོ་བོ་དེང་སང་མང་ཆེ་བས་སྐྱོན་དུ་བལྟ་ས་ནི། མི་ཚངས་པར་སྤྱོད་པའམ་འཁྲིག་སྤྱོད་སྐོར་རེད། དེའི་ཐད་དུ་ངས་བལྟས་ན་གསལ་བོ་ཡིན་པས་དོགས་པ་དེ་ཙམ་ཟ་དགོས་མི་འདུག་སྙམ། རྒྱུ་མཚན་ལོ་རྒྱུས་ཀྱི་དེབ་དང་འདུལ་བའི་སྐོར། ཡང་ན་གསུང་རབ་ཀློག་མྱོང་མཁན་ཞིག་དང་ཕ་མའི་ངག་རྒྱུན་ཁས་ལེན་ནི་ཞིག་ཡིན་ཚེ་ཤེས་ནུས་རེད།  དེའི་ནང་དུ་ཅི་ཙམ་དཔྱད་ཀྱང་དོགས་པ་ཆེ་བའི་རིགས་ནི། རྫུན་དུ་སྨྲ་བ་དང་། རྐུ་བྱས་པའི་སྐོར་རེད། དེ་གཉིས་དུས་རབས་དང་མི་རབས་བརྒྱུད་དུས་ཚད་ག་འདྲ་ཞིག་ནས་འཇོག་དགོས་ཁག་པོ་རེད། དངོས་པོ་ཞིག་གི་རིན་ཐང་ཚང་མ་ཚང་དེ་བརྩི་སྟངས་ཀྱི་ཆ་ནས་བཤད་རྒྱུ་མང་བས་ཁག་པོ་རེད། དེ་མིན་འཁྲིག་སྤྱོད་ཟེར་ན་ལུས་འབྲེལ་བྱང་མ་བྱང་གི་ཁྱད་པར་ལས་ལུས་ལ་གྱོན་གོས་འདྲ་མིན་གྱོན་པས་མ་ཡིན་པས་ཤེས་སླ།

གཞན། ལོ་རྒྱུས་ལྟར་ན་ཐོག་མར་སྟོན་པ་ཤཱཀྱཱ་ཐུབ་པས་འཁོར་ལྔ་སྡེར་ཐེག་པ་ཆུང་ངུའི་དབང་དུས་བྱས་ཏེ་ཆོས་འཁོར་བསྐོར་བ་དང་། དེ་ཚོ་དགེ་བསྙེན་དང་།རབ་བྱུང་། དགེ་ཚུལ་དང་། དགེ་སློང་བཅས་ཀྱི་བསླབ་པ་སྩལ། དེ་ནས་བཟུང་རིམ་གྱིས་དགེ་བསྙེན་དང་། རབ་བྱུང་། དགེ་ཚུལ། དགེ་སློང་ཕ། དགེ་སློང་མ་བཅས་བྱུང་བ་རེད། རབ་བྱུང་ལབ་ན་བར་མ་རབ་བྱུང་ཟེར་བ་ཞིག་ཡོད། འཁོར་ལྔ་སྡེ་སྟོན་པའི་མདུན་ནས་རབ་ཏུ་བྱུང་སྟེ་ད་ལྟའི་བར་དུ་ལོ ༢༥༠༠་ལྷག་འགྲོ་གིན་ཡོད་པ་དེ་རྒྱ་གར་ལ་དར་ཚུལ་རེད། བོད་ལ་མཚོན་ནས་ཞུས་ན།   དུས་རབས་བདུན་པའི་ནང་དུ་ཟད་མི་མི་བདུན་རབ་ཏུ་བྱུང་བ་ནི་བོད་ཀྱི་རབ་བྱུང་ངམ་གྲྭ་བཙུན་གྱི་ཐོག་མ་ཡིན། ལོ་གྲངས་བྱས་ན། ༡༢༤༠་ཙམ་འགོར་ཡོད།   དེ་ནས་ད་ལྟའི་བར་དུ་བསམ་གཞིགས་བྱས་ན་གྲྭ་བཙུན་གྱི་ཁ་གྲངས་ནི་བགྲང་ལས་འདས་པ་རེད་ལབ་ཆོག     འོན་ཀྱང་། དགེ་ཚུལ་ལ་ཁྲིམས་འམ་བསྲུང་བྱ་བླངས་འདས་སོ་དྲུག་ཡོད། དགེ་སློང་ཕ་ལ་ཁྲིམས་ཉིས་བརྒྱ་ང་གསུམ་ཡོད། དགེ་སློང་མ་དེའི་མང་ཡིན་ཡང་། ད་ལྟའི་དུས་སུ་དགེ་སློང་མའི་སྡོམ་རྒྱུན་ཆད་ཡོད། ཐཱེ་ཝན་སོགས་ན་དགེ་སློང་མའི་སྡོམ་རྒྱུན་ཞིག་ཡོད་རབས་འདུག་ཀྱང་ཕར་དེད་ན་སྡོམ་རྒྱུན་གཙང་མ་ཞིག་མིན་པས་ཡོངས་གྲགས་ལ་ད་ལྟ་དགེ་སློང་མའི་སྡོམ་རྒྱུན་ཆད་པར་བརྩི།  དེའི་ནང་གི་རྩ་བ་བཞི་བོ་གང་རུང་ལ་ཕམ་པ་བྱུང་ན་གྲྭ་བ་མ་ཡིན་པ་ཆགས་འགྲོ། གཞན་ལྷག་མ་བཅུ་གསུམ་དང་བཅས་ཡོད་ཚད་ལ་འགལ་ན་ཉེས་པ་ཡོད་ཀྱང་དེ་ཙམ་གྱིས་གྲྭ་བཙུན་མ་ཡིན་པར་མི་འགྱུར།    དེའི་ཕྱིར།  ཟླ་ཕྱེད་དམ་ཉིན་བཅོ་ལྔའི་རྗེས་སུ་དགེ་འདུན་པ་རྣམས་འཚོགས་ནས་གསོ་སྦྱོང་བྱེད་ངེས་རེད། དེའི་སྐབས་སུ་ཁྱིམ་པའམ་རབ་བྱུང་མ་ཡིན་པ་དག་ཡོང་མི་ཆོག ཟླ་ཕྱེད་ནང་དུ་གྲྭ་བཙུན་བཞི་ལྡན་པའི་དགོན་པ་ཞིག་ཡིན་ན་གསོ་སྦྱོང་ངེས་པར་འཚོགས་དགོས་པ་རེད།  དེའི་སྐབས་སུ།  དགེ་སློང་རྣམས་ཀྱིས་ཆོས་གོས་དང་གདིང་བ་བསྣབས་ནས་ཡོང་དགོས། དགེ་ཚུལ་ཚོས་ཀྱང་གདིང་བ་བསྣབས་ཡོང་དགོས།  དང་པོ་དགེ་སློང་དག་འཚོགས་སྐབས་སུ་དགེ་ཚུལ་རྣམས་ཕྱི་ལོག་ནས་འདུག་དགོས་པ་ནི་དགེ་སློང་གི་ཆོག་ག་ལ་ཉན་ན་ཉེས་པ་ཆེ་བས་ཡིན།  དེ་ནས་དགེ་སློང་དང་དགེ་ཚུལ་ཚང་མ་ལྷན་དུ་འཛོམས་ཏེ་བཤགས་པ་བྱ། བཤགས་པ་བྱ་ཚུལ་ནི།  ངས་དང་པོར་ཁས་བླངས་པའི་ཁྲིམས་དང་འགལ་བའི་ཉེས་པ་འདི་བསགས་ཡོད། ད་ཕྱིན་ཆད་སྡོམ་ཁྲིམས་རྣམས་ཚུལ་བཞིན་བསྲུང་རྒྱུ་ཡིན་ཟེར་ནས་སྐད་གསེང་མཐོ་པོ་སྒོ་ནས། བླ་མ་དང་སངས་རྒྱས་བྱང་སེམས། དགེ་འདུན་མང་མའི་དབུས་སུ་ཁས་བྱེད་དགོས། ཁས་ལེན་བྱེད་ཚུལ། སྔར་འགྱོད་ཕྱི་སྡོམ་བྱེད་པའི་གསོ་སྦྱོང་གི་ཆོག་ག་འདོན་པ་དང་། ཡིད་ཀྱི་གཏིང་ནས་འགྱོད་གདུང་དྲག་པོ་སྐྱེས་ན་རྩ་བ་བཞི་ལས་གཞན་དག་འདགས་པར་ངེས། སྤྱིར་བཏང་དེའི་སྐོར་བྲི་རྒྱུ་མང་ཡང་མང་བོ་ཞིག་བྲིས་ན་རྙོག་ནས་ཀློག་པ་པོ་སུན་སྣང་སྐྱེ་བར་དོགས་ནས་མཚམས་བཞག་པ་ཡིན།

 ངས་དེ་རིང་འདིར་བྲིས་པ་དག་གཙོ་བོ་གོ་བ་ཙམ་ལས་ཁྱབ་མཐའ་བཅད་མེད། དེ་ཡང་མཁས་དབང་རྣམས་ཀྱི་གསུང་རབ་ཀློག་ན་རྒྱས་བསྡུས་མང་བོ་ཡོད་རེད། འོན་ཀྱང་གོ་སླ་བ་ཞིག་འབྲི་ཁུལ་བྱས་པའི་ཚུལ་ཡིན།

མཇུག་ཏུ་བཤད་རྒྱུ་ཞིག་ལ། གཟན་ཤམ་གྱོན་པ་ཚང་མ་ལ་གྲྭ་བཙུན་ཡིན་པའི་མ་ཁྱབ་པ་དང་། རྩ་བ་བཞི་ཡོད་ན་གྲྭ་བཙུན་ཡིན་པའི་ཁྱབ་པ་ཐུགས་ལ་འཛིན་རོགས་ཞུ།

 
 
 
བུད་མེད་ཀྱི་ཐོབ་ཐང་རྩོད་ནོར་བྱུང་བ།
[ 2011-1-25 2:20:00 | By: gethong ]
 

བུད་མེད་ཀྱི་ཐོབ་ཐང་རྩོད་ནོར་བྱུང་བ།

པར་ཡོང་ཁུངས་དྲ་རྒྱ།

འོག་ཏུ་བོད་མོ་ཞིག་གི་པར་འདུག་ཀྱང་བོད་ཀྱི་ཡ་རབས་སྤྱོད་དང་འགལ་འདུག་པས་འདིར་བཀོད་མེད།

 
 
 
སྐད་ཡིག་སྐོར་གྱི་བསླབ་བྱ།
[ 2011-1-23 18:16:00 | By: gethong ]
 

སྤྱི་སྐད་ནི་སྟོད་མངའ་རིས་ནས། སྨད་ཨ་མདོའི་མཐའི་བར་དུ་གང་དུ་ཁྱེར་ཡང་བོད་མི་ཡི་གེ་ཤེས་པ་དག་གིས་ཤེས་རྒྱུའི་སྐད་ཡིག་ཞིག་ལ་སྤྱིའི་སྐད་ཡིག་ཟེར།

---དམུ་དགེ་བསམ་གཏན།

དེང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས་། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་གོ་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རིགས་དང་རྒྱལ་ཁམས་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས།

---དགེ་འདུན་ཆོས་འཕེལ།

སྤྱིར་བོད་སྐད་ལ་རྩ་བ་གཅིག་ཡིན་ནའང་ས་ཆ་ཆེ་ཞིང་མི་སྡེ་འཐོར་བཀྲམ་ཆེ་བའི་དབང་གིས་སྒྲ་མི་འདྲ་བར་གྱུར་ལ་ས་ཆ་ལ་ལར་བོད་སྐད་བརྡ་རྙིང་གི་ཐོག་ནས་སྒྲ་གདངས་ཇེ་ཟབ་དང་ཇེ་ལྕིར་སོང་བའི་སྟེང་ནས་འགྱུར་ཡོད་པ་རྒྱལ་རོང་གི་སྐད་ལྟ་བུ་དང་། འགའ་ཞིག་བརྡ་རྙིང་གི་ཐོག་ནས་བརྡ་གསར་དུ་འགྱུར་བ་དབུས་གཙང་གི་སྐད་ལྟ་བུ། འགའ་ཞིག་རང་ས་ནས་འགྱུར་ཚབས་ཆེ་བ་མགོ་ལོག་ཉ་མཚོའི་སྐད་ལྟ་བུ། དེ་དག་ཨེ་བདེན་ལྟོས་དང་ཤེས།

---དམུ་དགེ་བསམ་གཏན

རྩོམ་སྒྱུར་བ་རྣམས་ཀྱིས་ཐོག་མར་རང་གི་སྐྱེ་ཡུལ་དང་གོམས་གཤིས་ཀྱི་ཁོར་ཡུཆུང་ངུ་ལག་མཐིལ་ཙམ་ཞིག་ལ་མ་དམིགས་པར་བོད་ཀྱི་ཡུལ་ཁུམས་མཐའ་དག་དམིགས་འོག་ཏུ་ཆུད་པ་བྱེད་དགོས། རང་རང་གི་ས་ཆའི་ཕལ་སྐད་ཇི་མ་ཇི་བཞིན་བྱས་ཏེ་བསྒྱུར་ན་བོད་ཀྱི་ཡུལ་ཁུམས་མཐའ་དག་ལྟ་ཅི། ཤན་ཁག་གཅིག་གི་ལུང་བ་ཕ་རི་ཚ་རིའི་བར་ནས་ཀྱང་གོ་མི་ཐུབ། དེའི་ཕྱིར་ཅི་ནས་ཀྱང་ཡིག་སྐད་ཚད་ལྡན་གོ་བ་ཅན་གྱི་ཕྱོགས་ལ་བསམ་བློ་གཏོང་རྒྱུ་འདི་ཧ་ཅང་གལ་ཆེ།

ཚེ་ཏན་ཞབས་དྲུང་

ཐོགམར་བོད་སྐད་བོད་ཡིག་དེ་བོད་མི་རིགས་ལ་མཚོན་ན་མེད་དུ་མི་རུང་བའི་མི་རིགས་ཀྱི་རྟགས་མཚན་དང་རིག་གནས་ཀྱི་གཞི་རྩ་ཡིན་ལ། སྐད་ཡིག་རིག་གནས་འདི་མ་ཉམས་ན་བོད་མི་རིགས་ཀྱང་ཉམས་མི་སྲིད། སྐད་ཡིག་རིག་གནས་འདི་ཉམས་སོང་ན་མི་རིགས་ཀྱི་རྩ་བ་ནས་ཉམས་འགྲོ་བ་རྒྱལ་ཁབ་ཕྱི་ནང་གི་ལོ་རྒྱུས་ཀྱི་ཉམས་མྱོང་དང་། རིག་གཞུང་སྟེང་ནས་ངེས་ཐུབ་པ་ཞིག་ཡིན།

---དོར་ཞི།

ཡི་གེ་ཡོད་པའི་མི་རིགས་རྣམས་རང་ཉིད་ཀྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གཞུང་བཅས་ཀྱི་འཕེལ་རྒྱས་འགྲོ་བའི་མྱུར་ཚད་མགྱོགས་པ་དང་། ཡི་གེ་མེད་པའི་མི་རྣམས་དེ་ལས་ལྡོག་སྟེ་རྗེས་ལུས་ཐེབས་ཀྱི་ཡོད།

----དུང་དཀར་བློ་བཟང་འཕྲིན་ལས།

ཡིག་རིགས་གཞན་ཤེས་པ་ནི་རབ་དང་ཕུལ་བྱུང་རེད། དེང་དུས་ཀྱི་རིག་གནས། ཚན་རིག ལག་རྩལ། ཐ་ན་འཕྲུལ་འཁོར་སྣ་ཚོགས་བཟོ་བཅོས་བྱེད་པའི་དཔེ་ཆ་ཚུན་ཆད་ཀྱི་དཔེ་དེབམང་པོ་བོད་ཡིག་ཏུ་བསྒྱུར་ནས་རང་རིགས་ཀྱི་རིག་གནས་དང་དཔལ་འབྱོར་རྒྱས་པ་ནུས་པ་བཏོན་ན། ད་གཟོད་སྔོན་གྱི་མཁས་པ་རྣམས་ལ་འགྲན་པ་དང་འཕྱས་གདགས་པའི་མ་རྩ་ཡོད་སོང་བ་རེད།

---དམུ་དགེ་བསམ་གཏན།

བོད་ཡིག་མིང་ཚིག་ཁག་གཅིག་ངག་ཐོག་ནས་ནས་མྱུར་སྟབས་སུ་བརྗོད་པའི་དབང་གིས་ཁ་སྐད་ལ་ཡི་གེའི་ཚེག་ཁྱིམ་གྱི་ནུས་པ་རང་ཤུགས་སུ་འདྲེས་འགྲོ་བ་དེ་རིགས་གང་སར་དངོས་སུ་ཐོས་རྒྱུ་ཡོད།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

བོད་རིགས་ཀྱི་ཡི་གེ་དང་སྐད་ཀྱང་དུས་སྐབས་རིང་བོ་ཞིག་གི་ནང་དུ་ཆགས་པ་དང་། དར་བ་དང་། རྒྱས་པ། ཞུན་བདར་ཆོད་པ་བྱས་ནས་བྱུང་བ་ཡིན།

---དམུ་དགེ་བསམ་གཏན།

མི་ཁ་ཤས་ཀྱིས་སྐད་ཡིག་ནི་བེདསྤྱོད་པའི་ལག་ཆ་ཁོ་ནར་ལྟ་ཞིང་། བེད་སྤྱོད་བྱེད་ཡུལ་ཆུང་ན་བསླབ་པའི་དགོས་པ་ཆུང་བསམ་ཞིང་། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཞིག་ཏུ་བཟུང་ནས་རྒྱུན་འཛིན་དགོས་པ་མི་ཤེས།

---དོར་ཞི།

མང་ཚོགས་ཀྱི་སྐད་དང་མཐུན་པར་བྱེད་དགོས་ཞེས་འུར་རྒྱག་མོད། དོན་ལ་ནི་མང་ཚོགས་ཀྱི་སྐད་དང་མཐུན་པར་བྱེད་ཨེ་ཐུབ་མི་ལྟ་བར། བོད་ཀྱི་སྤྱི་འགྲོའི་མིང་ཚིག་དོར་ཏེ། ཡུལ་སྐད་ཀྱི་མིང་ཚིག་རེ་ཁྱེར་ཡོང་ནས་སྤྱི་སྐད་ཀྱི་ཚབ་བྱེད་པ་ནི། སྐད་ཡིག་གཅིག་གྱུར་དུ་འགྲོ་བ་གེགས་བྱེད་པའི་ཉེན་ཁ་ཞིག་ཡིན་པར་སེམས།

---དམུ་དགེ་བསམ་གཏན།

སྐད་རིགས་སྣ་ཚོགས་བསྲེས་ནས་བཤད་ལོབ་ཏུ་གྱུར་བའི་ཙོང་ཁ་ཕྱོགས་ཀྱི་ཡུལ་གྲུ་འགར། ང་བོད་མིན་ན་དཀོན་མཆོག་གསུམ། བོད་སྐད་ཤེས་ན་དཀོན་མཆོག་གསུམ། ཞེས་དགོད་བྲོ་བའི་ཁ་དཔེ་ད་ལྟའི་བར་དུ་ཡོད་པ་བཞིན་ནོ།

---ཚེ་ཏན་ཞབས་དྲུང་

སྐོར་གསུམ་རུ་བཞི་སྒང་དྲུག་སོགས་བོད་མིའི་ཡུལ་སྐད་ཀྱི་རྣམ་འགྱུར་ཕྲ་མོ་ཤིན་ཏུ་བལྟ་དཀའ་ཞིང་བརྟག་པར་དཀའ་བ་ལ་མཐོང་ཐོས་ཉམས་མྱོང་བཀའ་བཅད་འཁྲུལ་སྤོང་ལུང་རིགས་བདུན་གྱི་ལམ་ནས་ཤ་ཚོད་རུས་ཆོད་དུ་མ་བརྟགས་པར་ཡོན་ཏན་ཆུང་ལ་སྙིང་ཁམས་ཆེ་བ་ཞེས་བྱ་བའི་ཚུལ་གྱིས་རང་དགར་བགེགས་གཏོར་ལ་ཉི་ཟླའི་རྒྱན་བཏགས་པ་ཙམ་དུ་ཟད།

---ཤེས་རབ་རྒྱ་མཚོ།

བོད་ཡིག་གི་སྲོལ་གསར་དུ་ཕྱེས་ན་བཟུང་། ད་བར་ལོ་ཆིགས་སྟོང་སུམ་བརྒྱ་ཙམ་སོང་ཟིན་མོད། དེའི་རིང་ལ་བོད་ཀྱི་བརྡ་དང་ཡིག་གཟུགས་གཉིས་ཀ་ཆེས་མི་འདྲ་བ་ཞིག་ནི་མ་འགྱུར་བས། ད་ལྟ་ཡང་རྒྱལ་པོའི་དུས་ཀྱི་རྡོ་རིང་སོགས་ལ་བལྟས་ཚེ་ཚིག་དོན་རགས་རིམ་ཙམ་གོ་ཐུབ་པ་ནི། བོད་མི་ཡི་གེ་བྱང་བ་ཀུན་ལ་ཡོད།

---དགེ་འདུན་ཆོས་འཕེལ།

བཀའ་དང་བསྟན་བཅོས། བརྡ་གསར་རྙིང་། མིང་ཚིག་སྣ་ཚོགས། སྔོན་རྗེས་མིང་གསུམ་གྱི་འཇུག་པ་དག་པར་ཐོན་མི་ཐོན། མགོ་གསུམ་འདོགས་བཞིའི་བརྗོད་སྟངས་ཟུར་ཕྱིན་མ་ཕྱིན་ལ་མང་ཐོས་ཉམས་མྱོང་རིགས་ལམ་གྱི་སྒྲུབ་བྱེད་དང་ལྡན་པས་ལག་ལེན་མཛད་ན་རང་གི་རྒྱལ་ཁབ་དང་། མི་མང་གི་ཡོན་ཏན་དང་། ཆོས་ལུགས་གསུམ་ལ་ཕན་པ་མངོན་སུམ་མོ།།

---ཤེས་རབ་རྒྱ་མཚོ།

རིག་གནས་གསར་བརྗེའི་སྔོན་དང་། རྗེས་སུའང་མང་ཚོགས་ཀྱིས་བེད་སྤྱོད་བྱེད་བཞིན་པའི་བོད་ཀྱི་སྤྱིའི་སྐད་ཡིག་ལ་གནའ་རབས་ཀྱི་ཡི་གེ་ཟེར་ཞིང་། དབུས་ཁམས་མདོ་གསུམ་གྱི་འབྲོག་འབངས་རྒྱ་ཆེན་པོའི་སྐད་དེ་གདོད་མའི་སྤྱི་ཚོགས་ཀྱི་སྐད་རེད་ཟེར་གྱིན་ཡོད།

---དམུ་དགེ་བསམ་གཏན།

རིམ་གྱིས་ཡིག་གཟུགས་ལ་འགྱུར་ཞིང་། སྐད་འགྱུར་བས་གླེགས་བམ་ལ་བྲིས་པ་རྣམས་མི་ཕལ་བས་གོ་མི་ནུས་པ་འདི་བྱུང་བ་ཡིན་ནོ།།

---དགེ་འདུན་ཆོས་འཕེལ།

ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅིང་།།

དོན་གྱི་གོ་བས་ཚིག་གི་དག་ཐོན་པ།།

---ཤེས་རབ་རྒྱ་མཚོ།

ནའ་ཡིག་ཁྲོད་ཀྱི་མིང་ཚིག་ཁྱབ་ཆེ་བ་ལ་ལའི་གོ་དོན་དེང་སྐབས་ཡོངས་ཁྱབ་ཀྱི་ངོས་འཛིན་དང་མི་མཐུན་པའམ། ཡང་ན་སྐབས་འགར་མི་འདྲ་བ་སོགས་འགྱུར་བ་ཆེ་ཙམ་བྱུང་ཟིན་པ་དེ་དག་གིས་ཀྱང་བརྗོད་དོན་གྱི་གོ་བ་ཇི་བཞིན་ལེན་རྒྱུར་དཀའ་ངལ་སྣ་ཚོགས་འཕྲད་ཀྱིན་ཡོད།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལྷ་སའི་སྐད་འདི་ཡིན། ཁམས་སྐད་འདི་ཡིན། ཨམ་སྐད་འདི་ཡིན་ཟེར་ནས་སྤྱི་སྐད་གཏོར་བའི་ལས་ལ་མི་འཇུག་པར་ཞུ།

---དམུ་དགེ་བསམ་གཏན།

ངེད་ཀྱི་སེམས་ལ་ནི་ཁྭ་དང་སྐྱ་ཀ། སྐྱུང་ཀ ཕོ་རོག་ངང་བ་སོགས་ཀྱི་བྱ་ཕལ་མོ་ཆེའི་མིང་སོ་སོའི་སྐད་གདངས་ལ་ལྟོས་ནས་བཏགས་པར་མངོན་ལ། དེ་ལྟར་ན་ཁྭ་ལ་བ་ཟུར་བཏགས་པ་ཡང་དེའི་ངས་བཞིན་བྲིས་སྙམ།

---དགེ་འདུན་ཆོས་འཕེལ།

བོད་ཡིག་གི་དབྱངས་གསལ་དང་མགོ་འདོགས། འཕུལ་དང་མཐའ་རྟེན། ཕྲལ་ཀློག་དང་སྦྱོར་ཀློག་རྣམས་ལ་ལུགས་དང་མི་མཐུན་པའི་བཅོས་བསྒྱུར་བྱེད་བསམ་ན་ནི། བླང་དོར་གྱི་གནས་ཚུལ་བཞིན་དུ་འབྱེད་པ་ལ་རྨོངས་པའི་མཚོན་བྱེད་གཟུགས་སུ་ཤར་བ་ཡིན་གྱི། རྣམ་དཔྱོད་དང་ལྡན་པ་སུས་ཀྱང་ཁས་ལེན་པའི་སྐབས་མ་མཆིས་སོ།།

---ཚེ་ཏན་ཞབས་དྲུང་

ཡི་གེ་དེ་ཡང་ཐོག་མར་སྐད་ལ་བརྟེན་ནས་བཟོས་པ་ཡིན་ལ། སྐད་ཀྱི་ཆེད་དུ་བཟོས་པ་ཡིན་གཤིས། ཡི་གེས་སྐད་ལ་ཞབས་འདེགས་ཞུ་དགོས།

---དམུ་དགེ་བསམ་གཏན།

དེ་ལ་མིའི་རིགས་རྒྱུད་ཆེན་འགའ་ཞིག་ལ་ཤེས་རབ་སྐྱེ་བའི་འགོ་བརྩམས་པ་ན། སྔོན་གྱི་མི་རྣམས་ཐོག་མར་རི་མོ་བྲི་བའི་ལས་བྱས་ཏེ་རིམ་གྱིས་ཡི་གེ་ཡང་བྱུང་བར་མངོན།

---དགེ་འདུན་ཆོས་འཕེལ།

བོད་ཀྱི་བརྡ་སྤྲོད་པའི་གཞུང་སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ་གཉིས་ཀྱང་། བོད་རང་གི་སྐད་ཕྱི་ཡུལ་གྱི་ཆོས་ཉིད་ལ་ཡོད་པ་དག་ཕྱོགས་སྡོམ་བྱས་པ་ཡིན།

---དམུ་དགེ་བསམ་གཏན།

རང་ཅག་བོད་ཀྱི་ཡི་གེ་ནི་སྒྲ་སྦྱོར་གྱི་ཡི་གེ་ཕུལ་དུ་བྱུང་བ་ཞིག་ཡིན་པ་དང་། ལོ་སྟོང་ལྷག་རིང་ས་གནས་སོ་སོའི་ཡུལ་སྐད་ལ་འཕེལ་འགྱུར་ཚད་མི་འདྲ་བ་ཅི་རིགས་ཤིག་བྱུང་ནའང་། རྩ་བའི་སྐད་ཀྱི་འབྱུང་གཞི་གཅིག་ཡིན་པར་བརྟེན་སྦྱོར་ཚུལ་ཁུངས་དང་རིགས་འདེད་བྱ་ཡུལ་ཡངས་ཤིང་རྒྱ་ཆེ་བ་ཡོད།

---ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།

ལོ་ངོ་སྟོང་ཕྲག་གི་རིང་ལ་བསགས་པའི་རྩ་བའི་ཐ་སྙད་མེད་པར་བཟོས་ནས། དུས་སྐབས་ཐུང་ངུ་ཞིག་ལ་རྩ་བའི་ཐ་སྙད་བཟོ་ཐབས་མེད་པ་སྨོས་ཅི་དགོས།

---དམུ་དགེ་བསམ་གཏན།

དབུ་མེད་ནི་དང་པོ་ནས་ཆེད་དུ་བཟོས་པ་མིན་པར་དབུ་ཅན་མགྱོགས་པར་བྲིས་པ་ལས་རང་བཞིན་གྱིས་བྱུང་

---དགེ་འདུན་ཆོས་འཕེལ།

ཚིག་གི་རྒྱན་ནི་མི་ཤེས་ཤིང་།།ཟབ་དོན་འབྱེད་པའི་བློ་མེད་པ།།བརྡ་སྤྲོད་གཞུང་ཡང་མ་བཀླགས་པར།།  སྨྲ་ལ་དགའ་འདི་སྨྱོས་སམ་ཅི།།

---ཤེས་རབ་རྒྱ་མཚོ།

གསལ་བཤད་འདི་ནི་ཁོ་བོའི་ཧི་གཟུགས་ཟིན་བྲིས་ནང་གི་གྲོགས་པོ་ཁྲི་བྱམས་ཀྱི་ཟིན་བྲིས་ལས་ངའི་ཕྱི་ཕྱོགས་ཀྱི་ཟིན་བྲིས་སུ་འདྲེན་བཀོད་བྱས་པ་ཞིག་ཡིན། ལེགས་བཤད་འདི་ཚོ་ད་ལྟ་མཁོ་གལ་ཆེ་བས་འདིར་བཀོད་པ་ཡིན།

 
 
 
ན་གཞོན་སྐྱེས་ཤིག་གི་དྲི་བ་དྲིས་ལེན་འོས་སྦྱོར།
[ 2011-1-21 1:42:00 | By: gethong ]
 
ཟིན་ཐོ་འདི་དོ་དམ་པས་ཞིབ་བཤེར་བྱས་རྗེས་ད་གཟོད་ལྟ་ཀློག་བྱེད་ཐུབ།
 
 
 
ངས་བརྩེ་དུང་སྐོར་བྲིས་ཡོད།
[ 2011-1-20 0:44:00 | By: gethong ]
 

ལམ་གྲོགས་ཤིག་གི་བརྩེ་དུང་།

 རི་ཆུ་ནགས་གསུམ་བརྒྱུད་པའི་ལམ་གྲོགས་ཤིག་གི་ཁ་བརྡ་བྱས་པཡིག་ཐོག་ཏུ་ཕབས་པ་ཡིན།

 

ལྷབ་ལྷུབ་ཁ་བ་འབབ་པའི་མཐོ་སྒང་རི་ནས།

བུ་ངའི་ལྟེ་ཁྲག་དམར་པོ་ས་ལ་འཐོར་ཐལ།

ཞིམ་ཞིམ་བརྩེ་ཆེན་ཨ་མའི་ནུ་ཞོ་མངར་མོ།

ལོ་དང་ཟླ་བར་འཐུང་ནས་ན་ཚོད་སྨིན་ཐལ།

 

 ཤག་ཤག་བཞུར་བའི་རྫ་ཆུའི་རླབས་སྒྲའི་ཁྲོད་ནས།

ཕྱུགས་རྫི་བུ་མོའི་ལ་གཞས་སྙན་མོ་ཐོས་ཐལ།

ལྷོག་ལྷོག་ལྡིང་བས་བདག་སེམས་འཕར་རྩ་གཉོམ་པོ།

རྩྭ་ཐང་འབྲོག་མོ་དེ་ཡི་ཐོལ་གྱིས་འཕྲོག་ཐལ།

 

སྙན་སྙན་ལྷ་བྱ་ཁུ་ལོའི་གྲེ་འགྱུར་སྒྲོག་བཞིན།

ན་ཆུང་མཛེས་མས་རྫ་རི་བརྒྱུད་ནས་བཞུད་ཐལ།

མོག་མོག་སྨུག་སྤྲིན་འཐིབས་པའི་རི་གསུམ་རྩེ་ནས།

མགོ་བོ་བྲང་ཁར་སྦྱར་དུས་བདག་སེམས་སྐྱོ་ཐལ།

 

མྱུར་མྱུར་གོམ་འགྲོས་བར་གྱི་ཕྱི་མིག་རེ་རེ།

ཟུར་གསུམ་མདའ་མོའི་ཟོལ་གྱིས་བདག་ལ་ཟུག་ཐལ།

ཤུབ་ཤུབ་གླེང་འདོད་ཆེ་བའི་སྙིང་གཏམ་དམར་པོ།

མི་འདོད་སེམས་ཀྱི་གཏིང་དུ་ཉལ་དགོས་བྱུང་ཐལ།

 

ལྷོག་ལྷོག་དུ་བ་འཕྱུར་བའི་སྦྲ་ནག་འདབ་ནས།

སྒོ་ཁྱིའི་ངུ་ཟུག་ལྷན་དུ་ངེད་གཉིས་མཇལ་ཐལ།

ཡུན་རིང་ཡུན་རིང་ཞིག་ལ་སེམས་གཏིང་སྦས་པའི།

སྙིང་གཏམ་རྣག་ཁྲག་ཁོ་མོའི་རྣ་བར་བླུགས་ཐལ།

 

མཐུན་མཐུན་སེམས་པ་འདྲེས་པའི་ཆུང་འདྲེས་རོགས་ལོ།

ངེད་གཉིས་ཡུན་རིང་འགྲོགས་པའི་སྐལ་བ་དབེན་ཐལ།

རྒྱང་རིང་རྒྱང་རིང་རྒྱུས་མེད་ས་མཐའ་ཞིག་ལ།

ལས་དབང་རླུང་ནག་འཚུབ་མས་ང་རང་དེད་ཐལ།

 

སིབ་སིབ་ཆར་བ་བབ་འདྲའི་གྱེས་བྲལ་མིག་ཆུ།

ཕན་ཚུན་བརྩེ་སེམས་མཚོན་པའི་བརྡ་རྟགས་གྱུར་ཐལ།

ཀྱོག་ཀྱོག་ལམ་འཕྲེང་བརྒྱུད་ནས་ང་རང་བཞུད་དུས།

ཁ་བ་གངས་ཅན་ལྗོངས་ན་ཁྱོད་ཉིད་ལྷག་ཐལ།

 

ལྡེམ་ལྡེམ་རླུང་གིས་གཡོ་བའི་བདག་སེམས་སྡོང་ལོ།

ས་མཐའི་སུན་སྣང་བཙན་པོས་ཕྱོགས་བཞིར་གཏོར་ཐལ།

དྲན་དྲན་སྙིང་སྡུག་མཛའ་མོའི་གཤིས་ཀ་དྲན་ཡང་།

ལ་ལུང་རི་ཆུ་དུ་མས་བར་ཐག་བཅད་ཐལ།

 

ལྡིར་ལྡིར་གྲག་པའི་ཁྱོད་གསུང་དབྱར་སྐྱེས་རྔ་སྒྲ།

བདག་སེམས་རྨ་བྱའི་ཡང་ཡང་ཐོས་པས་མྱོས་ཐལ།

བསམ་ཞིང་བསམ་ན་ཡུན་རིང་འགྲོགས་པའི་བརྩེ་དུང་།

ངེད་གཉིས་ཟུང་གི་སེམས་ཀྱི་མདུད་པར་གྱུར་ཐལ།

 

དིར་དིར་གྲག་པའི་ལག་ཁྱེར་ཁ་པར་ཁ་ནས།

ཁ་བའི་བུ་མོ་ཁྱོད་དང་ཡང་བསྐྱར་འཕྲད་ཐལ།

ངུ་བཞིན་དགོད་བཞིན་བཤད་པའི་སྙིང་གཏམ་དེ་དག

བརྩེ་དུང་ཟེར་བའི་ཚོར་བའི་ཀློང་དུ་འཐིམས་ཐལ

གསལ་བཤད་ཅིག་ལ། འདི་ནི་སྔོན་དྲ་ཚིགས་སུ་བཀོད་མྱོང་ཡང་འདིར་བལྟ་མཁན་མང་བས་བསྐྱར་བཀོད་བྱས་ཡིན།

 
 
 
ལྗང་བུའི་སྙན་ངག་གསར་བ། འོས་སྦྱོར།
[ 2011-1-19 1:30:00 | By: gethong ]
 

ཕུན་ཚོགས་ཚེ་རིང་གི་འགྲུལ་བཞུད།

 

རྩོམ་པ་པོ། ལྗང་བུ།

སྦྲག་ཁང་གི་སྒོ་འགྲམ་བརྒྱུད་ཐེངས་ཤིག་ལ

ཁྱོད་ཀྱིས

གློ་བུར་ངང་གོམ་མཚམས་བཞག་ཡོད་ཚོད་ཡིན

 

 

རྒྱང་རིང་རྒྱང་རིང་དེ་དྲན་པའི་མོད་ལ

ཁྱོད་ཀྱིས

རྒྱང་རིང་ལ་ཅི་ཞིག་སྐུར་དགོས་བསམ་ཡོད་ཚོད་ཡིན

 

ཁྱོད་ཀྱི

གངས་རི་དང་བྱང་ཐང་བརྒལ་མྱོང་བའི་རྐང་པ་ཟུང་

རྣོ་ངར་གྱི་རྗན་ཙི་རུ་གྱུར་ནས་འགྲུལ་བཞུད་བྱེད་འགོ་བཙུགས

 

ཁྱོད་ཀྱིས

མཚན་མོ་རེ་རེ་དུམ་བུ་དུམ་བུར་དྲས་ཏེ

འགྲུལ་བཞུད་ཀྱི་འགྲོ་ལམ་གསར་པའི་རྨང་གཞི་བཏིང་

 

ཁྱོད་ཀྱིས

ཉི་ཟླ་གཉིས་ལ་དྲན་གདུང་གི་ཚོན་རྩི་བགོས

སླར་ཡང་སྐར་ཚོམས་ཀྱི་ཁ་བས་བསུབ་པར་བྱས

 

འགྲོ་ལམ་གྱིས་ཁྲིད་ནས།   ཁྱེད་རང་

གངས་ཐང་གསར་པའི་དོན་སྙིང་གི་མཐིལ་ལ་སླེབས

 

གྲོང་ཁྱེར་གྱི་ནགས་ཚལ་སྟུག་པོར།   ཁྱེད་རང་

བརྩེ་དུང་དང་མཉམ་དུ་འཆམ་འཆམ་ལ་ཕེབས

 

མི་ཚེ་ཡི་དཀྱིལ་འཁོར་གསར་པའི་གཞི་རུ

ཁྱེད་རང་བསམ་གཞིགས་ཀྱི་སྐྱིལ་མོ་ཀྲུང་ལ་བཞུགས

 

ཁྱེད་རང་གི་སྨྲ་ལྕེ་ལ་རེ་ཞིག་འཁྱག་པ་ཐེངས་ཙང་

བསྡུས་གཟུགས་སུ་གྲུབ་ནས་རྩིགས་ལྡེབས་ལ་འཕོས

 

ལྷགས་པས་ཁྱོད་ཀྱི་འཕྲིན་ཡིག་ཅིག་ཁྱེར་མ་སོང་ལ

སྤྲིན་པས་ཁྱོད་ལ་གསུང་ལན་ཅིག་བསྣམས་མ་ཕེབས

 

ཡིག་སྐོགས་ཤིག་ལ་བཅུག་ན་ཆེ་དྲགས་པ་འདྲ་པོ

སེམས་ཀྱི་གཞིས་ཁང་དུ་བཀལ་ན་ཆུང་དྲགས་པ་འདྲ་པོ

                                _   ཁྱེད་ཀྱི་དྲན་གདུང་།

 

སྤྱི་ལོ་༢༠༡༠་ལོའི་སྤྱི་ཟླ་༣་པ་ནས་༤་བ་བར། འདུས་འབྱུང་ཕུན་ཚོགས་ཚེ་རིང་ལགས་དང་མཉམ་དུ་སྒྱུ་རྩལ་འགྲེམ་སྟོན་ཞིག་ལ་ཞུགས་ཤིང་། ཁོང་གི་བསྡུས་གཟུགས་སྒྱུ་རྩལ་གྱི་བརྩམས་ཆོས་དག་མཇལ་ཅིང་འགྲེལ་བཤད་ལ་ཉན་རྗེས་ཡིག་དམ་དུམ་ཐར་ཐོར་ཞིག་དེ་དུས་ནས་ཕབ་ཚར་ན་ཡང་། ཤོག་ངོས་དང་གློག་ཀླད་ནང་ཡོད་པ་དག་ད་བར་དག་སྒྲིག་མ་བྱུང་པར་ལུས། ༡༠༡༠་་༡༡་་༢༤་་ལ་ལྷོ་ཕྱོགས་སྨོན་འཕེལ་གྱི་གྲོང་སྡེ་རུ་མ་ཡིག་གཏན་འབེབ་ངང་སྦྱར་རོ།  །བསྡུས་གཟུགས་སྒྱུ་རྩལ་ཟེར་བ་ནི་རྒྱ་ཡིག་ཏུ། རྒྱ་ཡིག་དེ་གཏགས་ཐབས་མེད་པས་ལྷག་སོང་། ཟེར་པ་འདི་དེ་ཡིན་ཞེས་ཁོང་གི་བསྒྱར་སྟངས་སོར་འཇོག་ཞུས་ཡོད།

ཡོང་ཁུངས། གྲོགས་པོ་ཞིག་གི་ལག་ནས་བླངས་པ་ཡིན།

 
 
 
འཕྲིན་ཡིག་རྭ་གཅིག་མ།
[ 2011-1-16 14:54:00 | By: gethong ]
 

དགེ་རྒན་བསེ་རུའི་དྲི་བར་ལན་ཐུང་ཞིག་བྲིས་པ།

 

དྲ་གྲོགས་བསེ་རུ་སུམ་རྟགས་ཟུང་ལ་མཁས།།  

གྲྭ་རྐྱང་ང་ལ་ཡིག་ནོར་ཤིན་ཏུ་མང་།།

དྲ་ཐོག་དྲི་བར་ལན་འདེབས་མི་ནུས་ཀྱང་།།  

ཡང་ཡང་བོས་ན་མི་ཡོང་ཐབས་མེད་རེད།།

 

སུ་ཡིན་མི་ཤེས་བསེ་རུ་རྭ་གཅིག་ཁྱོས།།

གླེན་བཤད་གླིང་ལ་སྐད་ཅིག་བཞག་འདུག་པས།།

ཨ་ཁུ་རྒྱ་བོས་ཨ་ལན་ཐུང་ངུ་ཞིག།

གོ་སླའི་ཚིག་ལ་བསྟར་ནས་འབུལ་འདོད་སྐྱེས།།

 

གྲྭ་སར་བསྡད་ནས་དྲ་ཐོག་འགྲིམས་དུས་སུ།།

དགེ་སྐོས་མཁན་པོ་ཟུང་གིས་རིག་མི་ཉན།།

གློག་ཀླད་འཕྲིན་གསར་འདི་ཚོས་དགྲ་རུ་ལྟ།།

དེང་དུས་ཤེས་བྱ་དུག་ཆུ་ལྟ་བུར་འཛིན།།

 

རྩོམ་པ་པོ་ཡི་ས་མཚམས་མི་ཤེས་ཀྱང་།།

རྒྱ་མཚོ་ཆེན་ན་ཉ་ཡང་ཆེན་པོ་ཡོད།།

ཆུ་ཕྲན་དག་ལ་ཉ་མོ་ཆུང་ངུ་ལས།།

མེད་པ་འདི་ཡང་དོན་གྱི་གནས་ལུགས་ཤིག།

 

གློག་ཀླད་ཆ་རྐྱེན་ང་ཚོ་མི་འཛོམས་ཀྱང་།།

དྲ་གྲོགས་ཁྱེད་ཚོའི་ཀུ་རེ་མཚར་གཏམ་དང་།།

དྲང་བདེན་རྩོམ་ཡིག་འགའ་རེ་ཀློག་དུས་སུ།།

སྒོར་མོ་མི་བསམ་དྲ་ཁང་ནང་དུ་འདུར།།

 

ཆོས་གྲྭར་སོང་ནས་རྩོད་པ་བྱེད་དུས་སུ།།

རྟགས་གསལ་མ་གཏོགས་དྲན་རྒྱུ་མ་མཆིས་ཀྱང་།།

ཚོགས་ནས་འདོན་ཆོག་རྟ་དབྱངས་འཐེན་པ་ན།།

གཉིད་ལ་ཤོར་ནས་རྟ་ལྕག་གཞུ་ཉེན་ཆེ།།

 

 ན་ནིང་དོ་ཚིགས་ཟིན་བྲིས་སྤེལ་བ་ན།།

གཞོན་སྐྱེས་འགའ་རེས་ཡག་རབས་རྒྱན་རབས་ཟེར།།

བླ་རྒན་འགའ་རེས་མིག་ལྷོག་བལྟས་ན་ཡང་།།

བླུན་རྒན་བདག་གིས་ཁ་ཡ་མ་བྱས་སོ།།

 

གློག་ཀླད་དྲ་ལམ་མེད་པའི་དཀའ་ངལ་དེ།།

ཨ་ཁུ་རྒྱ་བོ་རྒྱུན་དུ་འཕྲད་ནས་ཡོད།།

བསེ་རུ་ཁྱེད་ལ་སེར་སྣ་མ་མཆིས་ན།།

ཨ་རིག་གླེན་པར་ཨ་སྒོར་འགའ་རེ་སྦྱིན།།

 

ཟིན་བྲིས་སྤེལ་སྐབས་བརྗོད་བྱ་གཙོ་བོ་དེ།།

སེམས་ཅན་དགོད་ཁ་སློང་བྱེད་གང་མང་དང་།།

ཞར་དང་ཞོར་ནས་རྩ་དོན་གླེང་གི་ཡོད།།

དོན་མེད་ཉོག་གཏམ་བྲིས་པ་གྲངས་མ་མཆིས།།

 

རྩོམ་པ་པོ་ཡི་ཚོགས་མིར་ཞུགས་དུས་སུ།།

ཚད་ལྡན་དུས་དེབ་ཚགས་པར་གང་རུང་སྟེང་།།

བཀོད་ཟིན་རྩོམ་ཡིག་ལྔ་རེ་དགོས་པ་རེད།།

དེ་ལ་བལྟས་ནས་ཚོགས་མིར་འདེམས་ཀྱིན་འདུག།

 

ཚོགས་པ་འདི་ལ་དམིགས་ཡུལ་གཙོ་བོ་བཞི།།

ཚོགས་མིའི་འོས་ཆོས་དོན་ཚན་བརྒྱད་ཡོད་དོ།།

ཚོགས་པའི་འགན་འཁྲི་དོན་ཚན་དྲུག་ཡོད་པ།།

ཆེ་ཆུང་རྒན་གཞོན་མེད་པར་འཁུར་དགོས་སོ།།

 

འདི་ནས་དྲ་བའི་ཁྲིམས་ལ་བརྩི་སྲུང་ཆེད་དུ་ཚིག་གཅིག་བླངས་པ་ཡིན།།

འགལ་རིགས་བྱུང་ཚེ་ཕྱིར་ཕུད་གཏོང་རྐྱང་རེད།།

ཚོགས་པ་འདི་ཡི་ཡོང་སྒོ་མང་ཤོས་དེ།།

ཚོགས་དངུལ་དང་ནི་གཞན་གྱིས་རོགས་སྐྱོར་རེད།།

 

ཚོགས་པ་འདི་ཉིད་ཡར་རྒྱས་གཏོང་ཐབས་སུ།།

གྲོས་ཐག་བཅད་པ་དོན་ཚན་ཉེར་ལྔ་ཡོད།།

རེ་རེ་བཞིན་དུ་འབྲི་བར་མ་ནུས་པ།།

བསེ་རུ་ཁྱེད་ལ་དགོངས་དག་ཞུས་པ་ཡིན།།

 

ཨ་ཁུ་རྒྱ་བོ་རྒྱུགས་སྤྲོད་ཕྱོགས་ལ་བྲེལ།།

བསེ་རུ་རྭ་གཅིག་དྲི་བ་འདྲི་ལ་དགའ།།