མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། བོད ཟིན མཚོ་སྔོན་པོ ཟིན་རྩོམ། | པར་རིས། | མཁན་པོ། | ཁྱུ་མཆོག | ཟིན་ཚོམས།
ཐོ་འགོད། | ནང་འཇུག ཉར་ཚགས་བྱེད་པ།
分享按钮
རྫ་ཆུ་ཁ་བའི་འབྲོག་ཁྱིམ།
http://blog.amdotibet.cn/PURWA/index.aspx
ཕྲེང་བསྟར།
རྩོམ་པ་པོ།:PURWA སྤེལ་དུས་:2014-2-6 1:10:46
བུ་མོ་བདེན་པ། མཉམ་བྲིས་ཤིག
རྩོམ་པ་པོ།:PURWA སྤེལ་དུས་:2013-10-22 14:20:28
སློབ་མའི་སྦྱང་རྩོམ། སྨད་ཆ།
རྩོམ་པ་པོ།:PURWA སྤེལ་དུས་:2013-10-22 14:13:58
སློབ་མའི་སྦྱང་རྩོམ། སྟོད་ཆ།
རྩོམ་པ་པོ།:PURWA སྤེལ་དུས་:2013-10-17 17:53:57
གླུ་ཚིག
རྩོམ་པ་པོ།:PURWA སྤེལ་དུས་:2012-1-9 18:05:56

                                                  གཞོན་ཆུང་རྡུང་ལེན་པ་ཞིག་ལ་ཆེད་དུ་བྲིས་པ།

ང་འགྲོ་འགྲོ་ལྷ་སའི་ཡུལ་ལ་འགྲོ་དགོས།།

རྒན་དབུ་དཀར་ཚོ་ལ་ཞིབ་ཏུ་ཐུག་དགོས།།

སྲས་དར་མའི་བཀྲོངས་རྐྱེན་གང་རེད་འདྲི་དགོས།།

ཁེང་གྱེན་ལོག་འབྱུང་རྩ་ཅི་ཡིན་བཤད་དགོས།།

 

ང་ད་དུང་ལྷ་སའི་ཡུལ་ལ་འགྲོ་དགོས།།

ངས་ཚངས་རྒྱམ་ཟེར་བའི་མི་དེ་འཚོལ་དགོས།།

གླུ་ཚངས་མགུར་གསར་མའི་གདངས་ལ་ཉན་དགོས།།

སེམས་གདུང་བའི་ཆང་གང་མཉམ་དུ་བཏུང་དགོས།།

 

ང་འགྲོ་འགྲོ་མྱང་སྟོད་གཙང་ལ་འགྲོ་དགོས།།

སྤྲང་རས་ཆུང་ཟེར་བའི་མི་དེར་མཇལ་དགོས།།

ལུས་བཅད་རྩོམ་གསར་མའི་གདམས་པ་སློབ་དགོས།།

ངག་ཆགས་ཐོགས་མེད་པའི་འབྲུ་དོན་རྙེད་དགོས།།

རྩོམ་པ་པོ།:PURWA སྤེལ་དུས་:2012-1-5 13:19:48

                  ན་ཆུང་རྡུང་ལེན་པ་ཞིག་ལ་ཆེད་དུ་བྲིས་བ་ཡིན།

ཕ་ཁུ་དཔོན་རི་རྒྱལ་ལྷུན་པོ་འདྲ།། 

མ་ཨ་ནེ་བྱམས་བརྩེའི་རུ་མ་ཡིན །།

སྡེ་གཡང་ཆགས་གན་གི་སྡེ་དཀྱིལ་ན།།  

ང་བསམ་བསམ་འདོད་པའི་ཁྱིམ་ཞིག་ཡོད།།

 

ཐུགས་གཤིས་རྒྱུད་བཟང་བའི་སློབ་དཔོན་ཡོད།།

 ངག་རིགས་ལམ་སྨྲ་བའི་གྲོགས་ཤིག་ཡོད།།

ཤིང་སེ་བའི་མུ་ཁྱུད་ར་བ་ན།།       

ང་དག་སྣང་སྦྱང་སའི་དགོན་ཞིག་ཡོད།།

 

ལུག་གཡང་དཀར་སྐར་ཚོམ་འཐོར་འདྲ་ཡོད།།  

ནོར་གནག་ཕྱུགས་བསིལ་བ་འཕྱུར་འདྲ་ཡོད།།

ཆུ་རྫ་ཆུ་སྔོན་མོའི་གཡས་ཕྱོགས་ན།།  

ང་རང་ཡུལ་ཟེར་སའི་སྡེ་ཞིག་ཡོད།

 

རྩོམ་པ་པོ།:PURWA སྤེལ་དུས་:2012-1-4 15:38:02

ངའི་སྲིང་མོའི་ལས་དབང་འབྲོག་ན་ཡོད།།  

སྦྲ་སྨུག་ཆུང་གན་གི་ནང་ན་ཡོད།།

ལས་སྦྲ་ནག་སྲུང་གི་སྲིང་ཆུང་མ།།     

ཁྱིམ་གཡང་ཁྱིམ་གན་དང་འབྲལ་མེད་ཤོག།

 

ངའི་སྲིང་མོའི་ལས་དབང་དེ་ལྷས་ན་ཡོད།། 

འབྲི་ཐུལ་ལོ་འདེགས་སའི་རྡང་ན་ཡོད།།

ལག་འབྲི་མོ་བཞོ་བའི་སྲིང་ཆུང་མ།། 

 དཀར་འོ་ཟེའུའི་གན་དང་འབྲལ་མེད་ཤོག།

 

ངའི་སྲིང་མོའི་ལས་དབང་བོད་ན་ཡོད།།  

གངས་དཀར་བོ་གན་གི་འདབས་ན་ཡོད།།

རྒྱབ་ལྕི་སེལ་ཁུར་བའི་སྲིང་ཆུང་མ།།      

ས་གཡང་ཆགས་གན་དང་འབྲལ་མེད་ཤོག།              

Powered by Oblog.