ནུབ་རླུང་ལྡང་ཁར།
རྟོགས་སད་ལྷ་མོ།
ནུབ་རླུང་ལྡང་ཁར
རང་ཉིད་ལ་དབང་བའི་བདེ་སྐྱིད་དེ་རྙེད་དགོས
རྒྱ་མཚོའི་ཕ་རོལམ་ཡང་ན་རི་བོའི་རྩེ་མོ
མིག་གིས་མི་ཆོད་པའི་རྒྱང་ཐག་གི་སྣེ་མོ་གང་དུ་ཡོད་ན
དེ་ནི་ཁྱོད་ལ་དབང་བའི་བདེ་སྐྱིད་ཡིན་ཏེ
ནུབ་རླུང་ལྡང་ཁར
བརྩེ་བའི་ཁོག་པ་དམར་ཧྲེང་དུ་ཕུད་རྗེས
ཇི་མི་སྙམ་པའི་ནམ་མཁའ་ལ་ཡིད་ཆེས་ཀྱི་གསོལ་རས་ཕྲན་བུ་ཞིག་ཞུ་དགོས
དེ་ནི་ཁྱོད་རང་མུ་མཐུད་མདུན་དུ་བསྐྱོད་པའི་བློ་སྤོབས་དེ་ལོས་ཡིན
ནུབ་རླུང་ལྡང་ཁར
རང་ཉིད་ལ་དབང་བའི་བདེ་སྐྱིད་དེ་རྙེད་དགོས
དུས་ཚོད་ཀྱི་བཞུར་རྒྱུནམ་ཡང་ན་ཚེ་སྲོག་གི་སྐྱེ་འཆི
སྐྱེ་བ་ནས་སྐྱེ་བ་ལའང་འགྲེལ་བཤད་མེད་པའི་མི་མངོན་པའི་དབྱིངས་དེ་ན
ཁྱོད་ལ་དབང་བའི་བདེ་སྐྱིད་ཡོད་དེ
ནུབ་རླུང་ལྡང་ཁར
བརྩེ་བའི་ཁོག་པ་དམར་ཧྲེང་དུ་ཕུད་རྗེས
ལས་དབང་ཁག་དཀྲི་ལ་དགའ་བའི་མི་ཡུལ་ནས་ཡིད་ཆེས་ཕྲ་བུ་ཞིག་སློང་དགོས
དེ་ནི་ཁྱོད་རང་གསོན་ཆོག་པའི་ལམ་བུ་ཁོ་ན་ཡིན།