ཕྱག་ཏུ་པདྨ་འཆང་བའི་མཛེས་རིས་འདིར།།
འཚེ་མེད་ཞི་བདེ་བརྩེ་བའི་ནོར་གཡང་ཕྱུག།
གོ་ལའི་མུན་པ་སེལ་བའི་དེད་དཔོན་མཚོན།།
ས་འཛིན་དཀར་པོའི་སྙིང་གི་ནོར་བུ་ཡིན།།
བོད་ཡིག་དང་ནི་བོད་སྐད་ནི།།
གདོང་དམར་བོད་པའི་བླ་སྲོག་ཡིན།།
གཡང་དཀར་ལུག་དང་རྟ་ནོར་སོགས།།
མཐོ་སྒང་བོད་ཀྱི་གཅེས་ནོར་ཡིན།།
སྦྲ་ནག་གྲུ་བཞིའི་ཁྱིམ་བརྒྱུད་ནི།།
ལྭ་བ་གྱོན་མཁན་བོད་པ་ཡིན།།
ཆོལ་གསུམ་བོད་ལ་དང་བ་ནི།།
ས་འཛིན་དཀར་པོའི་རང་གཤིས་ཡིན།།
རིག་ཡངས་སྒོ་བརྒྱ་འབྱེད་པའི་དྲ་རྒྱའི་ནང་།།
རང་རང་དགའ་སྡུག་སེལ་བའི་མེ་ལོང་ཡོད།།
སྐྱིད་སྡུག་སྣ་མང་འདྲེས་པའི་གླེང་མོལ་ནང་།།
རེ་དོགས་རྨོངས་པ་སེལ་བའི་ཤེས་རབ་ཡོད།།
དངོས་མིང་།> ཨ་མཚེ།
སྨྱུག་མིང་། >ས་འཛིན་དཀར་པོ།
ཕ་ཡུལ། >བོད། ཁམས་སྒ་བ།
གཏན་གནས། >ངེས་མེད་འཁྱམས་པོ།
དེང་སང་། >མཚོ་གླིང་ནེའུ་ཛེ་ལན་ཌའི།
ཡིག་ཟམ། antsegawa@hotmail.com
ལག་ཁྱེར་ཁ་པར།> ༠༠༦༤༢༢༠༣༥༢༣༦༥
སེ་ཀེབ་skype ཁ་བྱང་། antse_07
དད་ས། >མཆོག་གསུམ། ཤེལ་དཀར་ཕྲེང་བ།
དགའ་ཕྱོགས། >དྲང་པོ། ལྷག་བསམ། ཞི་བདེ།
སྡང་ས། >ཚུལ་བཅོས། གཉའ་གནོན། ཁེངས་དྲེཊ།
དམིགས་ཡུལ། >རང་གཞན་གཉིས་ཕན།
ས་འཛིན་དཀར་པོའི་དཔེ་ཁུག་འདིར།།
ས་འཛིན་དཀར་པོའི་ནང་གཏམ་ཡོད།།
ས་འཛིན་དཀར་པོའི་ཉེ་བའི་གྲོགས།།
ས་འཛིན་དཀར་པོས་མགྲོན་དུ་བསུ།།
མཛེས་བཟོ་བ། ས་འཛིན་དཀར་པོ།