མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
རེ་སྨོན་པར་གཞི། 分享按钮
དོ་དམ་པ།
 
སེམས་ཁམས་ལོ་ཐོ།
ཟིན་བདག་བརྡ་ཁྱབ།
ཆེད་དོན་རིགས་དབྱེ།
ཟིན་བྲིས་གསར་བ།
དཔྱད་བརྗོད་གསར་བ།
སྐད་གསར་བཞག
འཚོལ་བཤེར།
མཛའ་འབྲེལ།
ཆ་འཕྲིན།
 
 
མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2010-8-23 10:24:00 | By: amdotibetblog ]
 

        མཚོ་སྔོན་པོ་ཟིན་བྲིས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁུངས་གཏོགས་སྡེ་ཁག་མཚོ་སྔོན་པོ་དྲ་རྒྱའི་ཆ་འཕྲིན་ལྟེ་གནས་ཀྱིས་གསར་དུ་བཟོས་པ་ཡིན་ཏེ། གཞུང་ཕྱོགས་ཀྱི་ཚུལ་མཐུན་དྲ་ཚིགས་ཤིག་ཡིན་ཞིང་། གཙོ་བོར་བོད་ཀྱི་སྐད་དང་ཡི་གེ་སྦྱང་སྤྱོད་སྤེལ་གསུམ་ལ་ནུས་པ་འདོན་པར་དམིགས་བཙུགས་ཏེ། ཁ་བ་རི་བོའི་བོད་རིགས་སྤུན་ཟླ་རྣམས་ལ་རང་ཉིད་ཀྱི་བསམ་བློའི་འཆར་སྒོ་ལྷུག་པར་གྲོལ་སའི་སྟེགས་བུ་འདི་འདྲ་ཞིག་བསྐྲུན་པ་ཡིན།
        དེ་ན་གནས་འདི་ལ་འཇུག་པ་པོ་རྣམས་ཀྱིས་ཐོག་མར་དགེ་མཚན་གཉིས་དང་བློ་སྦྱོང་གསུམ་གྱི་བྱ་བྱེད་རྟོགས་ཤིང་དང་དུ་ལེན་དགོས་པའི་སྐོར་བརྡ་ཁྱབ་ཀྱི་ཚུལ་དུ་གསལ་འདེབས་བྱ་རྒྱུ་ཡིན་ཏེ། འཛམ་གླིང་ཧྲིལ་བོ་ཆ་འཕྲིན་ཅན་དུ་འགྱུར་བའི་རྫོགས་ལྡན་གྱི་དུས་འདིར། བོད་ཀྱི་ཡི་གེའི་ཤན་སྟོབས་དང་ནུས་པ་ཆ་ཙམ་མ་ཉམས་པར་རྒྱལ་སྤྱིའི་ཚད་ལྡན་ཅན་གྱི་མཚོ་འཇིངས་སུ་དཔུང་འཇུག་བྱེད་སྒང་ཡིན་ཕྱིན། བོད་ཀྱི་ཡི་གེ་སྦྱང་སྤྱོད་སྤེལ་གསུམ་ལས་སྤྱོད་པ་དང་སྤེལ་བའི་ལས་བགྱི་བ་ལ་དགེ་མཚན་ལྡན་པ་དང་གཅིག དུས་རབས་ཀྱི་མྱུར་འགྲོས་དང་བསྟུན་ནས། དྲ་ཐོག་ཟིན་བྲིས་ནི་མི་བུ་ཀུན་གྱི་ཐོས་བསམ་སྦྱངས་གསུམ་དང་མྱོང་སྣང་དྲན་ཐོབ་སོགས་བརྗོད་པའི་ཁྱིམ་གཞི་དྲོན་མོ་ཞིག་ཏུ་གྱུར་ཡོད་གཤིས། ང་ཚོས་ཀྱང་ཕ་ཁྱིམ་གྲུ་བཞི་འདི་རུ་བསམ་བློ་བརྗེ་རེས་དང་། བློ་རིག་གོ་བསྡུར་གྱི་སྙིང་སྟོབས་སྤེལ་བ་ལ་དགེ་མཚན་ལྡན་པ་དང་གཉིས་ཏེ། དགེ་མཚན་འདི་གཉིས་ལ་དམིགས་ནས་ཁྱེད་རང་ཁྱིམ་གཞི་འདིར་འཇུག་དགོས་ལ། ཞུགས་པ་ལ་རྗེས་སུ་ཡི་རང་བྱེད།
        ཡིན་ཡང་། མཚོ་སྔོན་པོ་ཟིན་བྲིས་སུ་རྩོམ་ཡིག་དང་དཔྱད་བརྗོད་སྤེལ་མཁན་སུ་དང་གང་ཡིན་ཡང་ཚང་མར་ཁྲིམས་འགལ་ལུགས་འགལ་གྱི་བསམ་བློ་འདོར་བའི་ཆབ་སྲིད་བློ་སྦྱོང་ཡོད་དགོས་པ་དང་གཅིག འཆལ་གཏམ་ཕུང་དཀྲུགས་ཀྱི་བྱ་སྤྱོད་སྤོང་བའི་བག་ཡོད་བློ་སྦྱོང་ཡོད་དགོས་པ་དང་གཉིས། མི་གཤིས་ལ་གནོད་པའི་དམོད་མོ་ཁྱད་གསོད་ཀྱི་ལྐོག་མདའ་སྤྱུགས་པའི་མི་གཞི་བློ་སྦྱོང་ཡོད་དགོས་པ་དང་གསུམ་སྟེ། གལ་ཏེ་བློ་སྦྱོང་འདི་གསུམ་དང་འགལ་བའི་གཏམ་བརྗོད་ཀྱི་རིགས་བྱུང་ཚེ། ང་ཚོ་དོ་དམ་པས་དུས་ཐོག་ཏུ་གཙང་བཤེར་རྩ་སྤྱུགས་བྱེད་ངེས་ཡིན་པས་དེ་ལུགས་ཐུགས་འཇགས་འཚལ།

ལག་ཟུང་སོར་བཅུས་བསྐྱོར་ན། །
བུམ་པ་ས་ལ་མི་བརྡབ། །
བཟང་བོ་བཟང་དྲུག་སྦྱར་ན། །
བུམ་ཆུ་ནོགས་པར་མི་འགྱུར། །
                 ཞེས་མཚོ་སྔོན་པོ་ཟིན་བྲིས་དོ་དམ་པས།

 
རྩོམ་ཡོངས་ཀློག་པ།(11347) | ལན་སློག(109)
 
འབྲེལ་ཡོད་ནང་དོན་ 109 ཡོད།<<<12345678910>>>
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2015-7-8 18:47:50 | By: Kunchookkaby ]
 
མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་དོ་དམ་པ་ལགས། ཕྲན་དྲ་ལམ་འདིར་བཞུགས་ནས་ཧ་ལམ་ལོ་ངོགས་གཅིག་ཙམ་ལོན་གྱིན་འདུག ཉེ་སྔོན་ཟིན་རྩོམ་རེ་སྤེལ་བ་ཡིན་མོད། དྲ་ངོས་སུ་མི་འཆར་བ་མ་ཟད། བཤེར་གཟིགས་བྱེད་ཀྱིན་ཡོད་ཟེར་བ་ལས་གང་ཡང་འཆར་གྱི་མི་འདུག ད་རུང་རྩོམ་ཡིག་གཉིས་ཚད་བརྒལ་ཡིན་ནམ་དྲ་ངོས་ན་མི་འདུག་པ་དང་གཞན་གྱིས་བལྟས་ཀྱང་ལྟ་མི་ཐུབ་པས། རྒྱུ་མཚན་ཅི་ཡིན་ནམ། ད་དུང་རང་གི་པར་ཡང་དབུ་བརྙན་དུ་བཀོད་མི་ཐོཔས། ལན་ཞིག་གནང་རོགས་ཞུ་ཞུ།
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2013-11-11 21:16:05 | By: vashedolmah ]
 
སྙིང་ཉེ་བའི་དོ་དམ་པ་ལགས་་་་ཕྲན་གྱིས་ཟླ་འགའི་སྔོན་ལ་ཟིན་བྲིས་ཞིག་སྤེལ་བ་ཡིན་མོད་་་་ད་བར་ཞིབ་བཤེར་བྱས་མེད་པས་་་ཉེ་ཆར་ཡང་བསྐྱར་བགོད་པ་ཡིན་་་་ཉིད་ནས་ཁོམ་ལོང་རེ་བཙལ་རྒྱུ་ཐུགས་རྗེ་ཆེ་་་་
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2013-3-22 22:06:00 | By: abcdtbt ]
 
མཚོ་སྔོན་བོད་ཡིག་ཟིན་བྲིས་ཀྱི་དྲ་ཞབས་པའི་དོན་བྱ་མཐའ་དག་ལ་རྒྱབ་སྐྱོར་ཡོད།སྒོམ་པ་ཚེ་རིང་དུ་འབོད་པས།
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2012-12-12 9:36:24 | By: pubulangjie ]
 
གྲོགས་པོ་ཚོ
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2012-9-3 22:48:16 | By: aouzha ]
 
གུས་པར་འོས་པའི་ཟིན་བྲིས་གཙོ་བདག་ལགས། ཕྲན་གྱིས་དབུ་བརྙན་པར་རིས་བརྗེ་ཐབས་དབེན་པས་འཛུབ་སྟོན་གསལ་བོ་གནང་རྒྱུ་གལ་ཆེ་འོ།
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2012-8-9 1:09:27 | By: chume ]
 
ངས་རང་གི་མགོ་པར་འཇོག་མི་ཤེས་པས་ལམ་སྟོན་རེ་གནང་རོགས།
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2012-4-27 19:55:34 | By: gmzx ]
 
ལགས་སོ།།
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2012-4-9 9:43:18 | By: nanlazhaxi ]
 
ངའི་ལས་དབང་ལ་ད་དུང་ཞིབ་བཤེར་བྱས་མེད་པས་ཁོམ་ལོང་རེ་བཙལ་རྒྱུ་གལ།
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2012-1-25 0:49:17 | By: wwwm ]
 
གུས་པར་འོས་ཤིང་རེ་བར་ཆོག་པའི་དོ་དམ་པ་ལགས། ང་ནི་ཉིས་སྟོང་བཅུ་གཉིས་ལོའི་མཚོ་སྔོན་ཚང་གི་མགྲོན་པོ་གསར་པ་ཞིག་ཡིན། དེ་བས་ཉིད་ཀྱིས་ང་ལ་འཛུབ་སྟོན་རེ་བྱེད་པར་རེ་སྒུག་བྱས་ཡོད།   ཡུལ་ཤུལ་བ་ཁྱུང་པོ་སྤུ་སད་ཀྱིས།
 
 
RE:མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་བརྡ་ཁྱབ།
[ 2012-1-9 8:15:11 | By: chiwang ]
 
གུས་པར་འོས་པའི་དོ་དམ་པ་ལགས།  གུས་པོའི་ཟིན་བྲིས་འཇིག་རྟེན་ལ་ངོས་འཛིན་བྱེད་སྟངས་ཞེས་པ་དེ་དོ་དམ་པས་ལེགས་འདེམས་གནང་ཟིན་འདུག་ཀྱང་མདུན་ངོས་སུ་འཆར་ཐུབ་ཀྱི་མི་འདུག་པས་ཞིབ་བཤེར་གནང་རོགས་ཞུ།    ཕན་ཤུལ་ནས།
 
 
粗体 斜体 下划线 插入引用 插入表情
བཟོ་མཁན། ལྡོང་བླ།
Powered by Oblog.